རྒྱ་ནག་གྲོང་ཁྱེར་ཁྲན་ཏུ་ལྕགས་ལམ་སློབ་ཆེན་ལ་བོད་ཕྲུག་དང་རྒྱ་ཕྲུག་དབར་རྒྱག་རེས་ཤོར་ནས། དམག་མི་སྐད་བཏང་འདུག
གནས་ཚུལ་ཅུང་ཞིབ་པ་ཞིག་འདི་ལ་འདུག། རྒྱ་ཡིག་རེད། དེ་བོད་ཡིག་ལ་སྒྱུར་རོགས།
http://cache.baidu.com/c?m=9f65cb4a8c8507ed4fece76310508c31490797634b87834e29938448e
435061e5a24feb826221704d4c17e6007bb0c01aaa63965470237c690
dff84ecacbe33f2ef83045010bf23205a219b8bb4332c050872ae2b
86ae1ad803384dfa3c4de2444bc50120985e7fd581767cb&p
=b4769a46caaf1bff57ee943e1e53&user=baidu&fm=sc&query=
%B3%C9%B6%BC%CC%FA%C2%B7%B9%A4%B3%CC%D1%A7%D0%A
3&qid=e6179d61028b27bd&p1=1
ང་ནི་རྒྱ་ཡིག་མི་ཤེས་གྲོགས་པོ།
བོད་ཕྲུག་དང་རྒྱ་རིགས་སློབ་མའི་བར་འཁྲུག་འཛིང་གི་དོན་རྐྱེན་བྱུང་བ།
དྲ་འདྲེ
དྲ་ལམ་ཁག་གཅིག་གི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ལོ་༢༠༡༡ལོའི་༡༢པའི་ཚེས་༡༤ཉིན་གྱི་དགོང་མོར། སི་ཁྲོན་ཁྲན་ཏུའུ་གྲོང་ཁྱེར་ཕིས་རྫོང་ཕིས་ཐིང་གྲོང་བརྡལ་“ཁྲན་ཏུའུ་གྲོང་ཁྱེར་ལྕགས་ལམ་བཟོ་ལས་སློབ་གྲྭར”་བོད་རྒྱའི་སློབ་ཕྲུག་བར་འཁྲུགས་འཛིང་གི་དོན་རྐྱེན་ཆེན་པོ་བྱུང་ཡོད་པ་རེད།
དེའང་ཉིན་དེའི་དགོང་མོར་བོད་རིགས་དང་རྒྱ་རིགས་སློབ་མའི་བར་འཁྲུག་འཛིང་ཤོར་ཡོད་པ་དང་། སློབ་གྲྭ་དེའི་ནང་དུ་བོད་རིགས་སློབ་མ་ཉུང་ཤས་ལས་མེད་ཅིང་མང་ཤོས་རྒྱ་རིགས་ཡིན་པ་མ་ཟད།དགོང་མོ་དེར་རྒྱ་རིགས་སློབ་མ་སྟོང་གཅིག་བརྒལ་བས་བོད་རིགས་སློབ་མ་རྣམས་མཐའ་བསྐོར་ཏེ་རུབ་རྡུང་བྱས་ཡོད་པ་དང་།བོད་པའི་སློབ་མའི་ཉལ་ཁང་གཏོར་བཅོམ་དང་།བོད་པའི་སློབ་ཕྲུག་རྣམས་རྡུང་རྡེག་བཏང་བ། ད་དུང་འགོ་ཁྲིད་ཀྱི་རླངས་འཁོར་སོགས་ལའང་བཅག་རྡུང་ཆེན་པོ་བྱུང་ཡོད་འདུག སྐབས་དེར་གློ་བུར་དུ་ས་གནས་དྲག་ཆས་དམག་མི་བརྒྱ་གྲངས་ཤིག་སླེབས་ཏེ་སློབ་མ་རྣམས་དྲག་གནོན་བྱས་ཡོད་པ་དང་མིག་སྔར་སློབ་མ་མང་པོར་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག
བོད་རིགས་ཚོ། ང་ཚོ་བོད་པ་བོད་ཡུལ་ཡོད་དུས་གཉའ་ཆག་དགོས་མ་རེད། འོན་ཀྱང་ཡ་རབས་ཉམས་ཆུང་དང་། དྲང་བདེན་རྣམ་དྤྱོད་ལྡན་པའི་སྒོ་ནས་ཡར་ལེན་ཨ་མ་དྲན་པ་སློག་དགོས་རེད་གདའ། དེ་ཡང་འཚེ་མེད་ཞི་བའི་སྒོ་ནས་་་་་་་
བཀྲ་ཤིས་བདེ་ལེགས།
དོན་རྐྱེན་འདིའི་པར་གསར་བ་ཁ་ཤས་འདིར་ཡོད། བོད་པའི་སློབ་མ་དེ་ཚོ་གྲོགས་མེད་ཁེར་རྐྱང་རེད། ད་དཀའ་རྒྱུ་རེད་ཡ http://www.facebook.com/?ref=tn_tnmn#!/
གནས་ཚུལ་དེ་འདྲ་རྒྱ་ནག་སློབ་གྲྭ་ཁག་ནང་རྒྱུན་ལྡན་ཡོང་གི་རེད།སོ་སོ་རྒྱ་ནག་ནང་མཐོ་སློབ་འགྲིམས་སྐབས་ཀྱང་ཐེངས་ཁ་ཤས་གནས་ཚུལ་དེ་རིགས་ལ་འཕྲད་མྱོང་།རྒྱ་དང་བོད་ཀྱི་བར་ཙམ་མིན་པར་བོད་དང་སོག་པོའི་བར།ཡང་བོད་དང་ཤིན་ཇང་སློབ་ཕྲུག་བར།བོད་དང་ལེའང་ཧྲན་ཡེ་རིགས་སོགས་ཀྱི་བར་དུའང་འཁྲུག་རྩོད་མང་པོ་ཤོར་ཀི་རེད།
མི་མང་ཉུང་གཅིག་པ་འདྲ་པོ་ཡིན་ན་བོད་ཀྱི་འགྲན་ཡ་ཡག་ཤོས་ཤིན་ཇང་དང་ཡེ་རིགས་གཉིས་ཡིན་པ་རེད།འོན་ཀྱང་།ཡེ་རིགས་ཚོ་གྲངས་ཀ་ཉུང་རུང་རྡོག་སྒྲིལ་པོ་དང་དཔའ་ངར་ཆེན་པོ་ཡིན་པས་བོད་མི་ཚོས་ཐེངས་མང་ཤོར་གྱི་ཡོད།
གནས་ཚུལ་དེ་རིགས་བྱུང་སྐབས་འཚེ་མེད་ཞི་བ་སོགས་ཡེ་ནས་བཤད་ས་མེད།ལམ་ཀ་གཉིས་མ་གཏོགས་མེད་པ་རེད།གཅིག་གྲོགས་པོ་ཚོར་བློ་མེད་བྱས་ཏེ་བྲོས་བྱོལ་བྱེད་དགོས་པ་རེད།གཉིས་ཐོབ་ཤོར་གང་ལྟར་ཀྱང་རོགས་པ་ཚོ་དང་ལྷན་འཛིངས་རྐྱང་བྱེད་དགོས་པ་རེད།
ཡ་ད་ཡིན་ན་མ་བཟང་ཟིག རྒྱ་རིགས་མི་མང་དང་བོད་རིགས་བར་རྩོད་པ་ཁབ་རྩེ་ཙམ་ཡང་མེད་དུས་ག་རེ་བྱས་ནས་འཁྲུགས་པ་ཤོར་རེད། དེའི་སྐོར་ལ་རྒྱ་བོད་མི་མང་ནས་གཟབ་གཟབ་མ་བྱས་ན་ཆུ་ངོགས་གཏམ་བརྒྱུད་ཀྱི་ནང་ནས་རྒྱ་ནག་གོང་མའི་བློན་ཆེན་གཡོ་སྒྱུ་ཅན་དེས་སུང་ཅང་ཤོག་ཁག་གི་དཔའ་རྒོད་རྣམས་ལ་ཞེད་ནས་རྒྱ་ནག་ལྷོ་ཕྱོགས་རི་མགོ་ཞིག་ཏུ་ཡོད་པའི་ཇག་ཚོགས་དེ་དང་མཉམ་དུ་འཐབས་བཅུག་ཏུ་གཏང་ནས་ཁོས་ཁེར་ལབ་ཀྱིས་འདི་འདྲ་ཟེར་རེད། ༼ད་ཡིན་ན་འགྲིག་སོང་སྤྱང་ཀིའི་འཕར་བ་ཟོས་ནའང་འདྲ། འཕར་བས་སྤྱང་ཀི་ཟོས་ནའང་འདྲ་དོན་དུ་གཉིས་ཀ་མེད་དགོས་རྒྱུ་དེ་རེད་།༽ ཞེས་པའི་སྒྲུང་དེ་དྲན་སོང་།
གནས་ཚུལ་འདིའི་ཐད་འོད་ཟེར་ལགས་ནས་རང་ཉིད་ཀྱི་གདོང་དེབ་ཐོག་དག་བཅོས་ཤིག་བྱས་འདུག དེ་ཡང་སློབ་གྲྭ་དེར་བོད་རིགས་སློབ་མ་བརྒྱ་ཙམ་ལས་ཡོད་མི་སྲིད་པས་སུམ་བརྒྱ་ཟེར་བ་མ་དག་པ་རེད། གལ་སྲིད་བརྒྱུད་ལམ་གཞན་ཁག་ཏུ་ནོར་འཁྲུལ་ཅན་གྱི་གྲངས་ཚད་འདི་བཀོད་ཡོད་ཚེ་དག་བཅོས་གནང་རོགས། ཞེས་འབོད་སྐུལ་བྱས་འདུག
ཀརྡོ་རབ་འབྱམས་ལགས།
ཕ་རོལ་པའི་རྒྱ་ཕྲུག་དེ་ཚོ་དང་རྒྱ་མི་རིགས་རྒྱ་གཞུང་བཅས་པར། ཡ་རབས་དང། ཉམས་ཆུང་། དྲང་བདེན་སོགས་སྤུ་ཙམ་ཡང་འགྲོ་ས་མེད་ན་ཡ་ལན་ཨ་མ་དྲན་པ་ག་འདྲ་སེ་སློག་དགོས་པ་རེད། ད་དུང་འཚེ་མེད་ཞི་བའི་སྒོ་ནས་ཧ་ཧ་ཧ། མ་གཞི་རྒྱ་མི་དང་མཉམ་དུ་སྐརྨ་གཅིག་གི་དུས་ཡུན་ཙམ་ཡང་གཤིབ་མྱོང་མེད་ཙང་རྒྱ་མི་རིགས་ལ་ཆ་རྒྱུས་ཡ་རྒྱུས་སྤུ་ཙམ་ཡང་མི་འདུག། བྱས་ཙང་ཁ་སྟོང་ནང་གི་ཚིག་སྟོང་བཤད་རྒྱུར་དཀའ་ངལ་ཆེར་མེད་མོད། ལག་ལེན་དངོས་དང་འབྲེལ་དུས་ཆུའི་ནང་གི་ཟླ་བ་རང་རེད་པ།
རྒྱ་མི་རིགས་ལ་ཁ་རྡུང་ཞེ་དྲགས་མ་གཏོང་ལ། བླ་མ་དང་དགོན་པ་དེ་ཚོ་དགོངས་པ་ཚོམ་ཡོང་དཱ། ཁོང་ཚོའི་དངུལ་གྱི་འབྱུང་ཁུངས་ཡིན་པའི་ཕྱིར། རྟགས་དེ་ཡང་དག་ཡིན་ན་ལྟར་སྣང་ཡིན་གསུང་རོགས་གནང་། ཧ་ཧ། ཡང་དམྱལ་བ་འགྲོ་བའི་ལས་སོག་རྩེ་མོ་ཡིན།
ལས་མི་གསོག་རྩེ་མོ་ཡིན། ཞེས་པར་བསྒྱུར་རོགས།
གསེར་འབྲུག་སྡེར་ལྔ་ལགས།
ངས་བོད་དགེ་བྱས་ནས་ལོ་༢༥སོང་ཡང་བོད་སྐད་དང་། བོད་ཡིག་དཀའ་ངལ་ཕྲད་སྡོད་མཁན་ཅིག་ཡིན་ཡང་། ངས་ཁ་བརྡ་ལ་འཇུག་ཤེས་ནས་བབཟུང་ཤོག་བུ་སྟེང་དུ་འབྲི་རྒྱུ་བཞག་ནས། ཁ་བརྡ་དང་དུས་བབ་གཉིས་ཀྱི་ནང་ལ་མཆན་བུ་རྒྱ་ཕྲག་མང་པོ་སྤེལ་ཡོད་པས་དུས་ཚོད་ཡོད་དེ་ཚོ་ཚར་གཅིག་བཀླགས་ནས་མི་ང་ངོ་ཤེས་པ་ཅིག་གྱིས།
དེ་ནས་ཁ་སྟོང་སུ་ཡིན་དང། ངའི་བཤད་པ་འདི་ཚོ་ཁ་སྟོང་ཚིག་ཁེན་ཁོག་རྐམ་པོ་ཡིན་ན་ཡང་། ཤོད་ས་རྒྱལ་དབང་པཎ་གཉིས་ལ་ཁ་གཏོང་བགྱིད་འདུག་གམ། ཡང་ན་བཙན་གཞུང་ལ་སྐྱོན་བྱེད་བགྱིད་འདུག་གམ། ཡང་ན་དེ་ལས་ལྡོག་ནས་ལས་འགུལ་ག་རེ་སྤེལ་བགྱིད་འདུག་མི་འདུག དཔྱད་པ་བྱས་ནས་ང་སྐྱོན་བརྗོད་དང་། མཆན་ཆུང་དེ་ཚོར་བརྗོད་བྱེད་ལ་སྣང་མེད་བཞག་ནས་བྲིས་མ་མྱོང་ཡང་། རྗོད་བྱེད་ནི་རང་གི་ཡག་པོ་མི་ཤེས་པའི་སྟེང་དུ་ཤེས་པ་དེ་ཚོ་ལ་ཡང་ནོར་ཐལ་ཤོར་བ་མང་བ་དེ་ཚོ་ལ། དེ་ཡང་ང་ལ་མ་དགའ་ནས་མིན་པར་བོད་རིགས་སྤྱི་ཡི་སྐད་ལ་ཞེན་པ་དཀར་པོ་འཁྱེར་ནས་རྒན་ལ་དྭགས་འཇམ་དཔལ་ནང་བཞིན་ཀུན་གྱི་མདུན་ཐོན་དགོས་འདུག
རྒྱ་གར་བསྟན་བཅོས་ཀྱི་ལུགས་ལྟར་སྙན་ངག་ཆལ་ཆོལ་རྐྱང་བྲིས་ནས་བསྡད་ན་གཞན་གཉིས་ཀར་མགོ་སྐོར་ཐེབས་མི་སྲིད་མ་རེད། ང་དང་རྒྱལ་བ་རིན་པོ་ལྟ་བུ་ནི། ཕྱི་དགྲ་དང་ནང་གཉིས་ཀ་ལ་རྒྱལ་བའི་རྒྱལ་མཚན་དེ་དུས་རྟག་ཏུ་ལག་ཐོག་ཏུ་སྡོད་མཁན་ཅིག་ལ་ངོས་འཛིན་ཞུ་བཞིན་ཡོད་པས། དགྲ་བོར་ཁ་གཏད་རང་ག་སེམས་དང་། ངག་གིས་བཅག་དགོས་པ་ལས། ལུས་དང་མཚོན་གྱིས་རང་གཞན་གཉིས་ཕོངས་ཡིན་པ་ཀུན་གྱི་མཐོང་ཆོས་ལྟར་མ་རེད་པེ་ལགས། གསར་འབྲུག་ལགས།
གུས་པའི་ན་ཟུག་གི་རྩོམ་ཐུང་འདི་བོད་ཀྱི་དུས་བབ་དང་ཁ་བརྡ་གཉིས་ཀར་ཐེངས་ཤས་བཏང་བ་ཡིན། ཡིན་ནའང་ད་དུང་ཡང་སྟོན་མ་སོང་།
ཇ་ལན་ཆུ་འཇལ།
ཕ་རུས་དཀར་པོ་སྙིང་ལ་བཅངས་ཏེ་རིགས་ཞེན་ལང་ཚོ་རྒྱས་པའི་ཆོལ་གསུམ་གྱི་གངས་ཕྲུག་ཚོས། རྒྱ་དམར་ཀླ་ཀློའི་འཁྱོག་བརྗོད་དང་རྫུན་བཟོའི་གཉན་ འབུར་དེ་དག་འཚེ་མེད་ཞི་བའི་དྲང་བདེན་གྱི་སྤུ་གྲི་བཙུགས་ཏེ་གཏོལ་བས། དྲག་སྤྱོད་དང་བཙན་གནོན་ལ་གོམས་པའི་རྒྱ་དམག་གིས་། ཞི་བའི་མི་ སེར་རྣམས་ལ་མུ་མཐུད་དེ། དེང་དུས་ཀྱི་མེ་མདའ་དང་འབར་རྫས་བེད་སྤྱོད་གཏོ་ང་བ། དུག་རླངས་གཏོར་བ། ལྐོག་གསོད་གཏོང་བ། གསོན་པོར་མེར་སྲེག་ གཏོང་བ། རྐང་ལག་གཅོག་པ། ཐེམ་རེ་མི་རེའི་མདུན་ལ་དམག་དཔུང་གིས་བཙན་ཤེད་ཆེན་པོས་བཀག་ནས། ནང་དུ་ལྟོགས་ཤི་ཐེབས་སུ་བཅུག་པ་དང་ རྒྱ་ཕྲག་ཁ་ཤས་དམར་གསོད། སྟོང་ཕྲག་འགའ་ཤས་རྨས་སྐྱོན། དེ་ལས་མང་བ་དྲག་གནོན་དང་བཙན་ཤེད་ཀྱི་མུན་པའི་བཙོན་ཁང་དུ་བཅུག་པ་སོགས་རིག་ འཚོ་ཟིན་པ་སུ་ཞིག་གིས་ཀྱང་ཐོས་པ་ཙམ་གྱིས་ལུས་ཀྱི་བ་སྤུ་འདར་དགོས་པའི་གནས་ཚུལ་བྱུང་ཡོད། ད་རེས་ལ་རྒྱ་དང་སྙིང་སྟོབས་ཅན་གྱི་རང་རིགས་ སྤུན་ཟླ་འགས་བོད་ནང་ནས་སྤྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེ་མོའི་སྐབས། བོད་མི་ཚོར་མི་སྤྱོད་ལས་འདས་པའི་གདུག་རྩུབ་བཏང་བའི་ཟུར་ཆ་ཞིག ཚེ་སྲོག་གི་ཉེན་ཁ་ལ་མི་ལྟོས་པར་རྒྱ་དམར་ཇག་ཚོགས་ཀྱི་རྒྱུག་ཁྱི་ཅོལ་ཆུང་འགའ་དང་ཇག་དམག་གིས་ལག་ཏུ། མཚོན་ཆ་ཁབ་ཙམ་ཐོགས་མེད་པའི་ གདན་ས་ཆེན་པོ་སེ་ར་ཐེག་གླིང་གི་ཤར་ཕྱོགས་སུ་ཡོད་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཤང་རུ་ཁག་གཉིས་པ་གཙོ་བོར་གྱུར་བའི་ཞི་བའི་མི་སེར་ཚོར་ཨ་རིའི་དམག་མིས་ཨི་རག་ལ་འཇིག་སྐུལ་བར་རྡུང་རྡེག་གཏོང་བ་ལྟ་བུའི་ལྕགས་གྲབ་འཁོར་ལོ་དང་། ཉེན་རྟོག་པའི་རླང་འཁོར་སྣ་མང་དང་། དྲག་ཆས་ཉེན་རྟོག་དམག་མི་དང་། ཉེན་རྟོགས་རུ་ཆེན། སྤྱི་བདེ་ཉེན་རྟོག་པ། དམིགས་བསལ་དྲག་ཆས་ཉེན་རྟོག་པ། མཐའ་མཚམས་སྲུང་དམག་སོགས་ ཀྱིས་ཁྱི་མང་མཉམ་དུ་ཁྲིད་ནས་ལག་ཏུ་མེ་མདའ་དང་ལག་ལྕགས། གློག་རྒྱུག་སོགས་ཁྱེར་ནས་འཇིག་སྐུལ་བ་ལྟ་བུ་བོད་ཀྱི་གྲོང་གསེབ་ ཁུག་ཀྱོག་དེ་ནང་ལ་བཙན་འཛུལ་གྱི་སྒོ་ཤུགས་ཆེན་རྡུང་སྟེ་ནང་ལ་འཛུལ་ནས་མི་ལ་ཉེས་རྡུང་བཏང་བ་མ་ཟད་ནང་གི་ཁྱི་སོགས་ལ་ཉེས་རྡུང་ཚབ་ཆེན་ བཏང་ནས་ཁྱིམ་དུ་གང་སར་སྔོག་བཤེར་དང་མི་སྣ་གང་བྱུང་གི་འཛིན་བཟུང་བྱས་པ་མ་ཟད་རྒྱ་དམག་གིས་ལོ་ངོ་བཞི་བཅུ་ཡོལ་ཙམ་གྱི་བོད་ཀྱི་གྲོང་གསེབ་ཨ་ཅག་དེ་ལ་འཕྱ་སྨོད་དང་མཐོང་ཆུང་བྱས་ཏེ་རྡོ་ཞིག་འགྲུག་ནས་འཇིག་སྐུལ་བྱས་པ་སོགས་ཀྱི་རིན་ཆེན་སྟོང་ལས་ལྷག་པའི་དངོས་བྱུང་གི་བརྙན་འཕྲིན་ འདི་ཉིད་རྒྱལ་གཅེས་ལྷག་བསམ་ཅན་གྱི་བོད་མིས་རང་སྲོག་བློས་བཏང་ནས་ཐབས་ཤེས་ཡོད་རྒུ་བཙལ་ནས་བཙན་བྱོལ་བོད་གཞུང་ལ་གཏོང་ཐུབ་ཀྱང་། འདི་ནས་ཕྱི་འབྲེལ་ལས་བྱེད་ཟ་རི་ཟི་རེ་དེ་ཚོས་འགྲེམ་སྤེལ་སྐབས་རྒྱལ་སྤྱིའི་གསར་འགྱུར་གྲགས་ཅན་དབྱིན་ཇིའི་ BBC,ཨ་རིའི་ CNNགཉིས་དང་།རྒྱ་གར་ གསར་འགྱུར་ NDTV སོགས་ལ་ཁྱབ་བསྒྲགས་ཙམ་མ་བྱས་པ་མ་ཟད། ནང་ཁུལ་ལའང་གསར་འགོད་བསལ་བསྒྲགས་མ་བྱས་པར་རྐུན་མ་ལྟ་བུ་འགྲེལ་ བཤད་སྤུ་ཙམ་མེད་པར་། ནག་ཐོམ་མེར་བོད་ཀྱི་དྲ་བརྙན་སྟེང་དུ་འགྲེམ་སྤེལ་ཙམ་ལས་ཚེ་སྲོག་བསྐྲུན་པའི་བརྙན་འཕྲིན་འདི་ལ་རིན་ཐང་གང་ཡང་མི་རྩི་བ་ ནི་བློ་ཕམ་གྱི་རང་བཞིན་ལས་མ་འདས། ད་ལོ་༸གོང་ས་མཆོག་ལ་ནོར་ལྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ནས་ལོ་ངོ་ ༢༢ འཁོར་བའི་ མཛད་སྒོ་སྐབས་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་ཚོགས་གཙོ་སོགས་གནད་ཡོད་ཀྱི་མི་སུ་ཞིག་ཀྱང་ཚེ་སྲོག་གིས་བསྐྲུན་པའི་བརྙན་འཕྲིན་འདི་རྒྱུན་ གཏན་གྱི་གནས་ཚུལ་ལྟ་བུ། རིན་ཐང་གང་ཡང་མི་མངོན་པར་དེའི་སྐོར་ཚིག་གཅིག་ཀྱང་མི་གསུངས་པ་ནི་ཅི་འདྲའི་ཡིད་སྐྱོ་དགོས་པ་ཞིག་མ་རེད་དམ། རྒྱ་དམར་ཇག་དམག་གིས་གློ་བུར་དུ་དྲག་ཤུགས་བེད་སྤྱོད་བཏང་ནས་ཐུབ་ཚོད་དང་སྙད་བཅོས་རྩུབ་མོས་དོག་སྡེ་ཁུལ་གྱི་ཞིང་པ་དཀྱུས་མ་ཚེ་རིང་ནོར་ བཟང་ལགས་དང། ལོ་༣༢ བྱམས་པ་རྒྱལ་མཚན་ལགས། ལོ་༥༣ ཕུ་བུ་དངོས་གྲུབ་ལགས། ལོ་༢༩ ཨ་ལགས་ཞིག ལོ་༤༥ ཉི་མ་ཚེ་རིང་ལགས། ལོ་༢༨ པ་སངས་ལགས། ལོ་༣༨ དབང་འདུས་ལགས། ལོ༤༥ ཕུ་བུ་ལགས། ལོ༢༢ བཅས་བོད་མི་བརྒྱད་དྲག་པོ་འཛིན་བཟུང་བྱས་སོང། ཁོང་ཚོའི་བརྒྱད་པོའི་ མཚན་ཙམ་ད་བར་འདིར་བཙན་བྱོལ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་འགྲེམ་སྤེལ་བྱས་པའི་བཙོན་པའི་མཚན་གཞུང་ནང་ལ་འཁོད་མེད།བྱས་ཙང་ད་ཆ་ཁོང་ཚོ་འཆི་སོན་གང་ཡིན་ཐེ་ཚོམ་གྱི་གནས་སུ་གྱར་ཡོད། སྤུན་ཟླ་ཚོར་གཟིགས་དང་རྒྱ་དམར་གྱིས་གྲོང་གསེབ་ཆུང་ཆུང་དེའི་ནང་ལ་ གདུག་རྩུབ་ཀྱི་ལས་འགུལ་དེ་འདྲ་སྤེལ་དུས་རྫོང་དང་གྲོང་ཁྱེར་ཆེ་ཁག་གི་ནང་ལ་དེ་ལས་ཚབས་ཆེ་བ་སྤེལ་བ་ཤུགས་ལ་དཔོག་ཐུབ།
དྲག་སྤྱོད་དང་བཙན་གནོན་ལ་གོམས་པའི་རྒྱ་དམག་གིས་། ཞི་བའི་མི་ སེར་རྣམས་ལ་མུ་མཐུད་དེ། དེང་དུས་ཀྱི་མེ་མདའ་དང་འབར་རྫས་བེད་སྤྱོད་གཏོ་ང་བ། དུག་རླངས་གཏོར་བ། ལྐོག་གསོད་གཏོང་བ། གསོན་པོར་མེར་སྲེག་ གཏོང་བ། རྐང་ལག་གཅོག་པ། ཐེམ་རེ་མི་རེའི་མདུན་ལ་དམག་དཔུང་གིས་བཙན་ཤེད་ཆེན་པོས་བཀག་ནས། ནང་དུ་ལྟོགས་ཤི་ཐེབས་སུ་བཅུག་པ་དང་ རྒྱ་ཕྲག་ཁ་ཤས་དམར་གསོད། སྟོང་ཕྲག་འགའ་ཤས་རྨས་སྐྱོན། དེ་ལས་མང་བ་དྲག་གནོན་དང་བཙན་ཤེད་ཀྱི་མུན་པའི་བཙོན་ཁང་དུ་བཅུག་པ་སོགས་རིག་ འཚོ་ཟིན་པ་སུ་ཞིག་གིས་ཀྱང་ཐོས་པ་ཙམ་གྱིས་ལུས་ཀྱི་བ་སྤུ་འདར་དགོས་པའི་གནས་ཚུལ་བྱུང་ཡོད། ཞེས་དང་།
རྒྱ་དམར་ཇག་དམག་གིས་གློ་བུར་དུ་དྲག་ཤུགས་བེད་སྤྱོད་བཏང་ནས་ཐུབ་ཚོད་དང་སྙད་བཅོས་རྩུབ་མོས་དོག་སྡེ་ཁུལ་གྱི་ཞིང་པ་དཀྱུས་མ་ཚེ་རིང་ནོར་ བཟང་ལགས་དང། ལོ་༣༢ བྱམས་པ་རྒྱལ་མཚན་ལགས། ལོ་༥༣ ཕུ་བུ་དངོས་གྲུབ་ལགས། ལོ་༢༩ ཨ་ལགས་ཞིག ལོ་༤༥ ཉི་མ་ཚེ་རིང་ལགས། ལོ་༢༨ པ་སངས་ལགས། ལོ་༣༨ དབང་འདུས་ལགས། ལོ༤༥ ཕུ་བུ་ལགས། ལོ༢༢ བཅས་བོད་མི་བརྒྱད་དྲག་པོ་འཛིན་བཟུང་བྱས་སོང། ཁོང་ཚོའི་བརྒྱད་པོའི་ མཚན་ཙམ་ད་བར་འདིར་བཙན་བྱོལ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་འགྲེམ་སྤེལ་བྱས་པའི་བཙོན་པའི་མཚན་གཞུང་ནང་ལ་འཁོད་མེད།བྱས་ཙང་ད་ཆ་ཁོང་ཚོ་འཆི་སོན་གང་ཡིན་ཐེ་ཚོམ་གྱི་གནས་སུ་གྱར་ཡོད། ཅེས་ཀྱང་གསུང་འདུག་ལགས།
ད་ལྟའི་བོད་ནང་བོད་རིགས་ཁ་གྲངས་༼༧༩༠༽བདུན་བརྒྱ་དགུ་བཅུ་ལྷག་ཆབ་སྲིད་ནག་ཉེས་འོག་བཙུད་དུ་ཚུད་པ་རྣམས་ཕྲལ་དུ་གློད་གྲོལ་དགོས་འདུན་ཤུགས་ཆེར་བྱ་རྒྱ་དུས་ཚོད་ཤར་ཡོད་པ་མིན་ནམ། བོད་རིགས་ཚོ།
NBC, CNN སོགས་ཀྱིས་ང་ཚོའི་གནས་ཚུལ མ་གདམས་པས་ཅི་ལྟར་བྱེད།
ང་ཚོ་བོད་པའི་སློབ་ཕྲུག་ཚོར་ན་ཚོད་དང་འཚམ་ཞིང་བློ་ངོར་འཕྲོད་པའི་སློབ་དེབ་དང་ཁྲིད་ཐབས་གསར་པ་རེ་དགོས་རྒྱུ་ངོ་མ་གལ་ཆེན་པོར་མཐོང་། དེ་མིན་སློབ་གྲ་ཕལ་ཆེ་བས་བརྡ་དག་གི་རྨང་གཞི་གང་ཡང་མེད་པའི་བྱིས་པ་ལོ་བཅུ་གཉིས་བཅུ་གསུམ་ཅན་ཚོར་བློ་དང་འཚམ་མིན་ལ་མི་ལྟ་བར་ལེགས་བཤད་ལྗོན་དབང་ཡང་ཁྲིད་བསྐྱར་ཁྲིད་བྱས། རྣམ་དབྱེའི་གོ་དོན་དང་ཁྱད་པར་སོགས་བཤད་ནས་མགོ་ནག་འཐོམ་མེར་བཟོས་ནས་བོད་ཡིག་སློབ་འདོད་ཀྱི་འདུན་པ་འགག་ཏུ་བཅུག དེའི་ཁར་ད་དུང་ནང་ཆོས་དང་རྒྱལ་རབས་སོགས་བཤད་ནས་ལྷག་ཏུ་མགོ་འཐོམ་བཅུག རྒྱུན་དུ་ལེགས་བཤད་ལྗོན་དབང་པེ་གལ་ཆེན་པོ་རེད་ཟེར་ནས་བཤད་བཞིན་ཡོད། གལ་ཆེན་པོ་ཡིན་ཀྱང་སློབ་མའི་ན་ཚོད་དང་བློ་ངོར་བལྟས་ནས་བདམ་གསེས་གང་ཡང་མེད་པར་སློབ་ཚན་དུ་བཀོད་ན་ཕན་ཐོགས་ཅི་ཡོད། ང་ཚོར་ཡང་དབྱིན་ཡིག་གི་རྨང་གཞིའི་སློབ་ཚན་ལྟ་བའི་རིགས་མང་ཙམ་དགོས་ཀྱི་འདུག ཁྲིད་ཐབས་དང་སློབ་ཚན་གྱི་སྤུས་ཚད་ཀྱིས་ལོངས་ཤིང་བློ་ངོ་དང་འཚམ་པ་ཞིག་ཡོད་ན་བོད་པས་བོད་ཡིག་མི་ཤེས་པ་མི་དགའ་བ་ཁོ་ནས་ཡིན་མི་སྲིད་སྙམ།
ཀརྡོ་ལགས།
ཁྱེད་ཀྱིས་མཆན་ཐུང་དེའི་ནང་བརྡ་དག་འཇུག་པ་ཀུན་ལ་མི་མཐུན་པ་མང་དག་ལ་བལྟས་ན། བོད་དགེ་མི་ལོ་ཉེར་ལྔ་བྱས་མྱོང་བ་ཞིག་ངས་ནམ་ཡང་ཡིད་ཆེས་བྱ་ཐུབ་ས་མ་རེད། གཅིག་ན་བཙན་བྱོལ་ནང་གི་འཛིན་རིམ་བཅུ་གཉིས་སློབ་མས་ཀྱང་བོད་ཡིག་ཐད་གཏོང་ཡིག་ཁུངས་འཁྱོལ་བ་ཞིག་ཀྱང་འབྲི་མི་ཤེས་ཞེས་པ་བདེན་པ་ཡིན་པ་འདྲ།
ཁ་བརྡ་དང་དུས་བབས་ནང་མཆན་བརྒྱ་ཕྲག་བཏབ་པ་ཙམ་དང་། ༧རྒྱལ་བ་པཎ་ཆེན་རྣམ་གཉིས་དང་བོད་མིའི་སྒྲིག་འཛུགས་ལ་མཚན་སྨོད་མི་ཞུས་པ་ཙམ་གྱིས་བརྗོད་ཚིག་དོན་དང་ལྡན་་ཡོད་པ་མ་ངེས། ད་དུང་ཁྱེད་ཀྱིས་《ང་དང་རྒྱལ་བ་རིན་པོ་ཆེ་ལྟ་བུ་ནི་》ཞེས་༧རྒྱལ་བ་རིན་པོ་ཆེ་དང་ཁྱེད་གཞི་གཅིག་ལ་བཞག་འདུག་པ་ནི་ཧ་ཅང་གི་ང་རྒྱལ་ཆེ་དྲག་འདུག་ལ་ཧ་ཅང་གི་ཐལ་ཆ་ཆེ་དྲག་འདུག། ༧རྒྱལ་བ་རིན་པོ་ཆེ་དང་ཁྱེད་ཆོས་སྲིད་གང་གི་ཆ་ནས་གནམ་སའི་བར་ཁྱད་ཡོད་པ་ཁྱེད་ཀྱིས་ངེས་ཤེས་རྙེད་པར་བགྱིས་དང་། དེ་ནས་ཁྱེད་ཀྱི་ང་རྒྱལ་གྱི་གོང་བུ་དེ་ཅུང་འཇགས་ངེས།
དེ་ནས་ངས་ཁྱེད་ལ་ཡ་ལན་ཨ་མ་དྲན་པ་གང་འདྲ་སློག་དགོས་པ་རེད་དམ་ཞེས་དྲིས་པ་མ་གཏོགས་དམག་འདྲེན་དགོས་པ་དང་དྲག་ཐབས་སྤྱོད་དགོས་པ་ཞིག་ངས་གང་དུ་ཡང་མ་སྨྲས་སོ།
གསར་འགྱུར་འགོད་མཁན་ཚོས་ཕྱོགས་རེས་ཀྱི་སྐད་ཆ་བཤད་འདུག བགྲོ་གླེང་བྱེད་མཁན་ཚོས་ཕྱོགས་རེས་ཀྱི་སྐད་ཆ་བཤད་པར་ཁག་ཅི་ཡོད།
བོད་ཀྱི་གསར་འགྱུར་ནང་། དང་པོར་རྒྱ་མིས་བོད་ལ་མཐོང་ཆུང་བྱས་པ་བྲིས་འདུག དེ་ནས་བོད་མི་ཞིག་གིས་རྒྱ་མི་ཞིག་ལ་བརྡུང་ཚུལ་བྲིས་འདུག མཐར་རྒྱ་མི་༣༠༠༠ གྱིས་བོད་མི་༣༠༠།༢༠༠ལ་རུབ་བརྡུང་བྱས་པ་བྲིས་འདུག
ད་རུང་། དང་པོར་ཉེན་རྟོག་དམག་མི་༡༠༠མངགས་ཡོང་བ་དེས་རྒྱ་མི་ཚོའི་རྒྱབ་རྩ་བྱས་ནས་བར་བཤོལ་ཡག་པོ་བྱས་མེད་ཚུལ་བྲིས་མི་འདུག་གེ ང་ནོར་ཡོད་པ་མ་རེད་པ།
ད་རྒྱ་མིའི་གསར་འགྱུར་རྒྱ་ཆེན་པོ་དང་མང་པོ་རེད། མི་སྒེར་བ་ཡང་མང་པོ་ཞིག་གིས་བྲིས་འདུག
རྒྱ་མིས་བོད་ལ་མཐོང་ཆུང་བྱས་པ་རེད་ཟེར་བ་ཞིག་སུ་གང་གིས་ཀྱང་བྲིས་པ་མ་མཐོང་། སྔོན་མ་ནས་བོད་མི་དང་རྒྱ་མིའི་བར་གཏིང་ནད་ཟབ་པོ་ཡོད་ཚུལ། དེ་ཡང་བོད་ཚོས་རྒྱ་མི་ཚོར་ཐེངས་གཅིག་མིན་དུ་རྡུང་གི་ཡོད་པ། བོད་མི་ཉུང་ཉུང་ཞིག་གིས་རྒྱ་མི་སྟོང་ཕྲག་དུ་མའི་མགོ་མནན་བསྡད་ཡོད་པ། མཐར་རྒྱ་མི་ཚང་མ་འུ་ཐུག་ནས་མཉམ་རུབ་ཀྱིས་ཡར་ལངས་པ། དེ་ཡང་མཇུག་མཐའི་ཉི་མ་དེར། རྒྱ་མི་ཞིག་དང་བོད་མི་ཞིག་བར་བརྒྱབ་འདྲ་ཤོར་བསྡད་ཡོད་པར་སློབ་གྲྭའི་མཚན་སྲུང་བར་ཐུག་ནས་བར་བཤོལ་བར་བོད་མི་དེས་མཚན་སྲུང་ཐོག་ངར་ངར་དང་ལག་པ་བཀྱག་པ། རིམ་པས་རྒྱ་མི་མང་པོ་ཞིག་མཐའ་སྐོར་ཡོང་སྟེ་མི་མང་པོ་ཞིག་ཆགས་ཏེ་མཉམ་རུབ་གནང་བ་ལྟ་བུ་ཞིག་བྲིས་མི་འདུག་གམ།
དེ་ནས་རྒྱའི་གསར་འགྱུར་ནང་། ཉེན་རྟོག་དམག་མི་༡༠༠བཏང་ཡོང་བ་དེའི་རྒྱ་མིའི་ཕྱོགས་བྱས་པ་གང་ནའང་བྲིས་མི་འདུག ད་རུང་མཐར་ཉེན་རྟོག་དམག་མི་དེ་ཚོའང་རྒྱ་སློབ་ཚོས་ཁ་གཏད་གཅོག་ཡུལ་ལྟ་བུར་ཆགས་ཏེ་ཁོང་ཚོའི་རླངས་འཁོར་ཡང་བཅག་གཏོར་བཏང་སྟེ་མཐའ་མཇུག་ཉེན་རྟོག་དམག་མི་༡༠༠༠གཏོང་དགོས་བྱུང་བ་ལྟ་བུ་ཞིག་བརྗོད་མི་འདུག་གམ།
ད་སུ་བདེན་པ་རེད། འདིའི་སྐོར་བགྲོ་གླེང་ཡག་པོ་དང་ཟབ་པོ་ཕྱོགས་སུ་མ་ལྷུང་བ་ཞིག་བྱེད་ཐུབ་ན་ལེགས། ངས་བལྟས་ན། ༢༠༠༨ ནས་ཚུར་རྒྱ་གཞུང་གི་དྲིལ་བསྒྲགས་བརྒྱུད་ལམ་ཁག་ལ་བརྟེན་ནས་རྒྱ་མིའི་ནང་བོད་མིའི་ཐོག་མི་དགའ་བ་མང་པོ་ཞིག་བྱུང་ཡོད་པ་མི་མང་པོ་ཞིག་ནས་རང་གི་དངོས་མྱོང་བརྗོད་ཡོང་གི་འདུག དེ་ཡིན་ན་དེའི་ཤུགས་རྐྱེན་ཞིག་ཏན་ཏན་ཡོད་པ་རེད་འདོད། སྤྱིར་བཏང་། བོད་མི་ཚོ་དང་ལྷག་པར་མདོ་ཁམས་པ་དག་ནི། སློབ་གྲྭའི་ནང་ཁྲིམས་སྒྲིག་མི་བརྩི་ཞིང་ཆང་འཐུང་རྒྱུར་དགའ་བ། རྒྱབ་འདྲེ་ཚ་བོ་ཡོད་པ་དེ་དངོས་ཡོད་རེད། ཚུར་མཐོང་ཆུང་བྱས་ན་ད་ཕར་རྒྱབ་འདྲེ་རྒྱག་རྒྱུ་ཕལ་ཆེར་གཏན་ཁེལ་བ་རེད། དེ་མིན་མཚམས་རེར་མི་འགའ་རེར་རྒྱ་མི་དེ་འདྲས་ཡག་པོ་ཞིག་བཤད་ཡོང་ནའང་ཕར་སྡུག་ཅག་བཤད་མཁན་དེ་འདྲ་དངོས་སུ་མཐོང་མྱོང་། རྒྱ་གར་ནང་གསར་འབྱོར་བ་ཟེར་ནས་སྐད་གྲགས་ཆགས་པ་དེའང་། དངོས་སུ་ན། རྒྱ་མིས་གསར་འབྱོར་བ་ཚོར་བསྒོས་སོང་བའི་སྤྱོད་ངན་ཞིག་མིན་པར་བོད་མི་རང་གི་རང་ཆས་ཀྱི་སྤྱོད་ངན་ཞིག་ཡིན་པ་རེད། དམིགས་བསལ་དུ། མདོ་སྟོད་སྨད་གཉིས་ཀྱི་ནང་ཡོངས་ཁྱབ་ཀྱི་སྤྱོད་པ་ཞིག་རེད། ངེད་ཚོའི་སྡེ་བའི་ནང་ད་དུང་ཡིན་ནའང་། སྡེ་དཔོན་ཚོ་དཔོན་དེ་འདྲ་བསྐོ་དགོས་ན་མི་དཔའ་བོ་དང་ངར་པོ་དེ་འདྲ་བསྐོ་བཞག་བྱེད་ཀྱི་འདུག དེའི་རྒྱུ་མཚན་ནི། མི་དེ་འདྲ་ཞིག་གིས་མགོ་ཁྲིད་ན་སྡེ་ཚོ་གཞན་པ་ལ་རྩྭ་ས་རྩོད་གླེང་བྱས་དམག་རྒྱག་དགོས་བྱུང་ན་དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ཐོབ་པར་རེ་བ་བྱེད་ཀྱི་ཡོད་པ་རེད། དཔའ་བོ་ཞིག་ཡིན་ན་སྐད་གྲགས་ཆེན་པོ་དང་གྲོགས་པོ་སྒྲིག་མཁན་ཡང་མང་པོ་ཡོང་གི་ཡོད་པ་རེད། དཔའ་བོ་མི་གསོད་ཀྱི་ལག་དམར་དག་སྡུག་ཅག་རེད་ཞེ་དྲག་བསམ་གྱི་མི་འདུག རྒྱབ་འདྲེ་ཚ་བོ་ཡིན་པའི་རྒྱུ་རྩ་དེ་འདི་ལྟར་གནའ་སྔ་མོ་ནས་བརྒྱུད་ཡོང་བའི་གོམས་སྲོལ་ཞིག་ལ་ཐུག་ཡོད་པ་འདྲ།