རྒྱལ་གཤེན་བོན་སྒྲ།
༅༅།། མཁྱེན་དཔྱོད་རབ་ཡངས་རྒྱ་ཆེའི་ཞང་བོད་ཀྱི་རྩོམ་པ་པོ་རྣམས་ལ་ཆེད་ཞུ།
ཕྱི་ལོ་༢༠༡༦ ལོ་ནས་བཟུང་རྒྱལ་གཤེན་བོན་སྒྲའི་ངོས་ནས་«ཞང་བོད་རྩོམ་རིག་ཕུལ་བྱུང་བྱ་དགའ།»འབུལ་རྒྱུ་ཡིན་ཞིང་། ཐེངས་དང་པོའི་འགྲན་རྩོམ་གྱི་ཁོངས་སུ་ཞང་ཞུང་གི་ས་སྐོར་ལ་དཔྱད་པའི་དཔྱད་རྩོམ་{༢}ལ་ཨང་དང་པོ་དང་གཉིས་པ། ཞང་ཞུང་རྒྱལ་རྒྱུད་ཀྱི་ཆེ་བ་དང་མཛད་རྗེས་བརྗོད་པའི་སྙན་རྩོམ་རིང་མོ་{༢}ལ་ཨང་དང་པོ་དང་གཉིས་པ་བཅས་རྩོམ་ཡིག་འབྱོར་ཚད་ཀྱི་ནང་ནས་ཚན་པ་གཉིས་སུ་ཕྱེས་ཏེ་བརྒྱ་ཆ་རྩེ་བཏོག་ཞུ་རྒྱུ་ཡིན་ཞིང་།
རྩོམ་ཡིག་འགྲན་བསྡུར་གྱི་དཔྱད་འདེམ་པར་མཚོན་ན། ད་ཆར་རང་རེའི་ཞང་བོད་ཀྱི་རྩོམ་རིག་གར་སྟེགས་ཐོག་ཆེས་གཟེངས་སུ་མཐོ་བའི་བོད་ཕྱི་ནང་གི་རྩོམ་པ་པོ་དང་། དཔྱད་བརྗོད་པ། རྩོམ་སྒྲིག་པ་སོགས་མདོར་ན་གཟུ་བོར་གནས་པའི་མཁས་དབང་འགའ་ལ་རྩོམ་པ་པོའི་མཚན་མི་གསལ་བའི་སྒོ་ནས་དཔྱད་རྩོམ་ཕུལ་ཏེ་བརྒྱ་ཆའི་ཕྱོགས་བསྡོམ་ཞུ་རྒྱུ་སོགས་དཔྱད་འདེམ་གྱི་བྱ་བ་གང་ནས་བལྟས་ཀྱང་འདྲ་མཉམ་དང་དྲང་བཞག་གི་རྩ་དོན་གཙིགས་སུ་བཟུང་ནས་སྤེལ་རྒྱུ་ཡིན།
འགྲན་རྩོམ་གྱི་མཐའ་མའི་གྲུབ་འབྲས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་ནོར་༧དཔོན་གསས་བླ་མ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཏེ་བོད་ཟླ་༥ ཚེས་༡༥ ཉིན་དབྱིན་བོད་རྒྱ་གསུམ་གྱི་ལམ་ནས་ཡོངས་ཁྱབ་གསལ་བསྒྲགས་ཞུ་འཆར་ཡིན།
སྤྱིར་འགྲན་སྡུར་རྩོམ་ཡིག་གི་བདག་དབང་རྩོམ་པ་པོ་སྐུ་སྒེར་ལ་ཡོད་ན་ཡང་། རྒྱལ་གཤེན་བོན་སྒྲའི་ངོས་ནས་འགྲན་རྩོམ་གྱི་ཨང་ཐོབ་ཕྱིར་བསྒྲགས་མ་ཟིན་བར་དུ་རྩོམ་ཡིག་རྣམས་དྲ་རྒྱ་དང་དུས་དེབ་སོགས་གཞན་གང་དུའང་མི་སྤེལ་རོགས་ཞུ་རྒྱུ་དང་། ཐེངས་དང་པོའི་འགྲན་རྩོམ་པ་རྣམས་ཀྱིས་ཕྱི་ལོ་༢༠༡༦ ལོའི་ཟླ་བ་༥ ཚེས་༡ ཚུན་རང་རྩོམ་གློག་ཀླད་དུ་བཅུགས་ཏེ་རང་གི་ལོ་རྒྱུས་ཐུང་ངུ་རེ་དང་སྐུ་པར་རེ་བཅས་གཤམ་གསལ་རྒྱལ་གཤེན་བོན་སྒྲའི་གློག་འཕྲིན་བརྒྱུད་གནང་རོགས་ཞུ་ཞུ། །
དྲ་ཚིགས། www.gyalshenbondra.com
རྩོམ་ཡིག་བསྐུར་ཡུལ། gyalshenbondra@gmail.com
བོད་ཞང་ཟེར་བའམ། ཏི་སེ་རྟགས་མ་ལྟ་བུ་ནི་མཐུན་སྒྲིལ་ཡོང་གཞི་རེད། དེ་མ་གཏོགས་རྒྱ་གཞུང་གི་འཆར་འགོད་ལྟར་ང་ཚོ་དེའི་ནང་མཆོངས་པ་ཡིན་ན་བརླག་ཡ་དེ་ཞང་རེད་ལ་བོད་ཀྱང་རེད། ངས་རིག་གཞུང་སྐོར་མི་ཤེས། འདི་ནི་སེམས་གཏམ་ཡིན།