ཉིན་འདི་ཀའི་རིང་འཕགས་ཡུལ་རྡོ་རྗེ་གདན་དུ་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དབུ་བཞུགས་ཀྱིས་རྫོང་སར་བཤད་གྲྭཱའི་འདུས་མང་ནས་མཁན་ཆེན་ཀུན་དགའ་དབང་ཕྱུག་གི་དུས་དྲན་འདས་མཆོད་ཀྱི་སྨོན་ལམ་ཆེན་མོ་འཚོགས་བཞིན་ཡོད་པར་མ་ཟད་དེ་རིང་ནས་དབུ་འཛུགས་ཀྱིས་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་བཟང་སྤྱོད་སྨོན་ལམ་གྱི་བཀའ་ཁྲིད་གནང་བཞིན་ཡོད་པ་དང་། དབྱིན་རྒྱ་སྐད་རིགས་གཉིས་ཀྱི་སྐད་བསྒྱུར་ཁག་སོ་སོས་དབྱིན་ཡིག་དང་རྒྱ་ཡིག་གི་ཐོག་ཏུ་ཡང་བསྒྱུར་བཞིན་ཡོད་འདུག
ད་དུང་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་སྨོན་ལམ་འདི་ཉིད་ཆོས་བརྒྱད་དང་མ་འདྲེས་པའི་དགེ་སྦྱོར་རྣལ་མ་ཞིག་ཏུ་འགྱུར་རྒྱུའི་ཆེད་ཐོག་མཐའ་བར་གསུམ་དུ་ཞལ་བཀོད་དང་སློབ་སྟོན་གནང་མུས་ཡིན་པ་དང་། སྤྱིར་སྨོན་ལམ་འདི་ཉིད་འཕགས་ཡུལ་རྫོང་སར་བཤད་གྲྭ་སྒེར་ངོས་ནས་འཚོགས་པའི་སྨོན་ལམ་ཐེངས་གཉིས་པ་ཡིན་པ་དང་། ཐེངས་དང་པོ་དེ་སྤྱི་ལོ་ཉིས་སྟོང་བདུན་གྱི་ལོར་རྡོ་རྗེ་གདན་དུ་མཁན་ཆེན་ཀུན་དགའ་དབང་ཕྱུག་རིན་པོ་ཆེའི་དབུ་བཞུགས་གནང་ནས་འཚོགས་ཡོད་པ་རེད།
གནས་ཚུལ་མཁོ་གཏོང་བ། རྫ་ཚེ་རིང་བཀྲ་ཤིས།
འོ་ཡག་པོ་རེད་སྐྱབས་སུ་མཆི་ཁོང་ངོ་མ་བླ་མ་ཡག་པོ་ཞིག་ཡོད་ས་རེད།
མཁྱེན་བརྩེ་རིན་པོ་ཆེ་ཁོང་ན་ནི་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་གདུང་བརྒྱུད་ངོ་མ་ཡིན་པས་གཞན་དང་མི་འདྲ།
༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ཁོང་ནི་༧སྐྱབས་རྗེ་དིལ་མགོའི་མཁྱེན་བརྩེ་རིན་པོ་ཆེའི་ཐུགས་སྲས་ཁྱད་པར་དུ་འཕགས་པ་དེ་ཁོང་ངོ་མ་རེད་འདུག
༧སྐྱབས་རྗེ་དམ་པ་ཁོང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་ཞུ། ཁོང་ནི་དངོས་གནས་ཚིག་དོན་གཉིས་ཀར་མཁས་པའི་སྐྱེས་བུ་མཚན་ཉིད་དང་ལྡན་པ་ཞིག་ཡིན་པར་གོ་ཐོས་བྱུང་། སྐྱབས་སུ་འཆི།
༧ཞབས་པད་བརྟན་ཅིང་སྔར་ལས་མཛད་འཕྲིན་རྒྱས་པར་ཤོག
༧འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་ཡང་སྲིད་ཡག་པོ་རེད། ཡི་རང་ཡོད། ཆོས་བརྒྱད་མེད་ན་ཆོས་པ་རྣམ་དག་རེད།
སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་ལ་ན་མོ།
ཁྱེད་བླ་ཆེན་ཞིག་ཡིན་པར་ངོས་ནས་ཡིད་ཆེས་དང་སྨོན་པ་ཡོད།
འོན་ཀྱང་བོད་ཀྱི་སྤྱི་ཚོགས་ནང།
འཕྱུགས་པོས་འཁྲབ་ཚད་ཞབས་བྲོ་དང།
སྤྲང་པོས་འཁྲབ་ཚད་ཐལ་འཚུབ།
ཅེས་པའི་གཏམ་དཔེ་ཞིག་གོ་མྱོང།
དེ་རང་ཡིན་ས་རེད།
ཁོང་བོད་ཀྱི་བླ་ཆེན་ཞིག་གིས་གློག་བརྙན་མང་པོ་བཟོས་ཏེ་གློག་བརྙན་གྱི་སྐོར་ལཐུགས་སྤྲོ་བོ་ཞིག་ཡོད་པར་གོ་མྱོང།
དེ་དག་ཐམས་ཅད་ལ་མི་ཚོས་མངོན་པར་བསྟོད་བཞིན་ཡོད།
འོན་ཀྱང་གྲྭ་བས་གློག་བརྙན་ལྟས་ན་བསྟན་བཤིག་ཡིན་ཚུལ་བོད་པས་བཤད།
དེས་ན་གོང་གི་གནའ་རབས་བོད་ཀྱི་དཔེ་དེ་གང་འདྲ་འདུག
འོ་ཡང་ངས་གོ་མྱོང་།
བླ་མི་མཛད་པ་མི་ཡི་མི་ཤེས།
སེང་གེ་ཉལ་ཐབས་ཁྱི་ཡི་མི་ཤེས།
ཞེས་པ་དེའང་བོད་ཀྱི་གཏམ་དཔེ་ཡིན་ས་རེད།
ཡག་པོ་རེད།
ཆོས་དང་ཆབ་སྲིད་གང་ཡིན་ཡང་བདེན་པའི་ལམ་དུ་འགྲོ་ཐུབ་པ་ཞིག་བྱུང་ན་དེ་ནི་གང་ཡིན་ཡང་། རྣམ་དག་རེད།
བསྟན་དང་འགྲོ་བའི་དོན་དུ་བསམ་བཞིན་སྲིད་པར་བཟུང་བའི་སྐྱེས་བུ་འདི་ཉིད་འགྲོ་དོན་ལ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།
la ma chen