གནས་ཚུལ་མཁོ་སྤྲོད་པ། ལྡོང་སྲས།
《སྙན་ཞུ་ཡིག་འབྲུ་ཁྲི་བདུན་མ》མ་ཕྱི་བོད་ཡིག་ཡིན་ཞིང་། སློབ་དཔོན་ཆེན་མོ་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཕྱི་ལོ་༡༩༦༢ ལོའི་ཡར་སྔོན་གྱི་བོད་ནང་ལ་རྟོག་ཞིབ་བརྒྱུད་ནས་ཡ་ང་བའི་གནས་སྟངས་ཇི་མ་ཇི་བཞིན་འབྲི་འགོད་ཀྱིས་རྒྱ་ཡིག་ནང་བསྒྱུར་ཏེ་རྒྱ་དམར་གཞུང་ལ་ཕུལ་བའི་སྙན་ཞུ་རེད་ལ། རྒྱ་དམར་གཞུང་གིས་རྒྱལ་ཁབ་ཀྱི་གསང་ཡིག་ཏུ་བསྒྱུར་ནས་དེང་གི་བར་དེབ་ཏུ་བཟོས་ནས་བཀྲམས་ཆོག་གི་མེད།
སྙན་ཞུ་འདི་བཞིན་རྒྱ་དམར་གཞུང་ལ་ཕུལ་སྐབས། པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགུང་གྲངས་ཉེར་བཞི་ཙམ་ལ་སོན་མ་ཐག་ཡིན་ནའང་། བྱང་ཆུབ་སེམས་དཔའ་དང་ངོ་བོ་དབྱེར་མེད་ཀྱི་བརྟུལ་ཞུགས་བཟུང་ནས་མཐའ་འཁོར་གྱི་བཀག་འགོག་ཐམས་ཅད་དང་ལེན་མ་གནང་བར་བོད་མི་རིགས་ལ་འཕྲད་ཀྱིན་པའི་ཕོ་ཟད་མོ་ལ་ཐུག་པའི་རྨེག་མེད་ཀྱི་ཉེན་ཁ་བཟློག་ཆེད་སྙིང་རྗེ་ཆེན་པོའི་གད་རྒྱངས་ཏེ། གངས་ཅན་པ་ཆག་འཇིག་ལས་གྲོལ་ཞིང་། སངས་རྒྱས་ཆོས་ལུགས་མི་བསྣུབས་སླད་དུ་ཞུ་ཡིག་ཕུལ། འདི་ནི་སྟག་མོ་ལུས་སྦྱིན་གྱི་ལེའུའི་ཚུར་མངོན་ངོ་མ་དེ་ཡིན།
སློབ་དཔོན་ཆེན་མོ་པན་ཆེན་སྐུ་ཕྲེང་བཅུ་བར་བཙོན་གྲོལ་ཐོབ་རྗེས། བོད་ཀྱི་རྗེས་ལུས་ཀྱི་རྣམ་པར་འགྱུར་བ་མ་ཐེབས་ན། ང་ཤི་ཡང་མིག་བཙུམས་མི་ཐུབ་ཅེས་གཡར་དམ་བཞག བོད་ཀྱི་ཤེས་རིག་བསྐྱར་དར་དང་བསྟན་པ་ཡང་དར། རང་ཁ་རང་གསོ་གསུམ་དམིགས་སྒོར་བཟུང་ནས་ལོ་ངོ་བཅུའི་ནང་བོད་ཀྱི་ལོ་རྒྱུས་སྟེང་སྔར་བྱུང་མ་མྱོང་ཞིང་། ཕྱིས་ཀྱང་འབྱུང་དཀའ་བའི་འཕོ་འགྱུར་གསར་བ་ཞིག་གི་སྒོ་མོ་འབྱེད།
ཐེངས་འདིར་《སྙན་ཞུ་ཡིག་འབྲུ་ཁྲི་བདུན་མ》ནང་ལོ་རབས་བརྒྱད་ཅུའི་ནང་གི་ཁོང་གིས་རྒྱ་དམར་མི་དམངས་ཚོགས་ཆེན་ཁག་དང་དེ་མིན་གལ་ཆེ་བའི་ཚོགས་ཆེན་ཁག་ཏུ་བསྩལ་བའི་བཀའ་སློབ་ཁག་དྲུག་བསྡུས་ཡོད་ལ། བཀའ་སློབ་རེ་རེ་ལས་ངེས་པ་དོན་གྱི་སེམས་དཔའ་བ་དང་རང་ལས་གཞན་གཅེས། ཀུན་ལས་བོད་གཅེས་ཀྱི་རླབས་ཆེན་སྤྱོད་པ་མཐོང་ཐུབ་པར་མ་ཟད། ཁོང་གིས་ནམ་རྒྱུན་༼ངའི་མི་ཚེ་ལོ་རྒྱུས་ནང་ནག་ནོག་གི་དྲི་མ་སྤུ་ཙམ་ཡང་འཇོག་གི་མིན༽ཞེས་པ་ནི་དོན་ལ་གནས་པ་ཞིག་ཏུ་ཅིས་གྱུར་མི་འདུག
ཕྱི་ལོ་༡༩༨༩ ལོར་སློབ་དཔོན་ཆེན་མོ་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་གཞིས་ཀ་རྩེ་ནས་པན་ཆེན་སྐུ་ཕྲེང་རིམ་བྱོན་ལས་སྐུ་ཕྲེང་ལྔ་བ་ནས་དགུ་བའི་བར་སྐུ་གདུང་མཆོད་རྟེན་ལེགས་འགྲུབ་ཀྱི་མཛད་སྒོ་བསྡུས་ཤིང་། མཐའ་མཇུག་གིས་བཀའ་སློབ་ནང་༼རྒྱ་དམར་བོད་ལ་སླེབས་པ་ནས་བོད་མིར་ཚུར་ཐོབ་པ་ལས་ཕར་སོང་བའི་འགྲོ་སྒོའམ། གྱོང་གུད་མང་༽ཞེས་བསྡོམས་ཚིག་བཀོད་རྗེས། རྒྱ་དམར་གཞུང་གི་ཆབ་སྲིད་ལྐོག་གསོད་འོག་ཚུད། དོན་རྐྱེན་འདིའི་སྐོར་《སངས་རྒྱས་བཀྲོངས་པའི》ནང་གསལ་བས་དེབ་དེར་གཟིགས་རོགས།
《སྙན་ཞུ་ཡིག་འབྲུ་ཁྲི་བདུན་མ》ནི་ཕྱི་ལོ་༡༩༦༢ ལོར་བརྩམས་ཤིང་། ཕྱི་ལོ་༡༩༨༩ ལོར་སློབ་དཔོན་ཆེན་མོ་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་བཀྲོངས་རྗེས་གཞི་ནས་རྒྱ་བསྒྱུར་མ་ཡིག་ཕྱི་ལོགས་སུ་སླེབས། དེབ་འདི་བཞིན་ལྷ་སྡེ་གནམ་ལོ་ཡག་གིས་རྒྱ་འགྱུར་པར་གཞི་འགའ་གཤིབས་བསྡུར་གྱིས་པར་གཞི་གཏན་འབེབས་ཀྱིས་ལོ་རབས་བརྒྱད་ཅུའི་ནང་གི་བཀའ་སློབ་ཁག་དྲུག་ཟུར་བཀོད་དང་པན་ཆེན་སྐུ་
ཕྲེང་བཅུ་བའི་དོན་ཆེན་ལོ་ཚིགས་བསྒྲིགས་ཡོད་པའི་ཁར། ༼སྙན་ཞུ་ཡིག་འབྲུ་ཁྲི་བདུན་མའི་བྱུང་བའི་སྔ་རྗེས༽ཁ་བྱང་དུ་བཀོད་པའི་སྔོན་གླེང་རྒྱས་པ་ཞིག་ཀྱང་བྲིས་ཡོད།
རྒྱ་དམར་གཞུང་གིས་ཕྱི་ལོ་༡༩༥༡ ལོར་བོད་དང་ལྷན་དུ་༼གྲོས་མཐུན་དོན་ཚན་བཅུ་བདུན༽བཞག་སྟེ། བོད་ཀྱི་ཆོས་རིག་དང་ལོ་རྒྱུས་དམིགས་བསལ་ངོ་བོ་ལྡན་པར་ངོས་ལེན་བྱས་ཡོད། ཡིན་ནའང་།
《སྙན་ཞུ་ཡིག་འབྲུ་ཁྲི་བདུན་མ》ལས་ཕྱི་ལོ་༡༩༦༢ ལོའི་ཡར་སྔོན་གྱི་བོད་ནང་གི་ཡ་ངའི་གནས་སྟངས་མཚོན་ཡོད་པར་མ་ཟད། ལོ་རབས་བརྒྱད་ཅུའི་ནང་གི་བཀའ་སློབ་ཁག་དྲུག་གིས་ཕྱི་ལོ་༡༩༨༩ ལོའི་ཡར་སྔོན་གྱི་བོད་ནང་གི་གནས་སྟངས་སམ། དྲག་པོས་དབང་བསྒྱུར། བླུན་བསྒྱུར་སློབ་གསོ། ཐ་ན་སྐད་ཡིག་གིས་མཚོན་པའི་ཤེས་རིག་ལ་འཕྲད་པའི་ཉེན་ཁ་སོགས་མཚོན་ཡོད་པས། བོད་མི་རིགས་དང་འཇིག་ཉེན་མཉམ་གནས་ཡིན་པ་བསྟན་ཡོད།
ཕྱི་ལོ་༢༠༡༤ ལོའི་ཟླ་༨ ནང་། ཐེ་ཝན་དུ་༼མཚོ་ངོགས་གཉིས་བར་ཡུན་གནས་ཞི་ཆིངས་ཀྱི་གླེང་སྟེགས༽ཟེར་བ་ཞིག་བཙུགས་པ་འདི་ནི། སྔར་བོད་ལ་བཞག་པའི་ཞི་ཆིངས་ཀྱི་རོ་ལངས་ཅིས་མ་ཡིན། དེ་རིང་གི་བོད་དང་ཧོང་ཀོང་ལ་ལྟོས་དང་། ཐེ་ཝན་གྱི་ཁ་རྒྱ་དམར་ལ་གཏད་སྐབས་གཟབ་གཟབ་བྱེད་མི་དགོས་པའི་དུས་ཤིག་རེད་དམ།
《ཡིག་འབྲུ་ཁྲི་བདུན་མ》མངགས་ཉོ་གནང་བསམ་མཁན་ཚོས་གཤམ་གྱི་ཁ་པར་རམ་མྱུར་འཕྲིན་སྟེང་འབྲེལ་བ་གནང་རོགས། དེབ་༥ ཡན་བླུ་མཁན་ཚོར་ཆག་ཡང་གང་འཚམས་ཡོད།
ཁ་པར། 02-2717-7907
ཏར་འཕྲིན། 02-2717-7927
མགྱོགས་འཕྲིན། appp5399@yahoo.com.tw ; booksway@gmail.com
ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཆབ་སྲིད་དང་ཤེས་རིག་པར་བསྐྲུན་ཁང་ནས་ཕྱི་ལོ་༢༠༡༤ ཟླ་༩ ཚེས་༩ ཉིན།
པན་ཆེན་རིན་པོ་ཆེ་ཁོང་ནི་བོད་ཀྱི་མགོན་སྐྱོབ་ངོ་མ་དེ་རེད།
༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་འདི་བཞིན། རྒྱ་གཞུང་གིས་྆པཎ་ཆེན་ཐ་མར་བཟོ་བཞིན་པ་འདི་ནི། རྒྱ་བོད་གཉིས་ཀྱི་ཆོས་སྲིད་གཉིས་ཀ་ལ་གནོད་སྐྱོན་ཆེན་པོ་ཞིག་གཏོང་བཞིན་འདུག
དེབ་འདི་ཐོན་དུས་ཡག་པོ་ཞིག་ལ་འཁེལ་འདུག དེ་རིང་རྒྱ་གཞུང་སྤྱི་ཚོགས་ཚན་རིག་ཁང་གི་མཁས་པ་ཞིག་གིས་༼ཏཱ་ལའི་སྤྲུལ་སྐུའི་ཡང་སྲིད་མཚམས་འཇོག་པའི་དབང་ཚད་མེད༽ཅེས་ཞིས་ཅིན་ཕེན་གཞུང་གི་ལངས་ཕྱོགས་གསལ་སྟོན་གནང་ཡོད་པར་མ་ཟད། ཚིག་ཐག་ཆོད་པོས་མ་འོངས་པའི་ཏ྄་ལའི་ཡང་སྲིད་ནི་རྒྱལ་གཅེས་ཆོས་གཅེས་པ་ཞིག་ཡིན་ཟེར། ༸པཎ་ཆེན་ཡང་སྲིད་རྫུན་མའི་པར་བཀོད་ནས་བོད་བརྒྱུད་ནང་ཆོས་ཀྱི་ཐག་གཅོད་དབང་ཚད་ཁོང་ལ་ཡོད་མདོག་བསྟན་འདུག
བོད་མི་རིགས་རྨོངས་དད་འོག་ནས་གཉིད་མ་སད་ན་དབང་སྒྱུར་རིང་ལུགས་དང་ཁེ་ཕན་རིང་ལུགས་གཉིས་ཀྱིས་སྤྲུལ་སྐུའི་ལམ་ལུགས་དུས་ནམ་ཡང་མཚམས་བཞག་བཅུག་གི་མ་རེད། བོད་མི་རིགས་ཀྱིས་སྤྲུལ་སྐུ་ལ་རྨོངས་དད་བྱེད། སྤྲུལ་སྐུས་བོད་མི་རིགས་མཛུབ་མོ་ག་སྟོན་ཤར་ཆགས་བསྡད་ཡོད་པའི་སྟངས་གནས་འདིའི་འོག་ནས་རྒྱ་སོག་གཉིས་ཀྱིས་སྔར་ནས་རྫིའུ་གླ་པའི་སྲིད་ཇུས་ཟིན་བསྡད་པ་རེད།
བོད་མི་རིགས་འདི་ལུག་ཁྱུ་ཞིག་ཡིན་པ་ལ་དཔེར་འཇོག་ན་་བོད་ཀྱི་བླ་ཆེན་ཚོ་ནི་ལུག་རྫི་ལྟ་བུ་རེད། རྒྱ་དམར་གྱིས་ལུག་ཤ་ཟ་དགོས་དུས་ལུག་རྫི་ཞིག་ངེས་པ་ཏུ་དགོས་པ་རེད། ལུག་ག་དེད་ཤོག་ཟེར་ན་བཙན་བཀའ་བཏང་ཐེངས་གཅིག་ལ་ལུག་རྫིས་དེ་ལ་དེད་འགྲོ་གི་རེད། དེད་དཔོན་ཟེར་ནའང་འགྲིག་གི་རེད།
གལ་སྲིད་བོད་མི་རིགས་སྤྲུལ་སྐུ་ལ་རྨོངས་དད་མི་བྱེད་པ་དང་སྤྲུལ་སྐུས་བོད་མི་རིགས་མཛུབ་མོ་ག་སྟོན་ཤར་བཟོ་མི་ཐུབ་པའི་ཉིན་མོར་རྒྱ་གུན་ཁྲན་ལ་རྫིའུ་མི་ཕན་པས་སྤྲུལ་སྐུའི་ལམ་ལུགས་ལ་སྐྱག་པའི་མཐོང་ཙམ་བརྩི་ཡི་མ་རེད།
གལ་ཆེན་ཤོས་བོད་མི་རིགས་རྨོངས་དད་འོག་ནས་གཉིད་སད་དགོས། དེ་ནས་ང་ཚོས་བལྟ་ཆོག་གི་རེད་དོ།
སྤྲུལ་སྐུའི་ལམ་ལུགས་འདི་ནི་ཚན་རིག་དང་མི་མཐུན་ལ་དཔལ་ན་ལེན་ཌའི་ཆོས་རྒྱུད་དང་མི་མཐུན། རྒྱུ་གསེར་འབུམ་དང། ངོ་བོ་སྒེར་གཅོད། སྤྱོད་པ་འབངས་མི་མགོ་སྐོར་དང་ཆོས་སྲིད་ཟུངས་འབྲེལ་རེད། བོད་མི་དམངས་ཀྱིས་ངེས་པ་ཏུ་ཤེས་དགོས་པའི་གནད་དོན་ཡིན།
ཇི་སྲིད་སྤྲུལ་སྐུའི་ལམ་ལུགས་གནས་པ་དེ་སྲིད་ཡང་དག་པའི་དམངས་གཙོ་ལ་ལོངས་སྤྱོད་ཐུབ་པའི་གོ་སྐབས་མེད། དམངས་གཙོ་མེད་ན་རང་དབང་མེད། རང་དབང་མེད་ན་བདེ་སྐྱིད་མེད། བདེ་སྐྱིད་ནི་དཔའ་དང་སྤོབས་པ་ལས་བྱུང་། བོད་མི་ཚོ་་་་སྤོབས་པ་མཐོ་པོ་བྱོས། ལག་པ་ས་ལ་མ་བཙུགས།
བླ་གོག་སྤྲུལ་གོག་ཟེར་ནས་འབོད་ཉིན་མོར།
ལྷ་ཆོས་ཁོ་ན་བྱེད་མཁན་བླ་མ་དང་།
ཉམ་ཆུང་སྤྲུལ་སྐུའི་ཐུགས་ཕོག་ཡོད་ན།
བུ་སྡུག་ཅོ་རིས་སྙིང་ནས་བཟོད་གསོལ་ཞུ།
རྒྱལ་བ་ཐམས་ཅད་མཁྱེན་པ་དང་། པཎ་ཆེན་སྣང་བ་མཐའ་ཡས། ས་སྐྱ་གོང་རིན་པོ།ཆེ། དཔལ་རྒྱལ་བ་ཀརྨ་པ། སྨན་རི་ཁྲི་འཛིན་རིན་པོ་ཆེ། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ལྟ་བུའི་སྤྲུལ་སྐུ་ནི་བོད་མི་རིགས་ལ་ངེས་པར་དུ་དགོས། ཁོང་ཚོ་ནི་སངས་རྒྱས་བསྟན་པའི་མཛེས་རྒྱན་དང་བསྟན་འཛིན་གྱི་སྐྱེས་བུ། མི་རིགས་འདིས་སེམས་ཀྱི་སྟེན་ས་ཡིན་པས་མེད་དུ་མི་རུང་བ་རེད། དེ་མིན་གྱི་བླ་རྫུན་སྤྲུལ་རྫུན་དེ་ཚོ་ནི་མེད་ན་བཟང་།
ཉམ་ཆུང་གི་དགྲ་བོ་ནི་ཉམ་ཆུང་གི་དགྲ་བོ་རང་རེད། སྐྱུག་མེར་ཡ་ཡི་མི་འདིས་ག་དུས་ཡིན་ན་ཉམ་ཆུང་གི་ཐོག་ཏུ་ངར་གི་རེད།
ཧཧཧ ཅོ་རི་ངེད་གཉིས་ཚེ་སྔོན་མའི་ལན་ཆག་ཞིག་ཡིན་པ་འདྲ། ཡང་འདིར་ཐུག་སོང་། གས་རང་གིས་བསམ་ཚུལ་བཤད་པ་ལས་སུ་གང་གི་སྟེང་དུ་ངར་མེད། བུ་ཅོ་རི་ཁྱེད་རང་ར་ཅུང་ཟད་བཟི་ཡོད་པ་འདྲ། གེ་ཡོད་མ་རེད། གཉིད་ཅུང་ཟད་ཁུག་དང་དྭངས་འགྲོ་གི་རེད། ཧཧཧ
དོན་ངོ་མར་བསམ་ན་སྤྲུལ་སྐུའི་ལམ་ལུགས་དེས་ང་རང་ཚོ་ཡུལ་གྱར་ཆགས་པ་རེད་ཟེར་ན་མི་ཐལ། དེ་ཡང་གོང་ན་མེན་པའི་སྤྲུལ་སྐུ་དང་བླ་བྲང་ཕྱག་གཉེར་ཁག་གིས་སྟངས་འཛིན་ནམ་རྨོངས་དད་ལ་ཁ་ལོ་བསྒྱུར་དྲག་ནས་ང་ཚོ་རྨོང་མུན་ནང་ཚུད་པ་རེད་ལ་ད་དུང་ཡང་རྨོང་མུན་ནང་གོམ་ཆོར་རྒྱག་བཞིན་ཡོད་པ་དེ་དག་སྤྲུལ་སྐུ་ཆ་ཆུང་དེ་ཚོས་བྱིན་གྱིས་བརླབས་པར་མ་སེམས། མེད་ན་གང་ཡང་མེད་ན་ལེགས་ཀྱང་ཡོང་ཐབས་མེད།
ཧ་ཧ་་་་ཉམ་ཆུང་གི་དགྲ་བོ་ཁྱོད། བླ་རྫུན་སྤྲུལ་རྫུན་མི་དགོས་ཟེར་དུས་ཉམ་ཆུང་སྤྲུལ་ཆུང་དེ་ཚོ་ལ་ལབ་ཀྱི་ཡོད་པ་མིན་ནམ། བླ་ཆེན་སྤྲུལ་ཆེན་ཚོའི་རྐུབ་ནི་ཁྱོད་ལྡག་ཚར་འདུག ད་ཉམ་ཆུང་ཚོ་ལ་རྫུན་མ་རེད་མདོག་མདོག་མིན་ནམ། ཁྱོད་སྙིང་རྗེ། བོད་མི་རིགས་ལ་གནོད་བསྐྱལ་མཁན་ཉམ་ཆུང་སྤྲུལ་ཆུང་དེ་ཚོ་མིན། གྲྭ་པ་སྟོང་ཕྲག་དང་སྟོང་ཕྲག་དམར་གསོད་བཏང་བཅུག་མཁན་ཉམ་ཆུང་སྤྲུལ་ཆུང་དེ་ཚོ་མིན། ཉམ་ཆུང་སྤྲུལ་ཆུང་ཚོ་བསྡད་བསྡད་བྱས་ནས་བསྡད་ཡོད་ན་དགག་དགོས་པའི་རྒྱུ་མཚན་ཡང་མེད་དོ།།།
ཨ་ལེ། ད་བྱས་དུས་ཁྱོད་ཅོ་རིའི་འོག་ལ་འདུ་མཁན་གྱི་སྤྲུལ་སྐུ་ཉམ་ཆུང་ཞིག་ཡིན་ན་དགོས་པ་དང་། གོང་ལ་འགྲོ་མཁན་གྱི་སྤྲུལ་སྐུ་ཆེན་པོ་ཞིག་ཡིན་ན་མི་དགོས་པ་འདྲ། ཧཧཧ དེའི་མིང་ལ་ཕྲག་དོག་ཟེར་བ་རེད། གང་ལྟར་བླ་ཆེན་ཚོ་དང་དབུ་ཁྲིད་ཚོ་མེད་པའི་དུས་ཤིག་ཡོང་མི་སྲིད་པ་རེད་ལ། གལ་སྲིད་རྟག་པ་མཐར་བཟུང་གི་དབང་དུ་བྱས་ནས་དེ་འདྲ་ཞིག་བྱུང་ན་ཡང་། ཁྱོད་ཅོ་རིའི་གོང་ལ་འདུག་མཁན་གྱི་མི་ཞིག་ཡོང་རྒྱུ་ཡིན་པ་ཐག་ཆོད་པ་རེད། དེ་འདྲ་བྱས་དུས་བླ་ཆེན་དཔོན་ཆེན་ཚོ་མེད་སོང་རུང་ཕན་ཐོག་ཅང་འདུག་གམ། ཧཧཧ
ང་ཅོ་རི་བྱམས་སྙིང་རྗེ་ཅན་གྱི་བདག་ཉིད་ཤིག་ཅང་མིན་ཀྱང་ངའི་འོག་ལ་སྤྲུལ་ཆུང་ཞིག་མི་དགོས་སྤྲང་ཆུང་ཞིག་བཞག་དགོས་ན་སེམས་ཀྱིས་བཟོད་ཐབས་ག་ལ་ཡོད། ཉམ་ཆུང་མི་དམངས་ལ་ཁྱིའི་འདུ་ཤེས་ཙམ་ཡང་མི་སྤྲོད་མཁན་གྱི་སྤྲུལ་ཆེན་ཚོ་དང་ང་ཅོ་རི་སྡུར་ཐབས་རྩ་བ་ནས་མེད་དོ།
ཧཧཧ ད་ཡིན་ན་ཅོ་རི་ལ་བཤད་རྒྱུ་རྫོགས་སོང་བ་འདྲ། རང་བསྟོད་འདྲ་ཞིག་བྱེད་ནས ངོ་མི་ཚའམ། ཧཧཧ
ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། བགྲོ་གླེང་ལྷུག་པོ་གནང་འདུག
ངས་སྒྲུང་ཞིག་བཤད། སྔར་པཎ་ཆེན་རིན་པོར་ཆེར་འཐབ་རྩོད་འཛིན་སྐབས། ཞྭ་མོ་ཆེན་པོ་གསུམ་གཡོགས་རྗེས། ད་ག་འདྲ་བྱེད་འོས་ཀྱི་འདུག་ཅེས་བོད་མི་རྣམས་ལ་སྐད་ཆ་འདྲི་སྐབས། བླ་སྤྲུལ་ཚོས་སྲོག་ཐོག་ལ་གཏོང་དགོས་ཀྱི་འདུག་ཅེས་ལབ། ཡར་ལངས་ཞིང་བྲན་ཚོས་རྒྱང་འཕུད་གཏོང་དགོས་ཀྱི་འདུག་ཅེས་ལབ། སྐབས་དེར་ཚང་མས་ཁ་གྲགས་དགོས་པ་ནི་གཏན་འཁེལ་ནའང་། བླ་སྤྲུལ་ཚོ་ནི་ཡར་ལངས་ཞིང་བྲན་ཚོ་ལའང་མི་དོ་དོན་ཅི་ཡིན་ནམ།
ལྷ་སྡེ་གནམ་ལོ་ཡག་ལགས། ཁྱོད་སྐུ་བདེ་་འམ། ང་ལ་སེམས་འཁྲུལ་འདྲ་ཏོག་ཙམ་བྱུང་། ཉིན་ཤས་རིང་ཁྱོད་མཐོང་གྱི་མེད་དུས་ཁྱོད་ལ་ཞྭ་མོ་གོན་མཁན་འདྲ་བྱུང་བ་མིན་ནམ་རེ་དྲན་བྱུང་།་་་ཧཧ
གྲོགས་པོ་ཅོ་རི་ལགས། བཀྲ་ཤིས་བདེ་ལེགས། ཞྭ་མོས་གནས་ངན་བྱས་སོང་། བསྐོན་མཁན་ཡེ་ནས་མ་བྱུང་། ཧ་ཧ་ཧ།
གོང་དུ་རྣམ་པ་ཚོའི་བགྲོ་གླེང་ཡག་པོ་གནང་སོང་། ཐུགས་རྗེ་ཆེ། འོན་ཀྱང་ལས་རྒྱུ་འབྲས་མཁས་ལེན་མཁན་ཞིག་ཡིན་ན་ལས་ལ་བསམ་བློ་གཏོང་། དེ་ལྟར་མཁས་མི་ལེན་མཁན་ཞིག་ཡིན་ན་རང་གི་འཇོན་ཐང་ལ་བསམ་བློ་གཏོང་། ཁྱི་སྐད་ཇི་ཙམ་རྒྱབ་ཀྱང་ཕན་དོགས་ཡོད་ནི་མ་རེད།། ཧཧཧ
བླ་མ་སྤྲུལ་སྐུ་དང་སྲུང་མ་ཚང་མ་མི་དགོས་པ་བྱས་ན་ང་ཚོའི་སྤྱི་ཚོགས་དེ་གང་འདྲ་ཞིག་ཡོང་ངམ
ཅོ་རི་ཉི་མ་ཟེར་བ་དེ་བདག་པོ་ངོ་མ་ཤེས་མཁན་གྱི་ཁྱི་རྒན་ཞིག་ཡིན་པ་འདྲ། བཀའ་དྲིན་ཅན་གྱི་སྦྱིན་བདག་ལ་ངར་སྐད་དང་སྦྲགས་ཏེ་སོ་རྒྱབ་རྩིས་བྱེད་ཀྱིན་འདུག།
དེབ་འདི་འདྲ་རྩ་ཆེན་ཞིག་བཙན་བྱོལ་སྒྲིག་འཛུགས་ཀྱིས་སྔར་ག་རེ་བྱས་ནས་རྒྱ་ཡིག་ནང་པར་བསྐྲུན་མ་གནང་པ་རེད་དམ། རྡ་རམ་ས་ལ་འདི་ཁེ་བཟང་འཐབ་རྩོད་ལས་ཅི་ཡང་མི་དགོས་མཁན་ཞིག་ཏུ་གྱུར་དོན་ཅི།