གཙང་ཕྲུག་སྟོབས་ལགས།
ཕྱི་ལོ་༡༩༨༩ ཟླ་༡ ཚེས་༢༩ ཉིན་བདག་ད་དུང་བདག་གི་ཕ་ཡུལ་མདོག་གཞུང་ཁང་གསར་ཕྲ་མོར་ཡོད། ཉིན་དེ་དག་གི་རིང་བདག་གི་དྲན་པའི་ངོགས་ནས་དུས་ནམ་ཡང་བརྗེད་དཀའ་བའི་ཐལ་རླུང་འཚུབ་ཅིང་། ཁོ་ར་ཁོར་ཡུག་གི་བྱ་དངོས་ཐམས་ཅད་མི་སྣང་བར་གྱུར། ཟླ་༡ ཚེས་༢༩ ཉིན་གྱི་ས་སྲོད་ཀྱི་མཚམས་སུ་བདག་ཚོའི་ནང་མི་རྣམས་ནམ་རྒྱུན་བཞིན་གོ་གྲལ་ལ་འཛོམས་ཏེ་སྒྲོན་མེའི་འོད་རླབས་འོག་ཏུ། བདག་སོགས་ལོ་གཞོན་རྣམས་སྣབས་ལུད་འཛར་ཞིང་གདོང་པ་དྲེག་པས་ཚོས་ཏེ་ཛ་ལའི་མེ་དྲོད་ལ་ལག་པ་སྲོ་ཞིང་། རྒན་པ་རྣམས་ལག་ལས་བྱེད་ཞོར་བོད་ལྗོངས་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་ལ་ཉན་ནས་བསྡད་ཡོད། རླུང་འཕྲིན་ལས། “དགུང་གྲངས་ ༥༡ ལ་སོན་པའི་ཁྱད་དུ་འཕགས་པའི་ཆོས་ལུགས་ཀྱི་དབུ་ཁྲིད། རླབས་ཆེན་གྱི་རྒྱལ་གཅེས་པ། ༸པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གཙང་གཞིས་ཀ་རྩེའི་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་སྐུ་མྱ་ངན་ལས་འདས་སོང་།” ཞེས་འདས་བརྡ་བསྒྲགས་སོང་།
བཀྲ་མི་ཤིས་པའི་གསར་འགྱུར་དེ་རྣ་བར་ཐོས་མ་ཐག་པ་ལགས་ཀྱི་བཞིན་རས་ཀྱི་རྣམ་འགྱུར་རྦད་དེ་འགྱུར་ཞིང་། ཕ་མ་གཉིས་ཀྱིས་གཅིག་གདོང་ལ་གཅིག་གིས་ལྟ་བཞིན། ཧོན་འཐོར་བའི་བཞིན་ལས་ཡིན་སྲིད་ཀྱི་མ་རེད། ཡིན་སྲིད་ཀྱི་མ་རེད། ཅེས་ཆིག་ལབ་སྐྱོན་གྱི་འདུག པ་ལགས་བདག་ཚོའི་ནང་གི་རླུང་འཕྲིན་གྱི་གསར་འགྱུར་ལ་ཐུགས་ཡིད་མ་ཆེས་པར། ཁྱིམ་མཚེས་ཀྱི་སར་བཀའ་འདྲི་ཞུ་བར་ཕེབས་སོང་། མི་སྙན་གཏམ་དེ་བདེན། ཞེས་པའི་དཔེ་ལྟར། ཕྱི་ལོ་༡༩༨༩ ཟླ་༡ ཚེས་༢༩ གྱི་མཚན་མོར། བོད་མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེ་བའི་༸པཎ་ཆེན་བཅུ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་པའི་གཏམ་ངན་ཐོས་པ་དེ། བདག་གི་དྲན་པའི་ལམ་ནས་ནམ་ཡང་ཡལ་གྱི་མི་འདུག
བཀྲ་མི་ཤིས་པའི་གནས་ངན་དེ་བྱུང་ནས་མི་ལོ་ཉེར་ལྔ་ཕྱིན་པའི་དེ་རིང་། མི་ལོ་ཉེར་ལྔའི་གོང་སྣབས་ལུད་འཛར་ཞིང་གདོང་པ་དྲེག་པས་ཚོས་པའི་བདག་ཅི་བྱ་མེད་པའི་ཡུལ་དུ་བོང་བུའི་ནམ་ཚོད་ཀྱི་དཔེ་ལྟར། སློབ་གྲྭ་ཆེན་མོའི་ལོ་རྒྱུས་དགེ་རྒན་ཐེབས་ཆག་ཅིག་ཏུ་གྱུར་ཡོད། ལོ་རྒྱུས་ཀྱི་དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་དངོས་དོན་རྟོགས་པ་དང་། ཤེས་རིག་ཡོངས་ཀྱི་འབྲེལ་བ་ཤེས་པ་བྱ་རྒྱུ་ཡིན་པས། ད་ལྟ་བདག་གི་དྲན་ངོགས་ནས་༸པཎ་ཆེན་བཅུ་པ་ཆེན་པོ་དུས་ནམ་ཡང་ཡལ་བ་མེད་པ་བཟུང་མཁན་ནི། ཆོས་ལུགས་དད་མོས་ཀྱི་མཚམས་ལས་འདས་པའི་མིང་དོན་མཚུངས་པའི་བོད་རིགས་ས་ཁོངས་རང་སྐྱོང་དང་། བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ། བོད་གངས་རྒྱན་དར་སྤེལ་ཀུང་སི་བཅས་རེད་འདུག
《ཁ་ཆེ་ཕ་ལུའི་བསླབ་བྱ་》ལས། བྱས་པ་ཅན་གྱི་སེམས་པ་ཕམ་མ་འཇུག །བྱེད་རྒྱུ་མདུན་དུ་ཡོད་དུས་བྱེད་མཁན་མང་། །ཞེས་པའི་བསླབ་བྱ་དེས། ད་དུང་བདག་གིས་བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ་བའི་ངང་ཚུལ་བཟུང་ན། དེ་ནི་བདག་གིས་ལོ་རྒྱུས་ལ་འགལ་འཛོལ་བཟོས་པ་ཞིག་ལོས་ཀྱང་ཡིན་པའི་དྲན་སྐུལ་བཏང་བྱུང་བས། སྐུ་ཚེགས་དང་སྐྱོ་གར་གྱི་ཁྲོད་ནས་ཞི་བར་གཤེགས་པའི་༸པཎ་ཆེན་བཅུ་པ་ཆེན་པོའི་བཀའ་དྲིན་རྗེས་དྲན་དང་། ཁོང་གི་དབུ་འོག་དཔུང་འདེགས་ཞུ་མཁན་གཞིས་བཞུགས་བོད་ཀྱི་རིག་གནས་སློབ་གསོའི་ལས་དོན་པ་དང་། སྲིད་འཛིན་ལས་དོན་པ། དད་ལྡན་མི་མང་བཅས་ཀྱི་ཐུགས་མི་ཕམ་པའི་སླད། བརྙན་པར་མཛད་རྣམ་སྙིང་བཏུས་《ལོ་རྒྱུས་ཀྱི་འདྲ་པར་རྙིང་པ་འགའ།》ཞེས་པ་ཞིག་སྤྱན་བསྟར་ཞུས་ཡོད་པས། ནོར་འཛོལ་དང་། ཆད་ལྷག ད་དུང་དགོངས་གཞི་དཀྲུག་པའི་གཞི་ཅི་མཆིས་ལ་སྙིང་ཁོང་རུས་པའི་གཏིང་ནས་བཟོད་གསོལ་ཞུ།།
གཙང་ཕྲུག་སྟོབས་ལགས་ལ་བཀའ་དྲིན་ཆེ་ཟེར་འདོད་བྱུང།
ཁོང་སྐུ་གཤེགས་དུས་ཕྲན་བྱིས་པ་ཡིན་ཀྱང་ཉིན་ཁ་ཤས་བར་ཡིད་སྐྱོ་ནས་མིག་ཆུ་འཐོར་བ་ལན་གཅིག་མིན་ལ། དེ་བཞིན་ཁོང་གི་གནས་ཚུལ་གོ་ཐེངས་རེ་དང་། སྐུ་པར་མཇལ་ཐེངས་རེར་དགའ་སྐྱོ་འགྲན་བཞིན་པའི་ངང་ནས་གསོལ་འདེབས་བྱེད་རྒྱུ་ཞིག་མ་བཅོས་པའི་གོམས་གཤིས་སུ་གྱུར།དེ་ནི་ཕྲན་གཅིག་པུ་མ་ཡིན་པར་བོད་ཤར་ཕྱོགས་དང་། ཧོར་སོག་རིགས་སྤྱི་ལ་བཞག་པའི་བག་ཆགས་ཟབ་མོ་ཞིག་རེད། སྤྱི་དང་སྒེར་རང་ངོས་ལ་བཀའ་དྲིན་ཆེ་བའི་བླ་མ་རླབས་ཆེན་གྱི་དབུ་ཁྲིད་འདིའི་ཐུགས་ཀྱི་བཞེད་དོན་འགྲུབ་པའི་སྨོན་པ་ཙམ་ཞིག་ལས་ཅི་ཡང་ནུས་མ་སོང་། དད་པ་དང་ཞེན་པ་ཡོད་པའི་རྒྱ་ཆེ་བའི་བོད་སོག་མི་རིགས་ཀྱིས་ཁོང་གི་བཀྲ་དྲིན་མི་བརྗེད་པ་དང་བཞེད་དོན་སྒྲུབས་པར་མཛོད་ཅིག །
༧ པཎ་ཆེན་ཐམས་ཅད་མཁྱེན་པའི་བརྙན་པར་མཛད་རྣམ་སྙིང་བཏུས་ཞེས་པ་ཕྱོགས་སྒྲིག་བྱེད་པོ་གཙང་ཕྲུག་སྟོབས་ལགས་ཞུ་བར་བཀྲིན་ཆེ་ཞུ་འདོད་བྱུང་ངོ་།
པཎ་ཆེན་རིན་པོ་ཆེའི་མཛད་འཕྲིན་ཁག་གློག་བརྙན་བལྟས་པ་བཞིན་དུ་མིག་ལམ་དུ་འཆར་འདོད་ན་པཎ་ཆེན་ཞིབ་འཇུག་ལྟ་ཀློག་བྱ་དགོས།
~ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་མཛད་རྣམ་ལ་ང་ཚོས་རྗེས་དྲན་ངེས་པར་ཞུ་དགོས་པ་ཞིག་ལགས།
བརྗེད་མི་རུང་ཞིང་བཟོད་དཀའ་བའི་ ༧ པཎ་ཆེན་དམ་པ་ཁོང་གི་ལོ་རྒྱུས་དང་མཉམ་པོར་ཧ་ཅང་ཀློག་སྤྲོ་བའི་གཙང་ཕྲུག་སྟོབས་ལགས་ཀྱི་རྩོམ་འགྲོས་འདི་ལ་ཡང་བཀའ་དྲིན་ཆེ་ཞུ ད་དུང་གཙང་ཁང་གསར་གྱི་གཙང་ཕྲུག་སྟབས་དང་ཁང་གསར་རྡོ་རྗེ་ལྟ་བུ་ནི་ང་ཚོའི་སྤྱི་ཚོགས་ནས་འབུར་བསྐོས་ཀྱི་ཤིང་བསྐོས་ནང་ལྟར་བཞུགས་པ་འདི་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད།
ཐུགས་རྗེ་ཆེ་གནང་།ངའི་ཕ་ཡུལ་གཅིག་པ་གཙང་ཕྲུག་ལགས་ནས་ཡག་པོ་བྲིས་གནང་ཤག
མི་རིགས་ཀྱི་དཔལ་པོ་། ང་ཚོས་དུས་ནམ་ཡང་བརྗེད་མི་སྲིད་། མི་རིགས་ལ་བསམ་ཡོད་མཁན་ཞིག་ན་མིག་ཆུ་རང་དབང་མེད་ཤོར་ཡོང་།།
བློ་བཟང་རྒྱལ་བའི་དབང་པོ་ཙོང་ཁ་པའི།
རྣམ་དཀར་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྗེ།
མདོ་སྔགས་བསྟན་པའི་རྒྱལ་མཚན་འཛིན་པའི་དཔལ།
སྐྱབས་མཆོག་དམ་པའི་ཞབས་ལ་ཕྱག་འཚལ་ལོ།།
་
བདག་༡༩༥༩ལོར་བཀྲ་ཤིས་ལྷུན་པོར་འབྱོར། ༡༩༥༢ལོར་སྐྱབས་མགོན་པཎ་ཆེན་རིན་པོ་ཆེའི་ཞབས་མདོ་སྨད་ནས། དབུས་གཙང་དུ་བྱོན། སྙམ་པ་ཡིན། ནོར་ཡོད་ན། བཅོས་པར་མཛོད། ༡༩༥༦ལོར། རྗེ་དགེ་འདུན་གྲུབ་ཀྱི་ཚད་མ་རིགས་རྒྱན་གྱི་ངག་རྒྱུགས་འབུལ་ཐོག་གཟིམ་ཆུང་མཇལ་ཀ་དང་། སྟོད་འགག ཇ་པང་ཆུང་། ཤིང་ཏོག་བཅས་རྔན་པར་སྩལ། ༡༩༥༧ རྒྱལ་མཆོག་རྣམ་གཉིས་འཕགས་ཡུལ་གནས་གཟིགས་གྲུབ་སྟེ། བོད་ལྗོངས་སུ་སླར་བྱོན། དེ་ནས་ལ་དྭགས་སུ་ཕ་མར་ཐུག་པར་ཕྱིན་ནས། ༡༩༥༧ལོར་བོད་དུ་ལོག་པར་ཀ་ལིམ་པོང་ནས་འཐོན་ནས་སྒང་ཏོག་ཏུ་འགྲོ་བའི་ལམ་དུ་བཀྲས་ལྷུན་གྲྭ་པ་ཞིག་ཐུག་པས་བོད་ལ་དུས་བདེ་མི་འབྱུང་བར་བཤད་པ་ལ་བརྟེན། ཝཱ་རཱ་ཎ་སཱིར་ལེགས་སྦྱར་སློབ་གྲྭར་ཕྱིན། ༡༩༨༧ ལོར་བདེ་ཆེན་ཕོ་བྲང་གཟིམ་ཆུང་དུ། ༧སྐྱབས་མགོན་པཎ་ཆེན་རིན་པོ་ཆེ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཞབས་སླར་ཡང་མཇལ་བའི་སྐལ་བཟང་བྱུང་། བོད་པས་བོད་ཡིག་མ་སྦྱང་བ་དེ་བོད་ཀྱི་ཞབས་འདྲེན་ཡིན། ཞེས་གསུངས་པ་ཡིད་ལ་བཞག་སྟེ། རང་ཉིད་ཀྱིས་གང་ཐུབ་སྦྱོང་བ་དང་། གཞན་ལ་ཡང་སྦྱོང་བར་བསྐུལ་བ་བྱེད་ཐུབ་ན། རྗེ་བཙུན་བླ་མ་དགྱེས་པའི་སྒྲུབ་པའི་མཆོད་པ་ཡིན་པར་ལྷུར་ལེན་པར་བྱེད་དོ།
རྒྱ་མིས་བོད་སར་བཙན་འཛུལ་བྱས་པ་ནས་བཟུང་ད་བར་བོད་ས་གང་སར་རྒྱ་མིའི་བཙན་འཛུལ་ལ་ངོ་རྒོལ་འདྲ་མིན་བྱས་ཡོད་ཀྱང་
བཀྲིས་ལྷུན་པོ་དང་གཞིས་ཀ་རྩེ་ཁུལ་དུ་ད་བར་རྒྱ་མིར་ངོ་རྒོལ་རྩ་་བ་ནས་བྱས་མ་སོང་བས་དེའི་རྒྱུ་རྐྱེན་གང་ཡིན་ནམ་ ༡༩༨༧ ལོར་ ལྷ་སར་ཞི་བའི་ངོ་རྒོལ་བྱས་པའི་སྐབས་རྒྱ་མིའི་དམག་མིས་མེ་མདའ་རྒྱབ་ནས་བོད་མི་བསད་པ་དངརྨས་པ་མང་པོ་བྱུང་བས་ སྐབས་དེ་དུས་ལྷ་ས་བ་དང་གནས་སྐོར་བ་ཚང་མས་མིག་མཐོང་ལག་འཛིན་ཡིན་བཞིན་དུ་ པན་ཆེན་རེན་པོ་ཆེས་ཚོགས་འདུའི་ཐོག་དང་ བརྙན་འཕྲིན་་ རླུངས་འཕྲིན་ཚང་མའི་ནང་བོད་མི་ཞི་རྒོལ་བ་ཚོར་ཁ་རྡུང་ངར་ཤུགས་ཆེན་པོས་གཏང་བའི་ཐོག་ རྒྱ་མིའི་དམག་མིས་མི་མདའ་གནམ་ལ་རྒྱབ་པ་ལས་མི་ལ་རྩ་བ་ནས་རྒྱབ་ཡོད་པ་མ་རེད་ཞེས་ཐེངས་ཁ་ཤས་གསུང་འདུག་པས་སྐབས་དེ་དུས་ལྷ་སར་ཡོད་པའི་མི་རྣམས་ཧང་སང་ནས་བླ་མས་རྫུན་བཤད་སོང་ཞེས་རྒས་་ཕོ་རྒས་མོ་ཚོའི་ཁ་ནས་ཐོན་པ་ངས་ད་ལྟའང་དྲན་གྱི་འདུག་
རླབས་ཆེའི་སྐྱེས་མ། Tibetan Language Film Part 18/23
རྒྱ་མིས་བོད་སར་བཙན་འཛུལ་བྱས་པ་ནས་བཟུང་ད་བར་བོད་ས་གང་སར་རྒྱ་མིའི་བཙན་འཛུལ་ལ་ངོ་རྒོལ་འདྲ་མིན་བྱས་ཡོད་ཀྱང་
བཀྲིས་ལྷུན་པོ་དང་གཞིས་ཀ་རྩེ་ཁུལ་དུ་ད་བར་རྒྱ་མིར་ངོ་རྒོལ་རྩ་་བ་ནས་བྱས་མ་སོང་བས་དེའི་རྒྱུ་རྐྱེན་གང་ཡིན་ནམ་ ༡༩༨༧ ལོར་ ལྷ་སར་ཞི་བའི་ངོ་རྒོལ་བྱས་པའི་སྐབས་རྒྱ་མིའི་དམག་མིས་མེ་མདའ་རྒྱབ་ནས་བོད་མི་བསད་པ་དངརྨས་པ་མང་པོ་བྱུང་བས་ སྐབས་དེ་དུས་ལྷ་ས་བ་དང་གནས་སྐོར་བ་ཚང་མས་མིག་མཐོང་ལག་འཛིན་ཡིན་བཞིན་དུ་ པན་ཆེན་རེན་པོ་ཆེས་ཚོགས་འདུའི་ཐོག་དང་ བརྙན་འཕྲིན་་ རླུངས་འཕྲིན་ཚང་མའི་ནང་བོད་མི་ཞི་རྒོལ་བ་ཚོར་ཁ་རྡུང་ངར་ཤུགས་ཆེན་པོས་གཏང་བའི་ཐོག་ རྒྱ་མིའི་དམག་མིས་མི་མདའ་གནམ་ལ་རྒྱབ་པ་ལས་མི་ལ་རྩ་བ་ནས་རྒྱབ་ཡོད་པ་མ་རེད་ཞེས་ཐེངས་ཁ་ཤས་གསུང་འདུག་པས་སྐབས་དེ་དུས་ལྷ་སར་ཡོད་པའི་མི་རྣམས་ཧང་སང་ནས་བླ་མས་རྫུན་བཤད་སོང་ཞེས་རྒས་་ཕོ་རྒས་མོ་ཚོའི་ཁ་ནས་ཐོན་པ་ངས་ད་ལྟའང་དྲན་གྱི་འདུག་
རྒྱ་ནག་གཞུང་གིས་བོད་ལ་ཕན་ཐོགས་པ་ལས་གནོད་པ་བྱས་པ་མང་བ་ཡོད། ཅེས་པཎ་ཆེན་རིན་པོ་ཆེས་གསུངས་པ་ཡང་ཐོས་མྱོང་།
༸པཎ་ཆེན་རིན་པོ་ཆེའི་དགོངས་རྫོགས་དྲན་གསོ།
http://www.tibettimes.net/news.php?showfooter=1&id=8496
གཙང་ཕྲུག་སྟོབས་ལགས་སུ། ཉིད་ཀྱིས་སྤེལ་བའི་པར་འདི་ནི་ངོ་མ་རྩ་ཆེན་རྐྱང་རེད། དེ་ལས་ཀྱང་པར་རིས་བཞི་པ་༼སྐུ་རྙིང་མང་པོ་ཡོད་པའི་ཁང་བ་དེར་མི་འགའ་དང་མཉམ་དུ་བཞུགས་ཡོད་པ་༽དེས་བདག་ཡིད་རབ་ཏུ་འཕྲོགས་སོང་། ང་ལ་འདྲ་པར་དེ་ཤིན་ཏུ་མཁོ་ཆེ་བས། ཅུང་གསལ་ཚད་ཆེ་བའི་འདྲ་པར་ཞིག་སྐུར་རྒྱུ་སྙིང་ཁོངས་རུས་པའི་གཏིང་ནས་རེ་བ་དང་བཀའ་དྲིན་ཞུ། བདག་གི་ཡིག་ཟམ་རྩོམ་སྒྲིག་པར་སྐུར་ཟིན།