ཕུར་བུ་ཚེ་རིང་།
ད་ལྟ་ནི་ 2021 གི་སྲིད་སྐྱོང་སྐོར་གླེང་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་རེད། ད་ནི་མ་འོངས་ལུང་བསྟན་ཞིག་རྒྱག་འདོད་བྱུང་། གཤམ་གྱི་རྩོམ་ཐུང་འདིས། སྲིད་སྐྱོང་གི་ཁྲི་ལ་སུ་ཞིག་འཁོད་རྒྱུར་རྩིས་བསྐོར་ཡོད།
སྲིད་སྐྱོང་འོས་མི་རྣམས་ལ་མཚོན་ན། མངོན་གསལ་དང་མངོན་གསལ་མ་ཡིན་པའི་རྣམ་པ་ཅི་རིགས་ནས་རང་རང་ལ་འོས་ཐོབ་ཐབས་ཀྱི་འབད་བརྩོན་དང་། ཁོང་ཚོར་རྒྱབ་སྐྱོར་བ་ཚོས་ཀྱང་ཚ་ཚ་འུར་འུར་བྱེད་ཀྱིན་ཡོད། འདི་ནི་བཙན་བྱོལ་བོད་མིའི་མང་གཙོའི་ཁྱད་ཆོས་ཆགས་ཡོད། རྒྱ་ནག་ལ་བརྡ་ལན་ཟེར་བ་ཞིག་ཤོད་ཀྱི་ཡོད་པ་དེ་ཡང་ངོས་འདི་ཆགས་ཡོད།
2021 ལོའི་སྲིད་སྐྱོང་གི་རྩིས་ལ་འབབ་པ་དང་ལུང་བསྟན་ལ་འབབ་པ་ནི། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་དང་། ཚོགས་ཟུར་སྤེན་པ་ཚེ་རིང་། བཀའ་ཟུར་རྒྱ་རི་སྒྲོལ་མ་བཅས་གསུམ་རེད། ཡང་རེ་བ་ཡོད་པ་དང་མེད་པའི་སྡེ་ཚན་གཉིས་སུ་དབྱེ་བའི་དབང་དུ་བཏང་ནའང་། རེ་བ་ཡོད་པའི་སྡེ་ཚན་དུ་ཚུད་པའང་འདི་གསུམ་རེད། འོ་ན་འདི་གསུམ་ལས་མཐའ་མའི་རྒྱལ་ཁ་དེ་སུ་ལ་ཐོབ་ཀི་རེད་དམ།
ང་ཚོས་རྩིས་བསྐོར་བ་དང་་ལུང་བསྟན་རྒྱག་པ་ནི་དབུས་གཙང་མི་མང་གི་འོས་ཤོག་རྗེས་སུ་འབྲངས་དགོས། གཞན་གྱི་གཞི་འཛིན་ས་ཞིག་མེད། ཡང་དབུས་གཙང་མི་མང་ནི་ཡོ་འཁྱོག་དེ་ཙམ་མེད་ཅིང་། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་དབང་དུ་མི་འགྲོ་བའི་སྟོབས་ཤུགས་ཤིག་ཆགས་ཡོད། ཁོང་ཚོས་འདས་པའི་ལོ་ངོ་དྲུག་ཅུའི་རིང་གི་ལོ་རྒྱུས་ལ་བྲིས་པའི་རི་མོ་གསལ་ཤོས་དེ་རེད།
2011 ལོར་དབུས་གཙང་བ་གཉིས་ཏེ། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་བཀའ་ཟུར་བཀྲ་ཤིས་དབང་འདུས་གཉིས་སྲིད་སྐྱོང་འོས་མིར་བཞེངས་པའི་སྐབས་ལ། ཕྱོགས་ཞེན་སྐམ་པོའི་རྗེས་སུ་མ་འབྲངས་པར་འོས་ཤོག་འཕངས་ཡོད། དབུས་གཙང་མི་མང་ད་ལོར་རྦད་དེ་འགྱུར་བ་ཡ་མཚན་ཞིག་ཐེབས་ཡོད་ན་ནི་གནས་ཚུལ་གཞན་ཞིག་རེད་མ་གཏོགས། ད་རེས་ཀྱང་དབུས་གཙང་མི་མང་གིས་ཐག་གཅོད་ཀི་རེད། མཚམས་འདི་ནས། ང་ཚོས་སྤྱི་ཚོགས་ཀྱི་དོ་སྣང་ལ་ཕྱིར་ལྟོས་ཤོག་བྱེད།
བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་མཚོན་ན། སྤྱི་ཚོགས་ནང་ནས་དོ་སྣང་ཆེ་ཤོས་བྱུང་བའི་དུས་མཚམས་ནི་བཀའ་ཤག་སྐབས་སྔ་མས་ལས་དོན་འཐུས་ཤོར་བཏང་བ་ལ་བརྟེན་ནས་༸གོང་ས་མཆོག་གིས་ཐུགས་ཕམ་གྱི་བཀའ་སློབ་ཕེབས་པའི་རྗེས་བཀའ་བློན་ལས་ཁུར་ནས་རྩ་དགོངས་ཞུས་པ་དེ་ནས་རེད། དེའི་གོང་ལ་ཕལ་ཆེར་གངས་སྐྱིད་ཀྱི་ར་སྐོར་ཙམ་དང་། ལས་བྱེད་ཀྱི་དཀྱིལ་འཁོར་ལས་བརྒལ་བའི་དོ་སྣང་བྱེད་མཁན་མང་པོ་མེད། ད་ལྟ་གཞིས་གྲོང་རེར་ཁྱབ་བསྒྲགས་སྦྱར་འགྲེམས་བྱེད་པ་དང་། མི་དང་མི་མངགས་ནས་མང་ཚོགས་ལ་ངོ་སྤྲོད་བྱེད་བཞིན་ཡོད། འདིས་ཤུགས་རྐྱེན་ག་ཚད་ཅིག་ཐེབས་རྒྱུ་ཡིན་མིན་ནི་ཚོད་དཔག་དཀའ་བ་ཞིག་ཆགས་ཡོད།
ཚོགས་ཟུར་སྤེན་པ་ཚེ་རིང་ལ་མཚོན་ན། ཚོགས་གཙོ་ཡིན་པའི་སྐབས་དང་། དེ་ནས་ 2016 གི་སྲིད་སྐྱོང་ལ་བཞེངས་པའི་སྐབས། དེ་རྗེས་བཀའ་ཤག་སྐབས་འདིས་མ་ཉེས་ཁག་གཡོག་གི་དོན་ཚན་བཅུ་བཀྲམས་པ་ཁྲིམས་ས་རང་ནས་ཕམ་པར་བྱས་ཤིང་རྒྱལ་རྔ་བརྡུང་བ་དེས་དྲངས་པའི་དོ་སྣང་དེ་ནི་སྤྱི་ཚོགས་ཀྱི་ཟབ་སར་ཟུག་ཡོད་པ་ཞིག་ཆགས་ཡོད།
བཀའ་ཟུར་རྒྱ་རི་སྒྲོལ་མ་ལ་མཚོན་ན། ནང་སྲིད་ཀྱི་ལས་དོན་ལ་འཇོན་པོ་ཡོངས་གྲགས་རེད། ཡིན་ནང་། མང་ཚོགས་ཀྱིས་དོ་སྣང་འདྲེན་ཤུགས་ནི་གཞན་པ་ཞིག་རེད། བཀའ་བློན་གྱི་ལས་གནས་ན་ཡོད་བཞིན་པའི་སྐབས་ལ། མདུན་དུ་ཐོན་ནས། ཁྲིམས་དང་སྒྲིག་གཞི་ལ་ལྟོས་མེད་ངང་སྲིད་སྐྱོང་བློ་བཟང་སེང་གེར་འོས་ཐོབ་ཐབས་ཀྱི་གཏམ་བཤད་སྤེལ་བ་དང་། སྐྱབས་མགོན་རིན་པོ་ཆེར་མཚན་སྨད་ཞུ་མཁན་གྱི་མཉམ་དུ་བཟའ་བཏུང་དང་པར་ལེན་བྱས་པ་གཉིས་བརྒྱུད་ནས་སྤྱི་ཚོགས་ཀྱིས་དོ་སྣང་བྱུང་ཡོད།
གནས་སྟངས་འདི་གཞི་ལ་བཞག་ནས་རྩིས་བསྐོར་ན། 2011 ལོའི་སྲིད་སྟེགས་ནི་ཚོགས་ཟུར་སྤེན་པ་ཚེ་རིང་ལ་ཐོབ་རྒྱུ་རེད། དེ་ནི་ཚོགས་གཙོ་གནང་རྒྱུན་རིང་དཀའ་ངལ་མང་ཞིག་ལ་གདོང་ལེན་དང་ཐག་གཅོད་ཡང་དག་གནང་བའི་གྲུབ་འབྲས་ལ་སྤྱི་ཚོགས་ཀྱིས་གདེང་འཇོག་ཡོད་པ། ༸གོང་ས་མཆོག་གིས་ཨ་རིའི་དོན་གཅོད་དུ་མངགས་པ་ནས་བཀའ་ཤག་གིས་མ་ཉེས་ཁག་གཡོག་གིས་ལས་མཚམས་འཇོག་བཅུག་པའི་དུས་ཡུན་ཐུང་ངུ་དེའི་རིང་། དོན་གཅོད་སྔ་མས་ལོ་ངོ་འགར་སྒྲུབ་པའི་ལས་དོན་ལས་བརྒལ་བའི་གྲུབ་འབྲས་བླངས་པར་སྤྱི་ཚོགས་ཀྱིས་དོ་སྣང་ཡོད་པ། མ་ཉེས་ཁག་གཡོག་གི་གནད་དོན་ཁྲིམས་ས་ནས་ཕམ་པར་བརྒྱབ་སྟེ་བདེན་པ་ར་སྤྲོད་ཀྱི་རྒྱལ་རྔ་བརྡུང་བའི་དྲོད་མ་ཡལ་བར་གནས་པ་བཅས་ཀྱི་ཆ་ནས་ལུང་བསྟན་འདི་བབས་སོང་།
གཞན་དྲ་ལམ་གྱི་རྩོམ་ཡིག་གིས་ནུས་པ་རེ་ཐོན་གྱི་ཡོད་པའི་དབང་དུ་བཏང་ནའང་། དྲ་ཐག་འདི་ http://tibettimes.net/2020/09/04/187854/ ན་ཡོད་པའི་རྩོམ་ཡིག་འདི་ལས་ལྷག་ཅིག་ད་སྔ་ཕན་ལ་སྲིད་སྐྱོད་འོས་མི་གཞན་དང་གཞན་གླེང་མཁན་ཚོར་མ་བྱུང་བ་ལྟ་བུར་འདུག་པས་ཀྱང་ལུང་བསྟན་འདི་བབས་སོང་། སྲིད་སྐྱོང་འོས་མི་གཞན་དག་ལ་ལུང་བསྟན་ཅི་བབས་སྐབས་རྗེས་མར་གླེང་གི་ཡིན།
ཧཧཧཧཧ་་་་་་ཡང་འདིར་ཞེན་ཁོག་སྐམ་པོའི་་་་་ལུང་བསྟན་་་་རང་འདོད་་་ཀུན་སློང་་་་ཕྱིར་མངོན་པ་ཞིག་འདུག ལྷ་སའི་ཁ་དཔེར། བར་སྐོར་་་གང་དུ་སྐོར་ཡང་་རྨོ་བག་ལེབ་ཚོང་སར་སླེབས་འགྲོ་་་ཟེར་བ་རང་རེད། ལར་ནས་ལུང་བསྟན་འདི་་་་་ཨ་རའི་སྲིད་འཛིན་འོས་བསྡུའི་སྐབས། དབུས་འོས་བསྡུ་ལས་ཁུངས་དང་། གསར་འགྱུར་བརྒྱུད་ལམ་ཁག་གང་ནས་ཀྱང་གསལ་བསྒྲགས་མ་བྱས་པའི་སྔོན་དེར། སྲིད་འཛིན་་་་ཌོ་ནལ་ཏྲམ་རང་ཉིད་ནས་རང་ཉིད་ལ་རྒྱལ་ཁ་ཐོབ་ཟིན་པའི་གསལ་བསྒྲགས་འུར་གཏམ་བསྒྲགས་པ་དང་གཉིས་སུ་མ་མཆིས།
ད་ལོ་སྤེན་ཚེ་སྲིད་སྐྱོང་རེད་འདུག བློ་སེང་རྗེས་འབྲང་དང་བཅས་པ་འཆམ་ལ་ཕབས་ཚར་འདུག་ ཤ་ཉེ།
ད་ལོའི་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་ལས་འོས་ཞིག་མེད། ཞེན་ཁོག་དང་རྨོངས་ནད་བདུད་ཀྱིས་ཁོག་བརླམ་མེད་ཚེ།
སྲིད་སྐྱོང་ཟེར་བ་འདི་༸གོང་ས་མཆོག་ལ་དད་པ་དང་ཡིད་ཆེས་གཙང་མ་གནང་མཁན་ཞིག་དགོས། དེ་མེད་ན་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་སྐམ་པོ་དེས་བོད་མིའི་མངོན་འདོད་དང་བདེ་སྡུག་ལ་ཕན་ཐོགས་འབྱུང་གི་མ་རེད། ང་ཚོས་ད་གཟོད་སྲིད་སྐྱོང་ལ་སུ་ཕེབས་ཀྱི་ཡོད་པ་ཚོད་ཐིག་པ་རེད། ཁོང་གིས་༸གོང་ས་མཆོག་ལ་དད་གུས་དང་ཁྲིམས་སྒྲིག་ལ་བརྩི་བསྲུང་བྱེད་ཀྱི་ཡིན་པའི་བློ་གདེང་ཡོད་ལ། ཡིད་ཆེས་ཀྱང་ཞུ་བཞིན་ཡོད། དེ་ནི་དབུས་གཙང་མི་མང་མང་པོ་ཞིག་གི་ཕན་མེད་ཀྱི་ཞེན་ཁོག་མ་གནང་ཞིང་སྤྱི་དོན་ལ་བསམས་པའི་བྱ་གཞག་ཅིག་ཡིན།
གོང་གི་དཔྱད་རྩོམ་དེ་བཞིན་འབྲི་སྐབས་གནས་ཚུལ་མང་པོ་ཞིག་ལ་དོ་སྣང་གནང་འདུག་ལ། དེས་སྤྱི་ཚོགས་ཀྱི་ཁྲོད་དུ་ཡང་བསྐྱར་བསམ་བློ་གཏོང་རྒྱུའི་ཕན་ནུས་ལྡན་པའི་ས་བོན་ཞིག་བསྐྲུན་ཐུབ། ༸གོང་ས་མཆོག་དང་ཁྲིམས་དང་སྒྲིག་གཞིར་རྩི་སྲུང་མ་གནང་མཁན་གྱི་དཔོན་པོ་ཞིག་སླེབས་ཕྱིན་ངོས་བོད་མི་རྣམས་ཆུ་ཡི་ནང་བསྐྱུར་རྒྱུ་ཡིན་པ་ཐག་ཆོད་པ་རེད། དེ་རིགས་མི་ཡོང་རྒྱུའི་ལས་འགན་བོད་མི་ཡོད་དོ་ཅོག་ལ་ཡོད་ཅིང་། མི་འབོར་ཆེ་བའི་དབུས་གཙང་གི་རྣམ་དཔྱོད་ཅན་གྱི་མི་རྣམས་ལ་དེ་བས་ཀྱང་ཡོད།
སྐབས་འདིའི་སྲིད་སྐྱོང་གིས་འདས་པའི་མི་ལོ་༦༠ ཙམ་གྱི་རིང་ལ་དཀའ་ངལ་བརྒྱབས་པའི་བཙན་བྱོལ་གཞུང་གི་འགྲོ་སྟངས་དང་། འཛམ་གླིང་སྤྱི་དང་རྒྱ་གར་གཞུང་གི་བོད་མིར་གཟིགས་ཚུལ་ལ་དོ་ཕོག་ཤུགས་ཆེ་བཏང་ཡོད། མི་ཐེབས་ཆག་འདི་འདྲ་ཞིག་གིས་སྲིད་སྐྱོང་ལོ་ངོ་༡༠ ཙམ་གནང་རྒྱུའི་གོ་སྐབས་འབུལ་མཁན་ཡང་དབུས་གཙང་གི་མི་གླེན་པ་མང་པོ་ཞིག་གི་ངོས་ནང་བྱུང་བ་ཡིན་པས། དབུས་གཙང་གི་མི་གླེན་དེ་རིགས་ལ་རྣམ་དཔྱོད་ཅན་གྱི་དབུས་གཙང་བ་རྣམས་ནས་སློབ་སྟོན་གནང་དགོས།
ལར་ནས། བོད་མིའི་སྲིད་སྐྱོང་དང་བཀའ་བློན་ནམ་བོད་གཞུང་གི་ལས་སྣེའི་ནང་བོད་མིའི་ཆོས་དང་རིག་གཞུང་གི་ཞག་རྩི་ཡོད་པ་ཞིག་སླེབས་དགོས་པ་ཧ་ཅང་གལ་ཆེ། དེ་མེད་ཕྱིིན་ད་ལྟའི་སྲིད་སྐྱོང་ལྟར་བོད་མིའི་སྤྱི་ཚོགས་འདི་བཞིན་མིག་དཔེ་འོས་པའི་བོད་མི་སྤྱི་ཚོགས་ཤིག་ཏུ་གནས་མི་ཐུབ། ཁོང་གིས་ང་ཚོའི་སྤྱི་ཚོགས་འདི་བཞིན་དངུལ་དངོས་རང་ཞེན་གྱི་རྗེས་སུ་རྒྱུག་མཁན་ཞིག་ཏུ་བསྒྱུར་རྒྱུར་བརྩོན་ཡོད། ད་
འོན་ན། བོད་མིའི་ལས་སྣེ་དག་ཇི་ལྟར་ཞིག་དགོས་ཤེ་ན། བོད་ཡིག་གི་ཤེས་ཚད་ཉུང་མཐར་འཛིན་གྲྭ་༡༢ ཀྱི་བར་དང་། བོད་མིའི་སྤྱི་ཚོགས་ནང་ཉུང་མཐར་ལོ་ངོ་༥ ཡི་ཉམས་མྱོང་ལྡན་པ་ཞིག་གིས་གཙོས། རྐང་པ་ཉིས་འཛུགས་ཅན་མ་ཡིན་པ་དང་། རང་དབང་དཔྱ་དེབ་དང་། ལྷག་པར་གནས་ཡུལ་རྒྱལ་ཁབ་ཀྱི་སྐྱབས་བཅོལ་བའི་ཡིག་ཆ་ངེས་པར་དུ་ཡོད་པ་ཞིག་དགོས། ད་ལྟའི་ཆར་དེ་རིགས་ཀྱི་ཆ་རྐྱེན་མེད་བརྟེན། མཛད་གཙོ་ཕལ་ཆེ་བ་ཁེ་ཕན་ཡོད་དུས་བོད་མིའི་སྤྱི་ཚོགས་དང་དེ་མེད་ན་ཕྱི་རྒྱལ་རྩྭ་ཁ་ཡག་སའི་ཡིག་ཆ་གཏན་འཁེལ་གནང་སྟེ་བཞུགས་བཞིན་པ་ང་ཚོས་མཐོང་བཞིན་པ་རེད། དེ་རིགས་ཀྱིས་བོད་མི་ཞེས་པ་ཁ་ནས་གླེང་རྒྱུ་ཙམ་མ་གཏོགས་དོན་དུ་རང་དོན་ཁོག་ཏུ་བཅངས་ནས་ཡོད། དེས་ན། ང་ལྟ་བུ་ཞིག་ནས་སྲིད་སྐྱོང་གསར་པ་ཕེབས་སྐབས་གོང་གི་གནས་ཚུལ་དེ་བཞིན་གལ་ཆེ་ཡིན་པས་ལག་བསྟར་ཡོང་རྒྱུའི་རེ་བ་ཞུ་ཡི་ཡིན། དེ་ལྟར་གནང་ཚེ། བོད་མིའི་སྤྱི་ཚོགས་འདི་བཞིན་ཡུན་གནས་དང་ཆེ་མཐོང་ཡོང་ངེས་སོ།།
ད་ཡིན་ན་ཤར་ཕྱོགས་ཁུག་རྟའི་སྙིང་རླུང་བསྟོད་ལ་ཚངས་ནས་ཤི་ལ་ཁད་ཡོད་ཉེན་ཆེ། ནམ་མ་ལངས་གོང་ནས་བྱ་ངན་གྱིས་སྐད་རྒྱབ་ཟེར་བ་བཞིན། དུས་ལ་མ་བབས་གོང་ནས་ཁུག་རྟས་མགྲིན་པ་གཟེངས་སུ་བཏེགས་ནས་སྐད་ངན་ཤོར་ནས་འབྲོང་ཆུང་ལ་རྒྱབ་སྐྱོར་བྱས་པར་མ་ཟད། གཞན་ལའང་སྐུལ་སློང་བྱས། མདོ་སྨད་ཀྱི་གནད་ཡོད་མི་སྣ་ཞིག་གིས་དེ་ལྟར་བྱས་ན་དེ་ནི་སྤེན་ཚེ་ལ་མཚོན་ན་སྙིང་རླུང་ལངས་འོས་པའི་བྱ་བ་ཞིག་ག་ལ་མིན། ཁུག་རྟ་ནི་རང་འདོད་ཆེ་ལྟར་ཁོང་གིས་བསམ་བློར་སྤེན་ཚེ་ལ་རེ་བ་མེད་སྙམ་ནས་འབྲོང་ཆུང་ལ་རྒྱབ་སྐྱོར་བྱས་པ་ཞིག་ཡིན་ལས་ཆེ། འབྲོང་ཆུང་གི་ཞབས་འོག་ནས་དོན་གཅོད་དམ་ཡང་ན་བཀའ་བློན་ཞིག་གི་གོ་གནས་ཐོབ་ཏུ་རེ་བའང་ཡིན་སྲིད། གང་ལྟར་ཁུག་རྟའི་རླུང་རྟ་ནི་ཆག མི་གཞི་མི་བརྟན་པའི་ཚད་དུ་འཇོག དེ་ཙམ་ཡིན། །
ཁུག་རྟ་སྙིང་རྗེས་དྲན་རྒྱུ་མང་ན་འདི་འདྲ་རེད། ད་ནས་བཟུང་རེབ་གོང་བ་ཁ་ཤས་ལས་ཁོ་ལ་འོས་བསྡུག་ཁན་ཡོད་བ་མ་རེད། གང་ཡིན་ས་ལ་སྐད་ངན་རྒྱབས་ན་འདི་ལས་གང་ཡོང་། མི་མང་ནང་ལ་ཁ་མ་སྔ་ཟེར་བ་ཡང་ཁོས་མ་ཤེས་བ་རེད།
སྲིད་སྐྱོང་འོས་མི་རེ་ཟུང་གི་འོས་ཐོབ་ཆེད་མི་དམངས་ལ་ཁེ་ལེན་སྟོང་པ་བྱས་བཞིན་པ་རྣམས་རྒྱ་གར་གྱི་ནད་ཚ་འགོས་བ་ལས་གཞན་མ་ཡིན།་དཔེར་ན་སྐལ་རྡོར་གྱི་་corona vacine སྤྲོད་རྒྱུ་ཡིན་པས་ཁེ་ལེན་སྟོང་པ་ཞིག་དང་རྒྱ་རི་སྒྲོལ་མའི་དབུ་མའི་ལམ་འུ་ཐུག་པ་ཡིན་པ་རྒྱ་ནག་ལ་ཕུལ་བའི་བསམ་འཆར་ཕྱིར་འཐེན་དགོས་པའི་སྐད་ཆ་དེ་ཡང་རང་བཙན་ཕྱོགས་རྟོགས་ལ་མགོ་སྐོར་གཏོང་གཞི་ལས་མ་འདས།་སྐབས་སུ་ཕབ་པ་སྔོན་འགྲོའི་འོས་རྫོགས་ལ་ཉེ་ཡང་ད་ལྟ་ཡོང་སུ་གྲགས་བཞིན་པ་ཞིག་ལ་སྦིར་རི་འགོ་སྤྲུལ་སྐུ་ཞེས་པ་དེས་རྒྱ་རི་སྒྲོལ་མའི་རྒྱབ་ལ་དངུལ་འབོར་ཆེན་བཏང་ནས་ཉེ་འཆར་ན་ཚའི་རྐྱེན་པས་ས་གནས་མང་པོ་ཞིག་དཀའ་ཕྲད་བཞིན་ཡོད་ཀྱང་ལྟོས་མེད་ཀྱི་རྒྱུག་བཅུག་ནས་སྡབས་སིག་མང་པོ་བཏང་ཡང་གྲུབ་འབྲས་དེ་ཙམ་མེད་པ་མངོན་གསལ་རེད།་་་་བླ་མའི་ཆོས་མ་བྱས་དངུལ་བེད་སྤྱད་ནས་སྤྱི་ཚོགས་དཀྲུགས་པ་དེ་བློ་ཕམ་རང་བཞིན་རེད།།།།།འོ་སྟོབས་ཀྱི་ཡང་རྒྱ་མི་ཡང་ཐེ་བན་དངུལ་མང་པོ་འོས་བསྡུ་རྒྱབ་ལ་བཏང་ནས་སྤྱི་ཚོགས་དཀྲུགས་བཞིན་འདུག།།་ཚང་མས་མཁྱེན་དགོས་ཡ་གལ་ཆེན་རེད།
་་་་་་་་་་་ང་ཚོས་རྩིས་བསྐོར་བ་དང་་ལུང་བསྟན་རྒྱག་པ་ནི་དབུས་གཙང་མི་མང་གི་འོས་ཤོག་རྗེས་སུ་འབྲངས་དགོས། གཞན་གྱི་གཞི་འཛིན་ས་ཞིག་མེད། ཡང་དབུས་གཙང་མི་མང་ནི་ཡོ་འཁྱོག་དེ་ཙམ་མེད་ཅིང་། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་དབང་དུ་མི་འགྲོ་བའི་སྟོབས་ཤུགས་ཤིག་ཆགས་ཡོད། ཁོང་ཚོས་འདས་པའི་ལོ་ངོ་དྲུག་ཅུའི་རིང་གི་ལོ་རྒྱུས་ལ་བྲིས་པའི་རི་མོ་གསལ་ཤོས་དེ་རེད།་་་་་་་་་་་
བདེན་པའི་གཏམ་རེད།
༢༠༢༡ སྲིད་སྐྱོང་ལུང་བསྟན་བརྒྱབ་པའི་ལུང་འཁྱོག་གི་དོ་བདག་མིང་དང་ལོ་གཉིས་ཀ་ནོར་འདུག ལུང་གི་རེ་བསམ་རྩིས་དེ་དབུས་གཙང་མི་མང་ཡིན་འདུག ཡིན་ཀྱང་རྩིས་པས་གནད་དོན་གཅིག་ལ་གཡག་ཞ་རའི་རྩ་བཟའ་བ་ལྟར་བྱས་འདུག དེ་ནི་སྤེན་ཚ་ལགས་ཀྱི་གནས་བབ་དེ་ཡིན། སྔ་མོ་སྤེན་ཚེ་ལ་རྙོགས་ཁྲ་དེ་ཙམ་མ་བྱུང་གོང་དབུས་གཙང་མི་མང་བས་འོས་བསླུགས་མེད་པས་ཤོར་ན་དེ་རྗེས་རྙོགས་ཁྲ་ཚད་ལས་འདས་པ་བྱུང་བས་ད་ཆ་སླར་ཁོ་བར་འོས་གང་གི་ཕྱིར་བསླུག་གམ། དབུས་གཙང་མི་ལྐུག་པ་མ་རེད་པ། སྤེན་ཚེ་ལ་ཕྱོགས་ཞེན་ཞུ་མཁན་གྱི་གླེན་པ་ཚོས་ད་རེས་ཀྱང་འོས་བསླུགས་འདུག དེ་མིན་དབུས་གཙང་མི་དེ་སྔའི་བྱས་རྗེས་ལ་བསམ་ཤེས་མེད་མཁན་དང་ཨ་གསར་ཆེ་བའི་བློ་ཆུང་ཚོ་སོགས་རང་འདོད་གང་ཤར་ལ་འོས་གནང་ཡོད་འདུག ཡིན་ཀྱང་དངོས་གཞིའི་སྐབས་ཕྱོགས་ཞེན་བསམ་ཞིབ་མ་ཐུབ་མཁན་གྱི་དབུས་གཙང་མི་མང་དུམ་བུ་གཅིག་ལས་གཞན་ཚང་མ་སྤེན་ཚེ་འོས་ཐོབ་རྒྱུར་རྒྱུ་མཚན་དུ་མས་མི་དགའ་མཁན་ཤ་ཅིག་དང་ལྷག་པར་འདི་ཕྱི་གཉིས་ཀྱི་༧ མགོན་སྐྱབས་གང་གི་ཐུགས་གཞི་འགལ་རྒྱུའི་ལས་ངན་གསོག་རྒྱུར་མི་དགའ་བ་གཅིག་མཚུངས་ལ་སོང་། རྒྱ་རི་སྒྲོལ་མ་ལགས་དང་སྐལ་བཟང་རྡོ་རྗེའམ་སྐལ་རྡོར་ལགས་སུ་དངོས་གཞིའི་འོས་མིའི་ཁ་གཏད་དུ་ངེས་ཀྱང་དེར་ཚང་མས་འོས་གནང་རྒྱུ་ཡིན་སྟབས་ལུང་བསྟན་མི་དགོས་པར་རྩིས་ལས་ལྷང་ངེར་མཐོང་གི་འདུག་གོ།
ཁམས་པའི་ཞེན་ཁོག་རྙིང་པ་དང་ཆབ་སྲིད་འཛོར་པོ་དེ་ཁྱེད་ནས་ད་ལྟ་ཡིན་ཡང་མི་དམངས་ལ་མགོ་སྐོར་གཏོང་རྩིས་ཡོད་ཀྱང་ད་ཐེངས་ཁྱི་སེང་དང་ཨབ་ཁྲུག་སྐལ་རྡོར་གཉིས་ཀྱི་གཉིད་ལམ་དེ་གྲུབ་ཡ་མིན་པ་སྔོན་འགྲོའི་འོས་ཤོག་ནས་བརྡ་ལན་གསལ་བོ་སྤྲད་ཡོད།རྩ་བའི་ཁྱད་ཆོས་དང་འབྱོན་ཐང་ཆ་ནས་འོས་མི་བློ་བཟང་སྙན་གྲགས་ལགས་རྒྱ་རི་སྒྲོལ་མ་དང་སྐལ་རྡོར་ལས་གྲགས་ཀྱང་མདོ་སྟོད་མི་མང་གི་འོས་བླུགས་མེད།།།སྔོན་འགྲོ་ལ་ལྟས་ན་རྒྱ་རི་སྒྲོལ་མ་དང་སྐལ་རྡོར་གྱི་འོས་མང་ཤོས་ཁམས་པའི་གཞིས་ཆགས་དང་གདན་ས་གསུམ་གྱི་ཆབས་སྲིད་ཀྱི་གོ་རྟོགས་ལ་རྨོངས་བའི་གྲ་བ་དེ་ཚོ་ལས་གཞན་མེད་པ་ཤེས་གསལ་རེད།།།མི་མང་ལྐུག་པ་མ་རེད་ཟེར་བ་དེ་ཅི་མ་བདེན།།།།ཁྱི་སེང་གི་ངོ་ཚ་ཁྲལ་མེད་ཀྱི་བུད་མེད་ལས་བྱེད་མང་པོ་ལ་visa སྤྲད་ནས་ཁྲིམས་མེད་ལུགས་མེད་དོན་གཅོད་དང་ཕྱི་རྒྱལ་ལ་མི་ཉུང་ཞིག་བཏང་བ་ངོ་ཚ་ཁྲལ་མེད་བྱེད་པ་གང་སྐྱིད་ལ་ཡོང་གྲགས་རེད།ཨ་རི་ལ་ཁང་པ་ཉོས་ནས་དངུལ་ཚང་མ་བློ་བུ་དུ་ཚང་མ་སྤྲད་པ་དེ་ད་ལྟ་ཡང་གང་ནས་སླེབས་པ་ལེན་གསལ་པོ་ཞིག་རྒྱབ་ཐུབ་མེད།ང་ཚོ་ལས་རྒྱུ་འབྲས་རྩི་མཁན་ཞིག་ཡིན་པས་ཆ་ནས་དེ་ཚང་མ་ཤེ་ཚར་ནས་རྒྱབ་ལ་འཁྱེར་ནས་འགྲོ་དགོས་པ་ཤེས་པ་བྱེད།།།
མོ་ལུང་རྩིས་གསུམ་བོད་མིའི་རིག་གཞུང་རེད་།
དེ་ལ་ཡིད་ཆེས་ཞུ་མཁན་བོད་མི་ཙམ་ཟན་རེད་།
དེ་ལ་ཡིད་ཆེས་མེད་མཁན་བོད་མི་ཙམ་ཟན་རེད་།
སྤེན་ཚེ་མཆོག་གི་ཉེན་ཁ་ཆེ་ཤོས་དེ་ཆང་རག་དང་ཁ་མ་བྲལ་བ་དེ་རེད། ཁོང་གིས་ཆང་རག་བཅད་ཟིན་ལུགས་བཤད་ཀྱང་། ད་དུང་ཉེན་ཁ་ཡོད་པས། ཚང་མས་ཡང་ཡང་ཁོང་ལ་ཆང་རག་དང་ཐག་རིང་སྡོད་དགོས་པའི་རེ་སྐུལ་ཞུ་རོགས
ད་ནི་བཤད་མ་བཤད་ཅི་མི་འདུག བདེན་པ་རྒྱལ་ཞིང་རྫུན་པ་འགྱེལ་ཡག་རང་རེད།
མོ་ལུང་རྩིས་གསུམ་རྒྱུད་ནས་སྲིད་སྐྱོང་བསྐོ་།
མོ་ལུང་རྩིས་གསུམ་རྒྱུད་ནས་སྤྱི་འཐུས་བསྐོ་།
མང་གཙོའི་འགན་དབང་མོ་ལུང་རྩིས་གསུམ་།
ཧཧཧ