འོས་སྦྱོར་པ། རེ་དབང་།
བོད་གཞས་༼འོད་ལམ་དེ་སྙིང་ལ་བཅང་༽ངམ་དབྱིན་སྐད་ནང་།(Never lose the light)མིང་དུ་བཏགས་པའི་གཞས་དེ་ད་ལྟ་ཝེར་ནམ་(Vietnam)རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་ལམ་ནང་བཏང་ཡོད་པ་ང་ཚོས་དངོས་སུ་མཐོང་ཐུབ་པ་དེ་ནི། རྒྱལ་སྤྱིའི་ཐོག་སྐད་གཞན་ཐོག་བཏང་པའི་བོད་གཞས་ཐོག་མ་ཡིན་པར་ངོས་འཛིན་བྱས་ཆོག་སྙམ།
དེ་ཡང་༢༠༡༢ ལོར་ཉེའུ་ཡོག་ཏུ་གཉེར་བའི་སོ་ར་ཀུ་སའི་གོ་ལ་གཅིག་གི་གཞས་ཚོགས་(one world concert Syracuse New York)ནང་དུ། དང་ཐོག་གཞས་《འོད་ལམ་དེ་སྙིང་ལ་བཅང་།》གཏོང་རྒྱུ་གཏན་འཁེལ་བྱས་ཡོད་ཀྱང་། རིང་མིན་ཆབ་སྲིད་ཀྱི་ནང་དོན་ལ་སྒྲོ་བཏགས་ནས་བཙན་ཐབས་ཀྱིས་བཀག་འགོག་བྱས་པ་རེད། གོ་སྒྲིག་པས་བཤད་དོན་ནི་བཀག་འགོག་བྱེད་པའི་རྒྱུ་རྐྱེན་དེ་རྒྱ་ནག་གཞུང་གི་གནོན་ཤུགས་རྐྱེན་པས་ཡིན་སྐོར་བཤད་འདུག རྒྱུ་མཚན་དེ་ལ་བརྟེན་ནས་གཞས་ལ་བཙན་ཐབས་ཀྱིས་བཀག་པའི་བོད་གཞས་ཤིག་ཅེས་འབོད་བཞིན་པ་ཡང་ཡིན།
བོད་ཀྱི་གཞས་མ་གཡུ་ལྷ་དང་། གསེར་ལྷ་གཉིས་ཀྱིས་གཞས་དེ་ཐོག་མར་དབྱིན་སྐད་ནང་གླུ་རུ་བླངས་འདུག སྙན་འཇེབས་ལྡན་ཞིང་། སྐྱོ་གདུང་མྱངས་བཅུག་ལ། ནང་དོན་ཟབ་ཅིང་དུས་བསྟུན་ཅན་གྱི་བོད་གཞས་དེ་རིམ་གྱིས་དྲྭ་ལམ་ཐོག་དུས་ཚོད་རིང་པོར་མ་འགོར་བར་རྒྱ་ཆེན་པོའི་ངང་ཁྱབ་སོང་།
http://www.youtube.com/watch?v=nzAp9nE9AnY
ཟླ་བ་དྲུག་ཙམ་གྱི་དུས་ཡུན་ནང་། གཅིག་ནས་གཞས་དེ་རྒྱ་སྐད་དང་། ཝེ་ནམ་སྐད། སེ་ཕན་སྐད་ལ་སོགས་པར་བསྒྱུར་ནས་མི་རིགས་གཞན་གྱི་གཞས་པ་གཞས་མ་ཁག་ཅིག་གིས་གཏོང་བའམ་ཡང་ན། གཞས་ཚིག་བསྒྱུར་ཡོད་པ་དེ་བརྙན་ལམ་ཐོག་བཞག་ཡོད་དུས། མི་རྣམས་ཀྱིས་ལྟ་བའི་སྐབས་གཟིགས་ཀློག་ཀྱང་བྱེད་ཐུབ་པ་བཟོས་འདུག གཉིས་ནས་དུས་ཡུན་དེའི་རིང་ཁྱོན་བསྡོམས་མི་འབུམ་གཅིག་ཙམ་གྱི་གཞས་དེ་ཉན་པ་་དང་། ལྟ་བ་སོགས་བྱས་དང་བྱེད་མུས་རེད་འདུག ང་ཚོས་བརྙན་འཕྲིན་ནང་གཏོང་བཞིན་པའི་གཞས་དེ་དྲྭ་ཐག་ཐོག་བལྟས་ན། གཞི་ནས་བོད་གཞས་ཤིག་མི་རིགས་གཞན་ཞིག་གིས་ཡིད་དབང་འཕྲོག་ཡོད་པ་དེ་ཡང་མཐོང་ཐུབ། དེ་དང་ཆབས་ཅིག་གཞས་གདངས་གོ་བ་དང་། གཞས་ཚིག་ཀློག་སྐབས། ངང་ངམ་ཤུགས་ཀྱིས་སེམས་ལ་གྲང་ཤུར་ཤུར་དང་སྐྱོ་ལྷང་ལྷང་། ཡིད་ཞུམ་ཞུམ་བྱེད་མུས་རེད། དེ་ནི་མི་རིགས་དེའི་སྤྱི་མཐུན་གྱི་ལས་དབང་ནང་གི་ལས་ངན་དེ་མཇུག་སྒྲིལ་མེད་པ་སེམས་པར་བཅངས་ཡོད་པས་ཡིན་པར་ངེས།
མཚམས་འདིར་གུས་པས་བཅོས་མིན་སེམས་ཀྱི་གཏིང་ནས་གཡུ་ལྷ་དང་། གསེར་ལྷ་ཁོང་གཉིས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་བྱུང་བ་དེར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཁོང་གཉིས་ཀྱིས་བོད་མི་རང་ཉིད་ཀྱིས་བརྩམས་ཤིང་བོད་མི་རང་ཉིད་ཀྱིས་བཏང་བའི་གཞས་དེ་ནི་ད་ཆ་འཛམ་གླིང་རིམ་པའི་གདེངས་ཆ་རུ་བསྐྱལ་ཐུབ་པ་དེ་ལ། གཟི་བརྗིད་དང་དགའ་སྤོབས་བྱ་དང་བྱེད་མུས་ཡིན།
ངའི་བསམ་པར་བོད་གཞས་འདི་རྒྱ་ཁྱབ་ཆེ་ཙམ་ཡོང་སླད་བོད་གཞས་དང་། བོད་གཞས་ལ་མཉེས་པའི་རྒྱ་ཆེའི་ངོ་དེབ་སྤྱོད་མཁན་ཚོ་དང། ཡོ་ཏུབ་ཐོག་གསན་གཟིགས་གནང་མཁན། དེ་མིན་བོད་ཀྱི་ལས་དབང་ལ་ཐུགས་ཁུར་བཞེས་མཁན་རྣམ་པས། རང་ཉིད་ཙམ་མ་ཟད་རང་གི་གྲོགས་པོ་དང་གྲོགས་མོ། སྤུན་མཆེད་དང་། ནང་མི་ལ་སོགས་པའི་ངོ་ཤོག་ལ་བཀྲམ་པ་ལ་སོགས་གནང་ཚེ། གཅིག་བྱས་ན་འཛམ་གླིང་རིམ་པའི་ཐེངས་མང་ཤོས་བཏང་ཡོད་པའི་གཞས་ཀྱི་ནང་ལའང་ཚུད་ངེས། དེ་ལྟར་དོན་སྨིན་བྱུང་ཚེ། དེས་ཀྱང་ང་ཚོའི་ཐུན་མོང་གི་ལས་དབང་དེ་ལ་ཕན་ཐོགས་ཡོང་ངེས་པ་ནི་ཐག་ཆོད་དོ།། ཁ་བྲོ།།
གཞས་དེ་ཟླ་ཤས་རིང་དྲ་ངོས་ཁག་ལ་ཁྱབ་སོང་། བརྗོད་བྱ་དང་གདངས་ཤིན་ཏུ་ནས་ལེགས། གསེར་ལྷ་དང་གཡུ་ལྷ་གཉིས་ལ་ཐུགས་རྗེ་ཆེ་ཞུ། གཞས་དེའི་ལམ་ནས་བོད་པའི་སྡུག་བསྔལ་ཤེས་མཁན་ཡང་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་ཐེ་ཚོམ་ཅི།
འདྲེན་བཀོལ་དང་ཁྱབ་བསྒྲགས་བས་“བོད་གཞས”ཟེར་བཞིན་འདུག་མོད། ངས་ལྟས་ན་འདི་བོད་གཞས་ཅང་མ་རེད། བོད་པའི་སྡུག་བསྔལ་བརྗོད་བྱར་བྱས་པའི་དབྱིན་གཞས་ཞིག་རེད། འོ་ན་གཏོང་མཁན་བོད་པ་ཡིན་པས་ན་བོད་གཞས་ཟེར་དགོས་ན་ཕྱི་གླིང་བའི་གཞས་མ་གྲགས་ཅན་ཤ་ཁེ་རའི་གཞས་བོད་མིས་བཏང་བ་དེ་ཚོ་བོད་གཞས་ཟེར་དགོས་པ་དང་དེ་བཞིན་གཞན་ལའང་རིགས་འདྲེ། དཔེར་ན་ནམ་རྒྱུན་ང་ཚོས་བོད་ཀྱི་གཞས་པ་གཡའ་དངས་ཀྱིས་རྒྱ་གཞས་ཞིག་བཏང་འདུག་ཟེར་གྱིན་པ་ལས་ཁོང་གིས་རྒྱ་སྐད་ཐོག་བོད་གཞས་གཏོང་བཞིན་འདུག་མི་ཟེར་སྙམ། གོང་གི་འོད་ལམ་དེ་སྙིང་ལ་འཅང་ཞེས་པའི་གཞས་དེར་རྒྱལ་སྤྱིའི་དྲ་ལམ་ཁག་ནས་“བོད་གཞས་”ཞེས་འབོད་ཀྱིན་པ་ནི་གཞས་དེའི་བྱུང་ཁུངས་དང་གཏོང་མཁན་བོད་པ་ཡིན་པ་ཙམ་གྱིས་རེད། འོན་ཀྱང་བོད་པའི་སྤྱི་ཚོགས་ནང་བོད་མི་རིགས་ཀྱི་བརྡ་དང་ཐ་སྙད་དང་བསྟུན་ནས་འཆད་ཚེ་གཞས་འདི་ལ་བོད་གཞས་མི་ཟེར་སྙམ།
གཞས་ཡག་པོ་བཏང་འདུག
གཞས་ཚིག་ཧ་ལས་པ་ཞིག་བྲིས་འདུག་པས་གཞས་ཚིག་རྩོམ་པ་པོ་དང་གཞས་པ་སོགས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
རང་དཔང་ལུང་པའི་ཡུལ་ན་ཡང་། རྒྱ་གདོན་ཚང་གི་གནོན་ཤུགས་སྤྲད་པས། བོད་པ་ལ་ཡར་འགྲོ་མེད་པའི་བཀག་རྡོ་སྤྲད་པ་ལ་སྣང་ཆུང་དང་ཉམ་ཆུང་རྩ་ནས་བྱེད་མི་ཉན་པ་ཞིག་རེད།
ཚོགས་པ་ཁོག་ལ་དཔལ་འབྱོར་དང་འབྲེལ་བས་གནོན་ཤུགས་སྤྲད་ཐུབ་པ་ཞིག་ཡིན་རུང་། ང་ཚོས་ངོ་ཚ་རྫབ་ཆེན་འདི། ས་དེ་གའི་མི་མང་ལ་ར་སྤྲོད་པ་ཞིག་བྱེད་དགོས། མི་མང་གི་མཐོང་ས་དང་གོ་སར་བསྐྱལ་ན། ཡུལ་མི་ཚོས་ནམ་ཡང་དེ་འདྲའི་འདྲེ་ལག་ལ་དགའ་བོ་མི་བྱེད་པ་དང་ད་དུང་རྒྱ་འདྲེ་ཚང་ལ་འཁོན་སེམས་དང་སྡང་སེམས་སློང་ཐུབ། དེ་ནི་ཡག་པ་ཞིག་ཡིན། རྒྱ་རིགས་ལ་རྩི་མཐོང་མེད་པ་དང་། མྱི་གཤེས་མི་བཟང་། དྲང་ལྡན་མེད་པ། མི་རིགས་འདི་ལ་འབག་ལྷད་མང་བ་སོགས། ཆེས་མི་སྡུག་པའི་བྱ་སྤྱོད་འདི་རྒྱ་ཡན་དུ་མི་གཏོང་བ་ལ་ཕན་པ་ཤུན་དུ་ཆེ།
ཡུལ་སོ་སོའི་མི་མང་གི་བློ་ཁ་ང་ཚོ་ལ་དགོས། དེ་ནི་རྒྱ་འདྲེ་ཐང་ལ་རྒྱག་ཐུབ་པའི་ཐབས་ཕན་ཅན་གྱི་བྱ་བ་མགོ་འཛུག་ས་དེ་ཡིན་པས། བོད་མི་ཚོས་ཡུལ་མི་དེའི་ཉིད་སད་དུ་འཇུག་པ་ནི་དུས་འདི་ལ་དགོས་གལ་ཆེ་བས་ཐུགས་འཛིན་མཛོད།
གཡུ་ལྷ་དང་གསེར་ལྷ་སོགས་ལ་བཀའ་དྲིན་ཆེ་ཞུ། བོད་དོན་འདི། བོད་མིས་ནམ་ཡང་གློད་མི་སྲིད།
རང་དབང་། གཉིད་སད། སོགས་ནོར་བ་མང་བ་འདྲ། དགོངས་དག།
ཐེགས་གཅིག་ཉན་དུས། སྙིང་་ལ་ཕོག་སོང་། མིག་ཆུ་འཆོར་སོང་། དབུགས་ཞིག་བཏང་ནས། ཕ་ཡུལ་བསྒོམས་ནས། རེ་བ་ཡིས་ཁེངས་པའི། ངའི་མི་རིགས་ཀྱི་མདུན་ལམ། ངའི་ཕ་ཡུལ་གྱི་ལྟེ་བ། ངའི་སྤུན་ཟླའི་ཕུགས་བསམ། རེ་བ་ཡིས་ཁེངས་པའི། ངའི་ཕ་ཡུལ་གྱི་རྨི་ལམ།
བཙན་གནོན་ནི་འཇིགས་སྣང་། དྲང་བདེན་ནི་དཔའ་ངར།
གཡོ་སྒྱུ་ནི་ཁྲམ་པ། གདོང་ལེན་ནི་རྒྱལ་ཁ།
རྐུ་མ་ནི་ཞུམ་པ། འཐེར་འདོན་ནི་བདེན་པ།
བོད་པ་ནི་བདེན་པ། རྒྱ་དམར་ནི་རྫུན་མ།
བདེན་པ་ནི་རྒྱལ་ལོ། རྫུན་མ་ནི་ཕམ་མོ།
གླུ་འདིའི་ཐོན་དང་པོ་དེ་སྔོན་མ་མཐོང་སོང། གོང་གི་ཐོན་དེ་ལས་ཐོན་སྔོན་མ་དེ་ལྡབ་འགྱུར་གྱིས་སྙན་པོ་འདུག
གཟུགས་ནི་ཡོད་ན་དྲ་ཐག་བཤམ་ལ་དྲང་ཡོད
http://youtu.be/nzAp9nE9AnY
NEVER LOSE THE LIGHT
དུས་ནམ་ཡང་འོད་སྣང་འདི་ཡལ་མི་ཉན།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དར་དམར་རླུང་གིས་གཡོ་ས།
ངའི་ཕ་ཡུལ་རི་མཐོའི་སྒང་ལ།
ངའི་སྤུན་ཟླའི་ངུ་སྐད་གོ་བགྱིད།
སྙིང་ནང་གི་སྡུག་བསྔལ་ཤོད་བགྱིད།
ཁྱོད་ང་རྒྱལ་ལྷ་རུ་བསྒོམ་ཞིང་།
ལག་མཚོན་ཆ་མེ་གདའ་འཆར་ནས།
ངའི་ཕ་ཡུལ་ཞི་བདེའི་ཞིང་ཁམས།
སྡུག་བསྔལ་གྱི་བཙོན་རྭར་བསྒྱུར་སོང་།
ཇོ་ལགས་དང་ཨ་ཅེ་ཁྱོད་ཚོས།
ཡར་ལོངས་དང་ཐོབ་ཐང་རྩོད་ཕྱིར།
བདེན་མཐའ་ཡིས་དཔང་པོ་མཛད་འོངས།
དུས་ནམ་ཡང་འོད་སྣང་འདི་ཡལ་མི་ཉན།
་་་་་་་་་་་་་་་་་་་་་་་་་་་
་་་་་་་་་་་་་་་་་་་
་་་་་་་་་་་་
་་་་་
དར་དམར་རླུང་གིས་གཡོ་ས།
འདི།
དར་དམར་པོ་རླུང་གིས་གཡོ་ས།
NEVER LOSE THE LIGHT
ནམ་ཡང་དཀར་འོད་འདི་མ་གློད།
འདི་འདྲ་ཞིག་མ་རེད་ནེ། ཀརྡོ་བ།