༼བཀའ་ཁྲི་གསར་པའི་མཛད་སྒོ་ལ་ངོས་སུ་སོང་རྗེས་བྲིས།༽
ཚྭ་རུ་མ་ཐབས་མཁས་ཀྱིས།
༡༽ཡང་དག་མང་གཙོ་ྋརྒྱལ་བའི་ཕྱག་གིས་གནངས།།
ཚད་ལྡན་དག་ཐེར་ཟམ་གདོང་མཁས་པས་མཛད།།
ཁྲིམས་ལུགས་དབང་སྒྱུར་མང་གཙོའི་སྒྲིག་འཛུགས་ཤིག།
གངས་ཅན་བོད་ཀྱི་སྲིད་གཞུང་ཉིད་དུ་གྱུར།།
༢༽བོད་མི་རེ་ཡིས་རྒྱལ་གཅེས་རྒྱལ་དར་འཕྱར།།
སེང་དར་གྲུ་བཞིས་སྲིད་སྐྱོང་སེངྒེ་བཏེགས།།
སེངྒེས་སེངྒེ་བཏེགས་པའི་རྒྱལ་ཁ་ཞིག།
གངས་ཅན་ྋམགོན་པོས་འཛམ་བུ་གླིང་ལ་བསྒྲགས།།
༣༽སྐུ་དྲག་སྐུ་ངོའི་ལེའུ་འདི་ནས་རྫོགས།།
ལམ་ལུགས་རྙིང་བའི་གོམས་སྲོལ་འདི་ནས་ལྟེབས།།
ཡང་དག་མང་གཙོའི་ལམ་ལུགས་གསར་བའི་ནང་།།
ཆོལ་གསུམ་བོད་མིས་ཆིག་སྒྲིལ་འཕག་འཚག་གལ།།
༤༽ཚད་མཐོའི་མང་གཙོའི་ཆ་ཤས་ཡོངས་རྫོགས་ཆེད།།
ྋརྒྱལ་དབང་མཆོག་གིས་ཡོད་ཚད་ཡོད་ཚད་བསྐྲུན།།
འཆི་ལ་ཁད་ཀྱི་བོད་ཡོད་ཚད་ལ།།
འཆི་མེད་ཚེ་ཡི་རིལ་བུ་འདི་ལྟར་གནངས།།
༥༽བོད་ཀྱི་ལོ་རྒྱུས་དཀྱོགས་མཚམས་ཆེན་པོ་འདི།།
བོད་ཀྱི་བདག་པོ་ྋཏཱ་ལའི་བླ་མས་བྱས།།
བོད་རིགས་ཡོངས་ལ་འདྲ་མཉམ་ཐོབ་ཐང་དང་།།
བོད་ཀྱི་འཕྲལ་ཕུགས་ཡུན་རིང་བརྟན་པར་མཛད།།
༦༽རྒྱ་ནག་དཔོན་པོའི་བསམ་བློར་མ་འཁོར་བའི།།
ྋརྒྱལ་དབང་མཆོག་གིས་སྒྱུར་བཅོས་མཛད་པ་ན།།
རྒྱ་ནག་གཞུང་གི་ལས་འཆར་སྟོང་བར་གྱུར།།
འཛམ་གླིང་རྒྱལ་སྤྱིས་དོན་མཐུན་གཟེངས་བསྟོད་བྱས།།
༧༽ྋཡིད་ནོར་བུས་ཡོད་ཚད་སྤྲད་ཟིན་པས།།
རང་རེའི་སྤྱི་ཚོགས་ཁྲོད་ན་འུར་སྒྲོག་པའི།།
ཡོད་ཚད་གཞན་གྱིས་བཀག་པར་འདོད་མཁན་ཚོས།།
འཇོན་པའི་ནུས་མཐུ་ད་ནི་སྤྲུག་སྤྲུག་བྱོས།།
༨༽བོད་ཀྱི་མང་གཙོའི་སྲོལ་འབྱེད་སྟོན་པ་མཆོག།
འཇིག་རྟེན་ཞི་བདེའི་དེད་དཔོན་སྐུར་བཞེངས་པ།།
རྒྱལ་ཁབ་གཞན་ལ་མེད་པའི་ྋརྒྱལ་བའི་དབང་།།
ྋབསྟན་འཛིན་རྒྱ་མཚོའི་སྐུ་ཚེ་བརྟན་པར་ཤོག། །།
༢༠༡༡ ༨ ༡༠
ས་ཡ་དྲུག་གིས་རྩོལ་བ་མ་དགོས་པར།།
༸ཡིན་བཞིན་ནོར་བུས་བསྩལ་བའི་མང་གཙོའི་ནོར།།
ན་གཞོན་ཤེས་ཡོན་ཅན་ལ་གཏད་པ་ཡིས།།
ཕན་དང་གནོད་པའི་ལམ་བུ་རྗེས་ནས་འོང།།
ས་ཡ་དྲུག་གིས་རྩོལ་བ་མ་དགོས་པར།།
༸ཡིན་བཞིན་ནོར་བུས་བསྩལ་བའི་མང་གཙོའི་ནོར།།
ན་གཞོན་ཤེས་ཡོན་ཅན་ལ་གཏད་པ་ཡིས།།
ཕན་དང་གནོད་པའི་ལམ་བུ་རྗེས་ནས་འོང།།
ད་ལྟ་ནས་བསྟོད་སྨད་གང་བྱས་ཀྱང་སྔ་དྲགས་མེད་དམ་སྙམ། དང་པོ་ལས་བཅུག་དང་། གྲུབ་འབྲས་ཐོན་དང་མི་ཐོན་རྗེས་ནས་ས་རིས་ཐང་གསལ་ཆགས་ཀྱི་རེད། མ་འོངས་མངོན་ཤེས་ལྡན་པའི་སྐྱེས་བུ་ཡིན་ཚེ་མི་ཤེས། དེ་མིན་བཤད་སྔ་དྲགས་མེད་དམ་སྙམ་མོ།།
དེ་རིང་བཀའ་ཁྲིར་རྟེན་འབྲེལ་ཞུས་ཀྱང་ཆོག །
སྙན་མོའི་ངག་གིས་ངོ་བསྟོད་བྱེད་མི་འདོད། །
མ་འོངས་ལོ་འགའི་རྗེས་ནས་མཛད་རྗེས་ལ། །
དཔག་ནས་བསྟོད་སྨད་གང་འོས་བྱས་ན་ལེགས། །
བསྟོད་པའི་ཚིག་འབྲུ་འབུལ་ན་སྔ་དྲགས་ཅི།།
གལ་ཆེན་དུས་སྟོན་བསུ་ན་ཐེ་ཚོམ་ཅི།།
རྗེས་མའི་ཀྱོག་མཚམས་ད་ལྟ་གཡོག་དོན་ཅི།།
འགྲུབ་དང་མི་འགྲུབ་བོད་ཀྱི་ལས་དབང་རེད།།
འབད་དང་མི་འབད་བོད་མའི་སྙིང་སྟོབས་རེད།།