འཕན་པོ་སྐལ་ལྡན་གྱིས་འོས་སྦྱོར་བྱས།
སྙེ་མོ་རྒྱལ་བྱེད་དགོན་པའི།།
ཆོས་མཛད་ཧ་ལོའི་མེ་ཏོག།།
སྤོས་ལ་དྲི་མ་མི་འདུག།།
དྲིང་སྟེ་ཁ་ལ་བཞུགས་ཤིག།།
ཙི་ཙི་རྫ་མའི་ནང་ལ།།
དགའ་འབྲས་གཉིས་ཀྱིས་བཅུག་སོང་།།
རྫ་མའི་ཐེམ་བུ་བརྟོལ་མཁན།།
ཐོན་པའི་མདའ་དཔོན་སྐུ་ཞབས།།
ལྕང་མ་མི་སྐྱེས་རྒུ་སྐྱེ།།
རྩིག་པའི་སེང་ལ་སྐྱེས་ཤག།།
དེ་ལ་རྩ་སྤོས་རྒྱག་མཁན།།
སྣང་བ་འཁྲུལ་རོགས་མིན་ནམ།།
རི་བོང་མགྱོགས་འདུག་མ་ཟེར།།
རུས་སྦལ་བུལ་གྱིས་མ་གསུངས།།
བང་འགྲོས་ཅན་གྱི་རྟ་ཕོར།།
བརྩོན་འགྲུས་ལྕག་གིས་བསྐུལ་མཛོད།།
སྐབས་ཤིག་འོད་མའི་ཚལ་ན།།
རྨ་བྱ་དཔུང་གདང་ཤིག་ཤིག།།
དཔོན་པོའི་སྒྲོ་གདོང་ཉན་པ།།
གདོང་མཐའ་རེ་རེ་གཉིས་གཉིས།།
ས་བཅུའི་དབྱིངས་སུ་བཞུགས་པའི།།
དམ་ཅན་རྡོ་རྗེ་ལེགས་པ།།
མཐུ་དང་ནུས་པ་ཡོད་ན།།
བསྟན་པའི་དགྲ་བོ་སྒྲོལ་ཅིག།།
ཁ་ཆུར་ཡུལ་ནས་ཐོན་པའི།།
ཤིང་ཏོག་མངའ་རིས་ཁམ་བུ།།
བོད་ལ་ལོ་གསུམ་ཁམ་བུ།།
སྨིན་རྒྱུ་མེད་པ་མ་རེད།།
ཁམ་བུ་ཁ་ལ་ཞིམ་པ།།
མེ་ཏོག་མིག་ལ་མཛེས་པ།།
འདེབས་རྩོལ་མཛེས་ལྡན་ལྷ་མོའི།།
ཞལ་མཇལ་ཡང་ཡང་གནང་དང་།།
མཁར་ཁ་རྒྱ་མཚོའི་སྐུ་ངོས།།
ཐུགས་ལ་ག་རེ་དགོངས་བྱུང་།།
མཛེས་པའི་ལྷ་ལྕམ་བཞག་ནས།།
ཚོང་པའི་བུ་མོ་ཉར་བཞག།།
སྦྱིན་བདག་བླ་མ་དཔོན་པོའི།།
སྤྱན་ལ་འཇུག་ལོས་མ་གཏོགས།།
ས་རྡོ་སྒལ་རྨ་ཐོན་ཐོན།།
དབོར་དང་མ་དབོར་མི་འདུག།།
བརྒྱབ་པའི་ཐེའུ་ནག་ཆུང་།།
གསུང་སྐད་འབྱོན་ནི་མི་ཤེས།།
འཕྲེད་དང་གཞུང་གི་ཐམ་རིས།།
སོ་སོའི་སེམས་ལ་བསྐོར་ཞིག།།
སྐབས་ཤིག་སྤྱན་བསལ་གླིང་གར།།
སྤྱན་གཟིགས་སྣ་མིན་སྣ་ཚོགས།།
གསུང་གཞས་སྙན་འགྱུར་ཕྱོགས་ལ།།
འཇོལ་མོའི་གོང་ལ་མི་འདུག།།
རྨེ་རུ་རྙིང་པའི་ནང་ནས།།
གསའ་མ་གཟིག་ཅིག་ཐོན་བྱུང་།།
ཐལ་སྤུངས་སྒང་གི་འགྲུལ་མཚམས།།
ཉི་མའི་གུང་ལ་ཆོད་སོང་།།
སྐུ་ཞབས་སྤྱི་མདའ་ཕེབས་སོང་།།
དཔྱིད་ཉི་རིང་མོ་ཤར་བྱུང་།།
དྲི་མེད་ཀུན་ལྡན་འཁྲབ་ནས།།
བཞི་སྡེ་སྦྱིན་པར་བཏང་སོང་།།
མི་ཆེན་དཔོན་པོའི་བཀའ་ཤོག།།
བཏང་བའི་མདའ་མོ་འདྲ་ཞིང་།།
བཀའ་ལ་གྱེན་ལྡོག་མི་ཞུ།།
དེ་སྔའི་ཡ་རབས་གཞུང་བཟང་།།
སྣམ་འབོག་སེར་པོ་བསྣམས་པའི།།
ཕོ་བྲང་ཆིབས་གཡོག་བགྲེས་གཞོན།།
ད་ཞོགས་བར་བསྐོར་ནང་ལ།།
ཆིབས་དྲིལ་གསུང་སྐད་སྙན་བྱུང་།།
ཞོགས་པ་ལྷ་བྱ་བཞིན་དུ།།
ཕོ་བྲང་ནང་ལ་འཐད་ཀྱིས།།
ཕྱི་དྲོ་འདྲེ་བྱ་བཞིན་དུ།།
ཡ་མོན་ནང་ལ་ཕེབས་ཀྱིས།།
ཁྲི་སྨོན་བྱ་ཕོ་ཡིན་ཟེར།།
དགེ་འཕེལ་དབུ་རྩེར་འཐད་སོང་།།
བྱ་ཕོས་བྱ་སྐད་བརྒྱབ་པ།།
ནམ་ཚོད་ཐིག་པོ་བྱུང་སོང་།།
མ་གནང་ཞུས་པར་མི་གསན།།
༸མི་རྗེ་༸ས་དབང་ཆེན་མོ།།
གཤམ་ཐབ་དཀར་པོ་བཞེས་ཏེ།།
སྨྱོ་འཆམ་བསྐྱོན་ནས་གང་ཡོང་།།
དྲུང་རིགས་སེར་སྐྱའི་ཁྲོད་ན།།
༸མི་རྗེ་མཁན་རྩིས་རྣམ་གཉིས།།
ཆབ་རྫིང་གླིང་གའི་གསེབ་ཏུ།།
རྒྱ་མགོ་ཉུང་རྡོག་འབྲེག་འབྲེག།།
སྟོང་གསུམ་སྐད་ཀྱིས་ཆོད་པའི།།
མདོ་སྤྱི་༸ས་དབང་ཆེན་མོ།།
ཆིབས་ཡོབ་ཞབས་བཅགས་ཙམ་གྱིས།།
དགྲ་མགོ་ཟིལ་གྱིས་གནན་སོང་།།
སྔར་སོང་སྔ་མོའི་སྐུ་དྲག།།
སྟག་གཟིག་དོམ་དྲེད་ཇི་བཞིན།།
ད་ཆ་ཕར་བ་སྤྱང་ཀིས།།
ཆབ་སྲིད་རླུང་ལ་བསྐུར་ངེས།།
འདོད་ཁམས་དབང་དུ་བསྒྱུར་བའི།།
མ་གཅིག་དཔལ་གྱི་བླ་མཚོ།།
ལྐོག་གྱུར་གསལ་བར་སྟོན་པའི།།
གཏན་ཚིགས་བོད་ལ་ཁྱབ་བྱུང་།།
རྟ་ལམ་སྒོར་མོའི་ནང་གི།
སྒེར་གཡོག་སྤུ་ཕྲུག་ལོང་འབྱར།།
སོག་ཞྭ་སྔས་ལ་བརྒྱབ་ནས།།
རྨི་ལམ་ག་རེ་བཏང་བྱུང་།།
ཀ་ཁ་ག་ང་སློབ་དུས།།
དགེ་རྒན་བཀྲིན་ཆེ་སོང་།།
མགོ་ལ་སྦྱང་ཤིང་གཞུ་དུས།།
སྙིང་གི་དཀྱིལ་ལ་ཟན་བྱུང་།།
མཁར་རྡོ་བླ་མའི་སྐུ་ཞབས།།
ངར་ངར་ཕད་ཕད་མ་གནང་།།
གསང་ཡིབ་བུ་མོ་ཆོས་སྒྲོན།།
སུས་ཀྱང་འཕྲོག་དྭོགས་མི་འདུག།།
འཇམ་དབྱངས་གོང་མའི་དྲུང་ཞེས།།
དག་སྣང་དགའ་ཉེར་བསྟེན་ཀྱང་།།
ཐབས་ལམ་གང་ཐོན་སྒོ་ནས།།
བོད་ལ་ཟ་ཁ་གདངས་འདུག།།
དམ་ཚིག་སྡོམ་པའི་བཀའ་མོལ།།
ཆེ་ས་ཡ་ནས་གློད་དུས།།
རྒྱ་ཁམས་བླ་འོག་མ་འདུས།།
བསྟན་སྲིད་གོད་ཆག་ཉག་ཅིག།།
ཀ་ཤོད་ཐོག་ཁའི་སྒང་ནས།།
གསེར་གྱི་འུར་རྡོ་གཞུས་ཏེ།།
ཡབ་གཞིས་ལྷ་ལྕམ་སྐུ་ཞབས།།
དཔྱི་འགོ་གཡས་པ་བཅགས་སོང་།།
ཀ་ཤོད་ལ་ཆ་མགོ་ལ།།
ལྔ་བརྒྱའི་སྤྲ་ལྕོག་བརྒྱབ་ནས།།
སུམ་བརྒྱའི་གྭའུ་ཞིག་བཏགས་ཏེ།།
དམར་འབོལ་སྒང་ལ་མཆོང་སོང་།།
ཕུ་དཀྲུགས་མདའ་དཀྲུགས་བཟོ་མཁན།།
བདུད་ཕྲུག་མིན་ན་གང་རེད།།
རྭ་ཕོ་བསད་པའི་སྡིག་གླར།།
རྫོང་དང་མི་དཔོན་བསྐོས་སོང་།།
ལྷ་སའི་ཡ་རི་མ་རིས།།
མོག་མོག་ཐང་གཞི་བཅག་སོང་།།
ངོ་ལྐོག་གནོན་ཤུགས་སྒོ་ནས།།
རྩ་བའི་བླ་མ་སྟོར་སོང་།།
ཀ་ཤོད་ཐོག་ཁའི་སྒང་ནས།།
གསེར་གྱི་འུར་རྡོ་གཞུས་ཏེ།།
ཡབ་གཞིས་ལྷ་ལྕམ་སྐུ་ཞབས།།
དཔྱི་འགོ་གཡས་པ་བཅགས་སོང་།།
?
ར་ཡི་རྩིབ་མ་བཅག་སོང་། སྟག་ལ་གླ་རྩི་སྦྱིན་སོང་། ཀླུ་ལ་འབུལ་རྒྱུ་མེད་ན། ཡབ་ཀྱི་ཟིང་རྟ་ཡོད་རེད།
བོད་ལ་སྐྱིད་པའི་ཉི་མ།
ཀོང་པོའི་ཡུལ་ནས་ཤར་བྱུང་།
རྡོ་རིང་ལྷ་ལྕམ་ལགས་ཀྱི།
རྐུབ་ལ་དུ་ཞག་འཁོར་འདུག
ཀོང་པོ་ཨ་མཐར་དམག་དཔུང་།
དམག་ལ་མཐོན་བཞིན་ཡོད་པས།
རྒྱལ་རྩེ་ཕོ་གཞོན་མོ་གཞོན།
ཕར་བཤིག་ཚུར་བཤིག་གནང་ཤིག
འཇམ་པོའི་བལ་ལས་བཟོས་པའི།
འུར་རྡོ་ཆུ་མིག་དགུ་སྒྲིལ།
པེ་ཅིང་གཞུང་ནས་རྒྱབ་པ།
ལྷ་སའི་གླིང་དུ་བབས་བྱུང།
རྒྱ་གུང་ཁྲན་དྲིན་ཅན་ཕ་མ་རེད།
དངུལ་དཱ་ཡངས་ཆར་པ་བབས་བབས་རེད།
ང་ཕོད་ངར་ནས་ཕྱིན་སོང།
མདོ་ཁམས་ཕུང་དུ་ཕྱིན་སོང།
ཟུར་གཡུ་ཟུར་ནས་བྲོས་སོང།
ཐེ་ཝན་མགོ་རྟག་ཞུས་སོང།
༄༅། སྐྱག་རྫུན་མི་བཤད་དགུ་བཤད། ཀླ་ཀློ་དམར་པོས་བཤད་དེ།
བོད་ལྗོངས་མདོ་དབུས་ཁམས་གསུམ། བཙན་པོས་འཕྲོག་ནས་ཟས་སོང།
བརྩེ་བའི་གཞས་ཆུང་ཕྲ་མོ། ཆུ་མོའི་གཞུང་ལ་བླངས་སོང།
ཆུ་མོའི་དངས་ཤ་ཞིག་ལ། དུང་བའི་སེམས་པ་འཁོར་ཡོད།
རྒྱ་ལམ་འགྲུལ་པས་བལྟས་ན། བྲག་ལ་ཆུ་ལོ་སྐྱིད་པ།
ཆུ་ལོ་ང་རས་བལྟས་ན། བྲག་ལ་རླུང་པོ་སྡང་བ།
དྷ་སའི་དམངས་གཞས།
་
བློ་སྤེན་རྣམ་གཉིས་འཁྲུགས་སོང་། །
བློ་སེང་སྲིད་སྐྱོང་ཐོབ་སོང་། །
བློ་སེང་ལན་གཉིས་ཐོབ་སོང་། །
སྤེན་ཚེ་༸སྐུ་ཚབ་ཡིན་དུས། །
མི་དཀར་ཞྭ་ནག་གཡོག་སོང་། །
ད་དུང་བདེན་དཔང་ཡོད་ན། །
ཁྲིམས་སྒོ་རྡུང་ཤོག་ཟེར་ཙང་། །
སྤེན་ཚེས་ཁྲིམས་བཙུགས་བྱས་ནས། །
ཁྲིམས་རྩོད་ལས་དོན་ཚུགས་སོང་། །
བློ་སེང་ཁྲིམས་རྩོད་ཁ་སྟོང་། །
བདེན་དཔང་དགོས་ན་ད་དུང་། །
ཟླ་གསུམ་རྒྱང་རོགས་ཞུས་སོང་། །
ཁྲིམས་དཔོན་ནུས་མེད་ཁོས་ཀྱང་། །
རྗེས་ལ་ཕྱིར་གྲགས་བསྒྲགས་སོང་། །
་
བོད་སྐད་དང་བོད་ཡིག་སྦྱོང་ཕྱིར་བྲིས་པའོ།།
ལྷ་ལྕམ་དེ་འདྲའི་དཀར་ར། །
ལྷ་སའི་སྐུ་དྲག་བུ་མོ། །
ལྷ་སའི་ལྷ་ལྕམ་མཛེས་ཀྱང་། །
ཤེལ་སྒོའི་ནང་གི་མོག་མོག །