ཁྱེད་ཅག་གི་ལས་གཞི་འདིར་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་ཞུ་ཐུབ་ཀྱི་མི་འདུག འོན་ཀྱང་གཤམ་་ནས་བསམ་ཚུལ་ཁ་ཤས་ཤོད་འདོད་བྱུང་། ཐུགས་ལ་མི་གནོད་རོགས། གལ་སྲིད་གནོད་སོང་རུང་གདམས་པ་མཚང་ལ་ཕོག་པར་ངོས་འཛིན་བྱེད་རྒྱུ་ཡིན། གཅིག དེང་གདན་སའི་གྲྭ་པ་ཁག་ཅིག་གིས་ཆོས་བཞིན་འདུལ་བ་བཞིན་གནས་ཏེ་བསླབ་པ་སློབ་གཉེར་མི་བྱེད་པར་གླུ་གར་རྩེད་འཇོ་ཚུན་གྱི་ནང་ལ་ཞུགས་ནས་སྤྱོད་པ་འཆལ་འཆོལ་ཅན་དུ་འགྱུར་བཞིན་པ་འདི་ཁྱེད་ཅག་གཅིག་གཉིས་ཤིག་ལ་དམིགས་བསལ་གནོད་འགྲོ་བ་ཅང་མེད་ནའང་། བསྟན་པ་སྤྱི་ལ་དགོངས་པ་བཞེས་ནས་དེ་ལྟར་མ་བྱེད་རོགས་ཞུ་རྒྱུ་ཡིན། གཉིས། སྙན་ངག་གྱེར་འདོན་ཞེས་པ་ནི་གླུ་གར་རིག་གནས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་སྒྱུ་རྩལ་ལས་རིགས་ཤིག་རེད་ལ། དེ་ལ་ཆེས་གལ་ཆེ་བ་ནི་རྣམ་བྱང་ཕྱོགས་ཀྱི་བསམ་པ་སོགས་མ་ཡིན་པར་ཀུན་ཉོན་ཕྱོགས་ཀྱི་དམིགས་པ་གཞི་རྩར་བཟུང་བའི་ཚོར་བ་རྣོན་པོ་ཞིག་དགོས་པ་ཡིན། འདི་གདན་ས་ཆེན་པོའི་གྲྭ་པ་ཆོས་བཞིན་འདུལ་བ་བཞིན་གནས་ཏེ་གཞུང་ཆེན་སློབ་གཉེར་བྱེད་མཁན་རྣམས་ཀྱིས་ཕྱག་ལས་ཤིག་གཏན་ནས་མ་རེད། གསུམ། དེང་གྲྭ་བའི་ནང་དུ་ཡང་ལས་རིགས་འདྲ་མིན་གཉེར་དགོས་པའི་ལྟ་ཚུལ་ཕྱོགས་རེས་ཅན་དང་ལྟ་ཚུལ་ཕྱིན་ཅི་ལོག་པ་དེ་འདྲ་རྒྱུན་འབྱམས་དར་སོ་ཆེ་བཞིན་འདུག འོན་ཀྱང་དགེ་འདུན་པ་ནི་བསམ་པ་ཆོས་ལ་རྩེ་གཅིག་ཏུ་གཞོལ་ཏེ་དམིགས་པ་སེམས་ཅན་གྱི་ཕུག་གི་བདེ་བ་ཞིག་དོན་དུ་གཉེར་དགོས་པ་ལས། སྤྱི་ཚོགས་ཐོག་གི་ཟང་ཟིང་གི་ལས་རྣམས་ལ་མགོ་འཁོར་བསྡད་ན་བསྟན་པའི་ཞབས་འདྲེན་ལས་ཞབས་འདེགས་གང་ཡང་མིན། གུས་མོས་སེམས་དང་བསམ་པ་རྣམ་དག་གིས་བསམ་ཚུལ་འདི་ཕུལ་བ་ལགས་ན་ཁྱེད་རྣམས་ཀྱི་མཚང་ལ་ཐད་ཀར་ཕོག་པར་བླ་མ་ཆོས་སྲུང་རྣམས་ཀྱིས་བྱིན་གྱི་བརླབས་ཏུ་གསོལ།
གྲྭ་བླ་གཉིས་ཀས་སངས་རྒྱས་དང་གྲུབ་ཐོབ་རྶམས་ཀྱི་རྣམ་ཐར་ཁྲབ་སྟོན་དང་། གློག་བརྙན་བཟོ་བསྐྲུན་ལ་བརྩོན་དགོས་པ་ལས་སྙན་ངག་འདོད་གཏམ་སོགས་ལ་འགན་འཁུར་བ་འདི་ཅུང་མཛེས་པར་མི་མཐོང་སྙམ་ལགས།
ལྷ་མོ་དོན་འགྲུབ་ལགས། འགྲན་བསྡུར་གྱི་ཐག་གཅོད་ནི་དཔྱད་འདེམས་པ་ཚོས་ཐག་གིས་གཅོད་རྒྱུ་རེད། ད་ལྟ་ད་དུང་དཔྱད་འདེམས་པའི་མི་སྣ་གཏན་ཁེལ་མེད་མོད། དཔྱད་འདེམས་པ་མི་ལྔ་ལ་བརྒྱ་ཆ་སྤྲོད་དུ་བཅུག་སྟེ་རྟིང་ཐག་གཅོད་རྒྱུ་ཡིན།
ལྷ་མོ་དོན་འགྲུབ་ལགས། འགྲན་བསྡུར་གྱི་ཐག་གཅོད་ནི་དཔྱད་འདེམས་པ་ཚོས་ཐག་གིས་གཅོད་རྒྱུ་རེད། ད་ལྟ་ད་དུང་དཔྱད་འདེམས་པའི་མི་སྣ་གཏན་ཁེལ་ཐུབ་མེད་མོད། དཔྱད་འདེམས་པ་མི་ལྔ་ལ་བརྒྱ་ཆ་སྤྲོད་དུ་བཅུག་སྟེ་རྟིང་ཐག་གཅོད་རྒྱུ་ཡིན།
སྐད་ཡིག་དང་རིག་གཞུང་ལ་དུང་བ་ཟབ་པའི་དགེ་འདུན་པ་འདི་དག་གི་ལས་འགུལ་ལ་ བསྔགས་བརྗོད་ཡོད།འོན་ཀྱང་སྙན་ཚིག་གྱེར་འདོན་འགྲན་ཚོགས་འདི་རིགས་སྐད་གདངས་ དང་ཉམས་འགྱུར་་སོགས་ཀྱི་དབང་གིས་ང་ཚོ་བོད་མི་ཆོལ་གསུམ་ཡོངས་ལ་གཅིག་མཐུན་དང་ འདྲ་མཉམ་གྱི་འགྲན་ཚོགས་ཡོངས་ཐབས་མེད་པ་ཐག་ཆོད་ཡིན།
ཚེ་སྲོག་ཆད་ལ་ཉེ་བའི་བོད་ཀྱི་སྐད་ཡིག་གི་ཆག་འཇིག་འདི་རིགས་ སྐྱོབ་མཁན་དང་དེ་དོན་སྲུང་སྐྱོབ་ཀྱི་ཐད་ལས་འགུལ་འདྲ་མིན་དང་ གཏམ་བཤད་འདྲ་མིན་སྤེལ་མཁན་མང་རུང་དོན་ངོ་མར་ཉམས་ཆག་ ཤེས་ཡོན་པའི་སྡེ་ནས་འགྲོ་གི་ཡོད་དམ་ཡང་ན་མང་ཚོགས་དཀྱིས་མ་ ནས་འགྲོ་གི་ཡོད། འོན་ཀྱང་བོད་ཀྱི་སྐད་ཡིག་དེ་མང་ཚོགས་དཀྱིས་མ་ ཉམས་ཆགས་འགྲོ་གི་ཡོད་ཙང་།གཞི་རིམ་དང་དམའ་ས་ནས་འགོ་ འཛུགས་དགོས་བ་དང་ལས་འགུལ་སྤེལ་བར་གལ་ཆེ།དམིགས་བསལ་ གྱིས་གཞིས་ཆགས་ཁག་གི་སློབ་གྲྭ་དག་གི་ནང་ལས་འགུལ་སྤེལ་བར་ ཧ་ཅང་གིས་དགེ་མཚན་ཆེ།སོང་ཙང་གོང་དུ་གསལ་བསྒྲགས་གནང་བའི་ སྙན་ཚིག་གྱེར་འདོན་འདི་རིགས་ཤེས་ཡོན་པའི་སྡེ་ལ་ཡིན་པས་ཤེས་ཡོན་ པའི་སྡེ་ལ་ཡིན་པས་ད་ལྟ་ཡི་དུས་འདིར་ལས་འགུལ་སྤེལ་ས་ངོ་མ་དེ་མིན་ པར་འདོད།
ལགས་སོ་དབང་གྲགས་འབུམ་ལགས། བློ་འདོན་གནང་བར་བཀའ་དྲིན་ཆེ། ལས་འགུལ་འདི་དག་ཤེས་ཡོན་པ་དང་སྐྱ་སེར་ཕོ་མོ་སོགས་ལ་དབྱེ་མཚམས་འབྱེད་ཀྱི་མེད། ལྷག་དོན་ས་གནས་སུ་སློབ་གྲྭ་ཁག་ལ་ས་མིག་དམིགས་བསལ་བ་ཕུལ་ཡོད། མུ་མཐུད་དགོངས་འཆར་གནང་རོགས་ཞུ་རྒྱུ་ཡིན།
ཁྱེད་ཅག་གི་ལས་གཞི་འདིར་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་ཞུ་ཐུབ་ཀྱི་མི་འདུག འོན་ཀྱང་གཤམ་་ནས་བསམ་ཚུལ་ཁ་ཤས་ཤོད་འདོད་བྱུང་། ཐུགས་ལ་མི་གནོད་རོགས། གལ་སྲིད་གནོད་སོང་རུང་གདམས་པ་མཚང་ལ་ཕོག་པར་ངོས་འཛིན་བྱེད་རྒྱུ་ཡིན།
གཅིག དེང་གདན་སའི་གྲྭ་པ་ཁག་ཅིག་གིས་ཆོས་བཞིན་འདུལ་བ་བཞིན་གནས་ཏེ་བསླབ་པ་སློབ་གཉེར་མི་བྱེད་པར་གླུ་གར་རྩེད་འཇོ་ཚུན་གྱི་ནང་ལ་ཞུགས་ནས་སྤྱོད་པ་འཆལ་འཆོལ་ཅན་དུ་འགྱུར་བཞིན་པ་འདི་ཁྱེད་ཅག་གཅིག་གཉིས་ཤིག་ལ་དམིགས་བསལ་གནོད་འགྲོ་བ་ཅང་མེད་ནའང་། བསྟན་པ་སྤྱི་ལ་དགོངས་པ་བཞེས་ནས་དེ་ལྟར་མ་བྱེད་རོགས་ཞུ་རྒྱུ་ཡིན།
གཉིས། སྙན་ངག་གྱེར་འདོན་ཞེས་པ་ནི་གླུ་གར་རིག་གནས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་སྒྱུ་རྩལ་ལས་རིགས་ཤིག་རེད་ལ། དེ་ལ་ཆེས་གལ་ཆེ་བ་ནི་རྣམ་བྱང་ཕྱོགས་ཀྱི་བསམ་པ་སོགས་མ་ཡིན་པར་ཀུན་ཉོན་ཕྱོགས་ཀྱི་དམིགས་པ་གཞི་རྩར་བཟུང་བའི་ཚོར་བ་རྣོན་པོ་ཞིག་དགོས་པ་ཡིན། འདི་གདན་ས་ཆེན་པོའི་གྲྭ་པ་ཆོས་བཞིན་འདུལ་བ་བཞིན་གནས་ཏེ་གཞུང་ཆེན་སློབ་གཉེར་བྱེད་མཁན་རྣམས་ཀྱིས་ཕྱག་ལས་ཤིག་གཏན་ནས་མ་རེད།
གསུམ། དེང་གྲྭ་བའི་ནང་དུ་ཡང་ལས་རིགས་འདྲ་མིན་གཉེར་དགོས་པའི་ལྟ་ཚུལ་ཕྱོགས་རེས་ཅན་དང་ལྟ་ཚུལ་ཕྱིན་ཅི་ལོག་པ་དེ་འདྲ་རྒྱུན་འབྱམས་དར་སོ་ཆེ་བཞིན་འདུག འོན་ཀྱང་དགེ་འདུན་པ་ནི་བསམ་པ་ཆོས་ལ་རྩེ་གཅིག་ཏུ་གཞོལ་ཏེ་དམིགས་པ་སེམས་ཅན་གྱི་ཕུག་གི་བདེ་བ་ཞིག་དོན་དུ་གཉེར་དགོས་པ་ལས། སྤྱི་ཚོགས་ཐོག་གི་ཟང་ཟིང་གི་ལས་རྣམས་ལ་མགོ་འཁོར་བསྡད་ན་བསྟན་པའི་ཞབས་འདྲེན་ལས་ཞབས་འདེགས་གང་ཡང་མིན། གུས་མོས་སེམས་དང་བསམ་པ་རྣམ་དག་གིས་བསམ་ཚུལ་འདི་ཕུལ་བ་ལགས་ན་ཁྱེད་རྣམས་ཀྱི་མཚང་ལ་ཐད་ཀར་ཕོག་པར་བླ་མ་ཆོས་སྲུང་རྣམས་ཀྱིས་བྱིན་གྱི་བརླབས་ཏུ་གསོལ།
ལེགས་པར་མཐོང་ངོ། ཡིན་ཡང་འདྲི་རྒྱུ་ཞིག་ལ། འགྲན་སྡུར་གྱི་ཐག་གཅོད་ཇི་ལྟར་བྱ་རྒྱུ་ཡིན་ནམ།
གྲྭ་བླ་གཉིས་ཀས་སངས་རྒྱས་དང་གྲུབ་ཐོབ་རྶམས་ཀྱི་རྣམ་ཐར་ཁྲབ་སྟོན་དང་། གློག་བརྙན་བཟོ་བསྐྲུན་ལ་བརྩོན་དགོས་པ་ལས་སྙན་ངག་འདོད་གཏམ་སོགས་ལ་འགན་འཁུར་བ་འདི་ཅུང་མཛེས་པར་མི་མཐོང་སྙམ་ལགས།
ལྷ་མོ་དོན་འགྲུབ་ལགས། འགྲན་བསྡུར་གྱི་ཐག་གཅོད་ནི་དཔྱད་འདེམས་པ་ཚོས་ཐག་གིས་གཅོད་རྒྱུ་རེད། ད་ལྟ་ད་དུང་དཔྱད་འདེམས་པའི་མི་སྣ་གཏན་ཁེལ་མེད་མོད། དཔྱད་འདེམས་པ་མི་ལྔ་ལ་བརྒྱ་ཆ་སྤྲོད་དུ་བཅུག་སྟེ་རྟིང་ཐག་གཅོད་རྒྱུ་ཡིན།
ལྷ་མོ་དོན་འགྲུབ་ལགས། འགྲན་བསྡུར་གྱི་ཐག་གཅོད་ནི་དཔྱད་འདེམས་པ་ཚོས་ཐག་གིས་གཅོད་རྒྱུ་རེད། ད་ལྟ་ད་དུང་དཔྱད་འདེམས་པའི་མི་སྣ་གཏན་ཁེལ་ཐུབ་མེད་མོད། དཔྱད་འདེམས་པ་མི་ལྔ་ལ་བརྒྱ་ཆ་སྤྲོད་དུ་བཅུག་སྟེ་རྟིང་ཐག་གཅོད་རྒྱུ་ཡིན།
སྐད་ཡིག་དང་རིག་གཞུང་ལ་དུང་བ་ཟབ་པའི་དགེ་འདུན་པ་འདི་དག་གི་ལས་འགུལ་ལ་
བསྔགས་བརྗོད་ཡོད།འོན་ཀྱང་སྙན་ཚིག་གྱེར་འདོན་འགྲན་ཚོགས་འདི་རིགས་སྐད་གདངས་
དང་ཉམས་འགྱུར་་སོགས་ཀྱི་དབང་གིས་ང་ཚོ་བོད་མི་ཆོལ་གསུམ་ཡོངས་ལ་གཅིག་མཐུན་དང་
འདྲ་མཉམ་གྱི་འགྲན་ཚོགས་ཡོངས་ཐབས་མེད་པ་ཐག་ཆོད་ཡིན།
ཚེ་སྲོག་ཆད་ལ་ཉེ་བའི་བོད་ཀྱི་སྐད་ཡིག་གི་ཆག་འཇིག་འདི་རིགས་
སྐྱོབ་མཁན་དང་དེ་དོན་སྲུང་སྐྱོབ་ཀྱི་ཐད་ལས་འགུལ་འདྲ་མིན་དང་
གཏམ་བཤད་འདྲ་མིན་སྤེལ་མཁན་མང་རུང་དོན་ངོ་མར་ཉམས་ཆག་
ཤེས་ཡོན་པའི་སྡེ་ནས་འགྲོ་གི་ཡོད་དམ་ཡང་ན་མང་ཚོགས་དཀྱིས་མ་
ནས་འགྲོ་གི་ཡོད།
འོན་ཀྱང་བོད་ཀྱི་སྐད་ཡིག་དེ་མང་ཚོགས་དཀྱིས་མ་
ཉམས་ཆགས་འགྲོ་གི་ཡོད་ཙང་།གཞི་རིམ་དང་དམའ་ས་ནས་འགོ་
འཛུགས་དགོས་བ་དང་ལས་འགུལ་སྤེལ་བར་གལ་ཆེ།དམིགས་བསལ་
གྱིས་གཞིས་ཆགས་ཁག་གི་སློབ་གྲྭ་དག་གི་ནང་ལས་འགུལ་སྤེལ་བར་
ཧ་ཅང་གིས་དགེ་མཚན་ཆེ།སོང་ཙང་གོང་དུ་གསལ་བསྒྲགས་གནང་བའི་
སྙན་ཚིག་གྱེར་འདོན་འདི་རིགས་ཤེས་ཡོན་པའི་སྡེ་ལ་ཡིན་པས་ཤེས་ཡོན་
པའི་སྡེ་ལ་ཡིན་པས་ད་ལྟ་ཡི་དུས་འདིར་ལས་འགུལ་སྤེལ་ས་ངོ་མ་དེ་མིན་
པར་འདོད།
ལགས་སོ་དབང་གྲགས་འབུམ་ལགས། བློ་འདོན་གནང་བར་བཀའ་དྲིན་ཆེ། ལས་འགུལ་འདི་དག་ཤེས་ཡོན་པ་དང་སྐྱ་སེར་ཕོ་མོ་སོགས་ལ་དབྱེ་མཚམས་འབྱེད་ཀྱི་མེད། ལྷག་དོན་ས་གནས་སུ་སློབ་གྲྭ་ཁག་ལ་ས་མིག་དམིགས་བསལ་བ་ཕུལ་ཡོད། མུ་མཐུད་དགོངས་འཆར་གནང་རོགས་ཞུ་རྒྱུ་ཡིན།