ཁྲོ་གཏུམ་གྱིས་བསྒྱུར།
ཟླ་འདིའི་ཚེས་༠༥ ཉིན་བྷེ་བྷེ་སི་གསར་ཁང་དུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་དུ་(你国)དང་(赵)གཉིས་བེད་སྤྱོད་བཏང་ནས་རྒྱ་གཞུང་གི་དྲ་རྒྱ་ཞིབ་བཤེར་པ་ཚོར་དཀའ་ངལ་འཕྲད་ཚུལ་བྲིས་འདུག
རྒྱ་ནག་ནང་དུ་ཐ་སྙད་འདི་ཡོངས་ཁྱབ་ལ་སོང་བའི་རུས་མིང་ཞིག་ཡིན་ཡང་། རྒྱ་ནག་གི་དྲ་ཐོག་ཞིབ་བཤེར་པ་ཚོ་ལ་ཅིའི་ཕྱིར་གློ་བུར་དུ་༼赵༽གྲོའོ་ཞེས་པའི་ཐ་སྙད་འདི་ལས་དཀའ་ངལ་འཕྲད་དགོས་པ་རེད་དམ།
རྒྱ་ནག་ནང་གི་དབང་ཆ་སྒེ་གཅོད་ཀྱི་མི་སྣ་ཚོར་དྲ་ཐོག་ནས་སྐྱོན་བརྗོད་བྱེད་སྐབས། ཤུགས་བསྟན་གྱི་སྐད་ཆ་བེད་སྤྱོད་བྱེད་པ་དེ་རྒྱུན་རིང་བའི་སྲོལ་རྒྱུན་ཞིག་ཆགས་ཡོད་འདུག
ལོ་གཅིག་གི་སྔོན་ཙམ་ལ། སྤྱི་ཚོགས་བརྒྱུད་ལམ་བརྒྱ་ཕྲག་མང་པོར༼你国༽ནེས་གོ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་གཏོང་བར་མགོ་བརྩམས་པ་རེད། དེའི་དོན་ཁྱོད་ཀྱི་རྒྱལ་ཁབ་ཞེས་པ་སྟེ། འདིས་ཁོ་ཚོ་དང་རྒྱ་ནག་གཞུང་གི་ལྟ་བའི་དབར་གྱི་བར་ཐག་སྟོན་གྱི་ཡོད་འདུག
རྒྱུ་མཚན་༼ཁྱོད་ཀྱི༽དང་༼རྒྱལ་ཁབ༽་ཞེས་པའི་ཚིག་འདི་གཉིས་ནི་ཧ་ཅང་སྤྱིར་བཏང་གི་སྤྱོད་ཆེ་བའི་ཐ་སྙད་ཅིག་ཡིན་པས། ཚིག་འདི་གཉིས་རྒྱ་ནག་གཞུང་གི་དྲ་ཐོག་ཞིབ་བཤེར་པ་ཚོས་སྤྱི་ཚོགས་བརྒྱུད་ལམ་ཁག་གིས་སྤེལ་བའི་ཚིག་ཚོགས་ཁྲོད་ནས་དབྱུང་བར་ལས་སླ་བོ་མེད་པས། དར་སྲོལ་ཆེན་པོ་ཆགས་ཡོད་འདུག
ཕྱི་ལོ་ ༢༠༡༥ ལོའི་ལོ་མཇུག་དང་ཕྱི་ལོ་ ༢༠༡༦ ལོའི་མགོ་སྟོད་དུ། མིང་ཚིག་གསར་བ་ཞིག་སྟེ་༼赵༽གྲོའོ་ཞེས་པའི་རུས་མིང་འདི་ཕྱུག་བདག་དང་དབང་འཛིན་པར་སྐྱོན་བརྗོད་བྱེད་པར་༼ཁྱོད་ཀྱི་རྒྱལ་ཁབ་༽ཅེས་པའི་ཚབ་དུ་བེད་སྤྱོད་ཤུགས་ཆེར་གཏོང་མགོ་བརྩམས་ཡོད་འདུག
དེ་མ་ཟད་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ནས་༢༠༡༦ ལོའི་ཟླ་༡ ཚེས་༩ ཡི་དགོང་མོའི་བགྲོ་གླེང་དུ་རྒྱ་ནག་གི་མཁས་དབང་བཞི་གདན་འདྲེན་ཐོག དུས་རབས་ཉི་ཤུ་བའི་སྟོད་ཀྱི་རྩོམ་པ་པོ་ལོའུ་ཞེན་ལགས་ཀྱིས་བརྩམས་པའི་ ༼ཨ་Q་ཡི་ལོ་རྒྱུས་དངོས༽་ཞེས་པའི་ནང་གི་༼གྲོའོ༽་ཚང་གི་མི་ཞེས་པའི་བཤད་སྲོལ་དེ་ཅིའི་ཕྱིར་དེ་རིང་གི་དྲ་ལམ་གྱི་གསར་འགྱུར་དུ་འགྱུར་དགོས་པའི་ཐོག་བགྲོ་གླེང་ཟབ་མོ་བྱས་ཡོད་འདུག
ཇི་ལྟར་རྒྱ་ནག་ནང་དུ་མི་མང་གིས་༼གྲོའོ་༽ཞེས་པའི་ཐ་སྙད་དེ་བེད་སྤྱོད་གཏོང་བཞིན་ཡོད་དམ་ཞེ་ན།
གྲོའོ་ཁྱིམ་རྒྱུད་ཟེར་བ་ནི་ཁེ་ཕན་དང་དབང་ཆ་བདག་བཟུང་བྱེད་མཁན་གྱི་རིགས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་འདུག་ལ། དབང་ཆར་བརྟེན་ནས་ཁེ་ཕན་ལེན་ཐུབ་པར་ཡིད་ཆེས་བྱེད་མཁན་གྱི་རིགས་ཤིག་ཡིན་འདུག
ཨ་རིའི་རླུང་འཕྲིན་གྱི་རྒྱ་སྐད་སྡེ་ཚན་ནང་འགྲེལ་རྒྱུར། སྐབས་ཤིག་ལ་༼གྲོའོ་༽ཡི་རུས་མིང་ཐོགས་པའི་མི་ཞིག་གིས་རྒྱ་ནང་གི་ས་ཆ་གང་འདྲ་ཞིག་ནས་ས་ཞིག་ཉོ་དགོས་པར་བཤད་ཚེ། དེ་ལ་མིན་ཞེས་ཐ་སྙད་འདིའི་ཕྱེད་ཙམ་ཡང་བེད་སྤྱོད་གཏོང་ཐུབ་མཁན་མེད་པ་དང་། ཁེ་ཕོག་ཆེན་པོ་ཡོད་པའི་ས་རུ་༼གྲོའོ་༽ཡི་རུས་མིང་ལ་འབྲེལ་བ་མེད་པའི་མི་ཞིག་ཡིན་ཚེ་དེ་རུ་ཁོ་ལ་ལས་ཀ་ཅི་ཡང་མེད་ཅེས་གསུངས་ཡོད་འདུག
དེའི་ཕྱིར་གྲོའོ་ཞེས་པའི་ཐ་སྙད་འདི་ཉེ་ལམ་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་དབང་ཆ་དང་ཁེ་ཕོག་བདག་བཟུང་བྱེད་མཁན་གྱི་སྲིད་གཞུང་གི་མི་སྣར་སྐྱོན་བརྗོད་བྱེད་པར་སྤྱོད་པ་དེ་དར་ཁྱབ་ཆེན་པོ་ཆགས་ཡོད་པ། དཔེར་ན། ༼ང་གྲོའོ་ཚང་གི་ཁྱི་ཡིན༽་ཞེས་པའི་འགུར་རིས་ཀྱི་མཚོན་དོན་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྤེལ་ཡོད་འདུག
འདི་ཟླའི་༡་ཚེས་༣་ཉིན་Sina Weibo ཡི་སྤྱི་ཚོགས་བརྒྱུད་ལམ་དུ་ལེ་ལེས་གཱི་ཞེས་པ་ཞིག་གིས་རྒྱ་ནག་གཞུང་འབྲེལ་གྱི་ལམ་སྟོན་ཡིན་ཁུལ་གྱི་འདྲ་རིས་མཚོན་དོན་ཞིག་གི་སྟེང་དུ་༼གསར་འགོད་ལས་རིག་པ་རྣམ་པས་འདིར་ཐུགས་སྣང་གནང་རོགས། བེས་པོ་དང་སྐད་འཕྲིན་ནང་༼ཡང་དག་པའི་གྲོའོ༽་དང་༼གུས་བར་འོས་པའི་གྲོའོ༽། ༼གྲོའོ་ཁྱིམ་རྒྱུད༽། ༼གྲོའོ་ཡི་རྒྱལ་ཁབ།༽སོགས་ཚུད་པའི་འཕྲིན་ཐུང་མ་སྤེལ་རོགས་ཅེས་བྲིས་ཡོད་འདུག
ཡང་བྷེས་བྷེས་སེ་ཡི་གསར་འགོད་པ་བེན་སེན་ནེས་ལགས་ཀྱིས་༼རྒྱ་ནག་ནང་སྤྱི་ཚོགས་བརྒྱུད་ལམ་སྤྱོད་པོ་དག་གིས་གྲོའོ་ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་སྲོལ་དེ་དྲ་རྒྱ་མ་བྱུང་གོང་ནས་ཡོད་བསྡད་པ་ཞིག་ཡིན་འདུག་ལ། རྒྱ་ནག་མི་མང་གིས་དཔོན་རིགས་ཁྲོད་ཀྱི་མི་སྣའི་ཕྱོགས་སུ་རང་ཉིད་ཀྱི་བསམ་ཚུལ་ཐད་ཀར་ཤོད་དཀའ་བའི་གནས་བབ་འོག་ནས་སྐྱོན་བརྗོད་བྱེད་པར་བེད་སྤྱོད་རྒྱུན་རིང་བོར་བཏང་ཡོད་པ་རེད༽་ཅེས་གསུངས་ཡོད་འདུག
ཡོང་ཁུངས
http://www.voachinese.com/?refresh=1
http://www.bbc.com/news/blogs/trending
མྱ་ངན་གུས་དུད་ཞུ་དགོས།
http://tibettimes.net/%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%82%E0%BE%B2%E0%BD%BC%E0%BD%8A%E0%BC%8B%E0%BD%94%E0%BD%BC%E0%BC%8B%E0%BD%A6%E0%BE%92%E0%BE%B1%E0%BD%B4%E0%BC%8B%E0%BD%A2/
་་་་་་་ ཁོང་ལ་བོད་དོན་ཐོག་དོ་ཁུར་གནང་བའི་འདུན་པ་ཤུགས་ཆེན་པོ་བསྐྲུན་ཡོད་པ་ལྟར། ཕྱི་ལོ་ ༡༩༩༧ ལོར་ཁོང་གིས་༼བོད་ནང་ལོ་བདུན༽ཞེས་པའི་རྒྱའི་བཙན་འཛུལ་འོག་གི་བོད་མིའི་དཀའ་སྡུག་མཚོན་པའི་གླུ་གཞས་དེ་བརྩམས་ཡོད་པ་དང་། དེ་བཞིན་(Wild Eyed Boy from Free Cloud)ཟེར་བ་སོགས་ཁོང་གིས་བོད་དོན་དང་འབྲེལ་བའི་གླུ་གཞས་མང་པོ་བརྩམས་ཡོད་སྟབས། རྒྱ་གཞུང་གིས་ཁོང་བོད་དང་རྒྱ་ནག་ནང་ཡོང་བར་བཀག་འགོག་བྱས་ཡོད་འདུག ་་་་་་་