མགོན་པོ་ཕྱག་གཉིས་པ།
ཕྱག་འཚལ་ཆོས་དབྱིངས་མྱུར་མ་དཔའ་མོ།།
ཞབས་གཉིས་གཡས་བསྣོལ་གཡོན་བསྣོལ་བྱས་ཏེ།།
འཁྱག་འཁྱོག་བྱ་གག་འགྲོས་དང་འདྲ་བར།།
ཀུན་ནས་བསྐོར་རྒྱུག་བྱས་ན་མགྱོགས་མ།།
ཕྱག་འཚལ་པགས་རྩག་ཡུལ་དུ་ལུས་མ།།
ནུ་ཁེབས་མ་གཏོགས་སྟོད་གཡོགས་མེད་མ།།
འདོམས་རས་མ་གཏོགས་སྨད་ཤམ་མེད་མ།།
ཀུན་ནས་བསྐོར་དགའ་གཅེར་རུར་བརྒྱུགས་མ།།
ཕྱག་འཚལ་འཆར་ཀའི་མཚམས་སྤྲིན་དམར་པོའི།།
མདོག་དང་ལྡན་པའི་ཞལ་རས་ལྡན་མ།།
ལུས་ཡོངས་རྔུལ་ཆུའི་ཐིགས་པས་མཚན་པས།།
སྐར་མ་སྟོང་ཕྲག་སྐྱེངས་པ་སྟེར་མ།།
ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི།།
པད་མ་བཞིན་དུ་འཛུམ་ཁ་གྲོལ་མ།།
སྙིང་སྟོབས་ཆེན་པོས་སྡུག་རུས་བྱས་ཏེ།།
ཞབས་གཉིས་བསྙུང་ཡང་བཟོད་པ་བསྟེན་མ།
།
ཤུགས་རྒྱོབ་ཟེར་བའི་བོད་སྐད་གོ་དུས།།
སྤྱན་ལ་སྤྱན་ཆབ་ཀུན་ཏུ་འཁྲིགས་མ།།
བོད་མི་རྣམས་ཀྱི་འབོད་སྐད་ཆེན་པོས།།
ཐུགས་ལ་སྔར་མེད་སྟོབས་ཤུགས་འཁྲུངས་མ།།
ཕྱག་འཚལ་དྷརྨ་དྷ་ཐོའི་མཚན་ཅན།།
བོད་མི་ཀུན་ལ་དགའ་བ་སྟེར་མ།།
ལམ་ཐག་རིང་པོ་ཞབས་ཀྱིས་མནན་ཏེ།།
རྟ་བཞིན་འདུར་བས་ཀུན་ཡིད་འགུགས་མ།།
ཕྱག་འཚལ་རིགས་ཞེན་ཐུགས་ལ་འཁྲུངས་པས།།
རྒྱ་མོ་ལིག་ཧོང་རྗེས་སུ་བསྐྱུར་མ།།
གྲགས་ཆེན་རྒྱ་མོའི་ཤར་གླིང་ཟིན་ཐོ།།
དབུགས་ཐེངས་གཅིག་གིས་ཡོངས་སུ་གཏོར་མ།།
ཕྱག་འཚལ་ས་ལ་ཞབས་ཀྱིས་བསྣུན་ཞིང།།
བརྒྱུགས་ན་སྟོང་གསུམ་ཟིལ་གྱིས་གནོན་མ།།
རི་རབ་མན་དྷ་ར་དང་འབིགས་བྱེད།།
འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ།།
ཕྱག་འཚལ་རབ་ཏུ་དགའ་བ་བགྱིད་པའི།།
ཟངས་ཀྱི་རྟགས་མ་ཐོབ་པ་ཉིད་མ།།
རྒྱལ་ཁའི་མཚོན་བྱེད་མཛུབ་མོ་གཉིས་ཀ།།
གནམ་ལ་ཀེར་ཅིང་འཛུམ་པ་ཉིད་མ།།
ཕྱག་འཚལ་ཁ་ལས་རླུང་རྟ་དར་མ།།
སྐུ་ལ་བསྙུང་གཞི་མེད་པར་ཤོག་ཅིག།
ཕྱག་འཚལ་མཚན་སྙན་ཀུན་ཏུ་རྒྱས་མ།།
ཐུགས་བཞེད་མ་ལུས་ལྷན་གྱིས་འགྲུབ་ཤོག།
དེ་འདྲའི་སྙན་པ་ལ། དེང་རབས་དཔའ་མོའི་གསོལ་འདེབས་ཟེར་ན་འདི་འདྲ་ཞིག་ཡིན་རྒྱུ་རེད་བསམ་པའི་རྟོགས་འཆར་ཞིག་ཡིད་ལ་རང་དབང་མེད་པར་འཁོར་བཅུག་སོང་། རྗེས་མར་འདི་ཨོ་ལོམ་ཕེ་ཁི་ལུས་རྩལ་བའི་རང་ཉིད་གཞན་ལས་རྒྱལ་བའི་ཁ་འདོན་ཁ་ཚ་དགུ་གཏུགས་མ་ཡིན་ཐལ།
ཨ་ལ་ལ། ཅི་མ་བདེན། འདུར་མཁན་དང་འབྲི་མཁན་གཉིས་ཀར་ཐུགས་རྗེ་ཆེ་ལགས།
འབད་པ་མེད་པར་ཁྱོ་ག་རག་མ། །ཕོ་སར་མ་ལུས་ཁྱེད་ལ་དགའ་མ། །
ལོག་སྨྲ་རྟག་ཏུ་ཁྱེད་ལ་སྡང་མ། །ལོག་སྨྲ་ཐ་བའི་རྡུལ་བཞིན་ཀློག་མ། །
ཕྱག་འཚལ་གཟུགས་རིང་ཤ་རྩ་དཀར་མ། །ཨོ་རྩལ་འཛམ་གླིང་མི་ཚོགས་ཁྲོད་ནས། །
གཅེར་བུ་རྒྱུགས་ལ་དགའ་བའི་སྒྲོལ་མ། །བོད་མོ་དམར་ཧྲེང་ཆོས་དབྱིངས་སྐྱིད་མ། །
བུ་འདོད་པས་ནི་བུ་ཐོབ་བ་དང་། །ནོར་འདོད་པས་ནི་ནོར་ནི་ཐོབ་བོ། །
ལས་མེད་རྐྱང་རྐྱང་ཡིན་ས་རེད། རྗེ་བཙུན་སྒྲོལ་མའི་ཞལ་འདོན་དང་སྦྱར་ནས་ཞེ་དྲག་བྲིས་ཁུལ་བྱས་འདུག།
དོལ་རྒྱལ་ཚོགས་པས་དོལ་རྒྱལ་གསང་བ་འདུས་པའི་ལྷ་ཚོགས་དང་སྦྱར་ནས་འདྲ་བོ་བྲིས་པ་ཡང་ཁག་མི་འདུག།
དང་པོ་རྩོམ་འདི་མཆན་བུའི་ཚུལ་དུ་བཀོད་འདུག་ཕྲན་ངས་མཐོང་མ་ཐག་ལེགས་རྩོམ་་འདྲ་བོ་མཐོང་སོང་དེའི་ཕྱིར་རྩོམ་པ་པོ་ཁོང་འཐད་མིན་གྱི་སྐད་ཆ་གང་ཡང་མ་དྲིས་བར་ཁ་བརྡ་དྲྭ་བར་བསྐུར་བ་ཡིན། མགོན་པོ་ཕྱག་གཉིས་པས་ཕྲན་ལ་གུ་ཡངས་མཛོད།
བྲིས་ནོ་ཧྲ་གི
རང་ཡུལ་གངས་ལྗོངས་བོད་ལ་སྐྱེས་མ།
གངས་རིའི་ངོ་སོ་རྒྱ་ལ་སྟེར་མ།
དགྲ་དགའ་གཉེན་སྡུག་ལས་ལ་བརྩོན་མ།
གཉེན་གྱི་གཟེངས་དགྲ་ལ་ཕུལ་མ།
བོད་མི་ཀླད་མེད་ཕྱག་འཚལ་ཡུལ་མ།
གོས་མེད་གཅེར་བུ་འདུར་རྒྱུགས་བྱེད་མ།
ཆགས་ལྡན་གྲྭ་གཞོན་འདོད་ཆགས་སློང་མ།
གཞོན་ནུ་ཨ་གསར་འབོད་སྒྲའི་ཡུལ་མ།
འདུར་རྒྱགས་རྒྱ་མིའི་ལས་དོན་སྒྲུབ་མ།
ན་གཞོན་རང་ཚུགས་དབང་མེད་གཏོར་མ།
རང་སྲེག་ཛ་དྲག་ཟིལ་གྱིས་ནོན་མ།
རེ་ཞིག་བོད་དོན་ངལ་གསོ་སྟེར་མ།
བསམ་མེད་བོད་མི་ཁྱུ་ཚོགས་མགོན་མ།
བསམ་ཡོད་བོད་མིའི་སྙིང་རྗེ་ཡུལ་མ།
མི་མོ་རྒྱལ་སྤྱིའི་རྩེད་འགྲན་བཞུགས་མོ། །
བོད་མོ་གོམ་རྒྱུག་རྟགས་མ་བཞེས་མོ། །
འབྲོག་མོ་འབྲོག་པའི་ལུས་རྩལ་སྟོན་མོ། །
གྲོགས་མོ་ཀུན་ལ་མིག་དཔེ་སྟོན་མོ། །
འགྲམ་པའི་འཁུར་ཚོས་བྱུ་རུ་འདྲ་མ།། གདོང་གི་འཛུམས་ཆུང་པདྨ་བཞད་མ།།
ཤ་མར་ཐུད་གསུམ་མ་རེག་འགོར་མ།། ཕ་ཡུལ་དྲན་ཏེ་མིག་ཆུ་གཏོང་མ།།
མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ་དུ། །
སྦྲ་ནག་གྲུ་བཞིའི་ནང་ནས་འཁྲུངས་མ། །
ཆུང་ངུའི་དུས་ནས་རང་གཤིས་ལེགས་པའི། །
ཨ་ཕའི་མཉམ་དུ་ལུག་རྫིར་འགྲོ་མ། །
རྐང་རྩལ་འདུར་རྒྱུགས་རབ་ཏུ་མྱུལ་བའི། །
མཚོ་སྔོན་ལུས་རྩལ་སློབ་གྲྭར་ཞུགས་མ། །
སློབ་ཚན་གང་ལ་ཧུར་བརྩོན་ཆེ་བས། །
སློབ་གྲྭ་ཡོངས་ཀྱི་རྩེ་ཕུད་འགྱུར་མ། །
ལོན་ཊོན་ཨོ་རྩལ་ཁྲོད་དུ་འདེམས་པའི། །
རང་རིགས་ཡོངས་ཀྱིས་དགའ་བ་སྒོམ་མ། །
བསམ་པའི་ཡུལ་ལས་ཡོངས་ཀྱི་འདས་ནས། །
ཟངས་ཀྱི་དགའ་རྟགས་ཕྱག་གིས་ལེན་མ། །
འཛམ་གླིང་གོ་ལ་ཟླུམ་པོ་ཆགས་ནས། །
གངས་ལྗོངས་མི་ཡི་ལོ་རྒྱུས་ཐོག་མ། །
ཆོས་དབྱངས་སྐྱིད་ཞེས་བོད་འབངས་ཡོངས་ཀྱིས། །
ས་གཞི་འདར་བའི་སྒྲ་དབྱངས་སྒྲོག་མ། །
ཕྱག་འཚལ་རྟ་ཕོ་ལས་ནི་འགྱོགས་ཏེ།།
དབང་གསུམ་ཟངས་ཀྱི་རྟགས་མ་ཐོབ་མ།།
རྒྱལ་དར་དམར་པོ་མྱུར་དུ་ཕྱར་མ།།
བོད་རིགས་ཞལ་རས་ཆུ་གཡུགས་མ།།
ཕྱག་འཚལ་ཞལ་རས་དཀྱིལ་འཁོར་ཕྲ་མ།།
རྔ་བའི་ཁུལ་དུ་མེ་བསྲེགས་བཏང་དུས།།
ངོ་ཚ་སྤང་ཏེ་དམར་ཧྲེང་བརྒྱུགས་མ།།
བོད་པ་དགའ་ཞིག་བློ་ཕམ་སྐྱེས་མ།།
བོད་སྟུ་དམར་པོ་ཆུང་ངུ་ལྡན་མ།
རྒྱ་མཇེ་ནག་པོ་རྟག་ཏུ་ཟ་མ།
ཟངས་གྱི་རྟགས་མ་རྒྱ་ལ་འབུལ་མ།
བོད་པའི་ཟིན་ཐོ་གསར་པ་བཞག་མ།
བོད་རིགས་ན་གཞོན་ཆོས་དབྱིངས་སྐྱིད་མ།
ལོན་ཌན་ཨོ་རྩལ་འགྲན་ཚོོགས་ཞུགས་མ།
རྐང་པའི་རྩལ་འགྲོས་མྱུར་དུ་འགྱོགས་མ།
ཟངས་ཀྱི་རྟགས་མ་ཐོབ་པའི་དགའ་མ།
རང་གི་ཤེས་འཇོན་སྟོན་པའི་འཛངས་མ།
ཕོ་གསར་ཡིད་འཕྲོག་གཟུགས་དམར་སྟོན་མ།
དར་དམར་འཕྱར་བས་འཛུམ་པའི་བོད་མ།
ཟངས་ཀྱི་རྟགས་མ་དགྲ་ལ་བསྟེར་མ།
རྒྱ་སྒོར་ཐོབ་པའི་དྲ་གྲོགས་བསྟོད་མ།
དེ་དག་ཕྱག་འཚལ་ཡུལ་དུ་གྱྱུྱུྱུར་མ།
སེང་ལྡན་རྒྱལ་དར་ཆུ་ལ་གཡུགས་མ།
ད་ནས་དེ་རིགས་མི་ཡོང་སྨོན་མ།།
དྲ་གྲོགས་མ་ལུས་ཆོ་མེད་བཤད་མ། །
ལས་མེད་དག་གིས་འགྲོ་གླེང་ཡིན་མ། །
དམར་ཧྲེང་རྒྱུག་ལ་ངོ་སོ་བསྟོད་མ། །
མེར་བསྲེག་བཏང་ལ་ཡ་མེད་བྱས་མ། །
མར་མེ་ཁྲོམ་སྐོར་ནང་ལ་ཡིབ་མ། །
རྐང་སྤོལ་རྩེ་ན་ཕྱི་ལ་བུད་མ། །
རྡ་སའི་གྲོང་གི་གྲྭ་འཁྱམས་ཡིན་མ། །
སྐད་འབོད་རྒྱབ་ན་ནང་དུ་འདུག་མ། །
ཞབས་བྲོ་འཁྲབ་ན་མཚན་ཡང་འགྲོ་མ། །
བོད་མོ་དག་གི་ལུགས་སྲོལ་ཡིན་མ། །
ཤོ་རྒྱན་འཛུགས་ལ་དགའ་བ་ཉིད་མ། །
ཁ་ལ་ཟས་ཀྱང་མི་དགོས་གཡུག་མ། །
ཟས་བཅད་ངོ་རྒོལ་ཁ་ཟས་ཟ་མ། །
རྒད་པོ་དག་གི་སྤྱོད་པ་ལྟོས་མ། །
ག་དུས་ཡིན་ཡང་ཇུས་ཏོག་བྱེད་མ། །
ལམ་འགག་ཚང་མར་ཆབ་སྲིད་གླེང་མ། །
དགོས་པའི་དུས་སུ་ནམ་ཡང་མེད་མ། །
རྨོར་ཏོ་དག་གི་འགྲོ་ལུགས་ཡིན་མ།་།
བུད་མེད་མི་དགའ་སྐྱེས་པ་མེད་མ། །སྐྱེས་པ་ཡིད་དབང་འཕྲོག་བྱེད་མཛངས་མ། །ཆོས་དབྱིངས་སྐྱིད་ནི་ཤ་རྩ་འཇམ་མ། །
ཟངས་ཀྱི་རྟགས་མ་སྐེ་ལ་འདོགས་མ། །བོད་པ་ཚང་གི་གཟི་བརྗིད་ཅན་མ། །ཕྱག་འཚལ་ཞལ་རས་དུང་ཟླ་དཀར་མ། །
ཉིས་སྟོང་བཅུ་གཉིས་འགྲན་རྩལ་ཆེན་མོར། །བོད་ཀྱི་བུད་མེད་གཟིངས་སུ་བསྟོད་མ། །ཕོ་བརྒྱའི་སེམས་པ་ཤོར་ས་བུ་མོ། །
མོ་བརྒྱའི་ཡིད་སྨོན་འཆོར་ས་མཛེས་མ། །ཆོས་དབྱིངས་སྐྱིད་ཀྱི་གཟུགས་པོ་དམར་ཧྲེང་། །མཐོང་མ་ཉིད་ནས་རང་ཚུགས་མི་ཐུབ། །
ལོག་སྨྲ་ཕྲག་དོགས་ཇེ་འཕེལ་བྱེད་མ། །
ལ་ལས་བསྟོདཅིང་གནམ་དུ་འདེགས་མ། ལ་ལས་སྨད་ཅིང་ས་རུ་གཡུགས་མ། གང་ལྟར་རྒྱུག་རྩལ་ཕུལ་དུ་ཕྱིན་མ། ལ་རྒྱ་ཆེ་ཆུང་རྗེས་སུ་ཤེས་མ།
ཆོས་དབྱིངས་སྐྱིད་ལ་བསྟོད་པ་
2012.8.16་
ཨ་ལ་ལ།་ད་ཡིན་ན།
སྙན་ངག་མཁན་པོར་བློ་སྐྱེད་སྟེར་མ་
བྱིས་པ་ཀླད་མེད་སུ་ཡིན་སྟོན་མ་
མ་ལུས་ཀུན་ལ་བོད་ཟེར་སྒྲོག་མ་
འཇིག་རྟེན་མཁས་མིན་དབྱེ་བ་འགྱེད་མ་
འཛམ་གླིང་ཨོ་རྩལ་དང་པོར་འཛུལ་མ་
བོད་པར་རྟགས་མ་ཐོག་མར་བླངས་མ་
ཞལ་རས་འཛུམ་གྱི་གངས་ལྗོངས་འདེགས་མ་
བོད་ལ་གོ་སྐབས་ཉིན་གཅིག་ལྡན་ན་
མི་འཇོན་མི་ཐུབ་གཅིག་མེད་མཚོན་མ་
ཞེན་ཁོག་རང་ཚུགས་དངོས་པོ་ཡིན་མིན་
ཕྱི་ནང་བོད་པར་རྒྱུགས་ཞིག་སྤྲོད་མ་
ང་བོད་ཡིན་ཞེས་རྒྱ་སྐད་ནང་དུ་
གཟི་བརྗིད་ཆེན་པས་མངོན་པར་བརྗོད་མ་
ཀླད་པ་ལྗང་ཁུ་ང་མིན་ཟེར་སྒྲོག
རྣམས་ཀྱི་བློ་སྒོ་བཙན་གྱིས་ཕྱེ་མ་
ཁྱེད་འདྲ་མེད་ན་བོད་དེ་ནམ་ཡང་
སྦྱིན་བདག་ལ་བརྟེན་འཚོ་ཐབས་དགོས་སྙམ་
ཞུམ་པ་ལེ་ལོ་ཐམས་ཅད་འཇོམས་མ་
ཁྱེད་ཀྱི་སྙིང་རས་བོད་མིའི་སྒྲོན་མ་
ཁྱེད་ལ་གུས་ཞུ་ཕྱག་བྱ་ལོས་བྱེད་
གུ་དོག་སེམས་ཁོང་ཁ་མིག་ལས་ཆུང་
སྐྱ་སེར་སུ་ཡིན་ཁྱད་པར་མེད་པར་
འཇིག་རྟེན་ཀུན་རྫོབ་མ་སྤོངས་གསུང་མ་
མཁས་པ་ཡིན་ཁུལ་ཡོན་ཏན་ཡོད་མདོག
གཅིག་ཀྱང་མ་ལུས་དུས་རབས་ཉེར་གཅིག་
ནང་དུ་ཉེར་བར་འབད་པས་འདྲེན་མ་
དཔའ་བོའི་འདུ་ཤེས་རིན་ཐང་ལ་རྨོངས་
སྟོང་བཤད་རྒྱག་མཁན་ཚང་མར་འཇིགས་བྱེད་
ཡིན་མིན་བདེ་སྡུག་སེམས་ཤུགས་ལ་ཐུག་
གོ་བརྡ་གསལ་བར་བོད་ལ་སྤྲད་མ་
སྐུ་མཆེད་དགྲ་ཕྱོགས་བསམ་མེད་མ་ཐོངས་
ཆོས་དབྱིངས་སྐྱིད་དེ་བོད་པ་རྣལ་མ་
ཡིན་པར་མ་བརྗེད་དྲ་གྲོགས་ཁ་མཁས་
མྱུར་དུ་གཉིད་སད་ཁོ་མོར་བསྟོད་པས་
རྡོག་རྩ་གཅིག་དྲིལ་བོད་རྒྱལ་ངེས་སོ་
བསྟོད་བསྔགས་བ་ནི་ཉི་ཤུ་རྩ་བཞི༎
སྟོན་པའི་དབུ་ལ་བྱིས་པའི་ལག་རྩེད་དང་།
སྒྲོལ་མའི་བསྟོད་པར་བཟོ་བཅོས་འདྲ་མིན་
རྒྱག་ཡས་གུས་ཞབས་མེད་པའི་སྤྲང་རྟགས་ཡིན།
སྤྲང་པོའི་རྒྱུག་པ་ཡིན་ནའི་མགོ་འཇུག་ཡོད།
ཨབ་གཱན་གྱི་རྡ་ལིས་སྦན་འདྲ་བོ་མཐོང་སོང་། དཀོན་མཆོག་གསུམ། ད་ཁྱེད་རང་ཚོ་ལ་ཞེད་གི་འདུག
རྒྱ་མིས་བཟོས་པའི་ལྷམ་ལ་སངས་རྒྱས་ཀྱི་སྐུ་པར་བཞག་པར་ཧ་ལས་མ་བྱུང་།གོང་གི་འདྲེ་སྐད་འདི་ཚོ་ལ་ཧ་ལས་བྱུང་།ནང་པ་མིན་པར་ཤོག་།བོད་པ་མིན་པར་ཤོག་།གྲྭ་བཙུན་མིན་པར་ཤོག་།ཨ་ཁ་ཁ་།
ཆོས་དབྱིངས་སྐྱིད་ནི།
སྟོན་པའི་རྗེས་འཇུག་ཆོས་དབྱིངས་སྐྱིད། །
སྒྲོལ་མའི་གདུལ་བྱ་ཆོས་དབྱིངས་སྐྱིད། །
བོད་མའི་དགའ་ས་ཆོས་དབྱིངས་སྐྱིད། །
འགྲན་རྩལ་རེ་ས་ཆོས་དབྱིངས་སྐྱིད། །
གཞིས་ལུས་བོད་མིའི་རྩ་དོན་ཆེད་དུ།།
རང་གི་ལུས་ཀྱང་མེ་ལ་སྲེག་མ།།
བཙན་བྱོལ་བོད་མིས་རང་དོན་ཆེད་དུ།།
ཆོལ་ཁ་ཆོས་ལུགས་རྩོད་ནས་ལུས་མ།།
གྲྭ་ཟུར་འགའ་རེས་དྲ་རྒྱའི་ནང་དུ།།
ཆོས་དང་བླ་མར་རྟག་ཏུ་སྨོད་མ།།
མགོ་སྟོང་འགའ་རེས་ཕྱི་ནང་མི་ཤེས།།
རང་གི་གཞུང་ལ་རྟག་ཏུ་གཤེ་མ།།
དོལ་འདྲེ་འགའ་རེས་དོལ་རྒྱལ་ཆེད་དུ།།
བླ་མའི་དམ་ཚིག་ཆུ་ལ་གཡུག་མ།།
རྒྱ་ཁྱི་འགའ་རེས་རྒྱ་དངུལ་ཆེད་དུ།།
རང་རིགས་ནང་ཁུལ་ཁྲག་ལྟར་སྐྲུག་མ།།
ཁ་བརྡའི་ནང་གི་ལྟས་ངན་འདི་ཚོས།།
དགྲ་དགའ་གཉེན་སྡུག་ལས་ལ་བརྩོན་མ།།
བསམ་ཡོད་སྙིང་རླུང་བསྟོད་ལ་འཚང་ནས།།
དྲ་རྒྱ་འདི་ནས་ཕྱི་ལ་ཐོན་མ།།
བསམ་མེད་མང་པོས་ཀུ་ཅོ་སྒྲོག་བཞིན།།
ཁ་བརྡའི་རིན་ཐང་ས་ལ་རྡབ་མ།།
འདས་པོ་མགོན་ཕྱག་མཆོག་གིས་སྙན་ངག་འབྲི་རྩལ་ཧ་ལས་པ་ཞིག་རེད་མི་འདུག་གམ། གོང་དུ་ཁོང་གི་སྙན་རྩོམ་འདི་ཀློག་དང་།