གནས་ཚུལ་གཏོང་མཁན། ལྷ་སྡེ་གནམ་ལོ་ཡག
ཕྱི་ཟླ་༡༠ ཚེས་༢༤ ཉིན་གྱི་སྔ་དྲོ། 《སངས་རྒྱས་བཀྲོངས་པ》དཔེ་དེབ་མཛད་སྒོ་ཐེ་པེ་སློབ་ཆེན་སློབ་གྲོགས་ཚོགས་ཁང་དུ་བསྡུས་ཤིང་། དཔེ་དེབ་འདི་བཞིན་རྒྱ་ནག་གི་བཙན་བྱོལ་རྩོམ་པ་པོ་དང་སློབ་དཔོན་ཡན་ཧོང་པེན་དང་བོད་རྒྱ་སྐད་གཉིས་སྙན་ངག་པ་གནམ་ལོ་ཡག་གིས་བརྩམས་པ་ཞིག་རེད། སྐུ་མགྲོན་གཙོ་བོར་ཐེ་ཝན་ཤེས་རིག་ལྷན་ཁང་གི་ཚོགས་གཞོན་ཟུར་བ་ཝུའུ་ཅིན་ཧྭ། ཐེ་ཝན་སློབ་ཆེན་གསོ་རིག་ལྷན་ཁང་གི་འགན་འཛིན་ཁུ་ཝུན་ཀྲོའུ། ཐེ་ཝན་སློབ་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་འགན་འཛིན་གཞོན་པ་ཆིག་རུང་ཅུའུ། བཙན་བྱོལ་བོད་མིའི་སྤྱི་འཐུས་ཟུར་བ་མཁས་གྲུབ་དོན་གྲུབ། ཧྥེ་པེན་རིག་གནས་མཐུན་གཉེར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཆེན་མོ་ཡའེ་པོ་ཞང་སོགས་མཆིས།
མཛད་རིམ་ཁག་གསུམ་ལ་དབྱེ་འདུག ༡༽ སློབ་དཔོན་ཡན་ཧོང་པེན་གྱིས་དཔེ་དེབ་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་སྤེལ་ཞིང་། བརྗོད་གཞི་ནི་བོད་ཀྱི་དེ་རིང་ནི་ཐེ་ཝན་གྱི་སང་ཉིན་ཡིན་ཞེས་པ་དེ་རེད། ༢༽ སྐུ་མགྲོན་གཙོ་བོ་དག་གི་གཏམ་བཤད། ༣༽ 《སངས་རྒྱས་བཀྲོངས་པ》དཔེ་དེབ་རྩོམ་མཁན་ཟུང་གི་སྤྱི་བསྒྲགས།
གཤམ་དུ་སྤྱི་བསྒྲགས་ཟུར་འདོན་གྱིས་ཆེད་འགོད་བྱས་ཡོད།
《སངས་རྒྱས་བཀྲོངས་པ》རྩོམ་མཁན་གྱིས་རྒྱ་དམར་གཞུང་གི་གཏུག་བཤེར་ལ་གདོང་ལེན་བྱེད་ངེས་སྤྱི་བསྒྲགས།
《སངས་རྒྱས་བཀྲོངས་པ》དཔེ་དེབ་ནང་རྒྱ་དམར་ཆབ་སྲིད་ནག་པོ་ཚོགས་པའི་རུ་ཁག་ཏེ། ཏིང་ཞའོ་ཕིང་། པོ་ཡི་པའོ། ལིས་ཤན་ཉིན། ཧུའུ་ཅིན་ཐོ། ཝུན་ཅཱ་པོ། ཞིས་ཅིན་ཕེན། ཧུའུ་ཁྲོང་ཧྭ། མུན་ཅིན་ཝེ། ཝང་མེས་ཆིན་སོགས་རྒྱ་དམར་དཔོན་རིགས་ཀྱིས་བོད་བརྒྱུད་ནང་བསྟན་རྨེག་མེད་དང་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་ལྐོག་གསོད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྫུན་བཟོ་བཅས་ཀྱིས་མཚོན་པའི་འགྲོ་བ་མིའི་རིགས་ལ་རྒོལ་བའི་ནག་ཉེས་རིམ་པར་བསགས་པའི་དངོས་ཡོད་གནས་ཚུལ་ཐེར་འདོན་བྱས་ཡོད།
རྒྱ་དམར་ཆབ་སྲིད་ནག་པོ་ཚོགས་པའི་རུ་ཁག་དང་གོང་བརྗོད་འགྲོ་བ་མིའི་རིགས་ལ་རྒོལ་བའི་ནག་ཉེས་ཡོད་པའི་དོགས་གཞི་ཅན་དག་དེང་སྐབས་རྒྱ་དམར་དབང་ཆ་གཅིག་སྡུད་ཀྱི་ལྕགས་ཀྱི་ཡོལ་བའི་རྒྱབ་ལོགས་སུ་སྦས་བསྐུངས་ཀྱིས་ཁྲིམས་ཞིབ་དང་ཉེས་ཆད་ལ་གཡོལ་བཞིན་ཡོད།
《སངས་རྒྱས་བཀྲོངས་པ》རྩོམ་མཁན་ཡིན་པའི་ཆ་སྟེ། ང་ཚོས་དཔེ་དེབ་ནང་ཐེར་འདོན་བྱས་པའི་འགྲོ་བ་མིའི་རིགས་ལ་རྒོལ་བའི་ནག་ཉེས་རིམ་པར་བསགས་པའི་དངོས་ཡོད་གནས་ཚུལ་གྱི་ཡང་དག་རང་བཞིན་ལ་འགན་ལེན་གཙང་མ་བྱེད་རྒྱུ་ཡིན། གལ་སྲིད་རྒྱ་དམར་ཆབ་སྲིད་ནག་པོ་ཚོགས་པའི་རུ་ཁག་དང་གོང་བཀོད་ཞིབ་ཕྲའི་ནག་ཉེས་དོགས་གཞི་ཅན་དག་གིས《སངས་རྒྱས་བཀྲོངས་པ》དཔེ་དེབ་ནང་གསལ་བའི་ཁོ་རང་ཚོའི་ཉེས་པའི་ཐད་དག་སེལ་ཡོད་ན། ཁོ་རང་ཚོས《སངས་རྒྱས་བཀྲོངས་པ》རྩོམ་མཁན་ལ་མ་ཉེས་ཁ་གཡོགས་ཀྱི་ཞུ་གཏུག་བྱེད་ཆོག ཁོ་རང་ཚོས་འཛམ་གླིང་སྟེང་གི་རྒྱལ་ཁབ་གང་རུང་གི་ཁྲིམས་ཁང་ནང་ཞུ་གཏུག་བྱེད་ཆོག་ཅིང་། དེའི་ནང་དུ་རྒྱ་ནག་ཁྲིམས་ཁང་ཡང་འདུ་ལ། ང་ཚོས་གཏུག་བཤེར་ལ་གདོང་ལེན་བྱེད་ངེས་ཡིན།
ང་ཚོའི་བསམ་ཚུལ་ལྟར་ན། རྒྱ་དམར་དབང་ཆ་གཅིག་སྡུད་འོག་གི་རྒྱ་ནང་ཁྲིམས་ཁང་གིས་རྣམ་པ་གང་རུང་གི་ཁྲིམས་བཤེར་ཡང་དག་ཅིག་ཡོང་མི་སྲིད་ནའང་། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི“ང་རང་དམྱལ་བར་གི་བསྐྱོད། སུ་ཞིག་བསྐྱོད་དམ”ཞེས་པའི་བྱམས་སྙིང་རྗེ་ཆེན་མོའི་ཞལ་གདམས་སྙིང་བཅངས་ཀྱིས་རྒྱ་ནག་ཁྲིམས་ཁང་བརྒྱུད་ནས་གཏུག་བཤེར་ལ་གདོང་ལེན་བྱེད་ངེས་ཡིན་ལ། ཁྲིམས་སྲོལ་ཁག་གི་འགྲོ་རིམ་ལྟར། རྒྱ་དམར་ཆབ་སྲིད་ནག་པོ་ཚོགས་པའི་རུ་ཁག་དང་གོང་བརྗོད་འགྲོ་བ་མིའི་རིགས་ལ་རྒོལ་བའི་ནག་ཉེས་རིམ་པར་བསགས་ཡོད་པའི་དོགས་གཞི་ཅན་དག་གི་ནག་ཉེས་ལ་བདེན་དཔང་བྱས་ཏེ། རྒྱུ་འབྲས་ཀྱི་བདེན་པ་གསལ་སྟོན་བྱེད་རྒྱུ་ཡིན་པའི་སྤྱི་བསྒྲགས་སུ། 《སངས་རྒྱས་བཀྲོངས་པ》རྩོམ་མཁན་སློབ་དཔོན་ཡན་ཧོང་པེན་དང་ལྷ་སྡེ་གནམ་ལོ་ཡག་ཟུང་གིས་ཕྱི་ལོ་ ༢༠༡༣ ལོའི་ཟླ་༡༠ ཚེས་༢༤ ཉིན།
བཀའ་དྲིན་ཆེ།
འདི་འདྲ་ཞིག་ད་བར་ཡོང་དགོས་རྒྱུར་སྣང་ཡང་དེ་རིང་གཞི་ནས་ཐོན་པ་ཅུང་འགོར་མོད་ད་དུང་ཡང་འཕྱིས་དྲག་མེད་སྙམ། རྩོམ་པ་པོ་རྣམ་གཉིས་ཀྱིས་ཤེས་རབ་དང་སྙིང་སྟོབས་ཀྱི་རལ་གྲིས་རྒྱ་དམར་དབང་འཛིན་པ་ཚོའི་ས་འོག་དར་ཐག་གི་གཡོ་བྱུས་ངན་པའི་འཆིང་རྒྱ་བསྟོར་ཏེ་དྲང་བདེན་གྱི་ཅོང་སྒྲ་བསྒྲགས་པ་ཡག་བྱུང་། །
འདིའི་མཚོན་ནས་བོད་དང་བོད་མི་རིགས་རིག་གཞུང་དང་བཅས་པར་མ་ཉེས་ཁ་གཡོག་དང་འཁྱོག་བཤད་སོགས་བྱས་ཏེ་འཆར་གཞི་ལྡན་པའི་སྒོ་ནས་བསམ་བཞིན་རྩ་བརླག་གཏོང་བའི་ནག་ཉེས་རྒྱ་དམར་གཞུང་གི་དབང་འཛིན་པ་དག་གིས་བསགས་པ་ཉུང་ཉུང་ཞིག་ག་ལ་ཡིན་ཏེ་གཏན་ནས་མིན་པར་སེམས་མོད། ཆེས་ཕངས་པ་ཞིག་ནི་དེ་དག་རེ་རེ་བཞིན་རྣོ་ངར་ཅན་དང་ཞིབ་ཚགས་ཅན་བརྟག་ཐུབ་འཕེར་བའི་ཐོག་ནས་གསལ་སྟོན་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་པ་འདི་རེད། །
ལས་འགུལ་བརླབ་ཆེན་རེད། ཕྱི་དྲག་པ་མིན་ནམ་དྲན་སོང་། བྱ་བ་ལམ་འགྲོ་ཡོང་བར་སྨོན། །
བྱ་གཞག་རླབས་ཆེན་འདི་ལ་བཀའ་དྲིན་ཞུ་འདོད་ཡོད། ལྷག་པར་བདེན་སྟོབས་གསོན་པོས་རྩོམ་པ་བོ་གཉིས་ཀྱིས་ཁྲིམས་ཐོག་ནས་རྒྱ་དམར་ཇག་ཚོགས་དང་མཉམ་དུ་གདོང་ཐུག་ཁ་གཏད་ལངས་འདོད་ཡོད་པ་ནི་དེ་ལས་གཟི་བརྗིད་དཔང་བོ་ཆེན་པོ་ཞིག་རེད་སྙམ།
རྩོམ་པ་པོ་རྣམ་གཉིས་ཀྱི་ རྣམ་དཔྱོད་དང་ སྙིང་སྟོབས་ལ་ སེམས་གཏིང་ནས་གུས་འདུད་ཞུ།
བོད་ཀྱི་བདེ་སྡུག་ལ་ཕན་པའི་སྨན་དུ་ཚོར་བས་རྩོམ་པོ་ཟུང་ལ་སྙིང་ནས་མགུ
རྩོམ་མཁན་རྣམ་གཉིས་ལ་སེམས་གཏིང་ནས་བསྟོད་བསྔགས་ཞུ།
རླབས་ཆེན་གྱི་ཕྱག་ལས་རེད། རྗེས་སུ་ཡི་རང་ངོ་།།
ལྷན་རྒྱས་ཀྱི་བསྔགས་བརྗོད་ནི་ང་ཚོ་མུ་མཐུད་ནས་མདུན་ལ་བསྐྱོད་པའི་བསྒུལ་ཤུགས་ཡིན་ལ། སྐྱོན་བརྗོད་ཀྱང་རང་ངོ་ཤེས་པར་བྱེད་པར་བསྐུལ་བའི་མེ་ལོང་ཅིས་མ་ཡིན།
གལ་སྲིད་རྒྱ་དམར་གཞུང་གིས་དོན་དག་འདི་ཁྲིམས་ཐོག་ལ་བསྐྱལ་བ་ཡིན་ན། སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གི་གཤེགས་རྐྱེན་ཆུ་བཞུར་ཤུལ་གྱི་རྡོ་བར་འགྱུར་སྲིད་པའི་ཁར། རྒྱ་དམར་གཞུང་གི་རྩ་ཁྲིམས་ཀྱིས་མཚོན་པའི་ཁྲིམས་ལུགས་ཁག་ལ་དོན་དངོས་སུ་བློ་གཏད་ག་ཚད་བྱེད་ཆོག་པའི་ལག་ལེན་ཁྲོད་ཀྱི་དྲིས་ལན་ཞིག་ཀྱང་བརྙེད་སྲིད་པས། ཚང་མས་འདིའི་ཐད་ཤུགས་བསྣོན་རྒྱག་རོགས།
ཡི་རངས་ཡོད། ཐུགས་རྗེ་དང་བཀའ་དྲིན་ཆེ་ཞུ།
མདོ་ཁམས་པའི་གཏམ་དཔེ་ལ། ཕོ་གྱོད་ཕ་བོང་རྒས་རྒྱུ་མེད།།མོ་གྱོད་ཤུག་པ་རུལ་རྒྱུ་མེད།།ཟེར་བ་རེད། ཕྱི་འགྲོ་རྒྱུ་ཅི་ཡང་མེད་པ་ཤེས་དགོས།
འདི་ནི་༼ 《སངས་རྒྱས་བཀྲོངས་པ》དཔེ་དེབ་ནང་རྒྱ་དམར་ཆབ་སྲིད་ནག་པོ་ཚོགས་པའི་རུ་ཁག་ཏེ། ཏིང་ཞའོ་ཕིང་། པོ་ཡི་པའོ། ལིས་ཤན་ཉིན། ཧུའུ་ཅིན་ཐོ། ཝུན་ཅཱ་པོ། ཞིས་ཅིན་ཕེན། ཧུའུ་ཁྲོང་ཧྭ། མུན་ཅིན་ཝེ། ༽ ཟེར་བ་འདི་རིགས་ནི་དགོད་བྲོ་བ་ཞིག་མ་རེད་དམ། ཞགས་པ་བསྐོར་འཕེན་འདི་རིགས་ཀྱིས་ཅི་གང་ཕན་གི་མ་རེད། ཁ་གསལ་ན་གོ་བདེ། ནམ་ལངས་ན་འགྲོ་བདེ། ཟེར་བ་ལྟར་རྣམ་དཔྱོད་ལྡན་པའི་དོགས་པ་བྱེད་ཡུལ་ཞིག་བཙལ་འཚོལ་ཐུབ་ན་དེས་ཨེན་ཙམ་ཕན་གྱི་མེད་འགྲོ
གང་ལྟར་སངས་རྒྱས་དཀྲོངས་པའི་སྐོར་ལ། བདེན་དཔང་གཅིག་སྐུ་ཞབས་རྒྱལ་དོན་ལ་པེ་ཅིང་ནས་དེའི་སྐོར་བཤད་པའི་དངོས་དོན་དེ་དང། གམ་བཅར་པ་ཞིག་ཕྱིས་སུ་རྒྱ་གར་དུ་འབྱོར་སྐབས་དཀྲོངས་རྗེས་སྐུ་ཤའི་མདོག་འགྱུར་ཚུལ་གསུངས་པ་ལས་ད་བར་ཡོངས་གྲགས་རང་བཞིན་གྱི་དོགས་གནས་གང་ཡང་ཐོན་མེད་ཅིང། གཞན་རྣམས་ནི་ལྟར་སྣང་དང་བཤད་འབྲངས་འབའ་ཞིག་རེད་ལ། རྒྱ་མི་དེ་དང་ཀླུ་མཁར་བྱམས་ཀྱི་དཔུང་རོགས་སངས་རྒྱས་ངོ་རྒོལ་བ་གནམ་ལོ་ཡག་སོགས་ཀྱིས་མ་གཞི་ནས། དང་པོར་སངས་རྒྱས་ཟེར་བ་འདི་ག་རེ་ཡིན་མིན་སློབ་སྦྱོང་ཅིག་མ་བྱས་ཚེ། ལྡོང་སྲས་ཡིན་ཤག་གིས་སྙན་ངག་བྲིས་པ་དེས་དཔེ་དེབ་རང་གི་ཁ་བྱང་ཁོ་ནར་འགྲེལ་བཤད་ཡག་པོ་ཞིག་བསྐྱོན་རྒྱུར་དཀའ་ངལ་འཕྲད་ཀྱི་མེད་འགྲོ ད་དུང་་་་་་ད་གཡུག་ཞོག ་་་་རྗེས་ལ་རིམ་པར་མོལ་ཆོག
ག་དུས་ཡིན་ཀྱང་ང་ཚོ་བོད་མི་ནི་མི་རྣམས་གཞན་དག་གི་སྲིད་དོན་ནང་ལ་བེད་སྤྱོད་རང་་གཏོང་ཡ་དེ་སེམས་ཕམ་ཡ་ཞིག་རེད། ངེད་གསལ་པོ་ཧ་གོ་སོང་ཐེ་ཝང་རང་བཙན་ལྟ་བའི་རྗེས་སུ་འགྲོང་མཁས་དེ་ཚོས་ཅི་བྱས་འདི་བྱས་མེད་ཡོང་དུས་བོད་མི་ཉམས་ཆུང་དེ་ཚོ་ཁོ་ཚོའི་སྲིད་དོན་ནང་ལ་་དྲིལ་ཡོང་གིས་འདུག། ང་ཚོ་བོད་མི་དམང་ལ་ཕན་ཐོག་མི་སྲིད་ཀྱང་དེ་ཚོའི་རིགས་ལ་་རོག་པ་བྱས་མཁན་ཚོ་ལ་སྒོ་མོ་ཏོག་ཙམ་ཐོབ་སྲིད། བོད་རྒྱལ་ལོ།
རྩོམ་པ་པོ་རྣམ་གཉིས་ཀྱི་སྙིང་སྟོབས་དང་འཚོལ་བསྙེགས་ལ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ།
སྤྱིར་བཏང་གཟུགས་མེད་ཀྱི་སྡེ་ལ་ལན་འདེབས་བྱེད་སྲོལ་མེད་ཀྱང་དཔེ་དེབ་འདི་ཧ་ཅང་གི་གལ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་ནས་འགྲེལ་བཤད་ཏོག་ཙམ་བྱེད་འོས་པར་སྣང་།
༡ སངས་རྒྱས་ཟེར་བ་སུ་རེད། དེ་ནི་རང་ལས་གཞན་གཅེས་ཀྱི་ཀུན་སློང་དྲག་པོ་ལག་ལེན་ཁྲོད་འདེབས་ཕོད་མཁན་གྱི་སྐྱེས་བུ་ཡན་གར་བ་ཞིག་ཡིན་འོས་ལ། སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལ་ཐོག་མཐའ་བར་གསུམ་དུ་ཁྱད་ཆོས་དེ་ཚང་ཡོད་པར་མ་ཟད། མཇུག་མཐར་སྐུ་སྲོག་ཀྱང་བོད་མི་རིགས་ཀྱི་ཆེད་དུ་ཕུལ་ཡོད་པས། འདི་ལས་སངས་རྒྱས་གསོན་པོ་ཞིག་གང་ན་ཡོད་དམ། དེ་བས། དད་པ་ཡོད་མཁན་ཚོས་སྣེ་ཁྲིད་ནས་སངས་རྒྱས་བཀྲོངས་མཁན་གྱི་ལག་དམར་ཚང་མར་ཉུང་མཐར་ཡང་ཁྲིམས་ཐོག་ནས་གསལ་བོ་བཟོ་བའི་དུས་ལ་བབས་ཡོད་པ་མ་རེད་དམ། དེ་བས། ཁ་བཤད་བརྒྱ་ལས་ལག་ལེན་གཅིག་གཙོ་བའང་ཞོར་ནས་ཤེས་མི་ཐུབ་བམ།
༢ ། དེའང་རྟེན་འབྱུང་གི་རིགས་ལམ་ཁས་ལེན་མཁན་ཞིག་ཡིན་ཚེ། འཇིག་རྟེན་འདིའི་བྱ་བཞག་ཡོད་ཚད་གཅིག་ལ་གཅིག་བརྟེན་ཡིན་པ་ནི་བཤད་ག་ལ་དགོས། དེའི་ཕྱིར། ཐེ་ཝན་ནི་རྒྱ་ནག་གི་འཇིག་རྟེན་ལ་འཇུག་པའི་མདུན་སྒོ་རེད་ལ། གནས་དེར་རྐང་པ་ས་ལ་ཚུགས་དགོས་ཚེ་རྒྱབ་སྐྱོར་བྱེད་མཁན་དང་ཀློག་མཁན་དགོས་དགོས་པ་རེད། དེའི་མ་ཚད་གནས་འདི་ནས་ཐད་ཀར་རྒྱ་ཡིག་གི་འཇིག་རྟེན་ལ་ཤུགས་རྐྱེན་བསྐྲུན་ཐུབ་པ་དང་། རྒྱ་ནག་ཆེན་པོ་རིང་ལུགས་པ་ཚོའི་ངོ་གདོང་ཡང་གསལ་སྟོན་བྱེད་ཐུབ་པས། རྩོམ་ཡིག་འབྲི་མཁན་ཞིག་ལ་ཀློག་པ་པོའི་ཚོང་ར་ཡོང་མིན་ནི་ཕ་རོལ་བའི་དགོས་མཁོ་དང་བོད་རང་གི་དམིགས་འདུན་གཉིས་ཇི་ལྟར་མཉམ་བསྲེས་ཀྱིས་གསོན་ཉནས་དོད་པོ་ལྡན་པ་ཞིག་ཏུ་བསྒྱུར་ཐུབ་མིན་དེ་རེད། འདི་དང་ནུབ་ཕྱོགས་སུ་ཆོས་སྤེལ་སྟངས་ཀྱི་ཐབས་ལམ་ཐད་མཚུངས་ཆོས་མང་བོ་ཡོད་པ་རེད། ཐེ་ཝན་སྤྱི་ཚོགས་ནང་དུ་ཆོས་པ་ཚོ་མ་གཏོགས་གཞན་དག་གིས་ལག་པ་བསྲིངས་ནས་དངུལ་སློང་ཆོག་ཆོག་ཅིག་ཡོད་པ་མ་རེད། དེའང་མ་ཤེས་པའམ། རྒྱ་གར་ནང་ལ་དཔེ་འཇོག་གི་འཁྲུལ་སྣང་ཆེ་ཤོས་ཤིག་རེད།
པཎ་ཆེན་རིན་པོ་ཆེ་ནི་སྤྱིར་མི་ཞིག་ཡིན་པ་དང་དེའི་ནང་ནས་ང་ཚོའི་བོད་ཀྱི་བླ་མ་ཆེན་པོ་ཞིག་ཡིན་ལ་སྲིད་ཕྱོགས་ཀྱི་དབུ་ཁྲིད་དམ་པ་ཞིག་ཀྱང་ཡིན་པས་ཁོང་ཉིད་ཀྱི་ཆག་སྒོ་གང་ཡིན་དེ་དག་བོད་མི་རིགས་ཀྱི་གནད་དོན་ཚབས་ཆེན་ཞིག་ཀྱང་ཡིན་པས་ང་ཚོས་ཅིས་ཀྱང་རྒྱ་གཞུང་གི་གསང་མཐིལ་སྔོག་འདོན་བྱེད་རྒྱུ་ནི་སྤྱིར་བཏང་གི་ཤ་འཁོན་སློག་སྟངས་ཤིག་ལས་འདས་ཏེ་བདེན་དོན་གྱི་རྒྱལ་ཁ་ཆེན་པོ་ཞིག་རྩོད་ཚུལ་ཡིན་ན་རྩོམ་པ་པོ་རྣམ་པ་གཉིས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུའོ།
སྟག་གི་རྔ་མར་མི་འཇུ་དགོས།། འཇུས་བས་ཉིན་ནས་མི་ཀློད་དགོས།།
གོ་ལོ་ཐོས་ལོ་ཟེར་ལོ་སོགས།། རིག་པ་བརྡར་བའི་ཁུངས་མིན་པར།།
བདེན་རྟགས་དཔང་མི་གསར་འདྲ་བ།། རྒྱ་ཁྲིམས་ཤེས་ནིའི་འདྲེ་འདྲ་བ།།
སྔ་གཞུག་གཉིས་ནས་དཔུང་གཤིབ་ནི། ཁ་ཁོག་གཉིས་ན་གྲོགས་ཡིན་ནིའི།།
རྒྱ་བོད་གང་མང་ཐབས་སུ་བཀུག། བདེན་པ་ཡིན་པའི་རྒྱལ་ཁ་ལ།།
རྒྱ་ཁྲིམས་གཡོ་སྒྱུའི་རྔམ་ཁ་ན།། དཔུང་གྲོགས་ཡོད་པའི་བཀྲ་ཤིས་ཤོག།
(རྩོམ་པ་པོ་རྣམ་པ་གཉིས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུའོ།) ཨ་དགའ་ཆབ་བྲག་ཡ། བཀའ་དྲིན་རང་གི་བླ་མ་ལས་ལྷག་པ་ཞིག་ཞུས་འདུག་པ་ནི། ཨ་དགའ་ཅིག་མཆོང་རྒྱོ་མང་སོང་ནི་མིན་ན་ཨ། ཧ་ཧ་ཧ།
བླ་མ་གོང་མ་ཚོའི་ཡན་ན་མེད་པའི་བཀའ་དྲིན་འདི་བཀའ་དྲིན་གང་འདྲ་ཞིག་ཡིན་པ་ཤེས་སོང་། ཧ་ཧ་ཧ།
རྒན་ཆབ་བྲག་ལགས་ཕེབས་ནས་སློབ་སྟོན་གནང་བར་ཐུགས་རྗེ་ཆེ། གང་ལྟར་བདག་མེད་ཉམས་ལེན་ཁྲོད་བཅུག་ཟིན་པའི་བཙན་བྱོལ་སྤྱི་ཚོགས་ནང་བདག་འཛིན་ལ་གཏོགས་པའི་ཤ་འཁོན་གླེང་ས་མི་འདུག་མོད། བདེན་དོན་ཞིག་གི་ངོ་གདོང་ཇི་མ་ཇི་བཞིན་དུ་འཛམ་གླིང་སྒང་གསལ་སྟོན་བྱས་ཡོད་པའི་ཁུལ་ཡིན་སྟབས། དེ་བཞིན་ཇེ་གསལ་ཇེ་རྒྱས་སུ་གཏོང་མིན་ཀུན་ལ་རག་ལས་ཡོད་པའང་ཞུ་མ་དགོས་པར་འདོད།
ཁྱོད་རང་གཉིས་ཀྱིས་ཀུན་ལ་གསོལ་སྟོན་ཞིམ་པོ་ཞིག་བཤམས་འདུག། ངས་དུས་ནམ་ཡང་གསལ་བོ་ཞིག་གོ་འདོད་པ་རང་གིས་སངས་རྒྱས་ཇི་ལྟར་བཀྲོངས་བ་དང་སུ་ཞིག་ཆེད་དུ་བཀྲོངས་བ་ང་ཚོ་བཙན་བྱོལ་ནང་དུ་ཡོད་པའི་མི་མང་བོ་ཞིག་ད་དུང་ཡིན་ན་ཡང་ཤེས་ཀི་ཡོད་ནི་མ་རེད། སྐུ་ཉིད་འདྲི་རྒྱུ་ཞིག་ལ་དེབ་འདི་བོད་ཡིག་ནང་དུ་བསྒྱུར་བཞིན་ཡོད་དམ།
གང་ལྟར་བདེན་དོན་ར་སྤྲོད་ཐུབ་ན་དེ་ལས་ལྷག་པའི་ཤ་མཁོན་རྩོད་སྟངས་ཤིག་མེད་པ་རེད། བདེན་དོན་བཤད་མཁན་སུ་ཡིན་ཡང་གུས་སྐུར་ཡོད།
ཡིག་རིགས་གཞན་ཁ་ཤས་ནང་བསྒྱུར་མཁན་ཡོང་རྒྱུ་ཡིན་པ་འདྲ། ཡིན་ནའང་། བོད་ཡིག་ནང་ད་དུང་བསྒྱུར་གྱི་ཡིན་ཟེར་མཁན་གྱི་དཔའ་ཁས་ལེན་གནང་མཁན་བྱུང་མ་སོང་། ང་རང་ལ་མཚོན་ན། ལུས་ཤུགས་ངལ་རྩོལ་ལ་བརྟེན་ནས་ལྟོ་ཆས་འཚོལ་དགོས་པ་དང་ཀླད་ཤུགས་ངལ་རྩོལ་ཞབས་ཞུའི་སླད་འབུལ་བཞིན་པས། བོད་བསྒྱུར་གྱི་ཆུ་ཚོད་རེག་གི་མི་འདུག
འདི་བོད་བསྒྱུར་མ་གནང་ན་ཡག་པོ་འདུག ཁྲིམས་ཐོག་ནས་བདེན་དཔང་གང་ཡང་མི་འདུག རྩོམ་པ་པོ་གཉིས་ཀྱི་མིང་གྲགས་དང་དེབ་བཙོང་ནས་ཕྱུགས་པོ་བཟོ་ཐབས་ཁོ་ན་རེད། བསྒྱུར་པ་པོ་ལ་ཁེ་སང་གང་ཡང་རེག་གི་མ་རེད།
མ་འོངས་པར་ཁྲིམས་ཐོག་ནས་བསྒྱུར་པ་པོ་ལ་ཡང་དཀའ་ངལ་འཕྲད་སྲིད་པ་རེད། དོན་མེད་རྙོག་གྲ་རང་རེད།
སངས་རྒྱས་དཀྲོངས་པ་ནི་འུར་ཆེན་པོ་རེད། དེབ་ཉོ་ཆེད་རེད་འདུག
རྩོམ་པ་པོ་འདི་གཉིས་ཀྱིས་གཡག་རྔ་བསྟན་ནས་་་་བོང་ཤ་འཚོང་བའི་གཏམ་རྒྱུད་འཁྲབ་ཀྱི་ཡོད་རེད་ལགས། །
ཡ་མཚན། བསམ་གཏན་སྒྲོལ་མ་ཟེེེར་བ་འདི་སུ་རེད། རྒྱལ་བ་པཎ་ཆེན་ཡང་བོང་བུ་རེད་ཅེས་དཔེ་འཇོག་ཕོད་པ་ནི་དངོས་གནས་བོད་ཀྱི་ལོ་རྒྱུས་སྟེང་གི་ཐོག་མ་ཡིན་ངེས་རེད། ཁ་བརྡ་རྩོམ་སྒྲིག་པ་ལགས་ཀྱིས་མཆན་བ་འདི་ལུང་བ་གང་དུ་ཡོད་་པ་གསལ་སྟོན་གནང་རོགས་ཞུ།
གཡག་རྔ་ནི་སངས་རྒྱས་དཀྲོངས་པ་ཞེས་པའི་མིང་ཆེན་པོ་དེའི་དཔེ་རེད།
སངས་རྒྱས་དཀྲོངས་པ་ཞེས་པའི་དེབ་དེའི་དཔེ་ནི་བོང་གིའི་ཤ་རེད་ལགས།
དཔེ་དོན་སྦྱར་ཚུལ་ཡང་ཤེས་ཀྱི་མི་འདུག
ལྷ་སྡེ་གནམ་ལོ་ཡག་ལགས།
ཁ་བརྡ་ཚང་ལ་དྲིས་ཀྱང་ཁོ་ཚོས་མི་ང་གཞན་ལ་བཙོང་སྲིད་ཀྱི་མ་རེད། ཁ་བརྡ་ཚང་གི་ལས་བྱེད་ཚོས་རང་ལ་ཕ་ཡུལ་གཅིག་པ་ཡིན་པའི་ངོ་ལ་ལྟ་མིན་མི་ཤེས། ངས་རང་ལ་བཤད་ཆོག་ང་རྒྱ་གར་ན་ཡོད།
སངས་རྒྱས་དཀྲོངས་པ་བདེན་མིན་མི་ཤེས་ཀྱང་ལྷ་སྡེ་གནམ་ལོ་ཡག་གིས་ས་སྒོ་བསམ་གཏན་སྒྲོལ་མ་ལྐོག་དཀྲོངས་བྱས་བའི་གཏམ་རྒྱུད་གསར་བ་ཞིག་འབྱུང་མི་སྲིད་པ་མིན་པས་མ་འོངས་པའི་གཏམ་རྒྱུད་དེའི་ཆེད་དུ་ངས་ཁྱེད་ལ་བཤད། ཁྱོད་ཡོང་ན་ང་རྒྱ་གར་ན་ཡོད། ངེད་ནས་སྒུག་ཆོག
ད་ཡག་གི རྒྱ་གཏམ་དཔེ་ཞིག་ཡོད་པ་རེད། ས་འདིར་དངུལ་སྲང་ལྔ་སྦས་མེད་ཅེས་པའི་དཔེ་མ་རེད་དམ། ད་ཁྱོས་རང་ཉིད་སུ་ཡིན་པ་བཤད་འདུག ཡིན་ནའང་། ཡར་ཐོན་ཅན་བྱེད་མི་ཆོག་པའི་གནས་ལུགས་མེད་ཀྱང་ཤེས་ནས་བྱེད་པ་དང་མ་ཤེས་པར་བྱེད་པ་གཉིས་ལ་རྩ་བའི་ཁྱད་པར་ཡོད་པ་རེད། དེ་བས། མི་གཟུགས་ཕྱི་ལ་སྟོན་མཁན་རེ་གཉིས་ཤིག་མ་གཏོགས་ཡོང་གི་ཡོད་པ་མ་རེད་ལ། དོན་ལ་གཟུགས་མེད་དེ་དག་མ་རིག་པའི་ཡར་ཐོན་ཅན་ཤ་སྟག་རེད།
ལྷ་སྡེ་གནམ་ལོ་ཡག་ལགས།
བསམ་གཏན་སྒྲོལ་མ་ཐེ་ཝེན་ལ་སོང་ནས་ལོ་འགའ་ཤས་འགྲོ་སོང་། མོ་ལ་དོན་རྐྱེན་འདྲ་བྱུང་ན་དེའི་འགན་ཆ་ཚང་ལྷ་སྡེ་གནམ་ལོ་ཡག་གིས་འཁུར་དགོས།
ལྷ་སྡེ་གནམ་ལོ་ཡག་གིས་འཇིགས་བསྐུལ་བྱེད་ཡ་འཚམས་འཇོག་རོགས་གནང་།
ལྷ་སྡེ་བོད་སྡེ་མགོར་སྦྱར་ནས་ཅིག་འབྲི་གིན་འདུག་མོད། རྒྱ་རིགས་ཡིན་ས་མ་རེད་སྙམ། རྒྱ་ཡིག་ལ་ཡག་སོང་བའི་དབང་ལས་བཤད་སྟངས་གཤོབ་སྟངས་ནག་ཉེས་འགེལ་སྟངས་བསམ་གཏན་སྒྲོལ་མ་བཙིར་སྟངས་སོགས་རྒྱ་ཞད་ཆེན་པོ་འདུག འོ་འོ་པར་བཟོ་སྟངས་དེ་མོའི་དེ་མིང་སྲུང་ཚོས་མཐོང་ན་ཡུམ་རླ་འཁྱམ་ནི་མ་རེད་ན་འོ་ཡ། སྒོར་མོ་འཚོལ་སྤྱད་དང་གཉིས་ཀ་ཡིན་ན་བོད་དོན་འཐབ་རྩོད་ཆེད་ཁོ་ན་ཡིན་ན་བཤད་དཀའ་མོ་རེད། མི་བཤད། རིག་པ་བསྒྲིམས་མ་གཏོགས་པ་ལོ་གསུམ་སྡུག་ལས་བྱས་པས་ཨ་ཐང་ཆད་ཡོང་། བོད་དོན་དང་སྒོར་མོ་གཉིས་ཀ་ཤོར་ཡོང་།
གནམ་ལོ་ཡག་གི་རྩོད་གཤེར་གྱིས་གནམ་ལོ་ཡག་པར་སྨོན།
ཀློའི་རྒན་འདི་ཆོ་ད།
བསམ་གཏན་སྒྲོལ་མ་ལགས། ཁྱེད་མཇེ་སྦས་ནས་མོ་མཚན་ངོམས་མཁན་དེ་འདྲ་མིན་འགྲོ་དྭོགས་པ་ཡོད། ངོ་མ་བུད་མེད་ཡིན་ན་དཔང་རྟགས་སྟོན་ཤོག
ཀློང་ཆུང་ལགས།
རང་དངོས་གནས་མི་ལྐུག་པ་ཞིག་རེད། མི་ཚང་མ་རང་ནང་བཞིན་ལྐུག་པ་རེད་མ་བསམ་ཤིག
ད་གཟུགས་མེད་ཧུར་བརྩོན་ཅན་དག་ཕེབས་པ་བཟང་། རྒྱ་དམར་གཞུང་ན་བཞིན་པ་ནི་བྱུས་ཉེས་རེད་དེ། ཁྱོད་རང་ཚོ་ན་བཞིན་པ་འདི་ན་ཚ་ཅི་ཞིག་རེད།
གནམ་ལོ་ཡག་ལགས ཁ་སང་གི་རྒྱའི་རྒྱལ་ས་པེ་ཅིང་གི་དོན་རྐྱེན་ཐད་སྐུ་ཉིད་ལ་བསམ་ཚུལ་ག་འདྲ་བྱུང་ཁོམ་ལོང་ཡོད་ན་ཅིག་གསུངས་རོགས། ཉིད་ཀྱིས་གཏུགས་གཤེར་ལས་དོན་ལ་མཉམ་ལས་མ་བྱུང་ནའང་ངན་དམོད་བྱ་འདོད་རྩ་ནས་མེད། རིག་པ་བསྒྲིམས་ནས་གནང་ན་ཡག་ག
རྩོམ་པ་པོ་རྣམ་གཉིས་གཙིག་ཏུ་བཀུར། དམིགས་བསལ་ལྷ་སྡེ་གནམ་ལོ་ཡག་ལ་རྗེས་སུ་ཡིད་རིང་ཡོད། བདག་གིས་མཐོང་ཐོས་མྱོངས་གསུམ་ཁྲོད་ལྷ་སྡེ་ལགས་ལྟ་བུའི་སྙུགས་འཛིན་པ་མི་འདུག་ཅེས་བཤད་ན་མི་ཆོག་པ་འདུག་སྙམ། དེ་བས་ཉིད་ཀྱི་རླུང་རྟ་མཐོ་སྒང་གངས་རླུང་གིས་ཡངས་བའི་མཁའ་རུ་བསྐྱོད་པའི་སྨོན་འདུན་ཞུ་་་་་་
དྲ་ཐོག་ལ་ཡོང་མ་ཐུབ་པར་ཉིན་ཤས་ཆས་སོང་། ཐོག་མར་གནམ་བདེ་སྒོ་མོ་ཆེ་ཡི་དོན་རྐྱེན་དེར་མཚོན་ན། ཕྱོགས་གཅིག་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ནང་དྲག་པོའི་གཞུང་གི་མདུན་དུ་འབངས་གྱེན་ལོག་གི་ཐོབ་ཐང་ཡོད་ཅེས་གསལ་ཡོད་པ་དེའི་ཆ་གཅིག་རེད། ཕྱོགས་གཞན་ཞིག་ནས་རྒྱ་དམར་སྲིད་གཞུང་གི་རང་སྲུང་ནུས་པ་འདང་ངེས་མེད་པ་མཚོན་ཐུབ་པའི་དོན་རྐྱེན་ཞིག་ཀྱང་རེད། དེ་མིན་མཇུག་འབྲས་ཅི་ཡོང་ལ་རིམ་པས་ལྟ་དགོས་པ་ལས་བཤད་ཆོག་ཆོག་ཅིག་ཡོད་པ་མ་རེད།
གཞན་ཆུ་བ་འཕྲིན་བཟང་ལགས་ཀྱི་བསྟོད་པ་སྙན་མོ་རེད་དེ། སྙུག་ཐོགས་པ་ཚང་མར་མ་འདྲ་ས་ཡོད་པ་མ་གཏོགས་མཐོ་དམན་དང་བཟང་ངན་གྱི་དབྱེ་བ་ཁྱོན་ནས་ཡོད་པ་མ་རེད།