འཇམ་དཔལ་ཚུལ་ཁྲིམས།
༼ཁ་བྱང་གི་འགྲེལ་བ།༽
ཁ་བྱང་གི་ཚིག་འདི་དཔལ་ལྡན་བཀའ་བློན་ཁྲི་བ་མཆོག་གིས་གྲོས་ཚོགས་ལ་བཀའ་ཤག་གི་གསལ་བཤད་གནང་སྐབས་བེད་སྤྱོད་གནང་བའི་ཚིག་ཅིག་རེད། ཁོང་གིས་“་་་ད་ལྟ་རྒྱ་གར་གྱི་གནོན་ཤུགས་མེད་ལ་རྒྱ་མིའི་གནོན་ཤུགས་ཀྱང་མེད། ཡིན་ན་ཡང་མ་འོངས་པར་གནོན་ཤུགས་བྱུང་པ་ཡིན་ན་དོན་དག་མེད་པའི་གདོང་ལེན་བྱེད་ཁག་པོ་ཅན་གྱི་ཐ་སྙད་ཅིག་ང་ཚོས་ཉར་ནས་བསྡད་ན་ཇབ་གང་མི་འདུག”་ཅེས་གསུང་འདུག ད་དུང་ཁོང་གིས “་་་་དོན་ལ་འགྱུར་བ་གང་ཡང་མེད་ན་ཡང་ཐ་སྙད་ཆུང་ཆུང་ཞིག་ལ་བརྟེན་ནས་དཀའ་ངལ་བྱུང་ན་་་” ཅེས་གསུང་སོང་། ཚིག་འདི་དག་ལ་རྟེན་ནས་ཁོང་གི་དགོངས་པའི་ནང་དུ་བོད་གཞུང་ཞེས་པ་འདི་ལ་བརྩི་བཀུར་དང་གལ་གནད་གང་ཙམ་གཟིགས་ཀྱི་ཡོད་པ་མཐོང་ཐུབ་པར་སྙམ།
ཉེ་ཆར་རང་རེའི་བཙན་བྱོལ་གཞུང་གི་མིང་མེད་པར་བཏང་བ་འདི་ལ་སྤྱི་ཚོགས་ནང་དུ་ཕྱོགས་གཅིག་གིས་དེ་ནི་ ལག་པས་ཡར་བཞེངས་གཏོར་མ། རྐང་བས་མར་བཤིག་ཀླུད་རོ་བཟོས་པ་རང་རེད་བསམ་ནས་བློ་མ་བདེ་ལོང་བས་རྩམ་སྐྱ་འགམ་འདྲར་གྱུར་བ་དང་། ཕྱོགས་གཅིག་གིས་འདི་ནི་ དུས་ཐོག་གི་ཆར་བ། གནད་ཐོག་གི་སྐད་ཆ་རེད་ཟེར་ནས་ཕྱོགས་གཉིས་ཀ་སེམས་པ་བསམ་པའི་འཁྱེར་སོ་ཁ་ཁ། ལག་ལས་ཀའི་བྱེད་སོ་སོ་སོར་གྱུར་ནས་ནང་ཁུལ་བསམ་འཆར་མི་མཐུན་པ་ཤུགས་ཆེན་བྱུང་།
དེ་ལ་རང་རང་གི་ཟིན་མཚམས་དེ་ལ་རང་རང་གིས་བློ་རིག་བཀོལ་ནས་ཁུངས་ཇེ་བཙན་དང་། གནས་ལུགས་ལ་ཇེ་ཉེར་གཏོང་བའི་འབད་བརྩོན་བྱེད་ཀྱིན་པ་འདི་ནི་སྤྱིར་ན་ཆོས་ཉིད་ཅིག་ལོས་ཡིན། ད་ལན་གྱི་རྩོད་པ་འདི་ནི་གཞུང་ཕྱོགས་དང་དམངས་ཕྱོགས་ཀྱི་འགལ་ཟླའི་རང་བཞིན་དུ་གྱུར་ཞིང་། གཞུང་ཕྱོགས་ནས་ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་ཐ་སྙད་ཙམ་ལ་གལ་ཆེན་དུ་བརྩི་མི་འོས་ཚུལ་བཤད་ནས་ད་ལན་གྱི་གནད་དོན་འདི་ཅི་ཆུང་གང་ཆུང་དུ་སྒྲུབ་པའི་འབད་བརྩོན་བྱེད་ཅིང་། དམངས་ཕྱོགས་ནས་འདི་ནི་རང་སྲོག་རང་གིས་བཅད་པ་རེད་ཅེས་བཤད་ནས་ད་ལན་གྱི་གནད་དོན་འདི་ཅི་ཆེ་གང་ཆེ་རུ་སྒྲུབ་པའི་འབད་བརྩོན་བྱེད།
འདིའི་སྐོར་ལ་སྔར་ཡང་གུས་པས་ཕོ་ངན་གྱིས་བཤད་སྔ། བོང་ལིས་རྒྱུག་སྔ་བྱས་ནས་རང་སེམས་ལ་འཆར་སྒོ་གང་ཡོད་དེ་སྐེ་བཅད་ན་སྐེ་ཁྲག་འོ་མ། བྲང་བཀོག་ན་དྲན་པ་དཀར་བོ་བྱས་ནས་གང་ཤེས་རེ་བྲིས་ཡོད་ཀྱང་། ཕན་རྒྱུའི་ཚབ་ལ་གནོད་དུ་སོང་ནས། བསམ་སའི་ཁ་ལ་མ་སོང་། མ་བསམ་སའི་མིག་ལ་སོང་ཡོད་མེད་ཀྱང་ཤེས་དཀའ་། དེའི་ཕྱིར་ད་ལྟ་བདག་གིས་ཁྱིམ་བུ་སྤུན་ནང་འཁྲུག་བྱེད་པ་དེ། །ཆུས་བརྟན་པ་ཤོར་བའི་བསུ་མ་རེད། །རྗེ་རྒྱལ་བློན་ནང་འཁྲུག་བྱེད་པ་དེ། །ཇུས་རྒྱལ་སྲིད་ཤོར་བའི་སྔ་བལྟས་རེད། ཟེར་བ་བཞིན་འདི་ལྟར་ནང་ཁུལ་བསམ་བློ་མ་མཐུན་པར་ཕྱོགས་གཉིས་ཀྱི་རང་རང་གི་བལྟ་བ་དེ་བདེན་ལུགས་རྒྱན་ལུགས་རྣམས་རང་རང་གི་ཕྱོགས་གཏོགས་རྣམས་ལ་རེ་བཤད་ནས་སྡོད་པ་ལས། ཕན་ཚུན་བསམ་ཚུལ་རྗེ་རེས་ཀྱིས་རྡར་ཤ་མ་བཅད་པར་བསྡད་ན་ཉིན་ཞིག་ཟས་ཁོག་ལ་བཟུང་ན་དུག་ཏུ་གྱུར་། གཏམ་ཁོག་ལ་ཉར་ན་མཁོན་དུ་འགྱུར་གྱི་རེད་བསམ་ནས་དཔྱད་པ་ཐུང་ངུ་འདི་བྱེད་བྱས་པ་ཡིན།
དེས་ན་མིང་ཙམ་ཞེས་པ་འདི་ཅི་འདྲ་ཞིག་ལ་གོ་དགོས་སམ། ངོ་མ་མིང་ཞིག་ཡིན་ན་དོན་སྙིང་མེད་པས་ཁྱབ་པ་ཡིན་ནམ། དུས་རྟག་ཏུ་མིང་དང་དོན་གཉིས་འགལ་བ་ཡིན་ནམ། མིང་ལ་གཙིགས་སུ་བཟུང་བ་ཡིན་ན་དེ་ལ་གལ་གནད་ཅན་གྱི་དོན་ཞིག་རག་རྒྱུ་མེད་པས་ཁྱབ་བམ། ཞེས་པའི་དྲི་བ་འདི་དག་ལ་ལན་འདེབས་པའི་འབད་བརྩོན་གྱིས་རང་གི་དམ་བཅའ་དེ་སྲུང་བའི་ཐབས་ཤེས་བྱེད་རྒྱུ་ཡིན།
ཟམ་གདོང་རིན་པོ་ཆེ་ནི་རང་གི་རྩ་བའི་དམ་བཅའ་སྲུང་བ་ལ་མཆོག་ཏུ་གྱུར་ཞིག་རེད་། མང་ཚོགས་དཀྱུས་མའི་དཀྱིལ་དུ་ཁོང་གི་དམ་བཅའ་གང་འདྲ་ཞིག་ལ་དགག་པ་དང་དྲི་བ་ག་འདྲ་ཞིག་བཏང་ཡང་སྐབས་ཐོག་དེར་ལན་གྱིས་ཟློག་པར་མི་ནུས་པའི་དགག་ལན་དང་དྲིས་ལན་ཚ་བོ་ཐོག་འདྲ་བ་རེ་འདེབས་པ་ནི་ཁོང་གི་ཁྱད་ཆོས་སུ་ཡོངས་གྲགས་དེ་རེད། སྐད་ཆ་འདི་ཕྱོགས་གཞན་ནས་ཟམ་གདོང་རིན་པོ་ཆེ་འདི་རང་གི་དམ་བཅའ་སྲུང་ཆེད་དུ་འགྲེལ་ལོག་བྱེད་པ་ལ་ཁྱད་དུ་འཕགས་པ་ཞིག་རེད་ཅེས་བཤད་ཀྱང་མི་འོས་པ་མི་འདུག མ་གཞི་ད་ནི་སྐད་ཆ་འདི་འདྲ་ཁ་ལ་ལེན་འདོད་མི་འདུག་མོད་ད་ལྟ་སྐབས་དང་འབྲེལ་བས་ཞུ་དགོས་བྱུང་། རང་ཅག་གི་བཤད་སྲོལ་ལ། མཁས་པས་བཤད་ན་ཅི་ཡང་བདེན། ཞེས་པ་ཞིག་ཡོད་པ་འདི། མཁས་པས་འགྲེལ་ན་ཅིར་ཡང་འགྱུར། ཞེས་པའི་དོན་ཡིན་པར་ཁོ་བོས་བསམ་གྱིན་འདུག
གཞུང་གི་ཕྱོགས་འཛིན་པ་དག་གིས་“ཐ་སྙད་ཙམ་དང་མིང་ཙམ་འཛིན་པ་གལ་ཆེ་འམ་དོན་དག་སྙིང་པོ་འཛིན་པ་གལ་ཆེ་”ཞེས་རྟོན་པ་རྣམ་བཞིའི་རིགས་ལམ་སྤྱད་ནས་ཐ་སྙད་དང་དོན་གཉིས་དུས་རྟག་ཏུ་འགལ་བ་ཡིན་པ་ལྟ་བུའི་ཐལ་འགྱུར་ཚ་བོ་ཞིག་འཕེན། ཐལ་འགྱུར་འདི་དམངས་ཕྱོགས་ཀྱིས་སེམས་ལ་ཅི་མ་བདེན་ཨང་སྙམ་པའི་ཟུགས་འགྲོ་བ་ཞིག་མ་ཡིན་ཀྱང་སྐབས་ཐོག་དེར་གཅིག་གིས་གཅིག་གི་ངོ་གདོང་ལ་བལྟ་ཙམ་བྱེད་པ་ལས་དེ་མ་ཐག་ཏུ་ལན་འདེབས་ཞིག་མ་རག་པ་བལྟ་བུར་འགྱུར་བཞིན་ཡོད་པར་སྣང་།
གཞུང་ཕྱོགས་ཀྱི་ཐལ་འགྱུར་ལ་བལྟས་ན་མིང་ངམ་ཐ་སྙད་ཡིན་ན་དེ་དོན་གལ་གནད་ཅན་ལ་ནམ་ཡང་འགྱུར་རྒྱུ་མེད་པ་དང་། མིང་དང་དོན་གཉིས་ནམ་ཡང་འགལ་ཟླ་ཡིན་པ་ལྟ་བུ་ཞིག་གསུང་གི་ཡོད། གང་ལགས་ཤེ་ན་མིང་དང་དོན་གཉིས་འདེམས་ཀ་ལ་སྤྲད་ནས་རྟོན་བཞིའི་རིགས་ལམ་སྤྱད་དེ་གཞན་ཕྱོགས་ཀྱི་ཁ་འགོགས་ཐབས་བྱས་པ་རེད། དེར་མ་ཟད་མིང་ཡིན་པ་ཙམ་གྱིས་མིང་ཙམ་ཡིན་དགོས་ཤག་ལྟ་བུར་ཡང་བཞག་ཡོད། གང་ལགས་ཤེ་ན་བོད་གཞུང་ཞེས་པ་འདི་མིང་ཙམ་ཡིན་ཤག་བྱེད་པ་ལས་དོན་སྙིང་ལྡན་པའི་མིང་ཞིག་ཡིན་ནམ་མིང་ཙམ་ཡིན་མིན་གྱི་ཚུལ་ཚིག་ཟུར་ཙམ་ཡང་གླེང་གི་མེད་པ་རེད།
ཐོག་མར་མིང་དང་མིང་ཙམ་ལ་ཁྱད་པར་ཅི་ཡོད་ཀྱི་སྐོར་ལ་ཁྱེད་ཅག་གིས་ཐུགས་གཞིགས་ཤིག་གནང་ནས་ཁྱེད་ཅག་གི་རྒྱུད་ཀྱི་གཏན་ཚིག་གི་དྲན་ཚོར་གང་ཞིག་ཟམ་གདོང་གི་རྟོན་བཞིའི་རིག་པའི་ཐལ་འགྱུར་གྱིས་ནུས་མེད་དུ་བཏང་ཟིན་པ་དེ་སླར་གསོ་བྱེད་ཀྱི་ཡིན། མིང་ཞེས་པ་ནི་ཀུན་ལ་དགོས་པ་དང་། ལྷག་པར་དུ་འཇིག་རྟེན་པ་ལ་དེ་བས་ཀྱང་དགོས་པའི་དོན་དག་གལ་ཆེན་ཞིག་རེད། “སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས། བསགས་པའི་ནོར་ལ་སྲུང་བའི་རྭ་དགོས།” ཟེར་བ་མིན་ནམ། འཇིག་རྟེན་པའི་གྲལ་དུ་ཚུད་མིན་གྱི་ཚད་འཛིན་བྱེད་ལ་འཇིག་རྟེན་ཆོས་བརྒྱད་ཟེར་བ་ཞིག་འདྲེན་རྒྱུ་ཡོད་པའི་ནང་ནས་སྙན་པ་དང་། མི་སྙན་པ། བསྟོད་པ། སྨད་པ་བཅས་བཞི་ནི་མིང་དང་འབྲེལ་བའི་ཆོས་བཞི་རེད། སྤྱི་ཚོགས་ཚན་རིག་གིས་བཤད་ཚུལ་ལྟར་ན་འཇིག་རྟེན་མི་ཞིག་ལ་མེད་དུ་མི་རུང་བའི་དགོས་མཁོ་གསུམ་ཡོད་པ་ནི་ཟས་གོས་གནས་མལ་གསུམ་ཡིན་ཞིང་། ཅུང་འུད་ཀྱིས་བཤད་ན་མིང་ནི་འདིའི་ནང་དུ་ཡང་ཚུད་ཡོད་པར་བཤད་ཆོག་སྟེ། རང་ཅག་གི་ཁ་རྒྱུན་དུ་“ལྟོ་གོས་གཏམ”་གསུམ་ཞེས་ལྟོ་གོས་གཉིས་ཀྱི་གྲལ་དུ་གནས་མལ་གྱི་ཚབ་ལ་གཏམ་བཞག་ནས་བགྲང་ཡོད་པ་མ་ཡིན་ནམ། འདི་དག་གིས་མིང་ཞིག་ཡིན་ན་མིང་ཙམ་དང་ཐ་སྙད་སྐམ་པོ་ཡིན་མིན་ལ་དོགས་པ་མེད་པ་དེ་འདྲ་མ་ཡིན་པ་དེ་ད་ལྟ་ཀློག་པ་པོ་ཁྱེད་ཅག་གིས་དྲན་པ་གསོས་ཡོད་པའི་རེ་བ་ཡིན།
༼མིང་ནི་དེ་འདྲའི་གལ་ཆུང་ཞིག་མིན།༽
དེས་ན་མིང་ཞིག་ཡིན་པ་ཙམ་གྱིས་མིང་ཙམ་པོ་བ་འམ་ཐམ་སྙད་སྐམ་པོ་ཟེར་བ་ཞིག་ཡིན་མི་དགོས། ནམ་རྒྱུན་ང་ཚོས་“མིང་ཙམ་ལ་མ་རྩོད་དོན་ལ་རྩོད”་ཞེས་བཤད་སྲོལ་ཡོད་པའི་མིང་ཙམ་ཟེར་བ་ནི་དཔེར་ནཿ བུ་སྤུན་གཉིས་ཀྱིས་ལས་ཀ་ཞིག་བྱས་ན་དེ་བྱེད་མཁན་གྱི་མིང་དེ་སོ་སོ་ལ་རག་ཐབས་ཀྱི་དོན་དུ་ཤི་འཐབ་རོ་འཐབ་བྱེད་མཁན་ཡོད་པ་དེ་འདྲ་ལ་གོ་དང་། དེ་བཞིན་བུ་ལོན་སྒོར་མོ་འབུམ་མང་པོ་བླངས་བའི་མི་ཞིག་ཕྱི་རྒྱལ་ལ་སྒོར་མོའི་དོན་དུ་སོང་རྗེས་མི་དེས་སྒོར་མོའི་དོན་དུ་གཙང་སྤྱོད་བཀྲུ་ཡི་མིན་ཞེས་ལབ་ན་དེ་ལ་“ཁྱོད་ལ་བུ་ལོན་དེ་འདྲའི་ཆེན་པོ་ཡོད། ད་སྒོར་མོ་དེ་འདྲ་མང་པོ་ཞིག་རག་གི་ཡོད་ན་མིང་ཙམ་ལ་མ་བལྟ།”་ཞེས་བཤད་ཆོག་པ་རེད། མིང་ཙམ་ཞེས་པ་འདི་འདྲ་ཞིག་ལ་གོ་བ་ལས་མིང་ཞེས་པའི་ཚིག་ཡོད་ཚད་ཐམས་ཅད་མིང་ཙམ་དང་ཐ་སྙད་ཙམ་ཡིན་པ་འདྲ་བ། མིང་ཞེས་པའི་ཚིག་ཡོད་ཚད་ཐམས་ཅད་རིན་ཐང་ཆུང་བ་འདྲ་བ། མིང་ཞེས་པའི་ཚིག་ཡོད་ཚད་ཐམས་ཅད་ནམ་ཡང་དོན་ལས་གལ་ཆུང་བ་འདྲ་བ་དེ་འདྲ་ཡེ་ནས་མིན་པར་སྐབས་རེ་དོན་ལས་མིང་གལ་ཆེ་བ་ཡང་ཧ་ཅང་མང་།
སྐབས་རེ་དོན་ལས་མིང་གལ་ཆེ་བ་ཡང་ཧ་ཅང་མང་། ལྷག་པར་དུ་ཆབ་སྲིད་ཀྱི་ནང་དུ་ལས་དོན་སྒྲུབ་པའི་བརྒྱ་ཆའི་དགུ་བཅུ་ཙམ་ལ་ཐོག་མར་མིང་སྐྲུན་ཞིང་དེ་ནས་དེ་འབྲེལ་གྱི་དོན་སྒྲུབ་པ་དེ་འདྲ་རེད། དེ་ནི་འཇིག་རྟེན་མི་ལ་གཏམ་སྙན་པ་དེ་ཧ་ཅང་གལ་ཆེ་བར་བརྩི་བ་དང་འབྲེལ་མེད་དམ་སྙམ། གང་ལྟར་གཏམ་མགོ་སྣ། ཁོག་དཔུང་ལ་རྒྱ་ཟེར་བ་འདི་ཐམས་ཅད་ཀྱིས་མིང་གི་སྐོར་བཤད་ཀྱི་ཡོད་པ་རེད། དཔེར་ནཿ འཛམ་གླིང་གི་རྒྱལ་ཁབ་སོ་སོས་འགྲོ་སོང་གང་མང་ཞིག་རང་རང་གི་མི་སེར་གྱི་ཁ་དང་ལག་པའི་བར་ནས་བཅད་དེ་རྩེད་མོའི་ཆེད་དུ་གཏོང་གི་མི་འདུག་གམ། དེ་དག་མིང་གི་ཆེད་དུ་རེད། ས་ཁུལ་བྱེ་བྲག་རེ་ལ་རང་བྱུང་གི་གོད་ཆག་རེ་བྱུང་དུས་འཛམ་གླིང་གི་རྒྱལ་ཁབ་དག་གིས་རོགས་རམ་དངོས་དང་རོགས་རམ་རུ་ཁག་ཇི་ལྟར་གཏོང་གི་འདུག ཨ་རིའི་རོགས་རམ་མ་སླེབས་པའི་འཛམ་གླིང་གི་གོད་ཆད་ཅིག་ཧ་ལམ་མེད་པ་འདི་ལ་མིང་གི་ཆེད་དུ་བྱས་པ་ཅུང་ཟད་ཀྱང་མི་འདྲེས་སམ། མཐའ་ན་བཟོ་ཚོང་ལས་གྲྭ་དག་གིས་སྒོར་མོ་དུང་ཕྱུར་མང་པོ་བཏང་ནས་རང་རང་གི་ཚོང་རྫས་ཁྱབ་བསྒྲགས་བྱེད་པ་འདི་མིང་གི་ཆེད་དུ་མིན་ན་གང་རེད།
ད་ལན་ལ་ཆ་བཞག་ན་ཡང་ཕྱི་རྒྱལ་གྱི་དོན་གཅོད་ཁག་གིས་༧གོང་ས་མཆོག་གི་མཚན་བེད་སྤྱོད་གནང་ཆོག་པའི་བོད་སྐུལ་གསོལ་བ་ཕུར་ཚུགས་འདེབས་མཁན་ང་ཚོ་རེད་ལ། དེ་ལ་༧གོང་ས་མཆོག་གིས་ཀྱང་ཞལ་བཞེས་གནང་ཡོད། འདིས་མིང་དེ་གལ་ཆེ་བ་ཞིག་བསྟན་པ་མིན་ན་གང་ཡིན། ལར་ནས་མིང་ལ་གལ་ཆེན་མི་བརྩི་བའི་འདུ་ཤེས་དེ་སངས་རྒྱས་ཆོས་ལུགས་ཀྱིས་ཤན་ཤུགས་ཤིག་ཡིན་པས་ཆོས་ཀྱི་ལམ་སྲོལ་སྲིད་ལ་བཀབ་པ་དེ་འགྲིག་མ་སོང་བསམ་པ་ཡིན།
དཔེར་ནཿ གང་ཟག་ཅིག་རང་གི་སྐྱེ་སའི་རྒྱལ་ཁབ་ཀྱི་འབངས་མི་ཡིན་བཞིན་དུ་རྒྱལ་ཁབ་གཞན་ཞིག་གི་ཁོངས་མིར་ཞུགས་ན་རང་གི་སྐྱེ་སའི་རྒྱལ་ཁབ་དེའི་འབངས་མི་རྦད་དེ་མ་ཡིན་པ་འམ་ཡང་ན་ཕྱེད་ཙམ་ལས་མ་ཡིན་པར་གྱུར་བ་མ་ཡིན་ནམ། དོན་དུ་གང་ཟག་དེའི་རྒྱལ་ཁུངས་ཀྱི་མིང་ཙམ་སྒྱུར་བ་ལས་ནང་གི་ཤ་ཁྲག་རྗེས་མེད་ལ་མཐའ་ན་སོ་སོའི་འབོད་མིང་ཀྱང་རང་སོར་གནས་ཡོད། འོན་ཀྱང་ཉིན་དེ་ནས་བཟུང་རང་སྐྱེ་སའི་རྒྱལ་ཁབ་དེའི་མིའི་མི་གོ་མི་ཆོད་པར་གྱུར་བ་རེད། འབངས་མི་གཅིག་གིས་རྒྱལ་ཁབ་ཅིག་གི་མི་གོ་ཆོད་བཞིན་དུ་གློ་བུར་དུ་མི་ཆོད་པར་འགྱུར་བ་དེ་མིང་སྒྱུར་བ་ཙམ་ལས་བྱུང་བ་རེད།
དཔལ་ལྡན་བཀའ་ཁྲི་མཆོག་གིས་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་གནང་མེད་པའི་སྒྲུབ་བྱེད་ལ་ད་ལྟ་དམངས་གཙོའི་ཀ་བ་གསུམ་ཀའི་ཆ་ཤས་ཕྲ་མོ་ཙམ་ཡང་ཕྱིར་བསྡུ་མ་གནང་བར་ཉུང་སྔར་བཞིན་ཕྱག་ལས་གནང་བཞིན་ཡོད་པ་དེ་བཀོད་སོང་བ་དཔེ་འདི་དང་འདྲ་བ་ཞིག་མི་འདུག་གམ། ཡང་གཅིག་བཤད་ན་མི་ཞིག་གིས་ཞི་མི་ཞིག་ལ་འདིའི་མིང་ལ་ཞི་མི་ཟེར་ངུང་ད་དུང་ཡང་སྟག་ཡིན་དེ། འདི་ལ་མཆེ་སྡེར་སོགས་དམར་གཡག་སྟག་གི་མཛུམ་དྲུག་ཡོངས་སུ་རྫོགས་པ་ཚང་ཡོད་ཟེར་བ་དང་འདྲ་བ་ཞིག་མི་འདུག་གམ་སྙམ། གོང་མི་དེས་ཀྱང་མིང་དེ་མ་གཏོགས་ཆ་ཤས་ཕྲ་མོ་ཙམ་ཡང་འགྱུར་བ་བཏང་མེད་ཅིང་། མཐའ་ན་རང་གི་འབོད་མིང་ཚུན་ཆད་ནས་བརྗེས་མེད་པ་རེད། འོན་ཀྱང་རྒྱལ་ཁབ་གཞན་གྱི་མི་ཁུངས་ལ་ཞུགས་པའི་རྗེས་དང་མ་ཞུགས་པའི་སྔོན་གྱི་བར་ལ་ཁྱད་པར་ག་ཚོད་ཡོད་ཀྱི་རེད་དམ། ཡང་གཅིག་བཤད་ན་འདི་ནི་རྒྱལ་ཁབ་དེའི་འབངས་མི་ཡིན་པར་ཡིག་ཐོག་ལ་བྲིས་ཀྱང་དོན་དུ་སྐྱེ་སའི་རྒྱལ་ཁབ་ཀྱི་འབངས་སྔར་བཞིན་ཡིན། གང་ལགས་ཤེ་ན་མགོ་རྐང་ལག་སོགས་ལུས་ཀྱི་ཕྱི་ནང་གི་ཆ་ཤས་ཕྲ་མོ་ཙམ་ཡང་འགྱུར་བ་སོང་མེད་ཅེས་བཤད་པ་དང་འདྲ་བ་ཞིག་མི་འདུག་གམ་སྙམ།
ལར་ནས་ཁོང་བཀའ་བློན་ཁྲི་བའི་མཚན་ཐོག་ནས་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་བྱས་མེད་པར་ད་ཡོད་ཀ་བ་གསུམ་དེ་དེ་རང་ཡིན་པར་གྲོས་ཚོགས་སུ་གསུང་བ་ལ་ཡིད་ཅུང་ཟད་དགའ་ནས་ཡོད། གང་ལགས་ཤེ་ན་འདིས་ཉུང་མཐར་ཡང་མ་འོངས་པར་ལུང་ཙམ་འདྲེན་རྒྱུ་ཡོད་པ་ཞིག་ཏུ་གྱུར་བ་རེད། འོན་ཀྱང་ཁོང་གིས་“་་་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་ཁྲིམས་མཐུན་གྱི་སྒྲིག་འཛུགས་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་གང་ཡོད་དེ་དག་གྲ་མ་མཉམ་པ་དང་། གྲུ་མ་ཞིག་པར་ཡོད་མ་གཏོགས་ཕྱིར་བསྡུ་བྱས་མེད། ཅེས་བཀའ་བློན་ཁྲི་བས་འགན་ཁུར་ཡོད་པའི་ཐོག་ནས་ཚིག་ཐག་ཆོད་པོས་སྙན་གསན་ཞུ་ཡ་ཡིན།”་ཞེས་གསུང་བ་ལས་“བཙན་བྱོལ་བོད་གཞུང་ཕྱིར་བསྡུ་བྱས་མེད། ད་ལྟ་རྡ་སར་ཡོད་བཞིན་པའི་བོད་མིའི་སྒྲིག་འཛུགས་འདི་བཙན་བྱོལ་བོད་གཞུང་ཡིན།”་ཞེས་ཚིག་ཐད་ཀར་ནི་གསུང་མི་འདུག འདི་ནི་ཞོར་འཕྲོས་ཙམ་ཡིན།
མདོར་ན་མིང་གིས་དོན་མཚོན་གྱི་ཡོད་པ་འདི་རང་ཅག་གིས་གཏན་ནས་མ་རྗེད་མི་འོས། དོན་ལ་བརྟེན་ནས་མིང་འབྱུང་རྒྱུ་ཞིག་ཡོད་པ་ལོས་བདེན་ཀྱང་། མིང་ལ་བརྟེན་ནས་དོན་འབྱུང་རྒྱུ་ཡོད་པ་ཡང་དེ་བཞིན་དུ་བདེན་པ་རེད། ལྷག་པར་དུ་ཆོས་དང་སྲིད་གཉིས་ཀྱི་ལྟ་ཕྱོགས་མི་མཐུན་ས་གཙོ་བོ་ཞིག་འདི་ན་གནས་ཡོད། ཆོས་ཀྱིས་དོན་ལས་མིང་འབྱུང་བའི་རྒྱུད་རིམ་དེ་ལ་གཞི་འཛིན་ཞིང་། སྲིད་ཀྱིས་མིང་ལས་དོན་འབྱུང་བའི་རྒྱུད་རིམ་དེ་ལ་གཞི་གཙོ་བོ་འཛིན་པ་ཡིན། དེའི་ཕྱིར་ད་ལན་མིང་ལས་དོན་གལ་ཆེན་དུ་བདམ་པ་དེ་དོན་དུ་ཆོས་ཀྱི་ལམ་ལུགས་ཀྱིས་སྲིད་ཀྱི་ལམ་ལུགས་ལ་གནོད་པ་ཡང་གཅིག་བསྐྱལ་སོང་སྙམ། ཆོས་སྲིད་སྐྱོང་ལུགས་སོ་སོ་ཡིན་པས་གཅིག་གིས་གཅིག་ལ་འདི་ལྟར་གནོད་བྱེད་དུ་འགྲོ་བ་ཡིན། འདི་ནི་ཡང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མི་བཟང་བའི་སྒྲུབ་བྱེད་གསོན་པོ་གཅིག་རེད།
ཚེས་༦་ཚེས་༢་ཀྱི་ཉིན་བཀའ་ཤག་གིས་རྒྱ་ནག་གིས་གནོན་ཤུགས་ཡེ་ནས་མེད་ཚུལ་ནན་གྱིས་གསུང་སོང་ཡང་། ཚོགས་ཆེན་མ་འཚོགས་པའི་སྔོན་ཞིག་ལ་ཟིན་བྲིས་ཚོགས་ཆུང་གིས་ཐ་སྙད་ལ་འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་ལ་རྒྱ་གར་དང་རྒྱ་ནག་གཉིས་ཀའི་གནོན་ཤུགས་དང་འབྲེལ་ཡོད་པར་དངོས་སུ་གསུང་སོང་། དེ་དུས་རྒྱ་ནག་གིས་བོད་ཀྱི་བཅའ་ཁྲིམས་ལུང་དྲངས་ནས་མི་འགྲིག་པ་བཟོ་ཡི་ཡོད་ཚུལ་གསུང་སོང་། རྒྱ་ནག་གིས་ཐ་སྙད་དེ་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ཐ་སྙད་དེ་རང་གིས་ཁོང་ཚོ་ལ་གནོད་པ་ཞིག་ཐེབས་ཀྱི་ཡོད་པར་བསྟན་པ་རེད། རྒྱུ་མཚན་དེ་རང་གིས་ཀྱང་ཐ་སྙད་འདི་གལ་ཆེན་པོ་ཞིག་ཡིན་པ་མི་མཚོན་ནམ།
༼སྐབས་རེ་མིང་ནི་དོན་ཡང་ཡིན།༽
གཉིས་པ་མིང་དང་དོན་གཉིས་འགལ་ཡོད་མདོག་གི་བཤད་སྟངས་འདི་ལོག་འགྲེལ་ཡིན་པ་ཁུངས་སྐྱེལ་རྒྱུ་ཡིན། བཤད་སྟངས་འདི་འདྲ་ལས་དེ་གཉིས་ནང་འགལ་དུ་སྟོན་གྱི་ཡོད་པ་ཟམ་གདོང་རིན་པོ་ཆེས་སྔོན་ནས་སྐབས་གཞན་དུ་ཁས་ལེན་སོང་ཟིན་པས་དེ་ལ་གཞི་བཅོལ་ནས་བཤད་ཀྱིན་ཡོད། སྤྱིར་ན་མིང་དང་མིང་ཙམ་པོ་གཉིས་ཁྱད་པར་ཡོད་པ་གོང་དུ་བཤད་པ་འདི་ཡིན་ཞིང་། མིང་དང་དོན་གཉིས་འགལ་བ་ཞིག་ཡེ་ནས་མིན། མིང་འགའ་རེ་དོན་ཡིན་ཞིང་། དོན་འགའ་རེ་མིང་ཡིན།
ཕྱི་ལོ་༡༩༨༩་ལོར་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་དུས་རང་ཅག་གིས་དགའ་སྤྲོ་སྟོན་མོ་ལ་ཇི་ལྟར་མ་རོལ། ཕྱི་ལོ་༢༠༠༨་ལོར་༧གོང་ས་མཆོག་ལ་ཨ་རིའི་གསེར་གྱི་རྟགས་མ་ཕུལ་སྐབས་ང་ཚོས་འཕགས་ཚག་ག་ཙམ་མ་བརྒྱབས། ནོ་བྷེལ་ཞི་བདེའི་བདག་ཉིད་ཅེས་པ་འདི་མིང་མིན་ན་གང་རེད། དེ་དག་མིང་ཡིན་ཞིང་དོན་ཡང་རེད། ཞེ་ས་བྱས་ན་མཚན་དང་མཚན་གནས་ཞེས་འབོད་པ་རེད། དེའི་ཕྱིར་མིང་ཕྱིར་བསྡུ་བྱས་ན་དོན་ཕྱིར་བསྡུ་བྱས་པར་མཐོང་བ་རེད། དེ་འདྲ་སོང་ཙང་ད་ལན་གྱི་ཕྱིར་བསྡུ་བྱས་པའི་བཙན་བྱོལ་བོད་གཞུང་གི་མིང་དེ་མིང་ཡིན་ལ་དེ་བཙན་བྱོལ་བོད་གཞུང་གི་དོན་དེ་དང་འདྲ་བ་ཞིག་ཡིན་ཞིང་། དེ་ཕྱིར་བསྡུ་བྱས་པ་དེ་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་བྱས་པ་ཞིག་གམ་དེ་དང་འདྲ་བ་ཞིག་ལ་མཐོང་དོན་དེ་རེད། ལོ་རྒྱུས་ཐོག་ལ་བསམ་བློ་བཏང་ན་རང་རེའི་བླ་ཆེན་མང་པོ་ཞིག་རྒྱ་ནག་དང་སོག་པོའི་ཆོ་ལོའི་དོན་དུ་ཇི་ཙམ་རྒྱུགས་རབས་མེད་དམ། འདི་ཐམས་ཅད་མིང་གི་དོན་དུ་རེད། མིང་དེ་གལ་ཆེ་བའི་རྐྱེན་གྱིས་རེད། མིང་དེ་དག་དོན་ཡིན་པའི་རྐྱེན་གྱིས་རེད།
རྟགས་མ་དང་ཆོ་ལོ་འདི་དག་མིང་ཤ་སྟག་ཡིན་ཞིང་མིང་ཙམ་མ་ཡིན་པར་དོན་ཡང་ཡིན། མིང་དེ་དག་ལ་བརྟེན་ནས་དོན་དག་ཅི་ཙམ་འགྲུབ་མ་སོང་། དེའི་ཕྱིར་མིང་དེ་འདྲ་རག་པ་ནི་དོན་རག་པ་དང་གཉིས་སུ་མེད་པ་རེད། དཔེར་ནཿ ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དང་མ་ཕུལ་བའི་དུས་ཚོད་ཀྱི་ནང་དུ་སྐུའི་མཛད་པ་འཕྲིན་ལས་ཁྱད་པར་གང་ཙམ་ཞིག་བྱུང་སོང་། སྟོབས་ཆེན་རྒྱལ་ཁབ་ལ་འགྲུལ་བཞུད་ཡིན་ན། གྲགས་ཅན་མི་སྣ་ལ་མཇལ་འཕྲད་ཡིན་ན། སོ་སོའི་བོད་ཀྱི་རང་དོན་ཡིན་ན། ཅི་ས་ལ་དྲུག་གང་ས་ཅི་ཐད་ནས་མཛད་པ་འཕྲིན་ལ་ཧ་ཅང་ཁྱད་པར་བྱུང་མ་སོང་སམ། དེ་དག་མིང་གནས་རྗེས་འབྲེལ་གྱིས་འོང་གིན་ཡོད་པ་ཞིག་རེད། ཆུང་ས་ནས་སློབ་གྲྭ་ཞིག་གི་ནང་དུ་གང་ཟག་གང་གཉིས་ལས་གཅིག་ལ་ཤེས་ཚད་ཕུལ་དུ་བྱུང་བ་ཞིག་ཡོད་ཀྱང་ཁོང་ལ་ལག་འཁྱེར་མེད་པ་དང་། གཞན་དེ་ལ་ཤེས་ཚད་གོང་ལས་གནམ་སའི་ཁྱད་པར་གྱིས་ཞན་པ་ཡོད་རུང་ལག་འཁྱེར་མཐོན་པོ་ཞིག་ཡོད་ན་སློབ་ཁྲིད་བྱེད་པའི་གོ་སྐབས་ལག་འཁྱེར་ཡོད་མཁན་དེ་ལས་ཤེས་ཚད་ཡོད་མཁན་དེ་ལ་མི་འཐོབ་པ་རེད།
ཆོ་ལོ་ཟེར་བ་དང་མཚན་བསྟོད་ཟེར་བ་འདི་དག་མིང་ཡིན་པ་ཙམ་དུ་མ་ཟད་དེ་དང་དེ་འདྲ་བའི་མིང་ཞིག་སུ་ལ་རག་ན་མི་ཚེ་གཅིག་གི་བྱས་རྗེས་ཡིན་པར་དགའ་སྤྲོ་བྱེད་དགོས་པའི་དོན་ཞིག་མིན་ནམ། དེ་བཞིན་སྐབས་སུ་བབ་པ་བོད་ཀྱི་སྲིད་གཞུང་གི་མིང་འདི་ཡང་མིང་ཡིན་པ་ཙམ་དུ་མ་ཟད་མི་ལོ་ཉིས་སྟོང་ལྷག་གི་རིང་ལ་གནས་ཤིང་། བོད་རང་གི་ངོ་འཛིན་པའི་ལོ་རྒྱུས་ཀྱི་བདེན་ཁ་སྦྱིན་པའི་དོན་དག་ཧ་ཅང་ཧ་ཅང་གལ་གནད་ཆེན་པོ་ཞིག་རེད། དོན་ནི་མདོར་བསྡུས་བོད་རྒྱལ་ཁབ་རེད། ཐ་སྙད་འདི་སྲུང་བ་དང་བོད་རྒྱལ་ཁབ་སྲུང་བ་གཉིས་ངོ་བོ་དབྱེར་མེད་པར་གཟིགས་ནས་མི་ལོ་ཉིས་སྟོང་ལྷག་གི་རིང་ལ་ཨུ་ཚུགས་ཀྱིས་ཉར་ནས་འོང་བ་རེད། རྒྱུ་མཚན་འདི་དག་གིས་གཞུང་ཕྱོགས་ཀྱིས་མིང་ཡིན་ན་དོན་དང་འགལ་བ་ཡིན་མདོག་མདོག་དང་། མིང་ཡིན་ན་མིང་ཙམ་པོ་ཡིན་པའི་ཁྱབ་མདོག་མདོག་གི་འཆད་ཚུལ་དེའི་བརྫུན་ཁོང་ཧད་ཀྱིས་རྟོལ་སོང་མི་འདུག་གམ། འདི་ལྟར་མིང་དང་མིང་མི་འདྲ་བ་ཡིན་ལ་ཐ་སྙད་དང་ཐ་སྙད་མི་འདྲ་བ་རེད། གནད་དོན་འདི་ཤེས་དགོས་ཀྱི་འདུག
དེར་བརྟེན་ད་ལན་གྱི་ཕྱིར་བསྡུ་བྱས་པའི་ཐ་སྙད་འདི་ནི་རང་འགར་གྱི་ཐ་སྙད་ཅིག་ཕྱིར་བསྡུ་བྱས་པ་དང་ཡེ་ནས་འདྲ་བ་མིན་པར་འཆི་གསོན་གྱི་དོན་ལ་འབྲེལ་བའི་ཐ་སྙད་ཅིག་ཕྱིར་བསྡུ་བྱས་པ་རེད། ཐ་སྙད་གང་ཞིག་མེད་པར་བཏང་བས་གསོན་པོ་ཡིན་ཀྱང་གཤིན་པོའི་གྲལ་དུ་ཚུད་འགྲོ་བས་རང་སྲོག་རང་གིས་བཅད་པ་དང་གཉིས་སུ་མེད་པའི་ཐ་སྙད་ཕྱིར་བསྡུ་བྱས་པ་རེད། ཐ་སྙད་གང་ཞིག་གསོན་པོར་ཉར་བས་རང་ཉིད་བར་དོའི་ཕྲང་ལ་ཡོད་ཀྱང་གསོན་པོའི་གྲལ་དུ་ཚུད་ཐུབ་པའི་ཐ་སྙད་ནུས་ལྡན་ཞིག་ཕྱིར་བསྡུ་བྱས་པ་རེད། རང་ཅག་གི་ཐུགས་ལ་འདི་དུས་གཏན་མངའ་བར་ཞུ།
༼མཐའ་དོན་ཞེན་སྐུལ་གཅིག༽
དཔལ་ལྡན་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་ཚོགས་པའི་ངོས་ནས་བོད་གཞུང་མི་མཐུད་ནས་བེད་སྤྱོད་བྱེད་རྒྱུ་ཡིན་པའི་ཁྱབ་བསྒྲགས་མཛད་པ་འདི་ཁོ་བོའི་བློ་ལ་ཧ་ཅང་འཐད་བྱུང་། ཁ་སྔོན་ངས་ཀྱང་འདི་འདྲ་ཞིག་ཡོང་རྒྱུ་མེད་དམ་སྙམ་ནས་དེའི་སྐོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཞུ་ཡིག་ཅིག་ཕུལ་ཡོད། དེའི་ངོ་བཤུས་བདག་གི་དུས་བབ་ཟིན་བྲིས་ལ་བཀོད་ཀྱང་ཡོད། ད་ནི་བོད་གཞུང་གི་མིང་དེ་ཕྱིར་བསྡུ་བྱས་ནས་ཁྲིམས་སུ་བཅས་ཟིན་པས་སེམས་ལ་འདོད་པ་ཡོད་རུང་མེད་རུང་བྱེད་རྒྱུ་ཆེན་པོ་ཞིག་མེད། མ་འོངས་སྔོན་གཟིགས་ལྟ་བུའི་བྱེད་སྟངས་འདི་གཅིག་བྱས་ན་གནད་འགག་ཆེན་པོ་ཞིག་ཡིན་སྲིད་ན་ཐང་། དེས་ན་རང་རང་གི་ངོས་ནས་ཕར་མིང་ག་འདྲ་ཞིག་གིས་འབོད་པ་ནི་དམངས་གཙོའི་སྤྱི་ཚོགས་ནང་དུ་རང་རང་གི་རང་དབང་ཡིན་ངེས་པས་འུ་ཅག་སྒེར་གྱི་ངོས་ནས་མུ་མཐུད་ནས་བཙན་བྱོལ་བོད་གཞུང་ཞེས་པའི་མིང་འདི་མུ་མཐུད་ནས་བཀོལ་དགོས་ཀྱི་འདུག དེའི་ཕྱིར་རང་རེའི་སྤྱི་ཚོགས་ཀྱི་སྒེར་དང་ཚོགས་པ་ཡོངས་རྫོགས་དང་། དམའ་མཐར་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དག་གིས་ཀྱང་གཞོན་ནུ་ལྷན་ཚོགས་ཀྱིས་བྱེད་སྟངས་ཇི་བཞིན་ཐག་གཅོད་གསལ་བོར་མཛད་དེ། བཙན་བྱོལ་བོད་གཞུང་ཞེས་པ་འདི་མུ་མཐུད་ནས་བཀོལ་སྤྱོད་ཨུ་ཚུགས་ཀྱི་གནང་རོགས་འབོད་སྐུལ་ཞུ་རྒྱུ་ཡིན། འདི་ལྟར་བྱས་ན་གཞུང་འབྲེལ་ཡིག་ཆའི་ནང་དུ་བོད་གཞུང་ཞེས་པ་འདི་བརླགས་སོང་རུང་མང་ཚོགས་ཀྱི་ཁ་དང་། གཞུང་འབྲེལ་མ་ཡིན་པའི་ཡིག་ཆ་དག་གི་ནང་དུ་བཙན་བྱོལ་བོད་གཞུང་དེ་ཤི་མ་གསོན་ཙམ་ཞིག་གནས་ཐུབ་པ་ཞིག་འབྱུང་རྒྱུ་རེད།
དེ་སྐོར་ལ་བགྲོ་གླེང་མང་ཙམ་གནང་དགོས་ཀྱི་འདུག གོ་ལའི་སྤྱིའི་འགྱུར་སྡོག་གི་དབང་གིས་རྒྱ་ནག་རྒྱལ་ཁབ་དེ་དུམ་བུར་མང་པོར་འཐོར་བའི་དུས་མི་ཤར་བ་མི་སྲིད་ལ། རྒྱལ་སྤྱི་འདི་དྲང་བདེན་གྱི་་ལམ་ལ་སྐྱོད་པའི་དུས་སྐབས་སུ་ཁྲིམས་ཐོག་ནས་བོད་རང་བཙན་རྩོད་པའི་དུས་ཤར་སྲིད་པས་སོ་སོའི་བཅའ་ཁྲིམས་ནང་རྒྱལ་ཁ་གཅིག་གཅོད་ཀྱིས་རང་གི་རྒྱལ་ཁབ་ཀྱི་མིང་དེ་མེད་པ་བཟོས་ཚར་བས་དེ་དུས་ཁ་ལ་མཛུབ་མོ་བཅུགས་ནས་གཞུག་རྒྱ་ཡིན་ནམ། ཐ་སྙད་ལ་མེད་ཀྱང་དོན་ལ་ཡོད་གསུངས་ནས་རྩོད་པ་གནང་ཐུབ་བམ།
ཆོས་ལ་སྲིད་བསྲེས་དམ་ཆོས་ཞ་ར་བཟོས། །
སྲིད་ལ་ཆོས་བསྲེས་སྲིད་དོན་ལོང་བར་བཞེངས། །
གཞོན་ནུས་ཁབ་སྤངས་ཕྱིར་ན་གཉིས་ཡིན་དཀའ། །
ཆོས་མིན་སྲིད་མིན་བོད་ཀྱི་ལུགས་འདི་སྐྱོ། །
ཆོས་གཅིག་བཤད་དུས་བོད་དོན་གལ་ཆེ་ཆེ། །
སྲིད་གཅིག་བཤད་དུས་ཐ་སྙད་གལ་མི་ཆེ། །
བརྒྱ་ཡི་འདོད་པ་སྟོང་གིས་མི་ཁོགས་པས། །
གང་དྲན་གནང་བའི་ལུགས་ལ་ཕྱག་འཚལ་ལོ། །
དགའ་ལྡན་ཕོ་བྲང་མིང་དེ་བསྡུས་ཀྱང་རུང་། །
བོད་གཞུང་ཕྱིར་བསྡུ་གང་གི་ལུགས་སྲོལ་རེད། །
ས་ཡ་དྲུག་ལ་གྲོས་བསྡུར་མེད་པ་ཡི། །
སྲིད་དབང་སྒེར་གཅོད་སྲོལ་འདི་ད་དུང་དར། །
ཚིག་ལ་མི་བརྟེན་དོན་ལ། ཐ་སྙད་ལ་མི་བརྟེན་དོན་དམ་ལ་ཞིག་ད་ཡིན་ན་དངོས་གནས་མི་མང་ལ་གཞུང་ཆེན་ཁྲིད་གནང་གིན་འདུག མཐའ་མར་བོད་མི་ཡོངས་རྫོགས་མྱུར་དུ་ཐར་པ་ཐོབ་ངེས། དེ་ནི་བོད་པ་དགོས་པ་གང་ཡང་མི་འདུག དེ་གས་ཆོག་པ།
མི་མང་ཚོགས་ཆེན་ཨརྒའི་འཁྲབ་སྟོན་འདྲ། །
སྤྱི་མཐུས་ལྷན་ཁང་ཝར་ནའི་འཛིན་གྲྭ་འདྲ། །
གང་གསུངས་ཐམས་ཅད་ལགས་སོ་ཞུ་དགོས་ན། །
མང་གཙོ་མ་རེད་གཅིག་གཙོ་རེད་ཀོ་ལགས། །
མི་ལོ་ལྔ་བཅུའི་ཡུན་ལ་མ་དྲན་པའི། །
རྒྱ་གར་གཞུང་གི་རྙོགས་དྲ་སློང་སྲིད་པའི། །
བོད་གཞུང་ཕྱིར་བསྡུའི་ལས་ཀ་ཛ་དྲག་འདི། །
བོད་པའི་སེམས་ལ་འཕྲོད་པ་དཀའ་མོ་གདའ། །
གཞོན་ནུ་དོན་གྲུབ་སྲིད་ཁྲིར་འཁོད་འགྱུར་ན།
འཛམ་གླིང་དབང་བའི་འཁོར་ལོས་བསྒྱུར་རྒྱལ་དུ།
གྱུར་ཅེས་དྲང་སྲོང་བདེན་པའི་སྨོན་ཚིག་དང་།
ཡབ་ཆེན་ཐུགས་ལ་བསྣགས་པའི་འདོད་པའི་དོན།
ཐུབ་དབང་མཆོག་དེས་རྒྱལ་སྲིད་སྙིང་མེད་དུ།
དགོངས་ནས་དབེན་པའི་རི་ལ་བསམ་གཏན་གྱིས།
མཐའ་མར་བྱང་ཆུབ་སྙིང་པོའི་ཤིང་དྲུང་དུ།
མངོན་པར་འཚང་རྒྱས་བདག་ཅག་སྟོན་པར་གྱུར།
ཆོས་སྲིད་ཟུང་དུ་འབྲེལ་བ་ལེགས་ལམ་དུ།
མངོན་ན་རང་ཅག་སྟོན་པ་མཆོག་དེ་ཕོ་བྲང་དུ།
བཞུགས་ནས་ཆོས་དང་སྲིད་ཀྱི་དགའ་སྟོན་གྱི།
བླ་མེད་མཛད་བཟང་མི་སྟོན་རྒྱུ་མཚན་ཅི།
ང་ཚོའི་སྡེ་བའི་གཞུང་ལ་སྒོ་ཕྱུགས་གྲངས་སུམ་སྟོང་ཡོད། དེ་དག་ནི། འབྲི་གཡག་གྲངས་ཆིག་སྟོང་ལྔ་བརྒྱ་དང་། ར་ལུག་གྲངས་ཉིས་སྟོང་། རྟ་དང་རྒོད་མ་གྲངས་ལྔ་བརྒྱ་བཅས་རེད།
ང་ཚོའི་དགོན་པའི་གཞུང་ལ་མཛོད་ཁང་ཆེན་མོ་གསུམ་ཡོད། དེ་དག་ནི། འབྲུ་མཛོད་ཆེན་མོ། སྣུམ་མཛོད་ཆེན་མོ། ཆུ་མཛོད་ཆེན་མོ་གསུམ་ཡིན།
ང་ཚོའི་སློབ་གྲྭའི་གཞུང་ལ་ཁང་བ་གསར་བ་གསུམ་ཡོད། དེ་དག་ནི། དཔེ་མཛོད་ཁང་། འདུ་འཛོམས་ཁང་། ཚན་རིག་ཚོད་ལྟ་ཁང་སོགས་རེད།
གཏམ་དཔེར། ཁྱི་རྒྱགས་ནམ་མཁའི་སྐར་མར་ཟུག་ཞེས་བཤད་སྲོལ་ཡོད་ལ། ཡང་། རི་བོང་ཅལ་འགྲོགས་ཟེར་བའི་གཏམ་རྒྱུད་ཞིག་ཡོད་པ་དེ་ཚོ་དངོས་ནས་བྱས་ན་བོད་མི་ཁ་ཤས་ཅིག་གི་སྤྱོད་ལམ་དང་སྦྱར་ནས་དཔེར་བླངས་པ་དངོས་བདེན་རེད།
ལྟོས་དང་། བཙན་བྱོལ་སྒྲིག་འཛུག་དང། བཙན་བྱོལ་གཞུང་གཉིས་་་་་གནམ་ས་ལྟ་བུའི་ཁྱད་པར་འབྱེད་སྟངས་ལ་ལྟོས་དང་།
མི་རིགས་རང་གི་བརྡ་སྤྲོད་དང་མིང་གི་ཐ་སྙད་ཙམ་ལའང་མགོ་བོ་རྨོངས་པ་ཁ་ཅིག་གིས་ནམ་ཁ་གསལ་བའི་ནམ་ཕྱེད་ཙམ་ལ་བོང་བུའི་ངུ་སྐད་དེ་ཧ་ཅང་མ་འོས་དང་རྣ་ལ་གཟན་པ་ཞིག་རེད།
གཞུང་དང་སྒྲིག་འཛུག་ཁྱད་པར་མེད་གྱུར་ན། །
བོད་མིས་མི་འདོད་བཞིན་དུ་བཙན་བྱོལ་གཞུང་། །
སྒྲིག་འཛུག་ཅེས་པར་བསྒྱུར་དོན་ག་ལ་ཡོད། །
དེ་བས་ཁྱད་པར་ཆེན་པོ་ཡོད་པར་གྲུབ། །
ཁྱི་ཡི་དཔེ་ཡིས་བདག་ལ་སྨད་ཀྱང་རུང་། །
རི་བོང་དཔེ་ཡིས་འཕྱར་ཀ་གཏོང་ཡང་རུང་། །
ས་ཡ་དྲུག་པོའི་མངོན་འདོད་དེ་ཡིན་ན། །
མེ་ཏོག་མི་གཅིག་ཁ་རོག་སྡོད་ཀྱང་འཐུས། །
༧གོང་ས་མཆོག་ལ་ཤེས་པའི་དད་པ་ཡོད། །
མཛད་གཙོ་རྣམ་པར་ཡིད་ཆེས་རེ་བ་ཡོད། །
ས་ཡ་དྲུག་པོར་སྤུན་ཟླའི་འདུ་ཤེས་ཡོད། །
བོད་ཀྱི་གཞུང་ལ་བཅོས་མིན་དགའ་ཞེན་ཡོད། །
དེས་ན་རང་གི་བློ་ཁ་ཆུང་བའམ། །
ཆབ་སྲིད་དཀའ་གནད་ཟམ་མོ་མ་རྟོགས་སམ། །
བོད་གཞུང་ཕྱིར་བསྡུས་བྱས་པས་མ་ཚད་པར། །
ཐ་སྙད་གལ་མི་ཆེ་གསུངས་ཚིག་མི་སྙན། །
བོད་གཞུང་ཡོད་ན་སྒྲིག་འཛུག་ཟེར་དོན་ཅི། །
བོད་གཞུང་མེད་ན་རྒྱལ་གླུ་རྒྱལ་དར་སྤོངས། །
བོད་གཞུང་གཡག་རྒོད་བསད་པས་མི་ཚད་པར། །
ཐ་སྙད་གལ་ཆེན་མིན་ཟེར་གཡག་྆྆རྔ་འཕྱར། །
དྲྭ་གྲོགས་འཇམ་དཔལ་ཚུལ་ཁྲིམས་ཀྱིས་མིང་དང་དོན་གྱི་ཁྱད་པར་ཇི་ཡོད་དང་འབྲེལ་བའི་སྒོ་ནས་དོན་དམ་གྱི་གནས་ལུགས་ཤིག་དང་། མི་ཆེན་བླ་ཆེན་ལ་སྤྲེལ་ལད་མེད་པར་རང་གི་བཞེད་དོན་སྲོང་པོར་སྨྲ་བ་ནི་ཤེས་ཡོན་ཅན་ལ་དགོས་པའི་བློ་སྟོབས་ཞིག་ཡིན་པའི་ངོས་འཛིན་པའི་ཐོག་ནས་ཁོང་གིས་བདེན་དོན་ཞིག་གསུངས་པར་རྒྱབ་བསྐྱོར་དང་རྗེས་སི་ཡི་རང་ཞུ། ༸གོང་ས་མཆོག་ནས་མི་མང་ལ་མང་གཙོའི་གསོལ་རས་གནང་ཀྱང་དེ་གཞུང་འཛིན་མི་སྣ་འགའ་རེ་བསྡུ་གསོག་རྒྱབ་པ་ནི་ཆེས་བློ་ཕམ་རང་རེད།
འཇམ་དཔལ་ཚུལ་ཁྲིམ་ལགས། བོད་གཞུང་ཞེས་པའི་མིང་ཚིག་དེ་སྒྱུར་བའི་སྐོར་རང་འདོད་ཀྱིས་ཚིག་ཚོགས་མང་དུ་སྤེལ་འདུག། ངས་མིང་ཚིག་དེ་བཅོས་པར་དགེ་སྐྱོན་འདིར་མི་ཞུ། ཁྱེད་ཀྱིས་མིང་ཚིག་དེ་སྒྱུར་མཁན་གྱི་བྱེད་གཏེར་དུ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཉིད་དང་དེ་འབྲེལ་གྱི་ཐ་སྙད་ཚད་འཛིན་སོགས་ཀྱིས་དགག་སྒྲུབས་དེར་ཞིབ་ཏུ་དཔྱད་ན་ཁྱེད་ཀྱང་ཟུར་གནས་གྱིས་དཔྱད་བརྗོད་པ་ཞིག་ཏུ་མ་མཐོང་། བོད་གཞུང་ཞེས་པའི་མིང་ཚིག་དེ་སྒྱུར་བར་ཟམ་གདོང་གིས་མོས་མཐུན་ཡོད་ཀྱང་དེའི་བྱེད་གཏེར་མིན་པར་བྱུང་རིམས་ཀྱི་བཀའ་སློབ་རྣམས་ལ་གཟིགས་དང་ཟུར་གནས་སུས་ཀྱང་མཐོང་ཐུབ། ཁྱེད་ཀྱིས་དེའི་སྐོར་གསལ་པོ་མཁྱེན་ཀྱང་གསལ་པོ་བརྗོད་ཐུབ་ཀྱི་མེད། ལ་ནི་ཁྱེད་ནི་རྒྱུན་དུ་ཟམ་གདོང་ཚང་ལ་སྐྱོན་བརྗོད་ཞུ་མཁན་ཞིག་ཡིན་པ་དང་། དབུ་མའི་ལམ་གྱིས་བོད་རྒྱ་དབར་དཀའ་ངལ་སེལ་བར་འདོད་མོས་མེད་མཁན་ཞིག་ཀྱང་རེད། གལ་སྲིད་ཁྱེད་ཀྱིས་སྐྱོན་བརྗོད་འདིའི་རིགས་ཀྱིས་ཁྱེད་ཀྱི་རིན་མཐང་ཡང་མཐོང་ཐུབ། བོད་དོན་སྐོར་སེམས་ཁུལ་དང་དཔྱད་གཏམ་སྤེལ་བར་དགའ་ནི་ཡོད། འོན་ཀྱང་ཕྱོགས་ལྷུང་གི་དཔྱད་བརྗོད་རིགས་ལ་དགའ་བསུ་མི་ཞུ།
དཀའ་ངལ་ཕྲད་པར་སྲིད་ཕྱིར་བོད་གཞུང་མེད། །
མང་གཙོའི་ཀ་གསུམ་ཚང་ཕྱིར་བོད་གཞུང་ཡོད། །
ཡོད་མེད་གཉིས་ལྡན་རྡ་སའི་སྒྲིག་འཛུག་གིས། །
ཁམས་པའི་སེམས་ཀྱི་སྡུག་བསྡལ་སེལ་བར་ཤོག །
བློ་བཟང་སེངྒེ་འགྱིང་སའི་གཞུང་གི་རི། །
ཐལ་མར་བཏོར་བའི་ཤུལ་གྱི་ཐང་དཀྱིལ་གྱི། །
སྒྲིག་འཛུག་བྱིས་པ་རྩེ་བའི་བྱེ་ཀླུང་དུ། །
བཀའ་ཁྲི་གསར་པས་འཛིན་སྐྱོང་མཛད་འཚལ་ལོ། །
ང་ཚོའི་གཞུང་དེ་རྒྱ་གར་ནང་དུ་ཐོག་མར་རྐང་པ་འཛུགས་སྐབས་གཞུང་ཞེས་པའི་མིང་ཐོག་ནས་གནས་ཚང་གཡར་བ་ཡིན་ས་མ་རེད་པ། རྒྱ་གར་གཞུང་ལ་ཐོག་གནས་ཚང་བཅའ་སྐབས་དབྱིན་ཡིག་ནང་དུ་Central Tibetan Administration of Hi Holiness The Dalai Lama.ཞེས་པ་འདིའི་ཐོག་ནས་གནས་ཚང་གཡར་པོ་བྱུང་ཡོད་ས་རེད། Tibetan Government in exile .ཞེས་པའི་མིང་ཏོག་ནས་གནས་ཚང་གཡར་བ་ཡིན་ས་མ་རེད། དུས་དེ་ནས་བཟུང་སྟེ་(བོད་གཞུང་གི་)ད་བར་དུ་བོད་ཀྱི་ཡིག་ཆ་གང་དང་ཅི་ཞིག་དབྱིན་ཡིག་ནང་དུ་བཟོས་པ་ཚང་མ་CTA གྱི་མིང་གི་འོག་ནས་ལས་TGE.འདི་འོག་ནས་བཟོས་པ་ཞིག་ཡོད་ས་མ་རེད་ལ། ད་དུང་༸གོང་ས་མཆོག་གིས་”ངས་Tibetan Government in exile་ཞེས་པ་འདི་བེད་སྦྱོད་བཏང་མྱོང་མེད་སྐོར་”ཞིག་ཀྱང་གསུངས་སོང་།
རྒྱ་ཡིག་ནང་དུའང་(བཙན་བྱོལ་བོད་གཞུང་)ཞེས་པའི་ཐ་སྙད་སྒྱུར་དགོས་སྐོར་གྱི་སྐད་ཆ་ཞིག་ལོ་སྔོན་མ་ནས་གོ་མྱོང་ལ། གྲོགས་པོ་ཁོང་དང་ལྷན་དུའང་དེའི་ཐད་དུ་བསམ་ཚུལ་བགྲོ་གླེང་རེ་བྱུང་མྱོང་། འདི་ཚོ་ཚང་མ་བོད་མི་དམངས་ཡོངས་རྫོགས་ཀྱིས་ཤེས་མེད་པ་འདྲ་སྟེ། ད་ལོ་བོད་ཡིག་ཐོག་གི་(བཙན་བྱོལ་བོད་གཞུང་)ཞེས་པ་དེ་མིང་བསྒྱུར་བྱས་པའི་ཐད་ལ་འུར་ཟིང་ལངས་པ་འདྲ་ཞིག་བྱུང་ཡོད་མེད་མི་ཤེས།
ད་གང་ལྟར་ཚང་མས་དགོངས་ཚུལ་གང་མང་གསུངས་ཏེ་བསམ་ཚུལ་བརྗེ་རེས་བྱས་ན་ལེགས་པོ་འདུག་སྙམ།
ང་ཚོའི་སྡེ་བའི་སྒྲིག་འཛུག་ལ། །
སྒོ་ཕྱུགས་སུམ་སྟོང་ཐམ་པ་ཡོད། །
ང་ཚོའི་དགོན་པའི་སྒྲིག་འཛུག་ལ། །
མཛོད་ཁང་ཆེན་མོ་གསུམ་ཙམ་ཡོད།
ང་ཚོའི་སློབ་གྲྭའི་སྒྲིག་འཛུག་ལ། །
ཚོགས་ཁང་གསར་པ་གསུམ་ཡོད་དོ། །
སྒྲིག་གླུ་སྒྲིག་དར་སྒྲིག་འཛུག་མི་སྣ་དང་། །
སྒྲིགཤོག་སྒྲིག་ཐམ་སྒྲིག་འཛུག་སྨན་རྩིས་ཁང་། །
སྒྲིག་ལོ་སྒྲིག་དང་མ་སྒྲིག་སྒྲི་ག་དྲག་པས། །
སྒྲིག་སྒྲིག་སྒྲིག་ལ་བོད་ལ་ལོག་རྒྱུ་འདྲ། །
དྲ་གྲོགས་ཚ་ཕྲུག་ལགས།
ཁྱེད་ཀྱིས་ང་ཟམ་གདོང་ཚང་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པར་གསུང་བའི་ཚིག་དེ་ལ་ང་རང་ཡང་ཐོས་འདོད་མི་འདུག འོན་ཀྱང་ལོ་ཉི་ཤུའི་ཡར་སྔོན་དུ་ང་ནི་ཁོང་ལ་སྙིང་ནས་མགུ་བ་ཡོད་མཁན་ཞིག་ཡིན་ཀྱང་ད་སྐབས་ཁོང་གི་གནང་སྟངས་མང་པོ་ཞིག་ང་རང་གི་ཁྱི་ཁོག་ལ་འཛུལ་ཐུབ་གྱི་མི་འདུག་པས་རང་སེམས་ལ་གང་ཤར་གཡོ་ཟོར་མེད་པར་བཤད་པ་ཡིན། མ་ཡིན་ཡིན་མདོག་བཤད་མི་ཤེས་པ་ཡེ་ནས་མེད་ཀྱང་ངས་དྲང་ཚུགས་ཤིག་བཟུང་ནས་འགན་འཁུར་གྱི་སྐད་ཆ་ཞིག་བཤད་ཀྱི་ཡོད་ཁུལ་ཡིན།
ལར་ནས་གལ་སྲིད་ངོ་མ་ཁོང་ལ་སྐྱོན་ཞིག་བརྗོད་ན་ང་རང་གི་སེམས་ངོ་ལྟོས་པའི་སྐྱོན་མང་པོ་ཞིག་བརྗོད་རྒྱུ་ཐོ་ལ་བཀོད་པ་ལྟར་ཡོད་མོད། ང་ཚོའི་སྤྱི་ཚོགས་སྐྱོན་བརྗོད་ལ་བྱང་མེད་པ་དང་། ལྷག་པར་དུ་བླ་མ་གྲ་བ་སྐྱོན་བརྗོད་བྱེད་པར་དེ་ལས་གོམས་མེད་པས་ང་ལ་དེ་འདྲ་བྱེད་འདོད་ཡེ་ནས་མེད། རྒྱུ་མཚན་ནི་སུ་ཞིག་ལ་སྐྱོན་ཡོད་པར་བརྗོད་པས་དེ་ལ་ཡོན་ཏན་མེད་པར་བརྗོད་པ་ལ་གོ་འགྲོ་བ་དང་། སུ་ཞིག་གིས་སུ་ཞིག་ལ་སྐྱོན་བརྗོད་པས་དེ་ལ་ཞེ་གཏིང་ནས་ལོག་པ་དང་རྦད་དེ་ཁྱོད་ཕམ་ང་རྒྱལ་གྱི་ཁ་ཐད་ཅིག་ཡིན་པའི་འདུ་ཤེས་ཡོད་པར་གོ་འགྲོ་བས་དེ་ལྟར་གོ་སོང་ན་ནི་སུ་ཞིག་གིས་སུ་ལ་སྐྱོན་བརྗོད་པའི་དགོས་དོན་མ་འགྲུབ་པ་རེད།
བོད་གཞུང་གི་མིང་བསྒྱུར་བའི་ཐོག་མའི་རྒྱུ་རྐྱེན་གཙོ་བོ་བྱེད་མཁན་ཟམ་གདོང་གི་དབུ་ཁྲིད་པའི་ཟིན་བྲིས་ཚོགས་ཆུང་ཡིན་པ་དང་། དེ་ལ་མཐུན་རྐྱེན་གྱི་གྲོགས་བྱེད་མཁན་༧གོང་ས་མཆོག་ཡིན་པ། མཐར་གཏན་འབེབས་བྱེད་མཁན་སྤྱི་འཐུས་གྲོས་ཚོགས་ཡིན་པར་བསམ་གྱི་ཡོད་ལགས།
མེ་མདའི་རྩེ་གྲིའི་འོག་ལ།། རོ་ཡི་ཕུང་པོ་སྤུངས་ཀྱང༌།།
དོན་གྱི་འབྲས་བུ་བཟང་པོ།། ཚིག་གི་ལོ་མས་སྒྲིབ་སོང༌།།
ལོ་ངོ་ལྔ་བཅུའི་སྡུག་ཁུར།། སྙིང་ལ་ནད་དུ་ཆེ་ཡང༌།།
བཅོས་མཁས་སྨན་པ་དཀོན་ཁར།། དོན་མེད་འགྲེལ་ལོག་མང་བྱུང༌།།
ན་ནིང་རྟ་ཕོས་གཡུགས་ནས།། རྐང་ཆག་ལག་ཆག་མ་བྱུང༌།།
ད་ལོ་ཚིག་འགྲེལ་གཅིག་གིས།། སྙིང་གི་རུས་པ་ཆག་སོང༌།།
མི་རོས་ལུང་པ་ཁེངས་ཀྱང༌།། ཁྲག་གི་འོད་པ་རྒྱུག་ཀྱང༌།།
དོན་འབྲས་ཚིག་གིས་སྟོངས་དུས།། རྒྱལ་མེད་སྤྲང་མོ་སྐྱོ་བྱུང༌།།
ནམ་མཁར་འཕུར་བའི་དཀྱིལ་ནས།། བྱིའུ་ལས་ཆུང་བ་མི་འདུག།
ས་གཞི་མུན་པའི་འོག་ལ།། རྒྱལ་མེད་ང་ལས་མི་འདུག།
ན་ནིང་བཏབ་པའི་ས་བོན།
ད་ལོ་སད་ཀྱིས་ཁྱེར་སོང་།
དྲ་གྲོགས་སྐྱོ་གྲོགས་རྣམ་པ།
སྐྱོ་ནས་བྱ་རྒྱུ་མི་འདུག
བཀའ་ཁྲིའི་བཞུགས་སྟེགས་གོང་ནས། །
དམ་ཆོས་སྦྲང་ཆར་ཕབས་སོང་། །
སེང་ཁྲིའི་འབོལ་བརྩེགས་སྟེང་ནས། །
སྲིད་ཀྱི་འབེལ་གཏམ་བསྒྲགས་སོང་། །
།གཞན་ལ་བལྟ་བའི་མིག་ཡོད་ཀྱང་། །རང་ལ་བལྟ་བའི་མེ་ལོང་དགོས། ཞེས་པ་འདི། ཡིད་ལ་ལན་གཅིག་དྲན་པར་བྱས་ནས་བཤད་པ་རྒྱབ་རོགས། བོང་བུས་ནམ་ཚོད་བཟུང་མ་སྔ། ད་ལྟ་ཁྱིམ་བྱས་སྟོང་མེད།
དམ་ཆོས་བདུད་རྩིའི་གྲུ་ཆར།།
ཞི་བདེའི་སོས་སུ་མི་ཤེས།།
ཁ་སྟོང་ལྕེ་སྟོང་གཡོ་འགུལ།།
ཆོས་ལ་སྡང་བ་ལྟས་ངན།།
སྲིད་དོན་གཉིས་ཕན་ལམ་ཆེན།།
སུས་ཀྱང་གླེང་ན་ཆོག་ཀྱང་།།
ཁ་སྟོང་ལྕེ་སྟོང་གཡོ་འགུལ།།
བཀའ་ཁྲིར་སྡང་བ་ལྟས་ངན།།
དམ་ཆོས་བདུད་རྩིའི་གྲུ་ཆར།།
ཞི་བདེའི་སོས་སུ་མི་ཤེས།།
ཁ་སྟོང་ལྕེ་སྟོང་གཡོ་འགུལ།།
ཆོས་ལ་སྡང་བ་ལྟས་ངན།།
སྲིད་དོན་གཉིས་ཕན་ལམ་ཆེན།།
སུས་ཀྱང་གླེང་ན་ཆོག་ཀྱང་།།
ཁ་སྟོང་ལྕེ་སྟོང་གཡོ་འགུལ།།
བླ་མར་སྡང་བ་ལྟས་ངན།།
འཇམ་ཚུལ་ལགས། བོད་གཞུང་གི་མིང་བསྒྱུར་ཐོག་མའི་རྒྱུ་རྐྱེན་གཙོ་བོ་བྱེད་མཁན་དེ་ཟམ་གདོང་གི་དབུ་ཁྲིད་པའི་ཟིན་བྲིས་ཚོགས་ཆུང་ཡིན་པ་དང་། དེར་མཐུན་རྐྱེན་གྱི་གྲོགས་བྱེད་མཁན་༸གོང་ས་མཆོག་ཡིན་པ། མཐར་གཏན་འབེབས་བྱེད་མཁན་སྤྱི་འཐུས་གྲོས་ཚོགས་ཡིན་པར་བསམ་གྱི་ཡོད། ཞེས་པར་ཁྱེད་ཀྱིས་ལྟ་སྟངས་ནོར་མི་སྲིད་ཀྱང་བརྗོད་སྟངས་ནོར་འདུག། ༸གོང་ས་མཆོག་གིས་ཁོང་གི་བགྲོས་ཡོལ་སྐོར་མི་དམངས་ལ་ཡོངས་ཁྱབ་ཀྱི་བཀའ་སློབ་གནང་བའི་སྐབས་སུ་བོད་གཞུང་ཞེས་པའི་མིང་ཚིག་དེའི་སྐོར་ཁོང་རང་ཉིད་ཀྱིས་རྒྱུན་སྤྱོད་ཇི་ལྟར་གནང་གི་ཡོད་མེད་དང་། མིང་ཚིག་དེའི་ཁྱབ་ཁོང་སོགས་ཞིག་གསལ་ཐོག་ནས་གསུང་ཟིན་པར་ཁྱེད་ཀྱིས་ཀྱང་ལོས་མཁྱེན། ལར་ནི་གཞུང་ཞེས་པའི་མིང་ཚིག་དེ་སྲིད་རིམ་པའི་གཞུང་ལ་འབྲེལ་བ་ཡིན་ཚེ། དབུས་གཞུང་དང་མངའ་སྡེ་གཞུང་དེ་བཞིས་ས་གནས་གཞུང་བཅས་གསུམ་དུ་དབྱེ་ཆོག། བོད་པ་ཚང་གི་དབུས་གཞུང་ནི་རྒྱ་དམར་དང་ལྷན་དུ་དོན་ཚན་བཅུ་བདུན་ལ་མོས་མཐུན་བྱས་པའི་སྐབས་ནས་བོར་ཟིན། མངའ་སྡེ་གཞུང་དང་ས་གནས་སྲིད་གཞུང་ཡང་༥༩་ལོར་རྒྱ་དམར་གྱིས་བོད་ས་ཡོངས་སུ་བཙན་འཛུལ་གྱིས་ཤོར་ཟིན། དུས་དེ་ནས་ད་ལྟ་བར་དུ་ཉམས་ཆུང་ངེད་ཚང་ལ་རང་དབང་གི་སྲིད་གཞུང་ཞིག་གི་མིང་དང་དོན་གང་ཡང་ལྷག་མེད། དེ་ནས་སྐྱབ་བཅོལ་གཞུང་ཞེས་པའི་གཞུང་དེ་རེད། དེ་ཡང་ངེད་བོད་པ་ཚང་གིས་ཁ་ཕོ་ཙམ་གྱི་ནང་གཏམ་ཞིག་ལས་འཛམ་གླིང་འདིའི་ནང་དེར་ཁྲིམས་མཐུན་གྱི་ངེས་འཛིན་བྱེད་མཁན་རྒྱལ་ཁབ་གཅིག་ཀྱང་མེད། ལོ་རབ་བརྒྱད་ཅུ་སྔོན་ནས་ངེད་ཚང་གི་ཆབ་སྲིད་སྒྲུབ་ཕྱོགས་ཀྱི་ལང་ཕྱོགས་ལ་འགྱུར་བ་ཕྱིན་ནས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱིས་ད་ཆར་ངེད་ཅག་བོད་མི་རྣམས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ཡི་འོག་ཏུ་མགོ་འོག་ལུས་ཚུད་ཀྱི་མཉམ་གནས་བྱེད་རྒྱུ་དེར་༸གོང་ས་མཆོག་གིས་བཀའ་དགོངས་དང་བཀའ་སྤྱི་གཉིས་ཀྱིས་ལངས་ཕྱོགས་བོད་མི་རྒྱ་ཆ་དགུ་བཅུ་ལས་ལྷག་གིས་རེ་བས་འདོད་པ་ཡང་རེད། དོན་གྱི་འགྱུར་བ་རིམ་པར་ཧང་སང་མེད་པས་ཚིག་གིས་འགྱུར་བ་དེར་རིག་པ་འཁྲུག་དགོས་ཨ་ཡོད། དེར་རྟེན་དོན་དུ་ངེད་ཚང་ལ་གཞུང་ཞེས་པའི་ཚིག་གི་མིང་དོན་གང་ཡང་ལྷག་མེད། སྐབས་འདིར་དེའི་སྐོར་དེ་ཙམ་གྱི་བློ་འགྱོད་དགོས་དོན་མ་མཐོང་།
༼སྲིད་རིམ་པ་༽ཞེས་པ་དེ་སྲིད་གཞུང་རིམ་པར་གོ་དགོས།
རེད། དངོས་གནས་རེད། རྒྱབ་སྐྱོར་ཡོདད།
བཀུར་འོས་དྲ་གྲོགས་ཚ་ཕྲུག་ལགས།
ཐོག་མར་གུས་པས་ཁྱེད་ཀྱི་དགོངས་ཚུལ་ལ་གདེང་འཇོག་ཞུ། དེ་རྗེས་བདག་གིས་ཚིག་ངན་འགའ་ཞིག་བེད་སྤྱོད་མ་བཏང་ན་ང་རང་ཉིད་ཁ་ཁོག་མི་མཚུངས་བར་འགྱུར་བས་དགོངས་འགལ་མེད་པར་ཞུ།
ཁྱེད་ཀྱིས་བོད་པ་ཚང་གི་དབུས་གཞུང་ནི་རྒྱ་དམར་དང་ལྷན་དུ་དོན་ཚན་བཅུ་བདུན་ལ་མོས་མཐུན་བྱས་པའི་སྐབས་ནས་བོར་ཟིན། མངའ་སྡེ་གཞུང་དང་ས་གནས་སྲིད་གཞུང་ཡང་༥༩་ལོར་རྒྱ་དམར་གྱིས་བོད་ས་ཡོངས་སུ་བཙན་འཛུལ་གྱིས་ཤོར་ཟིན། དུས་དེ་ནས་ད་ལྟ་བར་དུ་ཉམས་ཆུང་ངེད་ཚང་ལ་རང་དབང་གི་སྲིད་གཞུང་ཞིག་གི་མིང་དང་དོན་གང་ཡང་ལྷག་མེད། ཅེས་ཁྱེད་ཀྱི་ངག་གཏམ་འདི་འདྲ་ཞིག་འབྱུང་རྒྱུ་ཡོད་པ་འདི་ལྟས་ངན་རེད།
༧གོང་ས་མཆོག་གིས་ཁོང་དང་བཀའ་ཤག་སྲིད་གཞུང་གང་དུ་ཡོད་པ་དེར་བོད་མི་མང་གི་གཞུང་ངོ་མ་དེ་དེར་ཡོད་ཅེས་ཁྱབ་བསྒྲགས་མཛད་པ་མ་གསན་ན་ཐུགས་ཁག་མེད།
གཉིས་ནས་རྒྱ་ནག་གཞུང་ལ་བོད་དབུས་གཞུང་དང་ས་གནས་སྲིད་གཞུང་ཕྱིར་བསྡུ་བྱེད་པའི་ཁྲིམས་མཐུན་གྱི་དབང་ཚད་གང་དུ་ཡོད། ཁྱབ་བསྒྲགས་བརྒྱ་བྱས་རུང་ཁྲིམས་མཐུན་གྱི་ནུས་པ་མེད་ན་ནམ་ཞིག་ནུས་མེད་དུ་འགྱུར་རྒྱུ་ལས་མེད་པ་དེ་ཁྱེད་ཀྱིས་མ་མཁྱེན་པ་སེམས་སྐྱོ་བ་ལ།
དེ་ལས་རང་གིས་རང་ཤི་བྱས་ན་ཁྲིམས་མཐུན་གྱི་ནུས་པ་དེ་ཡོངས་སུ་མཉམ་ཟིན་པ་ཁྲིམས་ལུགས་མ་ཤེས་ཀྱང་རིགས་པ་བཏང་ན་དཔོགས་ཐུབ་པ་ཞིག་མ་རེད་དམ། ཁྲིམས་ལུགས་ཤེས་པ་རིག་པ་དང་རྒྱུ་མཚན་ལ་གཞིར་བཞག་ནས་བཟོས་ཡོད་པ་ལས་གབ་ཚིག་འདྲ་བ་ཞིག་ག་ལ་ཡིན།
དེ་ནས་སྐྱབ་བཅོལ་གཞུང་ལ་ཁྲིམས་མཐུན་གྱིས་ངོས་འཛིན་བྱེད་མཁན་མེད་གསུང་བ་བདེན་ཀྱང་སྔ་ཕྱི་མ་གཏོགས་བྱེད་ངེས་རེད། རྒྱུ་མཚན་ནི་གཞུང་འདི་ཁྲིམས་མཐུན་གྱི་བོད་མིའི་གཞུང་དེ་ཡིན་པས་སོ། སྔོན་མ་ཡོ་རོབ་གྲོས་ཚོགས་ཀྱིས་ངོས་ལེན་བྱེད་རྩིས་བྱས་པ་ཟམ་གདོང་ཚང་གིས་མི་དགོས་གསུང་ནས་གོ་སྐབས་ཆུད་སོས་སུ་བཏང་བ་ཁྱེད་ཀྱིས་མཁྱེན་མདོག་ཁ་བོ་མི་འདུག
དེ་རྗེས་ཁྱེད་ཀྱིས་བོད་མི་རྒྱ་ཆ་དགུ་བཅུ་ལས་ལྷག་གིས་རེ་བས་འདོད་པ་ཡང་དབུ་མའི་ལམ་རེད། གསུང་བ་དོན་ཡེ་ནས་མི་གནས། ཁྱེད་ཀྱིས་ཉུང་མཐར་ཡང་བརྒྱ་ལྔ་བཅུ་ང་གཅིག་གསུང་ན་འཚམས་པ་ལས་འདི་ལྟར་ཧམ་པ་བཤད་ནས་ཅི་བྱེད། ངས་ནི་བོད་མི་བརྒྱ་ཆ་བདུན་ཅུས་རང་བཙན་འདོད་པར་ཡིད་ཆེས་ཡོད།
དེ་རྗེས་ཁྱེད་ཀྱིས་དེར་རྟེན་དོན་དུ་ངེད་ཚང་ལ་གཞུང་ཞེས་པའི་ཚིག་གི་མིང་དོན་གང་ཡང་ལྷག་མེད། ཅེས་གསུང་འདུག་པ་ནི་ངོ་མ་ ཁ་ཏའི་ཁོག་པ་གཤག་ན་ལུང་བ་སྐྱག་དྲིས་གང་། ཟེར་བ་དང་འདྲ་བ་ཞིག་མི་འདུག་གམ། ཚིག་ངན་འདི་དག་ལ་དགོངས་སེལ་ཞུ། ཟམ་གདོང་རིན་པོ་ཆེས་ཀྱང་བཙན་བྱོལ་བོད་གཞུང་གི་མིང་བརྗེས་པ་ལས་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་བྱས་མེད་ཅེས་ཁྲོམ་བསྒྲགས་གནང་བ་གསན་ཡོད་ཤག མ་གསན་ན་ཁྱེད་ཀྱིས་་་་་
དྲ་གྲོགས་རྣམ་པ།
ཟམ་གདོང་རིན་པོ་ཆེས་“་་་ད་ལྟ་རྒྱ་གར་གྱི་གནོན་ཤུགས་མེད་ལ་རྒྱ་མིའི་གནོན་ཤུགས་ཀྱང་མེད། ཡིན་ན་ཡང་མ་འོངས་པར་གནོན་ཤུགས་བྱུང་པ་ཡིན་ན་དོན་དག་མེད་པའི་གདོང་ལེན་བྱེད་ཁག་པོ་ཅན་གྱི་ཐ་སྙད་ཅིག་ང་ཚོས་ཉར་ནས་བསྡད་ན་ཇབ་གང་མི་འདུག”་ཅེས་དང་ “་་་་དོན་ལ་འགྱུར་བ་གང་ཡང་མེད་ན་ཡང་ཐ་སྙད་ཆུང་ཆུང་ཞིག་ལ་བརྟེན་ནས་དཀའ་ངལ་བྱུང་ན་་་” ཅེས་གསུང་སྟངས་ལ་བལྟས་ན་ད་ལན་གྱི་ཐ་སྙད་འགྱུར་བ་བཏང་བ་དེ་ཟམ་གདོང་སོགས་ཀྱིས་མ་འོངས་བའི་ཉེན་ཁ་ཡོང་ངེས་ཀྱི་སྔ་ལྟས་དངོས་སུ་གཟིགས་ནས་ཕངས་སེམས་སྐྱེ་བཞིན་དང་མི་འདོད་བཞིན་དུ་འགྱུར་བ་བཏང་བ་ཞིག་མིན་པར་། བོད་གཞུང་ཞེས་པའི་ཐ་སྙད་འདི་ལ་ཁོང་གི་དགོངས་པའི་ནང་དུ་བརྩིས་ཐང་དང་གལ་གནད་གང་ཡང་མེད་པའི་ཐ་སྙད་རྙོག་དྲ་ཅན་ཞིག་ཏུ་གཟིགས་ནས་འགྱུར་བ་བཏང་བར་ཚོད་དཔགས་བྱེད་ཐུབ་པར་འདུག་སྙམ། འདི་མ་འགྲིག་པར་བཤད་པ་ལས་ཐ་སྙད་འདི་བེད་སྤྱོད་བྱས་ན་རྙོག་དྲ་མེད་པར་ནམ་ཡང་མི་བཤད་ལ། རྙོག་དྲ་དེ་གདོང་ལེན་བྱེད་རིན་ཡོད་པར་བསམ་པ་ཡིན།
ཨོ་ཆད་འདུག ཁོང་གི་དགོངས་པའི་ནང་དུ་བོད་གཞུང་ཞེས་པའི་ཐ་སྙད་འདི་ལ་བརྩིས་ཐང་གང་ཡང་མེད་པ་དང་གལ་གནད་གང་ཡང་མེད་པའི་ཐ་སྙད་རྙོག་དྲ་ཅན་ ་ཞེས་པར་བཅོས་རོགས།
ཧཧཧ་་འཇམ་ཚུལ་ལགས། ཁྱེད་ཀྱིས་ཚིག་ངན་ལ་དགོངས་སེལ་གནང་མི་དགོས། དེ་ནི་སྐུ་ཉིད་ཀྱི་གཤིས་སུ་ཡོད་པས་བཅོས་ཐབ་དཀའ། ངར་དེའི་སྐོར་ཞེ་འཁོན་ཏིལ་འབྲུ་ཙམ་ཡང་མེད། ༡ ངག་གཏམ་འདི་འདྲ་ཞིག་འབྱུང་རྒྱུ་ཡོད་པ་འདི་ལྟས་ངན་རེད། ཞེས་པར་སྐུ་ཉིད་ནི་ཚིག་སྐམ་འུར་སྒྲོགས་མིན་པར་དོན་དུ་བོད་ཀྱི་གནས་སྟངས་སྐོར་བསམ་ཞིབ་ཐུབ་མཁན་ཞིག་མ་མཐོང། ༢ ༸གོང་ས་མཆོག་གིས་ལྷུན་རྩེ་རྫོང་དུ་ང་གང་དུ་ཡོད་པར་ངའི་གཞུང་ཡང་དེ་རུ་ཡོད་གསུངས་བ་བདེན་ཡང་དེར་འཛམ་གླིང་རྒྱལ་ཚོགས་སུས་རྒྱབ་སྐྱོར་བྱས་ཡོད་དམ། ད་ཆར་འགྱུར་འགྲོས་གང་དུ་སླེབ་ཡོད་མེད་ཁྱེད་ཀྱིས་མ་མཁྱེན་པར་ང་དགོད་ཡང་ཤོར། ༣ རྒྱ་ནག་གཞུང་གིས་བོད་དབུས་གཞུང་དང་མངའ་སྡེ་གཞུང་ས་གནས་གཞུང་བཅས་ཕྱིར་བསྡུ་བྱས་་པའི་སྐོར་ངས་བཤད་མྱོང་མེད་པས་ངས་ཁྱེད་ལ་ལན་མེད། འོན་ཀྱང་རྒྱ་དམར་གྱིས་བོད་ཀྱི་སྲིད་གཞུང་རིམ་པར་མངའ་དབང་སྒྱུར་བའི་ཁྲིམས་མཐུན་གྱི་རྒྱལ་ཁབ་ཞིག་ཏུ་རྒྱལ་ཚོགས་ཀྱིས་ངེས་འཛིན་བྱེད་བཞིན་ཡོད། ༣ བོད་མི་རྒྱ་ཆ་དགུ་བཅུ་ལྷག་གིས་དབུ་མའི་ལམ་གྱི་སྲིད་ཇུས་ལ་མོས་མཐུན་ཡོད་པར་བཙན་བྱོལ་བོད་གཞུང་གི་ཡིག་ཆ་ཁག་ཏུ་གསལ་ཡོད། ཁྱེད་དང་ངེད་གཉིས་དབར་བོད་མིའི་རྒྱ་ཆ་སྐོར་མི་གླེང་། ༤ བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་བཙན་བྱོལ་གཞུང་གི་མིང་བརྗེས་པ་ལས་བཙན་བྱོལ་གཞུང་ཕྱིར་བསྡུ་བྱས་མེད་གསུངས་པ་གོ་བྱུང་ལ་དེ་བདེན་པ་ཡང་རེད། ཁྱེད་ཀྱིས་འདིའི་སྐོར་ངར་འབྲེལ་མེད་ཚིག་ཚོགས་སྤྲོས་་དོན་གང་ཡིན་ནམ།
དྲ་གྲོགས་ཚ་ཕྲུག་ལགས།
ཁྱེད་ལ་དགོངས་སེལ་ཞུས་པ་དེ་ཡ་རབས་གུས་ལུགས་སྲུང་བ་ཙམ་ལས་ཚིག་ངན་ངོ་མ་གང་ཡང་ཞུས་མེད། ཁྱེད་འབབ་པའི་ཚིག་ངན་རྣམས་ངས་བརྐུམས་པ་ཡིན། ལྟས་ངན་ཟེར་བ་ནི་ཚིག་ངན་ཞིག་མིན་པར་དངོས་དོན་ཞིག་ཡིན། ཁྱེད་ཀྱིས་དགྲ་དགའ་གཉེན་སྡུག་གི་བཤད་སྟངས་ཤིག་ནི་བཙན་བྱོལ་བོད་གཞུང་མེད་པར་གསུང་བ་དེ་རེད། འདི་ལྟར་བཤད་པ་ནི་ལྟས་ངན་རེད། ལྟས་ངན་ཟེར་ན་སྔ་ལྟས་ལ་ཟེར་བ་ཡིན་པས་ཁྱེད་སོགས་ཀྱིས་གསུང་ཚུལ་འདི་སྔ་ལྟས་བཟང་པོ་ཞིག་མ་རེད་བསམ་ནས་ཚིག་དེ་བེད་སྤྱོད་བྱས་པ་ཡིན།
ཡིན་རྒྱུ་ནི་ད་ལྟའི་སྐབས་སུ་བཙན་བྱོལ་བོད་གཞུང་གི་མིང་ཕྱིར་བསྡུ་བྱས་པ་ལས་གཞུང་ཕྱིར་བསྡུ་བྱས་མེད་པར་གཞུང་འབྲེལ་བསྒྲགས་གཏམ་སྤེལ་ཟིན་པ་རེད། དེས་ན་ད་ལྟའི་སྐབས་སུ་རྡ་སར་ཡོད་པའི་བོད་མིའི་སྒྲིག་འཛུགས་སུ་འབོད་པ་འདི་བཙན་བྱོལ་བོད་གཞུང་རེད་ལ་ང་ཚོས་ངོས་ནས་མུ་མཐུད་དེ་དེ་ལ་ངོས་འཛིན་ཞུ་བཞིན་འདི་ལ་བོད་གཞུང་གི་མིང་ཡང་འབོད་དགོས་པ་ཧ་ཅང་གལ་ཆེ།
འོན་ཀྱང་མིང་བསྒྱུར་བ་ལ་བརྟེན་ནས་མ་འོངས་པར་སྒྲིག་འཛུགས་འདིས་བཙན་བྱོལ་བོད་གཞུང་གིས་གོ་ཆོད་ཀྱི་མ་རེད་སྙམ་པའི་སེམས་ཁྲལ་ཡོད་པ་རེད། དེ་ལྟར་གོ་མི་ཆོད་པར་བཟོས་པ་དེ་ཕྱི་ནང་གི་འགལ་རྐྱེན་གཡོལ་དུ་མེད་པའི་གནས་སྟངས་ཀྱི་འོག་འ་ཆད་འུ་ཐུག་ནས་བཟོས་པ་ཡིན་བྱ་རྒྱུ་ཡོད་པ་མ་རེད། འོན་ཀྱང་དེ་འདྲའི་གནས་སྟངས་མེད་བཞིན་དུ་མ་འོངས་པ་ཞིག་ལ་གནས་ཚུལ་ཞིག་འོང་སྲིད་མཐའ་ཙམ་ཞིག་ལ་བསམ་ནས་ང་རང་ཚོས་དང་བླངས་ཀྱི་མིང་བསྒྱུར་བ་དེ་འགྱོད་པ་དང་། ཡིད་ཆད་ཀྱི་རང་བཞིན་རེད་འདུག་པས་འགྲིག་མ་སོང་ཟེར་བ་རེད། འདི་ཁྱེད་ཀྱིས་མཁྱེན་མི་འདུག་ཞུས་པ་ཡིན།
འོན་ཀྱང་དེ་འདྲའི་གནས་སྟངས་མེད་བཞིན་དུ་མ་འོངས་པ་ཞིག་ལ་གནས་ཚུལ་ཞིག་འོང་སྲིད་མཐའ་ཙམ་ཞིག་ལ་བསམ་ནས་ང་རང་ཚོས་དང་བླངས་ཀྱི་ད་ལྟ་ཡོད་གོ་ཆོད་བཞིན་པའི་སྒྲིག་འཛུགས་འདིས་གོ་མི་ཆོད་པར་བཟོས་པ་དེ་འགྱོད་པ་དང་། ཡིད་ཆད་ཀྱི་རང་བཞིན་རེད་འདུག་པས་འགྲིག་མ་སོང་ཟེར་བ་རེད།
གཅིག་ལུས་འདུག ཁྱེད་ཀྱིས་གཞན་གྱིས་ངོས་འཛིན་མེད་པའི་རྒྱུ་མཚན་བགྲང་བ་དེ་ཡང་དག་མ་རེད། རང་ངོས་ནས་ཡོད་ན་གཞན་གྱིས་ངོས་འཛིན་རང་བཞིན་གྱིས་འཐོབ་གྱི་རེད། རང་ཉིད་གང་ཡིན་པ་དེ་ལ་གཞན་གྱིས་ངོས་འཛིན་ལ་བལྟོས་པ་ཞིག་ཡེ་ནས་མ་རེད། ཉི་མ་འགའ་ཞིག་གི་ནང་དུ་གཞན་གྱི་ངོས་འཛིན་ཕྱིར་བསྡུ་བྱེད་སྲིད་པ་དང་སླར་སྤྲོད་སྲིད་པ་ཞིག་རེད། དེ་ལ་དེ་ཙམ་གནད་ཅན་དུ་བརྩི་འོས་པ་ཞིག་མ་རེད། ད་ལྟ་རྒྱ་ནག་འདི་མཉམ་འབྲེལ་རྒྱལ་ཚོགས་ངོས་འཛིན་མེད་པར་ལོ་ག་ཚོད་བསྡད་པ་རེད། ད་ལྟའི་སྐབས་སུ་ལི་བྷི་ཡ་གྱེན་ལོག་ཕྱོགས་ཁག་གིས་བཟུང་བའི་གཞུང་དེ་ལ་རྒྱལ་ཁ་ཤས་ཤིག་གིས་ངོས་འཛིན་བྱས་ཟིན་པ་རེད། སྔར་ཏ་ལི་བྷན་ལ་ངོས་འཛིན་བྱེད་མཁན་རྒྱལ་མང་པོ་བྱུང་བ་རེད། དེ་དག་གིས་ད་ལྟ་ཧ་མིད་ཀར་ཛ་ཡི་གཞུང་ལ་ངོས་འཛིན་བྱེད་ཀྱིན་ཡོད། བྱས་ཙང་གཞན་གྱིས་ངོས་འཛིན་ཟེར་བ་འདི་ཚོ་རང་ཉིད་གང་ཞིག་ཡིན་མིན་གྱི་མཐའ་མའི་ཚད་ཐིག་འཛིན་ས་དེ་མ་རེད་ཞུ་རྒྱུ་ཡིན།
ཐ་སྙད་ཡོ་ལང་གཅིག་གིས།
མང་པོའི་སེམས་ལ་ཕོག་འདུག
དོན་གྱི་སྙིང་པོ་ལོན་པའི།
བདེན་པའི་ཚིག་དེ་དཀོན་སོང་།
དངོས་བདེན་བོད་ཀྱི་ལོ་རྒྱུས།
སུས་ཀྱང་བསུབ་རྒྱུ་མེད་པ།
ངེས་དོན་མཁས་དབང་མང་པོའི།
སེམས་ལ་ཁྲིག་ཁྲིག་རང་རེད།
བོད་གཞུང་རང་ཐང་བྲལ་བ།
དཀའ་སྤྱད་མང་པོའི་ཁྲོད་ནས།
ས་མཐར་བཙན་བྱོལ་བྱས་ཡོད།
སླར་གསོའི་ཆེད་དུ་མྱངས་ཡོད།
བོད་ཀྱི་བདག་པོ་ངོ་མ།
རང་ངོ་རང་གིས་ཤེས་མཁན།
ཧ་ཅང་དཀོན་པར་འགྱུར་སོང་།
དག་སྣང་སྒོམས་ནས་བསྡད་འདུག
དག་སྣང་སྒོམ་པའི་རིང་ལ།
རྒྱལ་ས་མི་ཡིས་བཟུང་སོང་།
རྒྱལ་ས་བཟུང་བས་མི་ཚད།
རང་ལུགས་མེད་པ་བཟོས་སོང་།
ཟམ་གདོང་ཟེར་བ་དེ་ཚོ།
མཐའ་མཚམས་མི་ཡི་རིགས་རེད།
རྒྱ་རི་གྲོས་མོལ་འགྲོ་དུས།
རྒྱ་མིས་རྣམ་དབྱེ་འབྱེད་འདུག
ང་ཚོའི་བོད་གཞུང་ཆེན་པོ།
ཁྱེད་ཚོའི་ཁེ་ཕན་ཆེད་དུ།
རང་མེད་མི་མེད་མ་བཟོས།
བོད་ལ་སྙིང་རྗེ་སྒོམས་རོགས།
དྲ་གྲོགས་འཇམ་ཚུལ་ལགས། ཁྱེད་ཀྱི་སྤྱོད་པའི་སྨྱུག་རྩེ་ཡིས་སེམས་ཤུགས་ལ་དགའ་ནི་ཡོད། འོན་ཀྱང་ཁྱེད་ཀྱི་བྱ་བ་ལས་ཀྱི་ནུས་ཤུགས་ལ་བསྒུགས་ནི་ཡོད། མིང་ཚིག་བརྗེ་སྒྱུར་སྐོར་ཉེར་ཆ་རྡ་སར་གཞོན་སྐྱེ་རྣམས་ལ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་བཀའ་སློབ་གསལ་པོ་ཞིག་གནང་འདུག། ལུང་བའི་ལྟས་ཀྱང་རྒྱལ་ཁམས་མཐོང་། ཞེས་པ་ལྟར་ལོག་རྟོག་གིས་དབང་པོ་བསྒྲིབས་མེད་ན་གསལ་པོ་མཁྱེན་ཐུབ་པ་འདུག། ངེད་གཉིས་དབར་
ཐོག་མའི་གླེང་གཞི་གཙོ་བོ་དེར་བོར་ནས་ཞར་བྱུང་གི་ཚིག་ཚོགས་ལ་ང་མི་སྤྲོ། ངར་རྒྱལ་ཕམ་དང་་ཁེ་གྲགས་ཀྱི་བསམ་བློ་ཡང་མེད། རང་འདོད་ཀྱི་དོན་མེད་ཚིག་མཚོན་ལ་ངས་མི་རྩོད། འབྲས་བུ་མེད་པའི་བྱ་བར་རྟེན་པ་ནི་རང་སྡུག་ངལ་བའི་རྒྱུ་ལས་མ་འདས་པས་ངས་ཁྱེད་དང་ལྷན་དུ་འདིའི་སྐོར་གླེང་འདོད་མི་འདུག། མཐར་དོན་ཁྱེད་ལ་ཞུ་འདོད་པ་ནི་ནུས་སྟོབས་ལ་དམིགས་ནས་འགན་ཁུལ་ཡོད་པའི་བྱ་བ་དང་གླེང་བརྗོད་ལ་དགའ་བསུ་ཡོད་ཀྱང་དེ་ལས་ལྡོག་པའི་སྤྱོད་ཚུལ་རིགས་ལ་དགའ་བསུ་མི་ཞུ་འོ། ད་བདེ་མོ།།
འགན་ཁུར་ལ་བཅོས།
ཚ་ཕྲུག་རྒྱལ་ཟེར་བ་འདི། རྩོམ་པ་པོའི་རང་གཤིས་ལྡན་པའི་མི་ཞིག་ཡིན་པར་མངོན། འཇམ་དཔལ་ཚུལ་ཁྲིམས་ཟེར་བ་དེ་ཡང་སྤྱིར་བཏང་ཞིག་མི་ཞིག་རྩ་བ་ནས་རེད་མི་འདུག ཁོས་དེའི་སྐོར་ལ་མཐར་སྐྱེལ་གྱིན་འདུག དེ་ཡང་གཟི་བརྗིད་ཅིག་ཏུ་མཐོང། དེང་སང་ལྷགས་པ་རྒྱག་ཕྱོགས་ལས་མི་འདི་འདྲ་ཤིན་ཏུ་དཀོན། ཁྱེད་གཉིས་ཀྱིས་མུ་འཐུད་བགྲོ་གླེང་གནང་རོགས། ལེགས་སྐྱེད་མང་པོ་འདུག་
བགྲོ་གླེང་འདི་མུ་མཐུད་རོགས། འཇམ་དཔལ་ཚུལ་ཁྲིམས་དང་ཚ་ཕྲུག་རྒྱལ་ལགས་གཉིས་ཀྱི་བགྲོ་གླེང་འདི་བརྒྱུད་ནས་ང་ཚོས་”ཐ་སྙད་བཅོས་བསྒྱུར་”སྐོར་གྱི་བསམ་ཚུལ་མི་མཐུན་པ་ཕྱོགས་གཉིས་པོའི་རང་རང་གི་ལྟ་ཚུལ་དང་ཁུངས་ལུང་རྒྱབ་བརྟེན་དག་རེ་རེ་བཞིན་གསལ་བོ་ཤེས་ཐུབ།
དེ་བཞིན་བགླེ་གླེང་འདིའི་སྐབས་སུ་ང་ཚོ་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་དེའི་ར་བ་ལས་བརྒལ་ནས་འཛམ་གླིང་རང་བཞིན་གྱི་ལོ་རྒྱུས་ཁྲོད་ནས་ཐ་སྙད་བསྒྱུར་བཅོས་དང་འབྲེལ་བའི་ལོ་རྒྱུས་མང་བོ་ཕན་ཚུན་དཔེ་མཚོན་གུང་བསྒྲིགས་ནས་བགྲོ་གླེང་གནང་ཐུབ་ན་གཞི་ནས་དཔྱད་རྗོད་རྣལ་མའི་ལམ་ཐོག་ཏུ་འབབ་ཐུབ་བོ།།
གལ་ཏེ་ཁྱེད་རྣམ་པ་གཉིས་པོར་རང་རང་གི་ལངས་ཕྱོགས་ཐོག་དགག་བཞག་རྩོད་སྤངས་ཀྱི་ནུས་སྟོབས་ལྒན་ཚེ་མུ་མཐུད་དུ་་་་་་་་་་
ཁྱེད་ཚོས་བཀའ་ཁྲིའི་གསུངས་བཤད་འདིའི་ནང་དོན་སྐོར་གསལ་བོ་ཞིག་གསུངས་རོགས། སྔོན་ཆད་དངོས་གནས་དེ་འདྲའི་གླེང་རྙོག་མང་བོ་བྱུང་བ་ཨེ་རེད།
“ངས་དཔེ་མཚོན་འདྲ་བོ་གཅིག་ཞུས་པ་ཡིན་ན། ཚིག་དེ་བེད་སྤྱོད་གནང་བའི་ཐབས་ཤེས་གནང་བ་ལ་བརྟེན་ནས། སྤྱི་འཐུས་ལྷན་ཚོགས་དང་། (གོ་མ་སོང་)foundation གཉིས་མཉམ་རུབ་ཀྱི་ལས་དོན་ཐོག་ལ། ཐ་མའི་མཇུག་འབྲས་ག་རེ་བྱུང་སོང་། དེ་སྤྱི་འཐུས་རྣམ་པ་ཚང་མས་མཁྱེན་བཞིན་པ་རེད་བསམ་གི་ཡོད།
ད་ལྟའི་གནས་སྐབས་ལ་བོད་ཀྱི་གྲོས་ཚོགས་དང་སྲི་ཞི་ཉམས་ཞིབ་ཁང་གི་འགྲོ་སོང་སྔ་མའི་དེར་བལྟས་ན་བརྒྱ་ཆ་དགའ་རབ་ཅིག་(གོ་མ་སོང་)foundation མེད་པར་བལྟས་ན་ཉུང་དུ་སོང་བ་རེད། བོད་དོན་རྒྱབ་སྐྱོར་ཚོགས་པའི་བརྒྱ་ཆའི་གྲངས་འབོར་(གོ་མ་སོང་)foundation གིས་འགྲོ་སོང་བཏང་ནས་ཕོག་ཡ་མེད་པར་གྲུབ་པ་རེད། (འདིར་སྒྲ་གསལ་བོ་གོ་མ་སོང་།) དེར་བསྟེན་ནས་ང་ཚོ་ཚོགས་འདུ་མ་ཚོགས་པར་ལུས་པ་ཅང་མ་རེད་དེ། ཡིན་པ་ཡིན་ནའང་། གནས་ཚུལ་བྱུང་རིམ་དང་བྱུང་བ་དེ་དག་ང་ཚོའི་ཐུགས་ལ་ངེས་དགོས་པ་ཞིག་བསམ་གི”
ཐ་ན་ཚོགས་གཙོ་དང་བཀའ་ཁྲིའི་བར་ལ་འགལ་བ་ཤུགས་ཆེན་འདུག
ཚོགས་གཙོས་རྒྱ་གར་ཁྲིམས་དཔོན་ཞིག་དང་གྷགཞན་རྒྱ་གར་ཡུལ་མི་ཞིག་ནས་བོད་གཞུང་ཁྲིམས་ལ་སྦྱར་བའི་གསལ་བསྒྲགས་བསྐྱངས་སོང་ཟེར། བཀའ་ཁྲིས་རྒྱ་དཀར་ནག་སོགས་སུ་ཞིག་གི་ཀྱང་གནོན་ཤུགས་མེད།་འཌྷོན་ཀྱང་མ་འོངས་ཐ་སྙད་ཆུང་ངུ་ཞིག་གི་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་བརྗོད། དེ་གཉིས་བར་ན་གནམ་སའི་འགལ་འདུ་འདུག ཚོགས་གཙོས་བཤད་སྟངས་ལྟར་ན་བོད་གཞུང་དེ་རྒྱ་གར་མི་རེ་གཉིས་ཀྱི་ཁ་ལོ་གང་བསྒྱུར་ལས་དེ་ཁ་གཏད་གཅོག་པའི་ནུས་པ་ཕྲ་མོ་ཙམ་ཡང་མེད་པ་ལྟ་བུ འོ་ན་ལོ་ངོ་ལྔ་བཅུའི་རིང་ལ་རྒྱ་གར་གཞུང་ནས་སྐྱབས་བཅོལ་ལག་དེབ་སྤྲད་པ་དང་། ལག་འཁྱེར་གང་ཡང་མེད་པར་བོད་མི་རྣམས་རྒྱ་གར་གྱི་ས་ཁོངས་སུ་འཛུལ་བཅུག་པ་ནི་སྐྱབས་བཅོལ་གཞུང་དེ་ངོས་འཛིན་བྱས་པ་མིན་ནམ། སྐྱབས་བཅོལ་ལག་དེབ་དེ་ནི་སྤྱིར་བཏང་རྒྱྲ་གར་ཕྱི་འབྲེལ་འཛིན་སྐྱོངས་ལས་ཁུངས་ཀྱིས་སྤྲོད་ཀྱིན་ཡང་། སྐྱབས་བཅོལ་གཞུང་ལ་ངོས་འཛིན་བྱ་གིན་མེད་ན་ཡུལ་བསྐོར་བ་ཡིན་ན་ཡུལ་བསྐོར་བའི་ལག་འཁྱེར་དང་ཚོང་པ་ཡིན་ན་ཚོང་པའི་ལགས་འཁྱེར། དེ་མིན་ལག་འཁྱེར་མེད་པའི་མི་གང་བྱུང་རྒྱལ་ཁབ་གཞན་གྱི་ས་ཁོངས་སུ་འཛུལ་མི་ཆོག་ཀྱང་བོད་མིར་དམིགས་བསལ་སྐྱབས་བཅོལ་ལག་དེབ་སྤྲད་དགོས་དོན་མེད་ལ་དེ་བས་ལག་འཁྱེར་དེ་རྒྱ་གར་གཞུང་འབྲེལ་ནས་བཟོས་པ་ལས་ང་ཚོས་བརྫུས་བཟོ་བྱས་པ་གང་ཡང་མིན། བཀའ་ཁྲིས་བཤད་སྟངས་ལྟ་བུ་བྱས་ན་ལོ་ངོ་ལྔ་བཅུའི་རིང་ལ་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་ཐོག་ནས་དཀའ་ངལ་མི་འཕྲད་པ་ནི་མི་རབས་རྒན་པ་རྣམས་ཀྱིས་འཇོན་ཚུལ་དང་ཡང་ཕྱིས་འཌྷབྱུང་དཀའ་ངལ་འཕྲད་སྲིད་ཚུལ་བཤད་སྟངས་ལ་བལྟས་ན་མི་རབས་གསར་པའམ་ཕྱི་རབས་པ་རྣམས་ལ་དཀའ་ངལ་དེ་འཐབ་རྩོད་བྱེད་པའི་ནུས་པ་མེད་ཚུལ་གྱི་ཁྱད་གསོད་དང་མཐོང་ཆུང་བྱས་འདུག
གང་ལྟར་ཟམ་གདོང་གི་མགོ་བསྐོར་རམ་བསླུ་བྲིད་ཀྱི་བོད་གཞུང་བཙོངས་པར་དྲྭ་འབུ་འགའ་ཤས་ནས་ཐེ་བོང་ཀེར་བ་དང་དུས་ལ་བབ་ཚུལ་སོགས་གླེང་རིན་འདུག་ན། འོ་ན་སྒྲིག་འཛུགས་ཤིག་ལ་སྲིད་འཛིན་ལྷན་ཚོགས་དང་། སྤྱི་འཌྷཐུས་གྲོས་ཚོགས་ལ་སོགས་དགོས་པ་ཁཛྷྲིམས་སྒྲིག་གང་ནའང་གསལ་མེད་པས། མི་འགྱངས་པར་དེ་དག་ཀྱང་ཕྱིར་བསྡུས་བྱ་དགོས་ལུགས་བརྗོད་ན་ཁྱོད་ཚོས་ལན་ཅི་ཞིག་འདེབས་རྩིས་ཡོད།
གང་ལྟར་ཐེངས་འདིར་རང་གི་དགོས་མཁོའཌྷམ་མཚན་མཐོང་ཅུང་ཙམ་གྱི་ཕྱིར་གསལ་ཁ་གང་ཡང་མེད་པར་སྒེར་གཅོད་རིང་ལུགས་པའི་བྱེད་སྟངས་འདི་ལྟ་བུ་ནི་ལོ་རྒྱུས་ཐོག་སྐྱུག་བྲོ་ཤོས་ཆགས་སོང་བ་རེད།
རང་རིགས་གཞན་འཚོང་དཔོན་ངན་གཡོ་སྒྱུ་ཆེ་ནས།
རང་ཡུལ་ཁ་བ་ཅན་གྱི་ཡུལ་ན་ཁྲག་དྲི་བྲོ་སོང་།
རང་སྐད་རང་ཚུགས་མི་ཤེས་སྤུན་ཟླའི་ཚུལ་ལུགས།
རང་མགོ་མི་ཐོན་ཤྭ་ཕྲུག་ཁྱུ་དང་འདྲ་བྱུང་།
དྲ་གྲོགས་ཚ་ཕྲག་ལགས།
ཁྱེད་ཀྱིས་གསུང་བའི་ཟམ་གདོང་གི་བཀའ་སློབ་དེ་གུས་་ཉན་འདོད་ཧ་ཅང་ཆེ། ཁྱེད་ཀྱིས་དེ་ང་དང་དྲ་གྲོགས་རྣམས་ལ་མཐུན་སྦྱོར་གནང་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་ངེས།
དྲ་གྲོགས་ཐུབ་བསྟན་འཇིགས་མེད་ལགས་ཀྱིས་གསུང་པ་དེ་འཇར་མན་གྱི་རོགས་ཚོགས་ཤིག་གིས་དངུལ་གྱི་རོགས་རམ་ཞིག་ཇེ་ཉུང་དུ་སོང་བའི་སྐོར་རེད། དེ་ཡང་བོད་དོན་རྒྱབ་སྐྱོར་ཚོགས་འདུ་ལ་སྦྱིན་བདག་བྱས་པ་ལས་ཕྱིར་འཐེན་བྱས་པ་ཙམ་རེད། དེ་ཕྱིར་འཐེན་བྱས་པས་ཚོགས་འདུ་དེ་འཚོགས་མ་ཐུབ་པར་གྱུར་བ་སོགས་གང་ཡང་བྱུང་མེད། ལར་ནས་རོགས་དངུལ་འགའ་ཞིག་ཇེ་ཉུང་དུ་འགྲོ་བཞིན་འདུག་ཅེས་གཞུང་གི་མིང་ཕྱིར་འཐེན་བྱེད་པ་ནི་ཞབས་འདྲེན་ཞིག་ལས་གང་ཡང་མིན་པར་བསམ། ཚོགས་པ་སུ་ཡིན་རུང་རང་རང་གི་ལང་ཕྱོགས་རེ་ཡོད་ཀྱི་རེད། དེ་དང་མ་མཐུན་ན་རོགས་པ་ཕྱིར་འཐེན་བྱེད་ཀྱི་རེད། གཅིག་ཕྱིར་འཐེན་བྱས་ན་གཞན་ཞིག་གིས་རོགས་རམ་བྱེད་ཀྱི་རེད།
དྲ་གྲོགས་རྡིང་རྡོར་ལགས།
བདག་གིས་བསམ་པར་ཚོགས་གཙོ་མཆོག་དང་བཀའ་ཁྲི་མཆོག་གི་བར་ལ་ཁྱད་པར་ཆེན་པོ་གང་ཡོད་དམ་སྙམ། རྒྱ་གར་དང་རྒྱ་མིས་གནོན་ཤུགས་མེད་པར་ཚོགས་གཙོས་ཀྱང་ཀུན་གླེང་ནང་དུ་གསུང་སོང་། ཚོགས་གཙོས་མི་ཞིག་གིས་ཁ་མཆུ་ཞིག་རྒྱབ་པས་རྒྱ་གར་གཞུང་ལ་འགུལ་སྐྱོད་ཐེབས་པ་མེད་ཚུལ་ཙམ་གསུང་སོང་བས་བཀའ་ཁྲི་དང་མ་འདྲ་བར་མིང་བརྗེ་བའི་སྐོར་ལ་ཁོང་གི་ཐུགས་ན་འགྱོད་པ་ཞིག་མེད་དམ་སྙམ།
དྲ་གྲོགས་ཚ་ཕྲུག་སོགས་ཀྱིས་གསུང་བ་བཞིན་ང་ཚོས་གནད་དོན་ལྟེ་བ་ལ་འཛིན་རྒྱུ་གལ་ཆེ།་
མིང་དེ་བརྗེས་པས་སྐྱོན་ཅི་ཡོད་གསུང་རོགས། མ་འོངས་པར་ངོ་མ་རྒྱ་གར་གྱིས་མིང་ཚིག་འདི་ལ་བརྟེན་ནས་ང་ཚོས་གནས་མི་ཐུབ་པ་ཞིག་བཟོ་ངེས་ཡིན་ནམ། མིང་ཚིག་རྗེས་པ་ལས་ང་ཚོ་སྐྱོབ་ངེས་ཡིན་ནམ། དེ་མིན་ན་ གྲི་ཤི་མུག་ཤི་འདྲ་འདྲ་རེད་ ཟེར་བའི་དཔེ་བཞིན་མིན་ནམ། དེ་ཡིན་ན་འབྱུང་འགྱུར་མི་རབས་ཀྱིས་ང་ཚོའི་བླ་སྒུལ་མི་འོང་ངམ། ངོ་མ་གནད་དོན་ལ་གཞིགས་ནས་བགྲོ་གླེང་ལ་ཕེགས་རོགས། བགྲོ་གླེང་འཁྲུག་པོ་ཡོང་ཆེད་དུ་ཚིག་མཚོན་རན་པ་རེ་འདེབས་དགོས་ཀྱང་ཆོག་ནི་བྱེད་ཡ་
ད་དུང་མིང་དེ་བརྗེས་པས་དགེ་མཚན་ཅི་ཡོད་ཀྱང་གསུང་རོགས། དེ་ནི་ད་ལྟའི་སྐབས་ལ་མཚོན་ན་གལ་ཆེ་བར་མཐོང་། གང་ལགས་ཤེ་ན་ད་ནི་བསྒྱུར་ཟིན་པས་འདིའི་དགེ་མཚན་ལ་བསམ་གཞིགས་བྱེད་རྒྱུ་ནི་ངེས་པར་དུ་དགོས་པ་ཞིག་རེད།
འཇམ་ཚུལ་ལགས། ཁྱེད་རང་ཐོབ་སོང། བདེ་མོ་བཞུགས་རོགས་གནང། གང་ཚར་བ་ནི་ཚར་བ་རང་རེད། དེར་རྩོད་ན་གང་ཡང་མི་ཕན། དེ་ལས་འབྱུང་འགྱུར་གནས་སྟངས་ཤིག་ལྷག་ཡོད་ན་དེའི་ཐོག་དགོངས་པ་བཞེས་ནས་ལམ་སྟོན་འདྲ་ཡོད་ན་གནང་རོགས། ཁྱེད་ལ་ཡང་འུ་ཚུགས་གཏོགས་ཙམ་ཡོད་པ་འདྲ།
དངོས་གནས་ཡ་མཚན་རེད། ཁས་ལེན་མེད་པའི་མཁས་པ་ནི་བོད་ཀྱི་མཁས་པའི་ཁྱད་ཆོད་ཡིན་པ་འདྲ། སུས་ཀྱང་ཁས་ལེན་བྱེད་ཀྱིན་མི་འདུག་ དེས་ན་དེས་མཐུན་སྒྲིལ་གྱི་རྣམ་དཔྱོད་གཅིག་ཏུ་སྤུངས་ཐུབ་ཀྱི་མེད་ངེས་ལགས།
འཇམ་དཔལ་ལགས།་མིང་དེས་གནོད་མི་གནོད་ཞུ་ན།་རྒྱལ་ཁབ་གཅིག་གི་གཞུང་དང་སྒེར་གྱི་ཚོགས་པ་ལ་ཁྱད་ཡོད་དམ།་ཕལ་ཆེར་ཚང་མའི་ཁྱད་ཡོད་པ་རྩིས་ངེས་རེད།་དེ་བཞིན་གཞུང་དང་སྒྲིག་འཛུགས་ལའང་ཁྱད་ཡོད་པ་སྨོས་ཅི་དགོས།་བཀའ་ཁྲི་གསར་པ་འོས་འདེམས་བྱུང་མ་ཐག་གཞུང་མིང་བརྗེ་རྒྱུ་ནི་ངོས་ལེན་བྱ་ཐུབ་དཀའ་བ་དང།་ལྷག་པར་སེམས་ནང་བཀའ་ཁྲི་མིང་ཙམ་མ་གཏོགས་དོན་དངོས་འགན་ཞིག་ཡོད་ན་ཞེས་འདྲི་བ་ཞིག་འཆར་གྱི་འདུག།་གལ་ཏེ་ཁྱད་མེད་ན་མིང་བརྗེ་བོ་རྒྱག་དགོས་དོན་ཅི་ཡོད་བསམས།་མིང་བརྗེ་བ་ཙམ་གྱི་རྒྱ་དང་གྲོས་མོལ་མུ་མཐུད་ཡོང་རྒྱུ་རེ་བ་བྱེད་ན་ལྐུགས་པ་རེད།་རྒྱ་གར་གཞུང་ནས་མིང་དེ་ལ་ཕན་གནོད་ཅི་ཡང་མེད་པ་ཡོངས་གྲགས་རེད།་
ཐུགས་རྗེ་ཆེ།
འཇམ་དཔལ་ལགས།
མིང་དེས་གནོད་མི་གནོད་ཞུ་ན། རྒྱལ་ཁབ་གཅིག་གི་གཞུང་དང་སྒེར་གྱི་ཚོགས་པ་ལ་ཁྱད་ཡོད་དམ།
ཕལ་ཆེར་ཚང་མའི་ཁྱད་ཡོད་པ་རྩིས་ངེས་རེད། དེ་བཞིན་གཞུང་དང་སྒྲིག་འཛུགས་ལའང་ཁྱད་ཡོད་པ་སྨོས་ཅི་དགོས། བཀའ་ཁྲི་གསར་པ་འོས་འདེམས་བྱུང་མ་ཐག་གཞུང་མིང་བརྗེ་རྒྱུ་ནི་ངོས་ལེན་བྱ་ཐུབ་དཀའ་བ་དང། ལྷག་པར་སེམས་ནང་བཀའ་ཁྲི་མིང་ཙམ་མ་གཏོགས་དོན་དངོས་འགན་ཞིག་ཡོད་ན་ཞེས་འདྲི་བ་ཞིག་འཆར་གྱི་འདུག།་གལ་ཏེ་ཁྱད་མེད་ན་མིང་བརྗེ་བོ་རྒྱག་དགོས་དོན་ཅི་ཡོད་བསམས།་མིང་བརྗེ་བ་ཙམ་གྱི་རྒྱ་དང་གྲོས་མོལ་མུ་མཐུད་ཡོང་རྒྱུ་རེ་བ་བྱེད་ན་ལྐུགས་པ་རེད།་རྒྱ་གར་གཞུང་ནས་མིང་དེ་ལ་ཕན་གནོད་ཅི་ཡང་མེད་པ་ཡོངས་གྲགས་རེད།་
ཐུགས་རྗེ་ཆེ།
གློ་བུར་མིང་བརྗེ་བོ་རྒྱག་རྒྱུ་དེ་མི་མང་ལ་མགོ་བསྐོར་བཏང་བ་མིན་ན། འོས་ཤོག་མ་འཕེན་གོང་ བཀའ་ཁྲི་གསར་པ་ སུ་འདྲ་ཞིག་ཆགས་ནའང་མ་འདྲ་ཞིག་བྱུང་ངེས་རེད་བསམས་ནས་རེ་བ་བྱེད་ནས་ བསྡད་ཡོད་པར། ཉིན་གསུམ་ནང་རེ་བ་ཚང་མ་མིང་བརྗེ་བོ་རྒྱག་རྒྱུ་དེས་ཆུ་ནང་ལ་དབྱུག་པ་དང་ ཁྱད་མེད་ཆགས་སོང་། གློ་བུར་མིང་བརྗེ་བོ་རྒྱག་ཡ་ནི་བློ་བཟང་སེང་གེ་ལ་རྒྱ་གཞུང་ནས་ འཇིགས་བསྐུལ་རིང་ལུགས་ཞེས་འབོད་པས་མིན་ནམ། རྒྱ་གཞུང་དང་གྲོས་མོལ་མུ་ཐུད་ཡོང་ རྒྱུ་རེ་བས་ གོམ་ཆེན་འདི་སྤོས་པའི་བཟོ་འདྲ་འདུག། ཡང་ན་བཀའ་ཁྲི་གསར་པ་ལ་ཡིད་ཆེས་མེད་པ་ མིན་ནམ།་གང་ལྟར་ལོ་ངོ་ལྔ་བཅུ་རིང་གི་མིང་དེ་ཉིན་གསུམ་ནག་མི་ཤས་ཞིག་གི་འགོ་ཁྲིད་འོག་ཐག་ཆོད་བྱས་པ་མངོན་གསལ་རེད།
དྲ་གྲོགས་བྱ་ཁྲ་ལགས་ཀྱིས་གུས་པ་རྒྱལ་བར་གཟུ་འཕངས་བ་ལ་ངས་བོད་མི་མང་གི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ།
དྲ་གྲོགས་ཚ་ཕྲུག་ལགས་ཀྱིས་ཟམ་གདོང་གི་བཀའ་སློབ་དེ་ད་དུང་མཁོ་སྤྲོད་གནང་མ་སོང་། ལར་ནས་གྲོས་ཚོགས་ལ་བཀའ་ཤག་གི་གསལ་བཤད་གནང་བ་དེ་དང་འདྲ་སེ་བ་ཞིག་ལས་མེད་ན་ནི་མ་རག་ཀྱང་ཁྱད་པར་མི་འདུག དེ་ལས་ཁ་གསལ་བ་དང་གཏིང་ཟབ་པ་སོགས་ཡོད་ན་ངེས་པར་དུ་མཁོ་སྤྲོད་གནང་རོགས། དེ་མིན་མི་ལ་ལོག་རྟོག་གིས་དབང་པོ་སྒྲིབ་སོང་ལུགས་ཀྱི་བསྙད་བཏག་ན་དགོས་པ་གང་ཡང་མེད།
ཁྱེད་ཀྱིས་མཁོ་སྤྲོད་བྱེད་སྟངས་ལ་ཁ་བརྡ་ཟིན་བྲིས་འདིར་འཇོག་ཐབས་མེད་རུང་། དུས་བབ་དང་གཞན་ཁ་བརྡ་ལ་ཟིན་བྲིས་གསར་བ་སྤེལ་བའི་སྒོ་ནས་འཇོག་ཆོག དེ་མ་བྱུང་ན་ངོ་དེབ་འཇོག་ཆོག ད་མ་བྱུང་ན་བདག་གི་གློག་འཕྲིན་གྱི་ནང་དུ་སྐུར་ན་འགྲིག ངས་འདིར་འགོད་ཆོག དམིགས་བསལ་བ་རེ་གང་ཡང་མེད་ན་ནི་་་དེ་ག་ཙམ་ཞིག་རེད།
བོད་སྐད་སྡེ་ཚན། > ལེ་ཚན་གཞན། > གསར་འགོད་པ།
ཐ་སྙད་བསྒྱུར་དགོས་པའི་རྒྱུ་མཚན།
2011-06-12
བཀའ་བློན་ཁྲི་པ་མཆོག་གིས་བཙན་བྱོལ་བོད་གཞུང་ཞེས་པའི་མིང་དེ་བསྒྱུར་དགོས་པའི་རྒྱབ་ལྗོངས་སྐོར་གསུངས་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་སྒྲགས།
བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག
འགྱུར་ལ་གསན་རོགས། ༄༅༎ཕྱི་ལོ་ཉིས་སྟོང་བཅུ་གཅིག་ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། བཀའ་བློན་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། བཞུགས་སྒར་དུ་བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་གོ་སྒྲིག་གནང་བའི་འོག དེང་དུས་ཀྱི་ན་གཞོན་དང་མ་འོངས་པའི་འགོ་ཁྲིད་ཅེས་པའི་ཟབ་སྦྱོང་ནང་ཕེབས་མཁན་བོད་རིགས་མཐོ་སློབ་སློབ་ཁག་ཅིག་ལ། བཙན་བྱོད་བོད་གཞུང་ཞེས་པའི་མིང་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སུ་བསྒྱུར་དགོས་པའི་རྒྱབ་ལྗོངས་དང་བྱུང་རིམ་དེ་བཞིན་མཇུག་འབྲས་སོགས་ཀྱི་ཐད་གསལ་བཤད་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎
Copyright © 1998-2011 Radio Free Asia
ཚ་ཕྲུག་རྒྱལ་ལགས་།་་་ངས་གོང་དུ་ཞུས་པ་བཞིན་ཁྱེད་ནི་དྲང་ཚུགས་ཁ་དན་ཚིག་ལ་གནས་པ་རྩོམ་པ་པོའི་རང་གཤིས་ཡོངས་སུ་ཚང་བའི་མི་ཞིག་ཡིན་པར་སླར་ཡང་ཡིད་ཆེས་བརྟན་པོ་རྙེད་སོང། ཁྱེད་ལྟ་བུ་དེང་སང་སྤྱི་ཚོགས་ནང་དཀོན་ཙམ་འདུག ཁྱེད་ཀྱིས་རང་ཉིད་ཀྱི་གཤིས་སྤྱོད་ལ་བརྩི་མཐོང་ཆེན་པོ་སྲུང་སྐྱོབ་གནང་རོགས་ཞེས་རེ་སྐུལ་དང་ལྷན་ཁྱེད་གཉིས་བར་གྱི་གླེང་མོལ་ཞི་འཇམ་ཡོང་བའི་སྨོན།
དྲ་གྲོགས་ཚ་ཕྲུག་ལགས།
བཀའ་དྲིན་ཆེ། ངས་དེ་རིང་ཁྱེད་ཀྱིས་དྲ་ལམ་གནང་བ་དེ་ལ་ངས་སེམས་རྣལ་དུ་ཕབས་ནས་ལེགས་པར་ཉན་པ་ཡིན། དེའི་དྲ་ལམ་འདི་རེད་འདུག http://www.rfa.org/tibetan/otherprograms/stringer/kalon-tripa-clearify-about-the-charter-06122011150532.html/t061111-dd.mp3/inline.html
དྲ་གྲོགས་གཞན་རྣམས་ཀྱིས་ཀྱང་འདི་ལ་ཐད་ཀར་གསན་པར་ཞུ། ལར་ནས་རང་རང་གི་སེམས་ཁམས་དང་མཐུན་པར་གོ་བ་ཞིག་ལས་བལྟ་བ་ཕྱོགས་མཐུན་ཞིག་འོང་རྒྱུ་དཀའ་ཙམ་མིན་ནམ་སྙམ།
འདིར་ཁོང་གིས་ང་ཚོས་ངོས་ནས་རྒྱ་གར་དང་ཕྱིའི་རྒྱལ་ཁབ་ལ་ང་ཚོའི་གཞུང་ངོས་ལེན་བྱེད་དགོས་ལབ་ཀྱི་མེད་གསུང་བ་འདི་ཆབ་སྲིད་མི་ཤེས་པའི་མིའི་བྱེད་སྟངས་རེད། ངས་སྔོན་ནས་ཞུས་པ་བཞིན་སྔོན་མ་ཡོ་རོབ་མཐུན་ཚོགས་ཀྱིས་བཙན་བྱོལ་གཞུང་ངོས་ལེན་བྱེད་པའི་སྐད་ཆ་གླེང་བའི་སྐབས་སུ་ཟམ་གདོང་གིས་མི་དགོས་གསུང་བ་དེ་ཇི་ཙམ་འཁྱུག་མི་འདུག་གམ།
དེ་རྗེས་མི་སྒེར་ཞིག་གིས་ཁ་མཆུ་ཞིག་ཡོད་པ་དེ་འཇིགས་སྣང་ཆེན་པོ་ཞིག་ཡིན་མདོག་གིས་ཁྲིམས་ཁང་ནས་ཐག་གཅོད་བྱུང་ན་བྱེད་ཐབས་མེད་ཚུལ་འདྲ་ཞིག་གསུང་སོང་། དེ་འདྲ་མིན་པ་ཁོང་རང་ཉིད་ཀྱིས་མཁྱེན་གྱི་ཡོད་པ་རེད། ཨ་ཡོ་ད་ཡི་ཁ་མཆུ་དེ་ཁྲིམས་ཁང་ལ་བསྐྱལ་ནས་ལོ་༢༢་ཀྱི་རྗེས་སུ་ཁྲིམས་ཐག་བཅད་པ་རེད། ད་ལྟ་ཁྲིམས་ཁང་གོང་མར་བསྐྱལ་ནས་བཞག་ཡོད་རེད། ཡང་ལོ་༢༢་འགོར་སྲིད་པ་རེད། ཚོར་བ་སྐྱེན་པའི་གནད་དོན་ཅན་གྱི་ཁ་མཆུ་ཞིག་ཡིན་ན་ལོ་༢༢་མ་དགོས་༡༠༠་ཡང་འགོར་སྲིད་པ་རེད།
ང་རང་ཚོའི་ཁ་མཆུ་ལ་ཆ་བཞག་རུང་ཁྲིམས་ཐག་བཅད་པ་ཙམ་གྱིས་དེས་ཚར་སོང་འདྲ་ཞིག་ཡེ་ནས་མ་རེད། ཁྲིམས་ཁང་གོང་མར་སྐྱེལ་ཆོག་གི་རེད། དེ་ལ་ལོ་མང་འགོར་བ་ཆ་ཞོག དེ་ནས་ཆེས་མཐོའི་ཁྲིམས་ཁང་ལ་སྐྱེལ་ཆོག་གི་རེད། དེ་རུ་ལོ་མང་པོ་འགོར་ཆོག་གི་རེད་ལྷག་པར་དུ་དེ་རུ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལ་ཐོག་མཐའ་བར་གསུམ་ལ་དགོངས་པ་བཞེས་ནས་ཐག་གཅོད་གནང་གི་རེད། གལ་སྲིད་དེ་རུང་བཙན་བྱོལ་བོད་གཞུང་གི་མིང་འདི་བེད་སྤྱོད་མི་ཆོག་པར་ཐག་གིས་བཅད་ན་ང་ཚོ་ལ་འགྱོད་པ་མེད་པ་རེད། ད་སྐབས་འདི་འདྲའི་དུས་ཚོད་ཅིག་ཤར་རྒྱུ་ཡིན་པའི་སྔ་ལྟས་ཀྱི་ཟུར་ཙམ་ཡང་མེད་པ་ལ་སྔ་ས་ནས་འདི་འདྲ་བྱེད་པ་འགྲིག་མ་སོང་ཞུ་བ་རེད།
ཅི་སྟེ་དེ་འདྲའི་དུས་ཚོད་སྐྱོ་བོ་ཞིག་ཤར་བ་ཡིན་རུང་བཙན་བྱོལ་བོད་གཞུང་སྒོ་རྒྱག་པ་དང་ཕྱིར་བསྡུ་བྱེད་པའི་དབང་ཆ་རྒྱ་གར་གཞུང་ལ་མེད་པ་མི་ངས་ཀྱང་ཧ་གོ་ཐུབ་པ་ཞིག་རེད། ཅི་སྟེ་རྒྱ་གར་གྱི་ས་ཐོག་ཏུ་འདུག་ཏུ་མ་བཅུག་ཀྱང་ཡོ་རོབ་དང་ཨ་རི་སོགས་ས་གནས་གཞན་དུ་སྒོ་ཡངས་རྒྱ་ཆེ་བར་ཕྱེས་ཡོད་ངེས་རེད། ཅི་སྟེ་མེད་རུང་བཙན་བྱོལ་བོད་གཞུང་དེ་བར་སྣང་ཁམས་སམ་མི་མངོན་པའི་ཚུལ་དུ་གནས་ཡོད་པ་རེད། གང་ལགས་ཤེ་ན་འཛམ་གླིང་གི་ས་གཞི་འདིའི་ཐོག་ཏུ་ཁང་པ་ཞིག་གི་ནང་དུ་ཅོག་ཙེ་ཞིག་བཞག་ནས་དེ་ལ་བཀའ་ཤག་ཡིན་ཞེས་མ་བྱས་རང་བྱས་དེ་འདྲ་ཡེ་ནས་མ་རེད། ལོ་རྒྱུས་ཡ་ཧུ་ད་བ་ལ་ཆ་བཞག་ན་ཡང་དེ་དང་འདྲ་བ་ཞིག་རེད།
ལྷག་པར་དུ་དེང་སྐབས་ནི་དྲ་ཚིགས། དྲ་གྲོགས། དྲ་འབུ། དྲ་འབངས། དྲ་བདག་སོགས་དྲ་བའི་འཇིག་རྟེན་ཞིག་གསར་དུ་གྲུབ་ཟིན་པས་བཙན་བྱོལ་བོད་གཞུང་དེ་འུ་ཐུག་ན་དྲ་ཐོག་ལ་གནས་དགོས་ཀྱང་མི་ཆོག་པ་མེད་པར་འགྱུར་བར་སྙམ། མདོར་ན་རང་གིས་དང་བླངས་ཀྱིས་ཕྱིར་འཐེན་བྱས་པ་འདིས་འདི་དག་ཡོངས་སུ་རྫོགས་པའི་ལམ་ཁ་འགག་ཟིན་པ་ཡིན་འགྱོད་པ་སྐྱེ་དགོས་པ་རེད།
དེ་ནས་རྒྱ་མིའི་གནོན་ཤུགས་ཀྱི་སྐོར་དེ་ནི་ཁྱབ་པ་མེད་པའི་སྒྲུབ་བྱེད་ཅིག་རེད། བཅའ་ཁྲིམས་ལ་༧གོང་ས་མཆོག་རྒྱལ་ཁབ་ཀྱི་དབུ་ཁྲིད་པར་འཁོད་པ་དེ་རྒྱུ་མཚན་འདྲེན་པ་དེ་བོད་གཞུང་གི་མིང་བརྗེ་དགོས་པའི་སྒྲུབ་བྱེད་སྔར་འགྲོ་གི་ཡོད་སྲིད་རུང་ད་སྐབས་འགྲོ་གི་མ་རེད། ད་ནི་ཁོང་ཆབ་སྲིད་ཀྱི་དབུ་ཁྲིད་མ་རེད། མ་འོངས་པའི་བཀའ་བློན་ཁྲི་བ་ནི་༧གོང་ས་མཆོག་བཞིན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཁག་ལ་མཇལ་ཐུབ་དཀའ་ན་ཡང་བྱེད་རྒྱུ་ཡོད་པ་མ་རེད། རྒྱ་མིས་ནི་བོད་མའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཡིན་ལབ་རུང་སྐྱོན་བརྗོད་བྱེད་ཀྱི་རེད། ང་ཚོའི་སྐུ་ཚབ་ལ་ཐུག་མཁན་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་མ་གཏོགས་བློན་ཆེན་རིམ་པའི་མི་ཞིག་ལ་ཡང་ཐུག་གི་མི་འདུག་གའ་། ལར་ནས་རྒྱ་མིའི་གནོན་ཤུགས་མེད་གསུང་པ་མ་ཡིན་ནམ།
མཐའ་དོན་ཟམ་གདོང་རིན་པོ་ཆེས་རྒྱ་གར་ནང་ལ་བོད་མའི་སྒྲིག་འཛུགས་གནས་རྒྱུ་གལ་ཆེན་པོ་ཡིན་པར་གསུང་སོང་ཞིང་དེ་ནི་བོད་ཀྱི་ཆོས་འདི་གནས་པའི་ཆེད་དུ་ཡིན་པ་ལས་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཡིན་ས་མེད། རྒྱུ་མཚན་ནི་ཁོང་གིས་བོད་ཀྱི་ཆོས་དེ་འཛམ་གླིང་ལ་གནས་ཐུབ་སོང་ན་བོད་མི་རིགས་དང་བོད་རྒྱལ་ཁབ་ཅེས་པ་འདི་གནས་མ་གནས་དེ་གལ་ཆེན་པོ་མིན་པར་ལན་གཅིག་ལན་གཉིས་མ་ཡིན་པར་གསུང་ཡོད།
དེའི་ཕྱིར་ད་ལན་མིང་བསྒྱུར་བ་འདི་བོད་རྒྱལ་ཁབ་དེ་འཛམ་གླིང་ལ་གནས་པའི་ཆེད་དུ་མིན་པར་བོད་ཀྱི་ཆོས་འདི་གནས་ཐུབ་པ་དམིགས་ཡུལ་བཟུང་ནས་བོད་མིའི་སྒྲིག་འཛུགས་ཤིག་རྒྱ་གར་ལ་གནས་པའི་ཆེད་དུ་རང་གི་རྒྱལ་ཁབ་ཀྱི་མིང་ཡང་བཙོང་བཞག་པ་རེད། སེམས་ཀྱིས་མི་ཐུབ་རྒྱུ་དེ་འདི་རེད། ལུས་ཀྱིས་མི་ལྕོག་རྒྱུ་དེ་འདི་རེད།
དྲ་གྲོགས་འཇམ་དཔལ་ལགས། ཁྱེད་ཀྱིས་གླེང་མོལ་མང་དྲག་སོང། དེ་ཡང་ཡག་སྡུག་གང་ཡིན་ཡང་ཟམ་གདོང་རིན་པོ་ཆེར་ངན་ཁག་དཀྲི་རྒྱུའི་གླེང་མོལ་མང་དྲག་སོང། ད་འཚམས་འཇོག་བྱེད་རོགས། གལ་ཏེ་འཚམས་འཇོག་མ་བྱེད་ན། ང་ཁྱེད་རང་གི་སྒོ་མདུན་ཡོང་ནས་ཟས་བཅད་ངོ་རྒོལ་བྱེད་ངེས་། དངོས་གནས་ཡིན།
གྲོགས་པོ་འཇམ་དཔལ་ལགས། ཁྱེད་ལ་ཚ་ཕྲུག་རྒྱལ་ནས་དང་པོ་ནས་ཁྱེད་ཀྱང་རང་ཚུགས་ཐུབ་པའི་རྩོམ་པ་པོ་ཞིག་མ་རེད་གསུངས་ཚར་བ་མ་ཡིན་ནམ། དེའི་སྐོར་སླར་ཡང་ཐུགས་བསམ་གཞིགས་དང། ཁྱེད་ལ་གོ་བ་ཞིག་ཐོབ་ངེས། ད་དུང་ཡང་མ་ཐོབ་ན་ངས་ཁྱེད་ལ་ཁ་སངས་ནས་གོ་བརྡ་སྤྲོད་ངེས་ཡིན།
དངོས་གནས་ཡིན། ་དེ་འདྲ་རེད་དམ་། ཁྱེད་ཀྱིས་གཟིགས་དང།
དྲ་གྲོགས་བྱ་ཁྲ་ལགས།
ལགས་སོ། འོན་ཀྱང་ཁ་ཉིན་དྲ་གྲོགས་ཚ་ཕྲུག་ལ་ཟམ་གདོང་གི་གསུང་དེ་ལ་ཉན་འདོད་ཡོད་པས་མཁོ་སྤྲོད་གནང་རོགས་ཞུས་པ་ན་ད་ལྟ་མཁོ་སྤྲོད་བྱས་ན་རང་གི་བསམ་ཚུལ་མ་ཞུས་ན་ག་ལ་འགྲིག
ད་ནི་ངའི་ཁ་བཙུམ་གྱི་ཡིན། ཤུ ཤཱུཤཱུཤཱུཤཱུཤཱུཤཱུཤཱུཤཱུཤཱུཤཱུ
ལར་ནས་མིང་དེ་བཀོལ་བ་དང་མ་བཀོལ་བའི་དགེ་སྐྱོན་ལ་བགྲོ་གླེང་བྱེད་རོགས་ཟེར་མཁན་ཀྱང་ཡོད་པ་ཁྱེད་ཀྱིས་ལོས་མཁྱེན། དེས་ན་མ་འོངས་ལ་ཕན་གནོད་གང་ཡོད། དེ་གཉིས་ཡང་ལྗིད་བཀྱག་ན་གང་གིས་རྩི།
དྲ་གྲོགས་འཇམ་དཔལ་ལགས། ཁྱེད་ཀྱིས་ཁས་ལེན་བྱས་པ་དགའ་པོ་བྱུང། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླར་ཡང་གནད་དོན་གཞན་པའི་ཐོག་མྱུར་དུ་མཇལ་ཡོང།
དྲ་གྲོགས་འཇམ་དཔལ་ལགས་། ལེགས་པར་སོམས་དང། ཁྱེད་ལ་འཇམ་དཔལ་ཞེས་བོས་པ་དང་། འཇམ་དཔལ་ཚུལ་ཁྲིམས་ཞེས་བོས་པ་གཉིས་བར་ཐ་སྙད་ལ་ཁྱད་པར་མ་གཏོགས་དོན་ལ་ཁྱད་པར་གང་ཡང་མེད་པར་ལྟར་། དེ་དང་གཅིག་པ་རེད། མཁྱེན་སོང་ངམ། མཁྱེན་མ་སོང་ན་ཨང་གྲངས་༩༩༤༥༠༣༤༤༡༠་འདིའི་ཁ་བར་གཏོང་རོགས། ངས་གསལ་བཤད་ཞུ་ཆོག
ཡང་བསྐྱར་འདིའི་ཐོག་གླེང་མོལ་བྱེད་མཁན་ཡོད་ན་དངོས་ཡིན། རིག་པའི་རྣམ་དཔྱོད་ཀྱི་རྩལ་འདོན་ཐག་ཆོད་ཡིན། རྩ་བ་ནས་འཇོག་གི་མིན། ཁྱེད་རྣམ་པས་ལྟད་མོ་བལྟ་རོགས།
དྲ་ཐོག་གི་རིག་པའི་རྣམ་དཔྱོད་དབེན་པའི་རྩོམ་པ་པོ་རྣམ་པར་ཞུ་དོན།
ཁྱེད་རྣམ་པས་འགན་ཁུར་རྩ་ནས་མེད་པའི་བློ་ཡུལ་དུ་གང་ཤར་དྲ་ཐོག་ཏུ་བྲིས་པ་འདི་ནི་ཁྱེད་རྣམ་པས་སྨྲ་བརྗོད་རང་དབང་གི་ཐོབ་ཐང་སྤྱད་ཙམ་ལས། རང་གཞན་སུ་ལ་ཡང་ཕན་ཐོགས་མི་འདུག དེ་ལས་ཁྱེད་རྣམ་པས་ལོ་གཅིག་ལ་ཐེངས་གཅིག་ལས་འབྲི་མ་ཐུབ་ཀྱང་། རྒྱུ་མཚན་དང་ཁུངས་ལུང་ལྡན་ཞིང་དེང་རབས་སྤྱི་ཚོགས་ཕན་པ་ཞིག་ལ་འབུངས་རོགས། ངས་འགན་ཁུར་གྱིས་ཞུ་གྱིན་ཡོད།
བྱ་ཁྲ་འདིས་ཆོ་མེད་པའི་དཔེར་བརྗོད་འདྲ་བཞག་འདུག འཇམ་དཔལ་དང་འཇམ་དཔལ་ཚུལ་ཁྲིམས་གཉིས་ལ་དབྱེ་བ་ཧ་ཅང་ཆེ། ཁྱེད་རང་ཕྱི་རྒྱལ་ལྟ་བུར་འགྲོ་འདོད་ཀྱང་ཡིག་ཆ་གཅིག་གི་སྟེང་ལ་འཇམ་དཔལ་དང་། ཡིག་ཆ་གཅིག་གི་སྟེང་ལ་འཇམ་དཔལ་ཚུལ་ཁྲིམས་ཞེས་བྲིས་ན་ཁྱོད་རང་ལ་ཕྱི་བསྐྱོད་ལག་འཁྱེར་ཕར་ཞོག་བཙོན་ཁང་དུའང་བླུགས་ཉེན་ཆེ། ད་དུང་དྲྭ་ཐོག་ཏུ་དོན་དངོས་ཡིན་ན་བསམ་ཚུལ་གང་ཡང་གླེང་ཆོག་གི་རེད་ལ་དེ་ནི་མང་གཙོའི་ཐོབ་ཐང་རེད། ཀླད་རྙིང་ཁྲེགས་བཟུང་མི་གཞན་གྱི་སྨྲ་བརྗོད་རང་དབང་མ་འཕྲོག་རོགས། ང་ཚོ་ད་ལྟ་རྒྱལ་སྤྱིའི་སྟེང་སྨྲ་བརྗོད་རང་དབང་མིན་འདུག་ཞེས་རྩོད་ཀྱིན་ཡོད་པ་རེད་ལོ་
ངོ་མ་ཡིན། མ་ཤེས་ནའང་ཤེས་མདོག་མདོག་གི་ཕྱོགས་ལྷུང་གི་སྐད་ཆ་འདི་རིགས་མ་བྲིས་ན་སུ་ལའང་ཕན་ཐོགས་འདུག
རྒྱལ་ཁབ་ཀ་ཁ་གཉིས་ཡོད་པ་ལས། རྒྱལ་ཁབ་ཀ་བའི་མི་གཅིག་གིས་རྒྱལ་ཁབ་ཁ་བའི་འབངས་མི་བྱེད་ན་རང་གི་སྔོན་མའི་རྒྱལ་ཁོང་ལག་དེབ་ཏེ་རྒྱལ་ཁབ་ཀ་བའི་རྒྱལ་ཁོངས་ལག་དེབས་ཕྱིར་སྤྲད་ནས་རྒྱལ་ཁབ་ཁ་བའི་རྒྱལ་ཁོངས་ལག་དེབ་ལེན་དགོས། དེ་ལྟར་བླངས་ཚར་བའི་ཉིན་ནས་རྒྱལ་ཀ་བས་རིན་ཐང་ལྡན་པའི་མི་ཞིག་ཤོར་བ་དང་། རྒྱལ་ཁབ་ཁས་བས་དེ་འདྲའི་མི་ཞིག་གསར་དུ་རག་པ་རེད།
འོན་ཀྱང་ཡིན་རྒྱུ་ནི་ཤོག་བུ་ཞིག་གི་ཐོག་ལ་ཡི་གེ་བྲིས་སྟངས་ཤིག་ལས་གཞན་མགོ་ལུས་ཁོག་གསུམ་གང་ཡང་ཁྱད་པར་ཤོར་མེད་ཀྱང་དོན་དུ་རྒྱལ་ཁབ་ཀ་བས་ཅིག་ཤོར་ནས་ཁ་བར་ཅིག་ཐོབ་ཡོད།
དཔེར་ན་རྒྱ་གར་གྱི་ཆེས་ཁྱད་དུ་འཕགས་པའི་དེང་རབ་རི་མོ་བ་ཨེམ་ཨེཕ་ཧུ་སེན་(MF Husain)ཟེར་བ་དེ་(ཁ་སང་གྲོངས་སོང་།)སུ་དིའི་འབངས་མིར་ཞུགས་པས་རྒྱ་གར་གྱི་ཕི་ཀ་སོ་ཞེས་པའི་མཚན་སྙན་དུ་གྲགས་པའི་རྒྱལ་ཁབ་ཀྱི་དེངས་རབ་རི་མོ་ཆེས་ཁྱད་འཕགས་དེ་ཤོར་བ་ཡིན། དེ་བཞིན་མ་དར་ཀྲེ་རི་ས་(Mother Teresa)ཞེས་འཛམ་གླིང་ན་སྙན་པར་འབར་བའི་ཡེ་ཤུའི་བཙུན་མ་དེ་ཅེག་རྒྱལ་ཁབ་ནས་རྒྱ་གར་རྒྱལ་ཁོངས་སུ་ཞུགས་པས་རྒྱ་གར་ལ་ནོ་བེལ་ཞི་བདེའི་རྟགས་མ་ལེན་མཁན་གཅིག་ཡོད་ཅེས་སྤོབས་པས་སྒོ་ནས་སྨྲ་བ་ཡིན། དེ་ནི་རྒྱ་གར་ལ་རིན་ཐང་ཅན་གྱི་མི་གཅིག་རག་པ་ཡིན།
ཞིབ་པར་བསམ་ཞིང་ཟམ་གདོང་གི་རིགས་པ་ལྟར་ན་འདི་དག་མིང་ཞིག་གཅིག་ལ་བསུབ་ནས་གཅིག་ལ་བྲིས་པ་ཞིག་ལས་ལས་ཀ་གང་ཡང་མེད། འོན་ཀྱང་དེས་དེ་འདྲའི་ཐོབ་ཤོར་གྱི་ཧ་སོང་ཆེན་པོ་གཏུག་གི་ཡོད་པས་མིང་རྗེས་པ་ལ་འདི་འདྲའི་ཀུ་ཅོ་བྱེད་དོན་ཅི་ཡོད་ཟེར་མཁན་རྣམས་ཀྱིས་འདི་ཐུགས་ལ་ཉར་རོགས་ཞུ།
ཁྱེད་ཅག་གིས་བཤད་སྟངས་ལྟར་ན་འགེངས་ཤོག་ཅིག་གི་རྒྱལ་ཁོངས་འབྲི་སའི་རེའུ་མིག་ལ་མིང་ཞིག་འབྲི་སྟངས་མ་འདྲ་བར་གྱུར་བ་ལས། གཞན་མི་དེ་དང་དེའི་དོན་ལྔ་སྣོད་དྲུག ཤ་རུས་ཁྲག་གསུམ། མགོ་ལུས་མཇུག་གསུམ། ཕྱི་ནང་གསང་གསུམ་སོགས་གང་ལ་ཡང་འགྱུར་བ་སོང་མེད་པས་མིང་བརྗེས་པ་ཙམ་ལས་དོན་ལ་འགྱུར་བ་གང་ཡང་སོང་མེད་དོ་ཟེར་དགོས། དེ་འདྲའི་ཡིན་ན་འདི་ལྟར་གཅིག་ཐོབ་གཅིག་ཤོར་གྱི་ཁྱད་པར་འདི་འདྲ་ཞིག་ཡོང་དོན་ཡེ་ནས་མེད་དགོས་སོ།
བགྲོ་གླེང་ཡག་པོ་གནང་འདུག་ཐུགས་རྗེ་ཆེ།
དྲ་གྲོགས་རྣམས་ཀྱིས་གནད་དོན་གལ་ཆེན་པོ་འདིའི་ཐོག་ལ་བགྲོ་གླེང་དེ་ཙམ་བློ་ཁ་གང་བ་ཞིག་མི་གནང་བ་འདི་ཅུང་ཡ་མཚན་བྱུང་། དེས་ན་ངས་ཁྱེད་ཅག་ལ་གླེང་གཞི་འགའ་ཞིག་འཇོག བཙན་བྱོལ་བོད་ཀྱི་མིང་འདི་དབྱིན་ཡིག་གི་ནང་ན་སྔོན་མ་ནས་མེད་པ་དེ་གནད་འགག་ཆེ་ཚུལ་གསུང་པ་དེ་ངོ་མ་ཡིན་པར་དགོངས་མཁན་ཡོད་ཀྱི་རེད། ཟམ་གདོང་རིན་པོ་ཆེ་མཆོག་གིས་དབྱིན་ཡིག་ཐོག་གི་མིང་འདི་རྒྱ་གར་གཞུང་དང་གོ་བསྡུར་བྱས་ནས་བྱུང་བ་ཡིན་ཚུལ་གསུང་སོང་། ང་ཚོས་དེ་ཚོ་མི་ཤེས། ཕ་མི་ཤེས་ཨ་མྱེའི་ལོ་རྒྱུས་ག་ལ་ཤེས། ཁོང་གི་སྐད་ཆ་དེ་ངོ་མ་ཡིན་སྲིད། གུས་པས་ཁོང་དེ་འདྲའི་སྐྱག་བརྫུན་གསུང་མཁན་ཞིག་ལ་བརྩི་ཡི་མེད།
འོ་ན་དེ་རིང་ཡང་ངས་འདི་དང་འབྲེལ་བའི་གླེང་གཞི་ཞིག་མི་འགའ་རེའི་བློ་ཡུལ་ན་མེད་པའི་སྐད་ཆ་གསར་བ་ཞིག་ཞུ། ང་ཚོས་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་བོད་མི་རྣམས་གཤིན་རྗེ་ཆོས་རྒྱལ་གྱི་ཁ་ནས་ཕྱིར་འདོན་མཁན་ཡིན་པ་དང་། ཁོང་ནི་བོད་རྒྱལ་ཁབ་སྐྱབས་བཅོལ་ལ་ཡོང་ནས་མི་ཡུལ་ལ་ལག་པ་གཟེད་ནས་སྡོད་དགོས་པའི་དུས་སུ་ དཀའ་བོ་སྐྱོང་སྐྱོང་། སྐུད་རྨེད་རྨེད་བྱེད་མཁན་དེ་ཡིན་པས་ཁོང་འདྲ་བའི་སྐུ་དྲིན་ཅན་ཞིག་མེད་པར་གླེང་གི་རེད། བདག་གི་བསམ་པར་དེ་མ་ཡིན་ཞིག་ཤར་ཡོད་དེ། མཐའ་ན་བོད་རྒྱལ་ཁབ་འདིས་འཛམ་གླིང་ན་ས་ཟིན་པར་གནས་དགོས་པའི་རྒྱུ་མཚན་གཙོ་བོ་གཉིས་པ་དེ་ཁོང་ལ་ཐུག་མེད་དམ་སྙམ་ཡོད། ཁྱོད་ཀྱིས་གཏམ་ཁམ་ཆེན་དེ་འདྲ་ཇི་ལྟར་བཤད་ཕོད་དམ་ཟེར་ན། སྤྱིར་ན་འདི་འཆར་སྣང་ཙམ་དུ་དགོངས་སྲིད་ཀྱང་། བོད་རྒྱལ་ཁབ་ཤོར་བའི་དུས་སྐབས་ཀྱི་མིའི་ངག་སྒྲོས། ༧གོང་ས་མཆོག་གི་གསུང་སྒྲོས། སྐུ་མདུན་གྱི་རྣམ་ཐར་། སངས་རྒྱས་ཀྱི་དཔའ་རྟུལ་(ངས་གློག་མ་མྱོང་ཡང་གཞན་གྱིས་བཀླགས་པ་ལས་གོ་བ)་ཟེར་བའི་དེབ་དེ་སོགས་ཕྱོགས་མང་པོ་ཞིག་ལ་དཔྱད་བསྡུར་བྱས་ཡོང་སྐབས་ནེ་རུ་ཟེར་བའི་མི་འདིས་བོད་ལ་ཕོང་ཕོང་དེ་སུས་ཀྱང་ཕོང་མེད་པའི་ཚོར་སྣང་ཞིག་འགོགས་མེད་དུ་འཆར་ཡོང་གི་འདུག དེ་ནི་ནེ་རུ་སྡུག་ཅག་ཡིན་པའི་སྒྲུབ་བྱེད་གང་ཡང་མ་ཡིན་པར་། དེ་ལས་ལྡོག་སྟེ་ཁོང་ཆབ་སྲིད་པ་ཆེན་པོ་ཞིག་ཡིན་པའི་རྟགས་མཚན་ལ་འགྲོ་བ་རེད།
མདོར་ན་བོད་རྒྱལ་ཁབ་ཅེས་པ་དེ་འཛམ་གླིང་འདི་ན་གནས་པར་མཐའ་གཅིག་ཏུ་འགོག་ཐབས་བྱེད་མཁན་གྱི་མི་ཞིག་གིས་བཙན་བྱོལ་བོད་གཞུང་ཟེར་བ་དེ་འདྲ་ཁོའི་ས་ཐོག་ལ་འཛུགས་མི་ཆོག་པར་གསུང་ཡོད་སྲིད་པ་རེད་ལ། དེ་ལ་ཧ་ལས་རྒྱུ་མི་འདུག་བསམ་ནས་ཟམ་གདོང་རིན་པོ་ཆེའི་གསུང་དེ་བདེན་པ་ཡིན་སྲིད་པར་བསམ་པ་ཡིན། དེས་ན་དེ་འདྲའི་མི་ཞིག་གིས་བོད་གཞུང་ཞེས་པའི་ཚིག་འདི་བེད་སྤྱོད་མི་ཆོག་ཚུལ་གསུང་ཡོད་རུང་དེ་ལ་ཧ་ལས་རྒྱུ་ཡོད་པ་ཞིག་རེད་འདུག་གམ།
ད་ནི་ནེ་རུའི་དུས་སྐབས་མ་རེད་ལ། རྒྱ་གར་གྱིས་རྒྱ་ནག་ལ་”རྒྱ་གར་ནག་བུ་སྤུན་ཡིན”་ཞེས་པའི་འབོད་ཚིག་ལ་རེ་བ་འཆང་ནས་སྡོད་མཁན་གྱི་དུས་རབས་ཀྱང་ཡོལ་ཟིན། དེར་མ་ཟད་འབྱུང་འགྱུར་གྱི་རྒྱ་གར་ནག་གི་འབྲེལ་བ་ནི་སྔར་བཞིན་དུ་གནས་རྒྱུ་མིན་པར་འགྱུར་རྒྱུ་ཡིན་ལ་དེ་ཡང་བཟང་ཕྱོགས་སུ་མིན་པར་སྡུག་ཕྱོགས་སུ་འགྲོ་རྒྱུ་གཏན་ཁེལ་བ་མིན་ནམ་སྙམ། རྒྱུ་མཚན་ནི་རྒྱ་གར་ནག་གི་ས་མཚམས་དང་ཆུའི་སྐོར་ལ་རྩོད་རྙོག་ཆེ་བ། ཕན་ཚུན་ཨེ་ཤི་ཡའི་སྟོབས་ཀྱི་འགྲན་ཡར་གྱུར་བ། ད་ལྟའི་རྒྱ་ནག་གིས་རྒྱ་གར་ལ་བྱེད་ཕྱོགས་སོགས་ཕྱོགས་མང་པོའི་ཐོག་ནས་མཐོང་ཐུབ་པ་ཞིག་རེད་སྙམ། ལར་ནས་དེ་འདྲ་གང་ཡང་མ་བྱུང་རུང་བོད་དོན་འདི་ནི་རྒྱ་གར་གྱིས་རྒྱ་ནག་ལ་འཛིན་པའི་ཕྱི་འབྲེལ་འཐབ་ཇུས་ཀྱི་ནང་དུ་ཧ་ཅང་མཁོ་བའི་ལག་ཆ་སྟབས་བསྡུས་ལ་རྣོ་ངར་ཅན་ཞིག་རེད། དེར་མ་ཟད་རྒྱ་གར་གྱིས་བོད་ཀྱི་ཐོག་ལ་འཛིན་པའི་སྲིད་ཇུས་ལང་ཕྱོགས་མཁྲེགས་འཛིན་བྱས་ན་འཛམ་གླིང་གི་ནང་དུ་རྒྱ་གར་གྱི་མཚན་ལ་ཐུགས་ཁུར་བྱེད་དགོས། མ་འོངས་པར་རྒྱ་གར་རྒྱལ་ཚོགས་ཀྱི་བདེ་འཇགས་ཀྱི་གཏན་གནས་ཚོགས་མིར་འགྱུར་མི་འགྱངས་བར་འགྱུར་རྒྱུ་རེད།
རྒྱུ་མཚན་དེ་འདྲ་ལ་བརྟག་ན་མ་འོང་པར་རྒྱ་གར་གཞུང་གིས་བོད་ཀྱི་ཐོག་ལ་ད་ལྟའི་སྐབས་དང་མི་འདྲ་བའི་དམིགས་བསལ་གྱི་སྲིད་ཇུས་ཤིག་འཛིན་མདོག་ཡེ་ནས་མི་འདུག དེས་ན་ད་ང་ཚོས་རང་ཤི་ཅིའི་ཕྱིར་རྒྱབ་པ་རེད་དམ། ཡང་ན་མ་གཞི་ནས་འདི་རང་ཤི་རྒྱབ་པ་ཞིག་རེད་འདུག་གམ།
ལར་ནས་རྒྱ་གར་གྱིས་བྱེད་མི་སྲིད་པའི་ལས་ཀ་དེ་འདྲ་བྱས་རུང་། ལ་རེའི་རྒྱབ་ན་ལམ་རེ། ལམ་རེའི་སྣེ་ན་རུ་རེ། ཡོང་གི་རེད། རྒྱ་གར་ལ་བཙན་བྱོལ་གཞུང་སྒོ་རྒྱག་པའི་དབང་ཆ་མེད་ལ། ཅི་སྟེ་སྒོ་རྒྱག་པའི་བཙན་བཀའ་གཏང་ན་དེ་དུས་བཙན་བྱོལ་གཞུང་གཞན་ཡུལ་ཞིག་ཏུ་སྤོ་ཆོག་ཆོག་ཡིན་ངེས་སོ།
དེ་ཡང་མ་བྱུང་རུང་བཙན་བྱོལ་གཞུང་འདི་རང་ཤི་རྒྱབ་མེད་ན་དྲ་ཐོག་ལ་གནས་ཀྱང་ཆོག་ཚུལ་ཞིག་ཁོ་བོས་བསམ་ཚུལ་ཞིག་ཁ་ཉིན་ཕུལ་ཡོད།
BBC ཡི་དྲ་རྒྱའི་ཐོག་ཏུ་སོང་དང་། http://news.bbc.co.uk/2/hi/asia-pacific/country_profiles/4152353.stm
ལག་པ་གཡས་ཕྱོགས་ཀྱི་མར་འདབས་ན།
RELATED INTERNET LINKS
Tibetan Government in Exile
Free Tibet Campaign
China Tibet Information Centre (in Chinese)
The BBC is not responsible for the content of external internet sites
ཞེས་བོད་གཞུང་ཟེར་བའི་ཚིག་དེ་མ་བསྒྱུར་བར་བཞག་འདུག དེ་རིག་ན་དགའ་ནི་ཞིག་རེད། དུངས་ནི་ཞིག་རེད།
སྤྱི་ལོ་༡༩༩༠་ལོའི་ལོ་མགོ་ནས་བོད་མི་རིགས་ཀྱི་གྲངས་འབོར་ཞིབ་གཤེར་བྱས་པ་ལྟར་ན་བོད་རང་སྐྱོང་ལྗོངས་ཁོངས་སུ་མི་འབོར་གྲངས་ཁྲི་ཉིས་བརྒྱ་དགུ་དང་། མཚོ་སྔོན་ཞིང་ཆེན་ཁོངས་སུ་མི་གྲངས་ཁྲི་དགུ་བཅུ་གོ་གཅིག ཟི་ཁྲོན་ཞིང་ཆེན་ཁོངས་སུ་མི་གྲངས་ཁྲི་བརྒྱ་དང་བརྒྱད་ལྷག ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་མི་གྲངས་ཁྲི་སུམ་ཅུ་སོ་དྲུག་ལྷག་ཙམ། ཡུན་ནན་ཞིང་ཆེན་ཁོངས་སུ་མི་གྲངས་ཁྲི་བཅུ་གཅིག་ལྷག་ཙམ་ཡོད་པ་དེ་དག་བསྡོམས་རྩིས་བརྒྱབ་ན་
ཚང་མ་བཀྲ་ཤིས་བདེ་ལེགས་