ཉེ་ཆར་ས་སྐྱ་ནས་ཁ་པར་འབྱོར་བར། ས་སྐྱ་དགོན་པའི་དཔེ་ཆ་ཚང་མ་བཏོན་ནས། ས་ཆ་གཞན་ཞིག་ལ་འཁུར་སོང་ཟེར། རེ་ཞིག་ཧོན་ཐོར་ནས། དེ་ཡིན་སྲིད་ཀྱི་མ་རེད། ཁྲིམས་མེད་ཀྱི་ལས་ཀ་དེ་འདྲ་བྱེད་ཨེ་སྲིད་ཅེས་ཁ་ནས་ཤོར་སོང་། ཡིན་ནའང་། རྗེས་མ་སྤྱི་ཚོགས་ཚན་རིག་ཁང་ལ་ཁ་པར་བཏང་ནས། དེའི་སྐོར་ལ་སྐད་ཆ་འདྲི་སྐབས། “ཀྲུང་དབྱང་གིས་སྒོར་མོ་མང་པོ་བཏང་ནས་ས་སྐྱ་དགོན་པའི་དཔེ་མཛོད་གསར་པ་བཞེངས་ནས། ད་ལྟ་དཔེ་ཆ་དེ་དག་ཁང་པ་གསར་པ་དེའི་ནང་དབོར་བ་རེད།” “རྒྱ་ནག་ལ་དབོར་མེད།”ཟེར།
དེའི་སྐོར་གྱི་གསར་འགྱུར་དྲ་ཐོག་ལ་བཙལ་ཀྱང་། http://tb.tibet.cn/news/xz_news/ttxw/201009/t20100907_625782.htm་ཐོག་ལ་དཔར་ཞིག་ལས་དེ་མིན་དེའི་སྐོར་གསར་འགྱུར་མཐོང་མ་བྱུང་།
ཁྱེད་ཚོས་དེའི་སྐོར་གོ་ཐོས་འདྲ་བྱུང་སོང་ངམ།
གསར་འགྱུར་བཀོད་པ་ཐུགས་རྗེ་ཆེ། གོ་བ་དང་འཚབ་བ་འཚུབ་བེ་དྲ་ངོས་དངོས་མའི་ཐོག་སོང་བ་ཡིན། སྡོམ་པས་དཔར་གསུམ་དང་གསར་འགྱུར་ཤོག་ངོས་གསུམ་འདུག ཤོག་ངོས་རེ་རེ་བཞིན་ཀློག་དང་དེ་ནས་གསལ་ཁ་ཡོང་གི་རེད། འོག་གི་གཡས་ངོས་ནས་ཨང་གྲངས་གཅིག་ནས་གསུམ་བར་དུ་ཡོད་པ་དེ༎ དེ་འབྲེལ་གྱི་ཤོག་ངོས་ཁ་གྲངས་རེད། དགོན་པ་གསར་བ་བཞེངས་པ་ཡིན་ས་རེད། དགོན་པ་གསར་བ་ཤིན་ཏུ་ནས་ཆེན་པོ་མཐོངས་ཡངས་པོ་རེད་འདུག་ཀ་དཔར་ལ་བལྟས་ནས། དཔར་ཐ་མ་དེ་དགོན་པ་གསར་བ་ཡིན་ཟེར་འདུག དཔར་གཉིས་པ་དེ་མི་དམངས་འདུས་ནས་དགོན་པར་སྒོ་འབྱེད་བྱེད་ཀྱི་ཡོད་ཚོད། འོ་ངས་ཡང་བསྐྱར་གཅིག་བལྟ། ཁྱོད་ཚོས་ཀྱང་གསར་འགྱུར་ལ་ཞིབ་ཚགས་པོ་ཞིག་བལྟས་འ།
གནས་གསར་བར་རབ་གནས་མཛད་པའི་མཛད་སྒོ་དངོས།
ཟླ༩བའི་ཚེས༥ཉིན་གྱི་སྔ་དྲོར། བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་ས་སྐྱ་རྫོང་དུ་ཡོད་པའི་གདན་ས་ཆེན་མོ་ས་སྐྱ་དགོན་པས་གསོལ་སྟོན་ཆེན་མོ་བཤམས་ཏེ། དགོན་པའི་ཐོས་བསམ་གླིང་གནས་སྤོས་པར་རབ་གནས་མཛད་པའི་མཛད་སྒོ་བསུས་པ་རེད།
ས་སྐྱ་བའི་གྲུབ་མཐའ་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེན་མོ་བཞིའི་ཡ་གྱལ་ཡིན་ལ། ས་སྐྱ་དགོན་ནི་གྲུབ་མཐའི་དེའི་དགོན་པ་ཐོག་མ་ཡིན། དུས་རབས༡༢བར་གསར་བཞེངས་གནང་བ་ནས་ད་ལྟའི་བར་དུ། ལོ་ངོ༩༠༠ལྷག་གི་ལོ་རྒྱུས་ལྡན།
ཤེས་གསལ་ལྟར་ན། དེང་སྐབས་རྒྱ་བསྐྱེད་ཟིན་པའི་ས་སྐྱ་དགོན་པའི་ཐོས་བསམ་གླིང་དེ་ནི་༢༠༠༥ལོའི་ཟླ་༥བ་ནས་བཟུང་ཞིག་གསོ་བྱེད་འགོ་བརྩམས་པ་ཡིན་ཞིང་། ལོ་ངོ་ལྔ་ཡི་རིང་ལ་ཁྱོན་སྡོམ་མ་དངུལ་སྒོར་ཁྲི༩༦༢ལྷག་བཏང་ཡོད་པ་རེད།
ཞིག་གསོ་བྱས་ཚར་བའི་ས་སྐྱ་དགོན་པའི་ཐོས་བསམ་གླིང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི༡.༢ཡོད་པ་དང་། ཁང་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༥༠༠༠ལྷག་ཡོད། ཐོས་བསམ་གླིང་གི་ཁང་པའི་ཨར་འདམ་ལ་སོགས་པའི་རྒྱུ་ཆ་ཡོངས་ཡུལ་དེའི་རྡོ་ཟེགས་ལ་སོགས་པར་བརྟེན་ནས་གྲུབ་པ་ཡིན་ཞིང་། རྡོ་ཤིང་འབུར་བརྐོས་དང་རི་མོའི་ཕྱོགས་ནས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་གྱི་ཁང་པའི་བཟོ་བཀོད་སྒྱུ་རྩལ་གཙོ་བྱས་ཏེ་དེང་རབས་ཀྱི་ཁང་པ་བཟོ་བའི་ལག་རྩལ་དང་སྦྱར་ནས་བཟོས་ཡོད་པས། ཁང་པའི་བཀོད་པ་ཡོངས་སུ་བོད་ཀྱི་སྲོལ་རྒྱུན་ཁང་པའི་བཟོ་བཀོད་ཀྱི་ཁྱད་ཆོས་ཞིག་མངོན་ཡོད་མ་ཟད། དེང་རབས་ཀྱི་ཁང་པའི་བཟོ་བཀོད་ཀྱི་ཁྱད་ཆོས་ཀྱང་ཞོར་དུ་མངོན་ཡོད་དོ། །
དེང་སྐབས་ཐོས་བསམ་གླིང་དུ་མཚོ་སྔོན་དང་སི་ཁྲོན་སོགས་བོད་ཁུལ་གྱི་དགོན་སྡེ་ཁག་ནས་ཡོང་བའི་དམའ་རིམ་དང་། འབྲིང་རིམ། མཐོ་རིམ་གྱི་རིམ་པ་གསུམ་ལྡན་པའི་སློབ་མ་༢༠༠ལྷག་ཡོད་པ་རེད།
༼གསར་འགྱུར་ཡོངས་སུ་རྫོགས་པ་གོང་འཁོད་རྣམས་རེད། ཁྱོད་ཚོས་གློག་གླད་ནང་དུ་མི་ཡོང་ན་ངས་འདིར་བཀོད་ཡོད༽
སྐད་གྲགས་ཅན་གྱི་པོ་ཏི་ཨ་ལོང་མ་མ་བོར་ན་འགྲིག
ད་རང་ལག་ལ་མེད་དུས་ཅི་ཡིན་ནའང་དཀའ་མོ་རེད་འདུག
ཐུགས་རྗེ་ཆེ། གསལ་པོ་འདུག་
ཐུགས་རྗེ་ཆེ། གསལ་པོ་འདུག
ཆོས་དབྱིངས་སྒྲོལ་མ།
བོད་ལ་རྒྱུ་མཚན་མང་ཉུང་ལ་མ་ལྟོས་པའི་རྒྱུ་མཚན་ལ་བརྟེན་ནས་ཕོ་མོའི་བར་དུ་ཁྱད་པར་དབྱེ་དང་འབྱེད་བཞིན་པ་ངོས་ལེན་བྱས་ཡོད། དེ་ནི་མི་ཆོས་གཙང་མ་བཅུ་དྲུག་ནང་ན་བུད་མེད་ཀྱི་ཁ་ལ་མི་ཉན་པ་འདི་གཅིག་རེད། དེ་ལས་གཞན་ཁྲིམས་ཐོག་ནས་སྐྱེས་པ་དང་བུད་མེད་སྐོར་དམིགས་བསལ་བའི་དབྱེ་འབྱེད་བྱེད་པའི་ཁྲིམས་ཞིག་ཨ་ཡོད་ན། ནང་ཆོས་ནས་བསམ་ན་དེ་འདྲའི་ཁྱད་པར་འབྱེད་པ་གཏན་ནས་མེད། དེའི་སྐོར་གོང་ན་ཞུས་ཟིན་པས་ཨ་བཤད་ཡང་བཤད་མི་བྱ།
ངའི་ལྟ་བ་ལ་ཡང་ཕོ་མཆོག་མོ་དམན་གྱི་བསམ་ཚུལ་ལ་སྡང་མཁན་ཞིག་ཡིན། རྡ་སར་བོད་ཀྱི་མཛངས་མའི་འགྲན་སྡུར་སོགས་ཀྱི་སྐོར་ལ་ངས་མཆན་བུ་ཁ་ཤས་བཏབ་ཡོད་པ་དེ་ལས་ཁྱེད་ཀྱིས་མཁྱེན་ཐུབ།
ཡིན་ནའང་བུད་མེད་ལ་ཐོབ་སྟངས་མིན་འདུག་ཅིག་ཅིག་ཉིག་ཉིག་མང་པོ་བཤད་པ་འདི་ཡང་ངའི་རྣ་བར་མི་འགྲོྲ
བུད་མེད་ལ་འདི་བྱེད་མི་ཆོག་ཟེར་མཁན་ཁྲིམས་དང་སྒྲིག་འཛུག་བཙན་བྱོལ་ནང་མེད་པ་ངས་ཁས་ལེན་ཐུབ།
དེ་བས་རང་གི་འཇོན་སྟངས་སྟོན་ནས་སྤྱི་ཚོགས་ནང་བུད་དགོས་པ་ལས་སྡུག་ཡུས་འདྲེན་པས་ཕན་པ་མེད་ལགས།
བོད་ཀྱི་བུད་མེད་རྒྱལ་ལོ།།
ཤིན་ཏུ་དགོངས་དག
མཆན་བུ་བཏགས་ས་ནོར་འདུག
མགྱོགས་མྱུར་དཔེ་ཆ་དེ་དག་སྤར་ལ་ཁོད་ན་ལེགས་སོ།