བསིལ་ཆབ།
དགེ་རྒན་ཞིག་ཡིན་ཚེ་རང་གི་སློབ་ཕྲུག་གི་བློ་སྒོ་ཇི་ལྟར་འབྱེད་པའི་སྐོར་ལ་བསམ་བློ་མི་གཏོང་མཁན་ཕལ་ཆེར་ཡོད་མི་སྲིད་ལ། དེ་ཡང་རང་ཉིད་ལ་སྐད་ཡིག་གི་རྨང་གཞི་ཡོད་པ་ཁོ་ནས་མི་འགྲིགས་སྟེ། གཙོ་བོ་སློབ་ཁྲིད་ཀྱི་ཐབས་ལམ་དང་སྐད་ཡིག་གི་མངར་ཆ་སྤྲོད་ཐུབ་མིན་ལ་རག་ལུས་ཡོད་པ་མ་ཟད། དམིགས་བསལ་སློབ་ཕྲུག་རྣམས་རང་གི་སྐད་ཡིག་ལ་དུང་ཞེན་ལྡན་པ་ཞིག་བཟོ་ཐུབ་མིན་ལའང་རག་ལུས་ཡོད། འོན་ཀྱང་དེ་ནི་དགེ་རྒན་གྱི་ཤེས་ཚད་དང་ཐབས་རྩལ་ལ་རག་ལུས་པས་ན་འདི་ནས་ཆེད་དུ་དགེ་རྒན་རྣམ་པ་དང། དགེ་རྒན་ལྟ་བུའི་རྩོམ་པ་པོ་རྣམས་ལ་འབོད་བསྐུལ་དང་འབྲེལ་མ་འོངས་བོད་ཀྱི་སོན་རྩར་གླེང་བའི་སློབ་ཕྲུག་འདི་དག་གི་ཆེད་དུ་རྩོམ་ཡིག་དང། ཁྲིད་ཐབས། སྐད་ཡིག་སྦྱོང་ཐབས། རྩོམ་ཡིག་འབྲི་བའི་མྱུར་ལམ་སོགས་མདོར་ན་དྲ་ཚིགས་འདིའི་དགོས་དམིགས་ཇི་བཞིན་སློབ་ཕྲུག་དང་དགེ་རྒན་ཉིས་ཆར་ཕན་པའི་བརྩམས་ཆོས་རེ་སྤེལ་རོགས་་གནང།
དེ་ཡང་ྋགོང་ས་མཆོག་གི་ཐུགས་བསྐྱེད་ལྟར་ཕྱོགས་སུ་མ་ལྷུང་བའི་ལྟ་ཚུལ་དང༌། འཛིན་ཚུལ། གླེང་ཚུལ་སོགས་གང་ཞིག་ཡིན་ཀྱང༌། དྲང་བདེན་དང༌། དཔྱོད་ཤེས། བྱམས་བརྩེ། བོད་ཞེན་ལྡན་དགོས་པ་གཞིར་རྩར་བཟུང་ནས་ད་གཟོད་ང་ཚོས་སློབ་ཚན་གྱི་བར་གསེང་ནས་“དགེ་སློབ་གླེང་སྟེགས”ཞེས་པའི་དྲ་རྒྱ་འདིའི་སྒོ་མོ་ཕྱེས་པ་ཡིན།
སུ་ཡིས་དྲང་བདེན་དང༌། གནས་ལུགས། མཉེས་གཤིན་གྱི་སྐད་ཆ་བཤད་ན། དེ་ཡིས་ཡིན་ལུགས་དཔྱོད་པའི་བགྲོ་གླེང་གི་ཁོར་ཡུག་གཙང་མ་ཞིག་བསྐྲུན་ཐུབ་ལ། སུ་ཡིས་མགོ་བདེ་དང༌། དྲན་འཕྲུལ། ཕྲག་དོག ངར་སེམས་ཆེན་པོས་གླེང་གཞི་སྤེལ་ན་དེའི་རིགས་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པའང་ཆོས་ཉིད་ཡིན།
ང་ཚོས་གོང་དུ་བརྗོད་པའི་རྒྱུ་འབྲས་ཆོས་ཉིད་ཀྱི་རིག་པ་འདི་གཞི་བྱས་ནས་སློབ་ཚན་གྱི་བར་གསེང་དང་གུང་གསེང་གི་ཆུ་ཚོད་སྤྱད་ནས་དྲ་གནས་འདིའི་རྩོམ་ཡིག་སྒྲིག་སྦྱོར་ལ་འབད་བརྩོན་བྱས་ཤིང༌། དམིགས་བསལ་སློབ་ཕྲུག་དབུས་བཞག་གི་འཁྲིད་ཐབས་དང། སློབ་མའི་བོད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་ཆེད་བོད་ཀྱི་སྨྱུག་ཐོགས་པ་ཡོངས་ཀྱིས་དགེ་རྒན་ལྟ་བུའི་ཚོར་སྣང་གི་ཕྱུག་པའི་རྩོམ་ཡིག་དང་བསླབ་བྱ་གང་མང་ཞིག་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན།
དགེ་སློབ་གླེང་སྟེགས། http://www.gyelob.net
རྩོམ་ཡིག་བསྐུར་ཡུལ། gtsude@gmail.com
དགེ་སློབ་གླེང་སྟེགས་ཞེས་པའི་དྲ་ཚིག་གསར་པ་སྒོ་འབྱེད་གནང་བར་སྙིང་ཐག་པ་ནས་འཚམས་འདྲི་ཞུས་པ་དང་ཁྱེད་དྲ་ཚིག་འདིས་བོད་གངས་ཀྱི་དགེ་སློབ་ཡོངས་ཀྱིས་གཙོས་བོད་མི་རིགས་དང་བོད་རིག་གནས་ལ་ཤ་ཞེན་དང་དང་དོད་ཡོད་མཁན་རྣམས་ལ་ཞབས་ཞུ་མི་དམན་པ་ཞིག་བསྒྲུབ་ཐུབ་པའི་སྨོན་འདུན་ཞུ།
རྩོམ་འཁྱོག་རེ་ཨེ་འཁྱོངས་སོང་ན་ཁྱེད་དྲ་བར་སླུ་ཡོང་།
སྐུར་ཡོང་ཞེས་བཅོས་རོགས།
བོད་རིགས་ཚོས་རང་འགུལ་གྱིས་དྲ་ཚིགས་རེ་སྒོ་འབྱེད་བཞིན་པ་འདི་ནི་དགའ་འོས་བ་ཞིག་རེད།
དེ་ལ་རྗེས་སུ་ཡི་རངས་སོ། གོང་དུ་སྐུ་ཉིད་ནས་སློབ་ཕྲུག་དབུས་བཞག་གི་འཁྲིད་ཐབས་གསུངས་འདུག
འོན་ཀྱང་། ད་ལྟའི་བོད་གཞུང་གི་ཤེས་ཡོན་སྲིད་ཇུས་གསར་བ་དེའི་ནང་དུ་དགེ་རྒན་དབུས་བཞག་རེད་འདུག
འདི་གཉིས་ལ་བསམ་བློ་ཞིག་གཏོང་རྒྱུ་ཏན་ཏན་འདུག ཞིབ་འཇུག་བྱེད་རྒྱུ་ནི་དེ་བས་ཀྱང་འདུག
ངེད་རང་སྒེར་ལ་རྨོངས་འཆར་གང་ཡོད་པ་རྣམས་དུས་ཚོད་ཀྱི་ཁོམ་ལོང་དང་བསྟུན་ནས་། ཁྱེད་ཚོའི་དྲ་བར་བསྐུར་ཆོག
ཚང་མས་དགེ་སློབ་གླེང་སྟེགས་ཐོག་བོད་མི་རིགས་ཀྱི་སོན་རྩར་ཚོར་སྨན་པའི་དགོངས་ཚུལ་རེ་གསུངས་ཐུབ་ན།
ད་དུང་སློབ་གྲྭ་གཞན་དང་གཞན་ལ་ཡང་འདི་ལྟའི་གླེང་སྟེགས་ཤིག་བསྐྲུན་ཐུབ་ན། དེ་ནི་བོད་མི་རིགས་སྤྱི་ལ་སྨན་པའི་རྩ་དོན་ཞིག་མིན་ན་ཡང་། རྩ་དོན་སྒྲུབ་པའི་དགོས་མཁོ་ཞིག་རེད་སྙམ།།
དགེ་སློབ་གླེང་སྟེགས་ཀྱི་དྲ་ཚིགས་སྒོ་འབྱེད་བྱེད་པར་བཀྲ་ཤིས་བདེ་ལེགས་ཞུ།
ད་ནི་ང་ཚོའི་སློབ་གྲྭ་ཁག་གི་དགེ་རྒན་དང་སློབ་མའི་དགེ་སྐྱོན་གླེང་བ་ནི་ཀུན་སློང་རྣམ་དག་གིས་མི་མང་ལ་གོ་བརྡ་སྤྲོད་དགོས།
ལོ་ངོ་འགའི་ཡར་སྔོན་ནས་ཤེས་ཡོན་ཉམས་ཆག་ལ་འགྲོ་རྐྱེན་གཙོ་བོ་དགེ་རྒན་ལ་རག་ལུས་པ་རེད་ཞེས་གླེང་བ་དེ་རྒྱག་པོ་མ་བརྒྱབ་པར་ད་ལྟའི་བར་དུ་གཡུགས་པས་ཉེར་ལེན་གྱིས་མཐར་ཧ་གོ་དུས་ཧོང་ལོག་པ་སྡུག་གྱོང་བོད་མི་ས་ཡ་དྲུག་གིས་འཁུར་དགོས་བྱུང་བ་མཐོང་ཆོས་སུ་གྱུར་ཡོད།
ད་དོན་དག་ངོ་མ་གླེང་དགོས་དགའ། དྷ་སྟེང་བོད་ཁྱིམ་དམའ་རིམ་དགས་ལོ་ནས་ལོ་བསྟུན་ནས་སློབ་ཁྲིད་མི་བྱེད་པར་ཉི་མ་གང་འཁྱོལ་བྱས་པ་ཕྲུ་གུ་དེ་དག་གིས་བཤད་ཀྱིན་འདུག་གཱ
རྗེས་སུ་མིང་བཅས་ཡུན་གྱིས་བཤད་ཆོག གླེང་ཡ་མང་པོ་ཡོད།
བཀའ་ཁྲིར་འོས་པའི་ཝང་ལིས་ཞོན། E-mail
༢༠༠༩།༧།༡༥ ཉིན་བྲིས།
ཝང་ལིས་ཞོན་ཁོང་ནི་དགྱ་ནག་གི་རང་དབང་རྩོམ་པ་པོ་གྲགས་ཅན་ཞིག་རེད་ལ། དགྱ་ནག་གི་རྩོམ་པ་པོ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཁ་ཤས་ཡོད། རང་དབང་མེད་པའི་ཁྱིམ་ཚང་གཅིག་ལས་ཁོང་གི་འགྲོ་འདུག་རང་དབང་ཡིན་པ་དང་། འདས་ བའི་ལོ་དུ་མའི་ནང་ཁོང་གི་བོད་ཕྱོགས་ཀྱི་རྩོམ་ཡིག་གང་མང་སྤེལ་ཡོད་ལ་དེ་དག་གིས་ཤུགས་རྐྱེན་མི་དམན་པ་རེ་བོད་དགྱ་གཉིས་ཀྱི་ནང་བཞགས་ཡོད་པ་སྨྲོས་ག་ལ་དགོས། ད་དུང་ཝང་ལིས་ཞོན་དང་དེང་སྐབས་ཀྱི་བཀའ་ཁྲིའི་གསང་བ་ནི་བརྗོད་བཀའ་བའི་གནས་ཞིག་ཡིན་ལ། བོད་དགྱ་ཞི་མོལ་གྱི་ལམ་ཁ་ལ་ཝང་ལིས་ཞོན་གྱིས་ཕན་ཆེན་པོ་ཐོག་ཡོད་པར་བརྗོད་ཀྱི་ཡོད། ཉེ་བའི་ཟླ་འདིའི་ནང་ཁོང་བཙན་བྱོལ་སྤྱི་ཚོགས་ནང་འགྲོ་འདུག་ཐོག་པ་མེད་པ་དང་། ཆབ་སྲིད་ཀྱི་འགན་གཙོ་བཀའ་ཁྲི་གཙོས་པའི་མི་སྣ་དག་གིས་ཀྱང་ཁོང་གི་ཆེད་དུ་ཡོད་ཚད་ཕུལ་བའི་རེ་བཅོལ་འདི་ལས་ང་ཚོས་ཁོ་ལ་གདེངས་འཇོག་ཞིག་བྱེད་དགོས་ཀྱི་ཡོད་པ་དོན་དངོས་ཀྱི་གནས་ཚུལ་རེད།
འདི་ལྟར་ངས་བསམ་གཞིག་ཅིག་གིས་ཁོང་ནི་བོད་དགྱ་ཞི་མོལ་གྱི་ལམ་ཆེན་ཞིག་ཡིན་ནམ། ཡང་ ན་བོད་དགྱ་ཞི་མོལ་གྱི་ཟམ་པ་ཞིག་ཡིན་འདི་དག་ལས་དངོས་སུ་མཐོང་ཐུབ་པ་ནི་བོད་དགྱ་ཞི་མོལ་གྱི་ལམ་དབུ་མ་འདི་ནས་ཁོང་ནི་འདོར་མི་ཉན་པའི་མི་སྣ་གཅིག་པུ་ཡིན་པ་གསལ་བོར་མཐོང་།
ཉེ་བའི་བཙན་བྱོལ་བོད་གཞུང་གི་གནས་ཚུལ་ལ་གཞིགས་ན་བོད་རྒྱ་ཞི་མོལ་གྱི་ལམ་འདི་ནི་སྒྱུར་ཐབས་མེད་པའི་ལྡོག་མེད་ཀྱི་ལམ་ཁ་ཉག་གཅིག་པུ་དེ་ཡིན་ན་འདི་ནས་བོད་དགྱ་མི་རིགས་གཉིས་ཀྱིས་ལག་པའི་ནང་དུ་ལག་པ་དང་སེམས་པའི་ནང་དུ་སེམས་པ་བཞག་ནས་སྐད་ཆ་བཤད་དགོས་པ་ལམ་ཁ་འདིའི་དགོང་དོན་རེད། དེས་ན་ཁོང་ནི་འདི་ཕྱོགས་ཀྱི་ཆེས་ཕུལ་དུ་བྱུང་བའི་མི་སྣ་དེ་རེད། ཁོང་བཀའ་ཁྲིར་འདེམས་པ་ཡིན་ན་དོན་དངོས་ནས་རང་བཙན་རྩོད་ཀྱི་མེད་པའི་བདེན་དབང་རེད་ལ། ནམ་རྒྱུན་དགྱ་ནག་གིས་བརྗོད་བཞིན་པའི་མངོན་པ་མི་གསལ་བའི་རང་བཙན་དང་རྣམ་པ་འགྱུར་ བའི་རང་བཙན་སོགས་ཁོ་ཚོས་དོགས་པ་བྱེད་མ་དགོས་པར་བློ་བདེ་བག་ཕེབས་ཀྱི་ངོས་ནས་ཞི་མོལ་བྱས་ཆོག་པའི་དགེ་མཚན་ཡོད་པར་སྣང་།
བོད་ཀྱི་ཆབ་སྲིད་གནས་བབ་ཀྱི་མཁྱེན་དཔྱོད་ནི་ཁོང་གི་ད་བར་བྲིས་པའི་རྩོམ་ཡིག་དག་ལ་བསམ་གཞིག་ཞིབ་མོ་ཞིག་གནང་ན་ཁོང་གི་རྒྱུས་ལོན་ཙམ་མ་ཡིན་པར་གདན་ཐོག་གཅིག་ནས་ཡོངས་སུ་མཁྱེན་པའི་རྣམ་དཔྱོད་ཀྱི་མངའ་བདག་ཞིག་ཏུ་གྱུར་ཡོད་པ་གསལ་བོར་མཐོང་།
འོ་ན་ཁོང་ལ་བོད་པ་དག་གིས་གདེངས་འཇོག་ཅི་ཞིག་ཡོད་པར་བརྗོད་ན་ངས་གོང་དུ་བརྗོད་པ་ལྟར་ཁོང་གི་རྩོམ་ཡིག་དག་གི་ཤུགས་རྐྱེན་གྱིས་བོད་ཀྱི་ཤེས་ལྡན་མི་སྣར་རློམ་པ་གང་མང་ཞིག་གིས་ཁོང་ལ་རྒྱབ་བསྐྱོར་བྱེད་ཀྱི་ཡོད་པ་ཉེ་བའི་བཙན་བྱོལ་ནང་རྩོམ་པ་པོ་ཁ་ཤས་ཀྱིས་ངོ་རྒོལ་བྱས་པར་བོད་མི་དག་གིས་དགག་ལན་དང་སྡུགས་དམོད་ཡ་ང་བ་རེ་གནང་ཡོད་པ་འདི་ལས་བོད་མི་གང་མང་ཞིག་གིས་ཁོང་ལ་ཡིད་ཆེས་ཡོད་པའི་ངང་ཚུལ་མཚོན་ཐུབ།
བོད་ཀྱི་ལོ་རྒྱུས་ལ་བལྟས་ཏེ་བརྗོད་ན། འདས་པའི་བོད་ཀྱི་ལོ་རྒྱུས་གང་མང་ནང་བཙན་པོ་ཁྲི་སོང་ལྡེ་བཙན་དགྱ་ཚ་ཡིན་པའི་ངར་སྐད་ད་བར་སྒྲོགས་པ་མ་ཡིན་ནམ། དེ་ལྟར་ཡིན་ན་ཁོང་ཡང་བོད་ཀྱི་མག་པ་ཡིན་པས་འདི་གཉིས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་མེད་པར་སྙམ།
ད་ལྟའི་གནས་བབ་ནས་བརྗོད་ན། ང་ཚོའི་གཞུང་འདི་ནི་དམངས་གཙོ་ཡང་དག་ཅིག་ཡིན་པར་མ་ཎི་ལྟར་བགྲང་བཞིན་ཡོད་ན་ཁོང་ བཀའ་ཁྲིར་འདེམས་ན་ང་ཚོ་དོན་དངོས་ཀྱི་དམངས་གཙོའི་ཞིག་ཡིན་པ་གསལ་བོར་མཚོན་ཐུབ།
གང་ལྟར་གཙོ་བོ་ནི་དགྱ་ནག་གི་ང་ཚོར་ཡིད་ཆེས་བྱས་ནས་བཀའ་ཁྲིས་བརྗོད་པའི་རང་སྐྱོང་ལྗོངས་འདི་ཉིད་རྩོད་མཁན་ཞིག་དགོས་ཀྱི་ཡོད་ན་དེ་ཕྱོགས་ལ་ཁོང་ལྟ་བུའི་མི་སྣ་ཅིག་བོད་ཕྱི་ནང་གཉིས་ན་མེད་པ་མངོན་གསལ་རེད།
རྩོམ་པ་པོ་འོད་དཀར།
གོང་གསལ་གྱི་རྩོམ་ཡིག་འདིས་ཁྱེད་རང་ལ་ཚོར་སྣང་ག་རེ་འབྱུང་གི་འདུག ཞོར་དུ་འབྲེལ་མེད་ཀྱི་མཆན་བུའི་གྲས་སུ་བཀོད་པར་སྙིང་ནས་བཟོད་པར་གསོལ་ལོ་ཞུས་པ་ཡིན།
ཡེ་དགའ་ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་དམའ་རིམ་དགེ་རྒན་འགས་ཟླ་བ་ནས་ཟླ་བ། ལོ་ནས་ལོའི་བར་མ་འོངས་བོད་ཀྱི་བདག་པོ་བོད་ཕྲུག་རྣལ་མ་འདི་ཚོར་སློབ་འཁྲིད་མི་གནང་བར་ཉི་མ་གང་འཁྱོལ་བྱས་ཏེ་བསྡད་ཡོད་པ་རེད་ཟེར་བ་བདག་གིས་དེ་འདྲ་ཨེ་ཡིན་བསམས་ནས་ཅུང་བདེན་མིན་ལ་བཏང་སྙོམས་སུ་བཞག་ནས་ཉིན་འགར་ལུས་སོང༌།
དེ་རིང་དྷ་སྟེང་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ཞེ་དགུ་འཁོར་བའི་དུས་དྲན་སྲུང་བརྩིར་ྋདཔལ་ཀརྨ་པ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་བཀའ་སློབ་རིན་པོ་ཆེ་ཡོད་ལུགས་ཐོས། དེར་གྲོགས་པོ་འགའ་དང་བཅས་ཞལ་ལག་སྟབས་བདེ་རེ་བཟོས་ནས་ཕྱིན་པ་ཡིན། ངས་གནས་ཚུལ་དེའི་སྐོར་རྒྱུས་ལོན་བྱས་ཏེ་དངོས་ཡོད་གནས་ཚུལ་རྣམས་ཤེས་རྟོགས་གསལ་པོར་བྱུང༌། དེ་ནི་གོང་དུ་དགེ་རྒན་འགའ་ཞེས་པ་ནི་གློག་ཀླད་བདག་གཉེར་བའམ་དགེ་རྒན་བློ་བཟང་ཚུལ་ཁྲིམས་བཟའ་མི་གཉིས་དང༌། དོན་གྲུབ་བཟའ་མི་གཉིས་སོགས་ཡིན་པ་མ་ཟད། དམའ་རིམ་དགེ་ཆོས་མཛེས་མའམ་རྨོ་རྨོ་དེས་སོ་སོའི་ལས་འགན་ནམ་དགེ་རྒན་ལ་སྟེང་འཛིན་ལམ་སྟོན་ཧ་ཅང་སྐྱོ་བ་མ་ཟད། ད་དུང་ཕྱོགས་རིས་དང་མགོ་འཐོམ་ཡ་ཡོས་ཀྱིས་གོང་གི་དགེ་རྒན་བཟའ་ཚོ་མ་ཡུམ་བོད་ཁྱིམ་སློབ་གྲྭའི་སློབ་མ་ཟ་རྐྱ་འདི་ཚོས་ང་ཚོ་ཕ་མས་རེ་བ་སྟོང་ཟད་བཏང་བ་བདེན་པ་རེད། སྤྱིར་སློབ་ཁྲིད་ཀྱི་དུས་ཡུན་སྐར་བཞི་བཅུ་ཞེ་ལྔ་ལས་ཁོང་ཚོས་སྐར་མ་བཅུ་དང་བཅོ་ལྔའི་བར་འཛིན་གྲྭའི་ནང་འཁོར་ཙམ་བྱས་ཏེ་ད་ལྟའི་བར་ཕྱིན་པ་དང་ད་དུང་ཡང་འགྲོ་བཞིན་པ་རེད་ཟེར། གནས་ཚུལ་འདི་ཚོ་གོང་ནས་ཧ་གོ་གི་ཡོད་པ་རེད་དེ་མ་གོ་མདོག་མདོག་བྱས་པ་མ་ཟད། ཁོང་ཚོར་ངོ་ཚ་ཟེར་བ་དང་ལས་འབྲས་ཟེར་བ་གཏན་ནས་མེད་ལ། ང་ཚོའི་བོད་ཀྱི་ཨ་མ་ལགས་ཨ་མ་རྗེ་བཙུན་པདྨ་རྒས་ཡོལ་དུ་ཕྱིན་ནས་ལོ་ནས་ཟླ་བ། ཉིན་མ་རེར་སློབ་གྲྭ་འདི་དངོས་གནས་ཉམས་ཆག་དང་སྦྱོང་འབྲས་ལོ་རེ་ནས་ཞན་དུ་འགྲོ་བ་ནི་སློབ་གྲྭ་འདིའི་ཡན་ལག་ཁག་དྲུག་ལས་མ་ཡུམ་དྷ་སྟེང་སློབ་གྲྭ་འདི་ཡིག་ཚད་གྲུབ་འབྲས་སྐྱོ་ཤོས་ཡིན་ངས་བཤད་མི་དགོས་པར་ལོ་འགའི་གོང་ནས་ངོ་ཚ་མེད་པའི་དགེ་རྒན་ཁོང་ཚོ་དང་ཁོང་ཚོ་འདྲ་བས་བསྐྱལ་བ་རེད། གོང་གི་དགེ་རྒན་འདི་ཚོར་རང་གི་བྱིས་པ་མ་གཏོགས་གཞན་མི་དགོས་ལ། ད་ལྟའི་བར་དུ་སློབ་གྲྭ་འདིས་སྐྱོང་གཉོར་གྱིས་དགེ་རྒན་ཐེབས་ཆག་གི་མཚན་གནས་སུ་སླེབས་པའང་བརྗེད་ནས་རང་དོན་ཁོ་ན་མ་གཏོགས་བོད་རྒྱལ་ཁབ་དང་མི་རིགས། སོ་སོའི་མ་ཡུམ་སློབ་གྲྭར་ཤ་ཚ་རྦད་དེ་ཏིལ་འབྲུ་ཙམ་ཡང་མེད་ཀུན་ཐོས་ཀུན་གསལ་ཡིན། ཤུ། ད་དངོས་གནས་ང་ཚོའི་སློབ་གྲྭ་འདིར་ཤ་ཚ་དང་ལྷག་བསམ་ཅན་ཟེར་བ་ཕལ་ཆེར་ཉིན་མོའི་སྐར་མ་རེད། ཡིན་ནའང་ང་ཚོའི་སྤྱི་ཚོགས་དང་ཕ་མ་ཚོའི་མིག་ཞར་བ་དང་རྣ་བ་འོན་སོང་བ་འདྲ་བོ་བྱས་ནས་བསྡད་ཐུབ་པ་འདི་དངོས་གནས་ཡ་མཚར་རེད། གཅིག་བྱས་ན་སྙིང་རྗེ་ཁོང་ཚོས་སློབ་ཡོན་སྤྲོད་མི་པས་གོ་མེད་ཚོར་མེད་དུ་སྡོད་མེད་འགྲོ། ད་གང་འདྲ་སོ་སོའི་ཕྲུ་གུ་ཚོ་རང་རྐང་ལངས་ཏེ་རང་འགན་འཁུར་ཐུབ་པའི་རེ་བ་རྒྱག་གི་མེད་པ་འདྲ། རྗེས་མ་ལྷོད་ལྷོད་བྱས་ཏེ་བགྲོ་གླེང་ལྷུར་པོར་བྱས་ཆོག
དེ་རིང་སློབ་གྲྭའི་རུ་སྒྲིག་ལ་བལྟ་གི་འགྲོ་རྒྱུ་ཡིན།
སྤྱིར་བཏང་གིས་དངོས་ཡོད་ཀྱི་གནས་ཚུལ་མཚོན་པའི་སྐད་འདི་ཧ་ཅང་ཡག་པོ་ཞིག་དང་རྣག་ཐོག་གཙག་འཁེལ་ཞིག་རེད། འོན་ཀྱང་འདིའི་ནང་ལ་སྐྱོན་ཞིག་འདུག་སྙམ། དེ་ནི་ང་ཚོའི་ཕ་མ་ཚོའི་མིག་ཞར་བ་དང་རྣ་པ་འོན་སོང་བ་འདྲ་བོ་བྱས་ནས་སྡོད་ཐུབ་པ་འདི་ཡ་མཚན་ཞེས་པ་དེ་རེད། ངས་བསམ་ན་ཁོ་ཚོའི་མིག་ཞར་བ་དང་རྣ་བ་འོན་སོང་བ་ཡིན་རྒྱུ་མ་རེད། ཡིན་ཡང་ཁོ་ཚོའི་མིག་དང་རྣ་བ་མ་ཞར་མ་འོན་རུང་། ཞར་སོང་བ་དང་འོན་སོང་བ་གཅིག་པ་རེད། རྒྱུ་མཚན་ནི་རྡ་སྟེང་བོད་ཁྱིམ་ནང་གི་སློབ་ཕྲུག་ཚོ་མང་ཕྱོགས་ཀྱི་ཕ་མ་བོད་ནང་དུ་ཡོད་པས་དངོས་གནས་ཅི་ཁག ཁོང་ཚོའི་བཙན་བྱོལ་གཞུང་ལ་ཡིད་ཆེས་བློ་གཏད་ཤུགས་དྲག་ཅིག་གིས་འདི་ལྟར་བསྐྱལ་ཡོང་བ་ལས། གལ་སྲིད་དངོས་ཡོད་ཀྱི་གནས་ཚུལ་འདི་དག་མཐོང་ས་ན་ཡོད་རྒྱུ་ན་ཕལ་ཆེར་འདི་ལྟར་འཇོག་ཐུབ་རྒྱུ་མ་རེད་སྙམ། དེ་འདྲ་ཞིག་ཨེ་རེད།
ཡོན་བྷེ་ལགས། ཉིད་ཀྱི་བཤད་པ་དེ་གནས་ལུགས་མེད་པ་ག་ལ་ཡིན། བོད་ཁྱིམ་གྱི་སློབ་ཕྲུག་མང་ཆེ་བ་བོད་ནས་ཡོང་བ་དངོས་བདེན་ཡིན་པས། སློབ་གྲྭ་འདིའི་འགོ་འཛིན་སྐྱོང་པ་ནས་འོག་དགེ་རྒན་ཐེབས་ཆག་འདི་ཚོས་ངོ་མ་སྙིང་རྗེ་རྒྱུའི་ཕྲུ་གུ་སྣབས་ལུག་འདི་ཚོར། མི་ཚེའི་འགྲོ་འདུག་གི་ལམ་སྟོན་ཕར་ཞོག རང་འཁྲིའི་སློབ་ཁྲིད་ཀྱི་ཆུ་ཚོད་སྐར་མ་ཞེ་ལྔ་དེ་སྐར་བཅུ་དང་བཅོ་ལྔ་ལས་འཛིན་གྲྭའི་ནང་མི་འབྱོར་བ་དང་། དེ་ཡང་སློབ་ཁྲིད་གཏན་ནས་མི་བྱེད་པར་ཕྲུ་གུ་ཚོར་སྐད་ལོག་མིག་སྡང་གིས་བསྐྱལ་ནས་ཕྱི་ལོག་ཏུ་ཐོན་འགྲོ་མཁན་ནི་དོན་གྲུབ་དང་ཁོའི་བཟའ་ཟླ་རེད་འདུག དེ་ནི་ཉིན་རེ་འགའ་ཞིག་གཏན་ནས་མིན་པར་ལོ་ནས་ལོར་བསྐྱལ་བ་འདི་ངོ་མ་ཕྲུ་གུ་དང་ཁོ་ཚོའི་ཕ་མ་འདི་ཚོ་སྙིང་རྗེ་སྐྱེས་ཡུལ་ཞིག་རེད། དྲ་གྲོགས་རྣམས་ཐུགས་ཡིད་མི་ཆེས་ན་གོང་གི་གནས་ཚུལ་འདི་རྒྱུས་ལོན་ཞིག་བྱེད་དང་ཧ་གོ་གི་རེད། འདིའི་ལན་པ་དགེ་ཆོས་རྨོ་རྨོ་དེའི་བྱས་ཉེས་དང་ཕྱོགས་རིས་ལ་འབྲེལ་བ་མེད་པ་གཏན་ནས་མིན་པའང་མཁྱེན་དགོས་དང་། གནས་ཚུལ་དངོས་བདེན་འདི་ང་ཚོས་ཕྱོགས་གང་ས་ནས་གླེང་དགོས་པ་མ་བརྗེད་ཨཱ།
གོང་གི་ཅོང་བརྡའི་བཤད་པ་འདི་དངོས་གནས་ཡིན་ན། དུས་བབ་དྲ་ཐོག་ནས་ང་ཚོས་གནས་ཚུལ་ཞིབ་གླེང་བྱེད་དགོས་པ་མིན་ནམ། ད་དུང་དེ་ལས་མང་བའི་ངོ་ཚ་མེད་པའི་དགེ་རྒན་མང་པོའི་མིང་རག་ན། ང་ཚོས་དགེ་རྒན་འདི་དག་གི་བྱས་ཉེས་ཞིབ་འབྲི་དང་གནས་ཚུལ་ངོ་མ་རྣམས་ཡི་གེར་བཀོད་དེ་ཨ་མ་རྗེ་བཙུན་པདྨ་གཙོས་སྤྱི་ཁྱབ་ཡིག་ཚང་ལ་སྤྲད་ན། ཁོ་ཚོར་ཉེས་ཆད་དང་ལས་གནས་འཕོ་འགྱུར་གཏོང་པའི་རེ་བ་རྒྱག་དགོས།
ང་ཚོས་ག་ལེར་བལྟ་ཆོག་་་་་་་་་་་་་་་
དྲ་གྲོགས་སེ་རུ་ལགས་སུ་རེ་སྐུལ། ང་ལ་དུས་བབ་ཚང་གི་དྲ་ལམ་ལ་འཛུལ་ཆོག་པའི་གློག་འཕྲིན་ཁ་བྱང་པས་ཉིད་ཀྱིས་གོང་གི་ཅོང་བརྡའི་དྷ་སྟེང་བོད་ཁྱིམ་གྱི་དགེ་རྒན་ཐ་ཆད་གི་བྱས་ཉེས་ཐེར་འདོན་གྱི་གནས་ཚུལ་དེ་དུས་བབས་དྲ་ཐོག་ལ་འཇོག་རོགས་ཞུ། གནས་ཚུལ་དངོས་བདེན་ཡིན་མིན་རྗེས་སུ་ག་ལེར་གསལ་ཡོང་བ་ང་ཚོས་ཡུན་གྱིས་གླེང་མོལ་བྱེད་ཆོག་པ་དགོངས་འཇགས་འཚལ།
བཀྲ་ཤིས་བདེ་ལེགས་ཞུ།
དྲ་ཚིག་གསར་བ་དབུ་འབྱེད་བྱུང་བར་དགའ་བསུ་ཞུ།
རྡ་སྟེང་བོད་ཁྱིམ་གྱི་དགེ་རྒན་སྐོར་མང་པོ་ཞིག་དྲ་ཐོག་ཏུ་སྤེལ་འདུག་པ་ཡག་པོ་རེད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་བོད་ཁྱིམ་གྱི་འགོ་འཛིན་མང་ཆེ་བ་ཨིན་ཇིའི་སློབ་གྲྭ་སོགས་ནས་ཐོན་པ་སོང་ཙང་བོད་ཡིག་ཡག་པོ་མི་ཤེས་པས། ཁ་ནས་སྙན་སྙན་བཤད་བསྡད་པ་ལས་དོན་ངོ་མར་བོད་ཡིག་ལ་མི་དགའ་བའི་སྐད་ཅ་མང་པོ་གོ་ཡ་འདུག་ལ། བོད་གཞུང་གི་ཤེས་ཡོན་སྲིད་བྱུས་གཏན་འབེབས་འོག་འགྲོ་གི་མི་འདུག དེའི་སྐོར་དྲ་གྲོགས་ཚོས་དགོངས་ཚུལ་རེ་གསུངས་རོགས།
ཚུལ་ཁྲིམས་ལགས། དེའི་རྒྱུ་རྐྱེན་འཚོལ་ན་འདི་འདྲ་ཞིག་བསམ་བློ་གཏང་དགོས། དང་པོ་ཕ་མའི་སློབ་གསོ་དང་། གཉིས་པ་དགེ་རྒན་གྱི་སློབ་གསོ། གསུམ་པ་ཁོར་ཡུག་གི་ཤུགས་རྐྱེན། བཞི་པ་འཚོ་གནས་ཀྱི་གནད་དོན་བཅས་ལ་བསམ་གཞིགས་བྱས་ནས་རྒྱུ་རྐྱེན་འཚོལ་དགོས།
རིག་དོན་བཀྲིས་ལགས། དགེ་རྒན་དབུས་བཞག་དང་སློབ་ཕྲུག་དབུས་བཞག་གཉིས་ལ་འགྲེལ་བརྗོད་རེ་གནང་རོགས། ངས་དེ་གཉིས་ཀྱི་དགོས་དམིགས་ཤེས་མ་སོང་།