དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་གསུམ་པའི་ཉིན་བཞི་པ་སྟེ་ཕྱི་ཚེས ༡༥ ་ཉིན། བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་སྤྱི་ཟུར་ཨ་མ་དཔལ་སྒྲོན་ལགས་ཀྱིས་ད་བར་བོད་བསྟན་སྲིད་ཆེད་སྲི་ཞུ་སྒྲུབ་པར་༼ ཞུམ་མེད་ལྷག་བློའི་གཟེངས་བསྟོད་༽ཞེས་པ་ཞིག་ཕུལ་འདུག་ལ། གཟེངས་རྟགས་དེའི་ནང་དོན་གཤམ་འཁོད་ལྟར་ཡིན།
༄༅། ། སྤྱི་ཟུར་ཨ་མ་དཔལ་སྒྲོན་ལགས་ནི་ལྷ་ས་ར་མོ་ཆེ་དགའ་ལྡན་ཁང་གསར་ཕ་ལྷ་བྲིས་ལས་མཚན་བསོད་ནམས་རིན་ཆེན་ལགས་དང། མ་འཇམ་དཔལ་སྐལ་བཟང་རྣམ་གཉིས་ཀྱི་སྲས་མོར་ ༡༩༣༦ ལོར་འཁྲུངས། རང་ལོ་བདུན་ནས་སློབ་གྲྭར་བསྐྱོད་པ་དང་ལོ་ན་སོན་མཚམས་ཨ་མདོ་བྱ་ཁྱུང་འཇམ་དབྱངས་འཕེལ་རྒྱས་ལགས་དང་གཉེན་སྒྲིག་གནང། ༡༩༥༩ ལོར་བཟའ་མི་རྣམས་རྒྱ་གར་དུ་གནས་བསྐོར་ཕེབས་རྗེས་བོད་ནང་དུས་འགྱུར་གྱིས་ཕྱིར་ལོག་བྱ་ཐུབ་མ་བྱུང། དེ་ནས་བཟུང་ཤི་ལོང་དུ་ཚོང་ལས་གཉེར་སྟེ་རང་གཞུང་གི་བླ་དཔོན་ཆེ་གྲས་སུ་ཕེབས་བཅས་ལ་ཞབས་ཏོག་གང་ལེགས་སྒྲུབ་པ་དང། དེ་བཞིན་ཤི་ལོང་གནས་སྡོད་བོད་མི་ཚོར་འཚོ་རྟེན་ཆེད་མ་དངུལ་སྤྲོད་གཡར་སོགས་རོགས་རམ་གང་ཐུབ་གནང་འདུག ༡༩༧༢ ནས་༧གོང་ས་མཆོག་དང་རང་གཞུང་ལ་དབུ་འོག་དཔུང་འདེགས་ཆེད་ས་གནས་གཞོན་ནུ་དང་། དེ་བཞིན ༡༩༨༤ ལོར་ས་གནས་བུད་མེད་ལྷན་ཚོགས་འཛུགས་རྒྱུ་བཅས་ཀྱི་ཆེད་འགན་ཁུར་བླངས་ཤིང། ས་གནས་གཞོན་ནུ་དང་བུད་མེད་གཉིས་ཀྱི་རྒྱུན་ལས་སྐབས་གཉིས་ནང་ཚོགས་གཙོ་དང་རྒྱུན་ལས་ཀྱི་ལས་འཁུར་ཞུས། ༡༩༩༢ ལོར་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ཁོངས་མདོ་སྨད་སྤྱི་འཐུས་སུ་འདེམས་ཐོན་བྱུང་སྟེ་ཆབ་སྲིད་ཀྱི་ལས་སྣེའི་ཕྱག་ལས་གནང་སྐབས་བཅས་སུ་སྤྱི་དོན་ཆེད་འགྲོ་གྲོན་ཅི་ཡོད་རང་ངོས་ནས་ནར་གཏོང་བྱས་འདུག དེ་བཞིན་ ༢༠༠༣ ལོའི་༧གོང་ས་མཆོག་གིས་དུས་དབང་ཐེངས ༢༨ དང་ ༢༠༡༢ ལོའི་དུས་དབང་ཐེངས ༣༡ བཅས་ཀྱི་བཀའ་དབང་བཀའ་དྲིན་སྩོལ་སྐབས་སྦྱིན་བདག་གི་གཙོ་བོ་གནང། ༡༩༨༣ དང ༡༩༩༥་སོ་སོར་མདོ་སྨད་གཞིས་བྱེས་གཉིས་ནས་༧གོང་ས་སྐྱབས་མགོན་ཆེན་པོར་བརྟན་བཞུགས་འདེགས་འབུལ་དང། གཞན་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ། འབུམ་ཚོགས་སོགས་ཆོས་ཕྱོགས་བྱེད་སྒོ་དང་བོད་ཕྱི་ནང་གཉིས་ཀྱི་དགོན་སྡེ་ཁག་ཏུ་ལྷ་སྐུ་རྟེན་བཞེངས་གྲངས་ལས་འདས་པ་བཞེངས་རྒྱུར་ཞལ་འདེབས་གསེར་དངུལ་གཡུ་བྱུར་སོགས་རིན་པོ་ཆེ་རིགས་དང། དེ་བཞིན་ཤོག་སྒོར་ས་ཡ་མང་པོས་བསྙེན་བཀུར་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་འདུག ༢༠༡༡ ལོར་བལ་པོའི་ཡུལ་མིས་རེ་འདུན་ལྟར་འཕགས་ཤིང་དུ་མིག་བཅོས་སྨན་ཁང་གསར་འཛུགས་ཆེད་ཞལ་འདེབས་ཕོན་ཆེ་གནང་སྟེ་མང་ཚོགས་ཀྱི་འཕྲོད་བསྟེན་ལ་ཕན་རླབས་རྒྱ་ཆེར་བསྐྲུན། སྐབས་བབ་འཆད་བྱའི ༢༠༠༨ ལོར་བོད་ཀྱི་རྩ་དོན་སྒྲུབ་རྒྱུར་ཆེད་འཛུགས་གནང་བའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྨང་གཞི་འདིང་མཁན་དང། ལས་འཆར་ལག་བསྟར་ཁྲོད་ཐུགས་ཁུར་དང་ལྷག་བསམ་ཆེན་པོས་འགྲོ་གྲོན་གཏོང་མཁན་ཡིན་པ་མ་ཟད། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུའི་འགྲོ་གྲོན་ཅི་ཡོད་ནར་གཏོང་བྱེད་མཁན་ཡང་ཡིན། དགུང་ནའི་བབ་དང་སྐུ་གཟུགས་ཀྱི་འཕྲོད་བཞེས་ལ་འཛེམ་མེད་ཀྱིས་ལས་འགུལ་ཁང་གི་ལས་དོན་ཆེ་ཕྲ་རིམ་པའི་ནང་དངོས་སུ་ཆ་ཤས་བླངས་པ་སོགས་མདོར་ན་ངེས་པ་རྙེད་པའི་སྲིད་བྱུས་ལ་ལུས་ངག་ཡིད་གསུམ་བློས་གཏོང་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་དང་རང་གཞུང་གི་བཀའ་དགོངས་ཚུལ་བཞིན་སྒྲུབ་པ་སོགས་ཀྱིས་ལས་འགུལ་ཁང་གི་ཆེ་མཐོང་བཞེངས་བསྐྲུན་དང། ལས་འགུལ་ཁང་གི་ལས་སྣེ་རྣམས་གཙོས་བོད་མི་ཡོངས་ལ་ལྷག་བསམ་དང་བློས་གཏོང་གི་མིག་དཔེ་མཚུངས་ཟླ་མེད་པ་བཞག་ཡོད་པས། ང་ཚོ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ལོ་རྒྱུས་ཁྲོད་ནུབ་པ་མེད་པའི་ལྷག་བསམ་དང་བློས་གཏོང་ལྡན་པ་དངོས་དེ་ཡིན་ན། དེ་རིང་བཀའ་དྲིན་མཚོན་བྱེད་དུ༼ ཞུམ་མེད་ལྷག་བློའི་གཟེངས་བསྟོད༽ཞེས་པ་འདི་ཕུལ་སྟེ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་རྒྱུན་སྤྱི་ཟུར་ཨ་མ་དཔལ་སྒྲོན་མཆོག་གི་ལྷག་བསམ་དང་གཏོང་ཕོད་ལ་རྗེས་སུ་ཡི་རངས་མོས་གུས་ཞུ་རྒྱུ་དང། སྐུ་ཚེ་བརྟན་ཅིང་བོད་བསྟན་སྲིད་ཆེད་སྔར་ལྷག་མཛད་འཕྲིན་སྐྱོང་བའི་གསལ་འདེབས་དང། ནང་མི་ཉེ་འབྲེལ་ལྟོས་བཅས་རྣམས་ནད་མེད་ཚེ་རིང་སྲིད་ཞིའི་ཕུན་ཚོགས་རྒྱས་ཏེ་བོད་ཀྱི་རྩ་དོན་ཆེད་ཆོས་སྲིད་གཉིས་ཀྱི་གྲུབ་འབྲས་འབད་མེད་འཇོ་བའི་སྨོན་འདུན་ཤུགས་དྲག་བཅས། །
དབུ་མའི་ལམ་གྱི་ལས་འགུལ་ཁང་ནི་བོད་གཞུང་གི་ཆབ་སྲིད་ཀྱི་སྲིད་ལམ་དབུ་མ་གཞིར་བཞག་གིས་རང་སྲིད་རང་སྐྱོང་རྩོད་པར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་དགོས་ངེས་ལྟ་བུ་འདུག་ཀྱང་། དོན་ལ་མི་ལྟ་བར་མི་ལ་བལྟས་ཏེ། བོད་གཞུང་བཀའ་ཤག་ལ་སྐྱོན་བརྗོད་བྱེད་རྐྱང་བྱེད་ཀྱི་འདུག
ཁྱེད་ཚང་གི་ལས་འགུལ་འདི་དྲང་བདེན་དང་དངོས་ཡོད་ལོ་རྒྱུས་ལྟར་ཡིན་ན་དགའ་བསུ་ཡོད་། དེ་འདྲ་མ་ཡིན་པ་ཆེད་དུ་ལས་འགུལ་ཁང་དེའི་ཚོགས་མི་འགའ་ལ་དམིགས་ཏེ་ཕུལ་བ་ཡིན་ན་ངོ་རྒོར་བརྒྱ་ཆ་བརྒྱ་ཡོད་། བོད་སྤྱི་པའི་དོན་ཏུ་དོན་སྙིང་ལྡན་པའི་ཕྱག་ལས་གནང་མཁན་དཔེ་ན་བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་ལྟ་བུ་ལ་གཟེངས་བསྟོད་མེད་པ་ཟུར་ཏུ་ལག་རྗེས་ཁབ་ཙམ་ཡང་སྟོན་རྒྱུ་མེད་པའི་དབུས་གཙང་ནས་སྐྱེས་མདོ་སྨད་ཁོང་སུ་ཡོད་པའི་ཨ་མ་མགོ་གཉིས་མ་དེར་གཟེངས་བསྟོད་ག་འདྲ་བྱས་སྤྲེད་པ་རེད་། ཡིན་གཅིག་དབུས་གཙང་བ་ཡིན་དགོས་ན་བཀའ་ཟུར་བཀྲས་མཐོང་དང་བཀྲེས་དབང་འདུས་སོགས་མིག་འདུན་ལ་ག་རེ་བྱས་ནས་བཞག་པ་རེད་། མ་གཞི་ཚོགས་པ་འདིར་ཆོལ་ཁ་གསུམ་གྱི་མི་ཡོད་ཚུལ་དང་སྤྱི་པའི་ཚོགས་སྡེ་ཞིག་ཡིན་ཁུལ་བྱས་པ་དེ་རྒྱལ་ཚོང་བའི་ལས་འགུལ་དངོས་གསལ་ལྡན་པ་ཞིག་མི་འདུག་གམ། དེ་ཡང་མ་འོངས་པ་འདི་དང་དེ་འདྲའི་གཟེངས་བསྟོད་ལས་འགུལ་ཚོགས་སྡེ་རེ་གཙུགས་པ་ཡིན་ན་བོད་གནས་པའི་འཇིག་རྟེན་ཐོག་ས་གཞི་མི་འདུག། བོད་དོན་བསམ་ནས་ལས་འགུལ་སྤེལ་རོགས། དཔུང་སྒྲིགས་པ་དེ་དགྲ་བོའི་ལམ་སྟོན་རེད་། ཆིག་སྒྲིག་དགོས་པ་དེ་བཀའ་ཁྲིའི་རྩ་དོན་རེད་། འདི་གཉིས་གདམས་རྒྱུ་ལས་མི་འདུག།
གཟེངས་བསྟོན་འདིར་སྒོར་༢༠ལྷག་འགྲོ་སོང་བཏང་མེད་། ཡིན་ནས་ག་རེ་བྱས་ནས་ཆབ་སྲིད་འདི་ཁྲབ་པ་རེད། ཚོགས་པའི་ལས་ཤོག་གཅིག་གི་ནང་ཨ་མ་དེའི་མིང་བཀོད་པ་ཙམ་ལས་ཅི་འདུག། ཡིན་ནས་ག་རེ་བྱས་ཁ་བརྡ་དྲ་བ་འདི་ཐོག་ལ་བཀོད་པ་རེད་། གོ་ཡག་བྱས་ན་ཁྱིམ་ཚང་ཆེ་པོ་ཚོའི་ནང་གི་པ་ཕས་ལོ་རེའི་ཚོང་གི་ལས་དོན་ལེགས་ཤོས་གནང་མཁན་ལ་ལེགས་གཅེས་སྤྲོད་པའི་ལམ་གསོལ་ཡོད་པ་འདྲ། དེ་ཡང་འདིར་བཀོད་ཆོག་གམ། ཁ་བརྡ་དྲ་བ་འདི་ང་རང་གི་ངོས་ནས་བཤད་ན་ཆེ་མཐོང་ཡོད་པའི་དྲ་ཚིགས་ཤིག་ལ་བསམ་བཞིན་ཉིན་རེ་ཆགས་མེད་ལྟ་ཀློག་བྱས་བཞིན་ཡོད་། ཉེར་བའི་ཟླ་ཤས་ནང་དྲ་ཚིགས་འདི་ལས་འགུལ་ཁང་དེའི་ཉོས་པ་མིན་འགྲོ་བསམ་བསམ་ཚད་ལས་བརྒལ་པ་དེ་འདྲ་གནང་སོང་། གལ་སྲིད་དྲ་བདག་འགྱུར་བ་བཏང་ཡོད་ན་དྲ་ཚིགས་སྟེང་གསལ་བཤད་གཅིག་གནང་ན་ཡག་པོ་འདུག།
ཨ་མ་དཔལ་སྒྲོན་ལགས་ཀྱི་མཛད་རྗེས་ལ་གུས་བཀུར་དང་རྗེས་སུ་ཡིད་རངས་ཡོད། འོད་ཀྱང་དབུ་མའི་ལས་འགུལ་ཁང་གིས་ཨ་མ་དཔལ་སྒྲོན་ལ་སོགས་པའི་རྔུལ་ཁྲག་ལས་བསྒྲུབ་པའི་ཞལ་འདེབས་རླུང་ལ་མི་བསྐུར་བར་དོན་ཕན་ལྡན་པའི་ལས་འགུལ་སྤེལ་ནས། ཡང་དག་པའི་རང་སྐྱོང་འཐོབ་ཐབས་ལ་འབད་དགོས་ངེས་ཀྱང་ད་བར་དམིགས་བསལ་གྱི་ལས་འགུལ་འདྲ་གཅིག་ཀྱང་མཐོང་མ་སོང་ལ་ནང་ཕན་ཚུན་གཟེངས་བསྟོད་འདྲ་འབུལ་་རྒྱུ་དེ་ཁོ་ན་དམིགས་འབེན་ལ་བཟུངས་ཡོད་པ་འདྲ། མ་གཞི་ཁོ་ཚོས་རྒྱ་རྒོལ་གྱི་ལས་འགུལ་ཡོངས་རྫོགས་འཚམས་འཇོག་གནང་ཚར་ཙང་བོད་ནང་ཛ་དྲག་ག་རེ་བྱུང་ཡང་རྒྱ་ལ་བསྟུན་མཁས་ཀྱིས་ཞལ་འདོན་དགུ་སྦྱོར་དང་བྱང་ཆུབ་སེམས་མཆོག་སྐྱོར་འདོན་གྱི་ལས་འགུལ་མ་གཏོག་ལས་འགུལ་གཞན་ཐམས་ཅད་ཀྱི་ལམ་ཁ་འགགས་ཚར་བ་མ་ཟད། རྒྱ་རྒོལ་གྱི་ལས་འགུལ་ག་རེ་ཡིན་ཡང་ཚད་མེད་ཞི་བའི་ལྟ་གྲུབ་དང་འགལ་འགྲོ་བར་ངོས་འཛིན་གནང་གི་ཡོད་པ་རེད། བྱས་ཙང་དམར་ཤོག་གི་གཙོ་འཛིན་དང་གུང་ཁན་ཏང་ཡོན་ཡོངས་རྫོགས་ས་ལམ་གྱི་རྟོགས་པ་མངོན་དུ་མ་སོང་བར་དུ་འབྲས་བུ་རང་སྐྱོང་མངོན་འགྱུར་ཡོང་མི་སྲིད་པ་ཞིག་རེད་སྙམ།
སྤྱི་ཟུར་ཨ་མ་དཔའ་སྒྲོན་གྱིས་བོད་བསྟན་སྲིད་སླད་དུ་ཕྱག་ལས་གང་མང་གནང་མྱོང་བ་དང་། ད་དུང་མུ་མཐུད་ནས་འབད་བཞིན་ཡོད་པས་རྗེས་སུ་ཡི་རང་དང་གུས་བཀུར་ཡོད།
གཟེངས་བསྟོད་བྱ་དགའ་ཞེས་ཤོག་ལེབ་ཅིག་སྤྲད་པ་འདི། དབུ་མའི་ལས་འགུལ་ཚོགས་པ་ཟེར་བའི་མགོ་བདེ་ཁྲབ་ཐོ་ཚོས་འཁྲབ་སྟངས་ཤིག་རེད། ཨ་མའི་དངུལ་ཁུག་ཕྱི་བསྔོག་ནང་བསྔོག་མུ་མཐུད་བྱ་རྒྱུའི་དམིགས་ཡུལ་ཁོ་ན་རེད། ངས་ཨ་མ་འདི་སྙིང་རྗེ་བསམས་སོང་།
སྲོང་པོར་མ་གནས་གང་བྱས་སྐྱོན་དུ་སྣང་།
རང་ཉིད་མི་འབྱོན་གཞན་ལ་སྒྲོ་འདོགས་མཁས།
གཅིག་སྒྲིལ་ཟེར་བཞིན་འཁྲུག་རྐྱེན་ཁོ་ནར་བརྩོན།
རང་ཕྱོགས་ཞེན་ཆེ་གཞན་ཕྱོགས་སྡང་བས་སྐྱོན།
གཞན་སྐྱོན་སྲོ་མ་མཐོང་བའི་མིག་ལྡན་ཡང་།
རང་སྐྱོན་གཡག་ཤས་མཐོང་བའི་མིག་གཉིས་དབེན།
གཞན་ལ་འགྲན་སེམས་ཤིན་ཏུ་ཆེ་ན་ཡང་།
རང་ཉིད་ཤེས་འབྱོན་དཔལ་འབྱོར་རེ་བོང་རྭ།།
ལྷག་བསམ་གྱི་འོ་མཚོ་འཕྱུར་བའི་ཨ་མ་ལ་འཚམས་འདྲི་དང་། དབུ་ལམ་ཚང་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ།
ཟུར་དུ་བཤད་འདོད་པ་ནི།
དྲ་གྲོགས་ཁ་ཤས་ཀྱི་ཁ་ནས་ཁ་རླངས།།
སྙིང་གི་དུག་ཕུང་ནས་འཕྱུར་བའི་དུག་རྫས།།
རྒན་རབས་ཁ་ཤས་ཀྱི་བོད་པ་ཚང་ལ།།
ཕུལ་བའི་ནང་དཀྲུག་གི་རྡུལ་ཕྲན་མདའ་མོ།།
ཟླ་བ་ཚེ་རིང་སྤྱི་རྒྱུ་སྒེར་བདག་བྱེད།
སྒྲོལ་དཀར་ལྷ་མོས་འབུམ་གཉིས་ཞལ་དུ་མཆོད།
ཀརྨ་ཆོས་འཕེལ་ཝོ་ཀ་ཧུབ་ཀྱི་བཏུང་།
ལྷ་འདྲེ་མང་བའི་རྡ་སའི་ཡུལ་ལྗོང་དེར།
འདྲེ་ལ་རྣམ་དཔྱོད་ཕར་འགྲན་ཚུར་འགྲན་རེད།
ཞོལ་ཕྲུག་ལ་རྒྱའི་བདག་པོའི་མིང་ཅན་ཟུང་།
ཉེས་ཆེན་རྐུ་མའི་རྒྱབ་ཏུ་འགྱིངས་པ་ལས།
གཟུ་བོའི་བློ་དང་རྣམ་དཔྱོད་རྩལ་ངོམ་ནས།
བཞི་བའི་ཉེར་ལྔར་མྱོང་ཚོར་རྩོམ་རེ་བཏོན།
་
སྐྱུ་རྩི་རྣམ་དཔྱོད་ལྡན་པས།
གནད་དོན་ངོ་མ་མཁྱེན་ཡང་།
གཟུར་གནས་བློ་དེ་བྲལ་བས།
ཉེས་མེད་རྐུན་ཁག་དཀྲིས་སོང་།
རྒན་རྒོན་འདི་ཚོའི་ལྷག་བསམ་དང་སྙིང་སྟོབས་ལ་ང་ཚོ་སོ་སོའི་དངོས་མིང་ཙམ་འབྲི་རྒྱུའི་བློ་ཁོག་དང་མི་གཤིས་མེད་པའི་མཆན་བུ་བ་ཚོས་འགྲན་ཐུབ་ཀྱི་མ་རེད། རྗེས་སུ་ཡི་རང་ཡོད། འདི་ཕྱི་གཉིས་བདེའི་སྨོན་འདུན་ཡོད།
སྐྱུ་རྩི་ཞབས་ཏག་མཆོད་ཞོར།
བཞི་པའི་ཉེར་ལྔ་དྲན་ཤག
མྱོང་ཚོར་ཟབ་མོ་ཡོད་ན།
སྨྱུག་ཁ་བཙུགས་རོགས་གནང་དང་།
འདི་ཡག་པོ་རེད། མི་ཚེ་གང་བོར་ལྷག་བསམ་སྲི་ཞུ་སྒྲུབ་པ་ལ་བསྟོད་བསྔགས་གནང་ན་བོད་ཀྱི་ལུགས་དང་མཐུན། བཟང་པོའི་བཟང་ངོ་ཤེས་ན་ཞེ་དྲག་ཡག་པོ་རརེད།
དབུ་མའི་ལས་འགུལ་ཁང་གིས་བར་སྐབས་ཤིག་ནས་དངོས་གནས་ཕྱག་ལས་ཡག་པོ་གནང་གི་འདུག མུ་མཐུད་ཡིན་གདའ། རྒྱུན་འཁྱོངས་མ་བྱས་ན་ཚར་བ་རེད། དེ་སྔ་སྤྱི་འཐུས་རྨོག་རུ་བསྟན་པས་ལས་ཁུངས་སྒོ་རྒྱབ། ལས་དོན་མང་པོ་འཐུས་ཤོར་ལ་བཏང་བ་རེད་ཟེར་བ་ཞིག་ཁ་སང་དེ་རིང་གོ་ཡོང་གི་འདུག དེ་འདྲ་སླད་མི་ཡོང་བ་གནང་རོགས།
བདེན་པའི་ཨུ་ཚུགས་དབུ་ལས་མཇུག་མ་མེད།
དབུ་མའི་ལམ་གྱིས་དགྲ་ལ་དཔའ་དར་སྤྲད།
ཁ་བ་ཅན་གྱི་བདེན་པའི་རང་བཙན་བུ།
མུག་གེའི་ལོ་དེར་མ་ཤིར་གསོན་པོར་གནས།
very good
very good
ལྷག་བསམ་སེམས་གཞི་བོར་བའི་དབུ་ལམ་གྱིས།
གཉན་འཕྲེང་བོད་མིའི་རང་བཙན་རླུང་ལ་བསྐུར།
སྐུ་ངོ་རྒྱག་པའི་རང་ཁྱིམ་རང་བཙན་ཕྱིར།
གཡོ་རྒྱུས་བསྟོད་བསྔགས་ཁྲག་ཡིག་བྲིས་འདི་མཚར།།
ལས་འགུལ་ཁང་འདི་བོད་པ་བཙོང་བྱེད་རེད། མི་མང་གི་སེམས་ཤུགས་འཕར་བཞིན་པའི་སྐབས་སྟེང་དུ་ཆུ་བླུག་བྱེད་ཅིག་རེད།
དབུ་མའི་ལམ་ལ་དབུས་མའི་ལམ་ཞེས་ཟེར་ན་ཨེ་འགྲིགས། དེ་གཉིས་ལ་ཁྱད་པར་པར་ཡོད་དམ་མེད། དབྱིན་ཇིའི་ཚིགས་ནང་middle way ལྟར་ན་དབུས་མའི་ལམ་ཞེས་ངའི་གོ་ཚུལ་དེ་འདྲ་ཡོང་གི་འདུག དྲ་གྲོགས་ཚོའི་ཁྱད་པར་ཞིག་ཡོད་ན་གསུངས་རོགས་གནང་། ཡིན་ནའང་ང་རང་ལ་བོད་རང་བཙན་དགོས།
བདེན་པའི་རང་བཙན་དབུ་མའི་ཕག་ཏུ་ཡིབ། དྲང་པོའི་ལག་ལེན་སློང་མོའི་ཆེད་དུ་བསྐྱུར །བོད་རིགས་སྤུན་ཟླ་ཁྱི་སྔུན་རྡོ་བཞིན་གཡུག །ས་ཡ་དྲུག་གིས་རིན་ཐང་རྡ་སས་གཅོད།།
ཨ་དང་ཁ་ཡི་ཚེ་སྲོག་མཆོད་པ་འབུལ།
ཁ་བ་རིགས་པའི་ཤེས་རིགས་ཨ་ཡིས་འཛིན་།
མི་རིགས་ལ་རྒྱ་ཁ་ཡི་འཛིན་པ་ན་།
ཨ་ཁ་གཉིས་ལ་དགྲ་བོའི་འཛིན་སྟངས་ཅིག།
ཁ་བ་རིགས་པའི་ཚེ་སྲོག་ཁ་ཡི་འཛིན་།
གངས་ཅན་པ་ཡི་ཤེས་རིགས་ཨ་ཡི་སྐྱོངས་།
བོད་རྒྱུད་ནང་བསྟན་ཁ་ཡི་ཁྲག་ཏུ་ལྷུང་།
ཨ་ཁ་གཉིས་ལ་དགྲ་བོའི་འཛིན་སྟངས་ཅིག།
བ་ཡི་སྐུ་ངོས་ཁ་བཤད་ལག་སྟོང་དང་།
བ་ཡི་མི་རྒྱུད་ཁ་བཟང་ཁོག་ངན་སོགས།
ལག་རྗེས་གང་ཡིན་སོ་སོའི་ཡིན་རམས་གླེང་།
སྙིང་མེད་འཚོ་བརྟེན་ཙམ་ལ་ཡིན་མཚིམ་པས།
དགྲ་བོའི་ཕྱོགས་ནས་འཛིན་སྟངས་གཉིས་པ་ཞིག།
ནམ་ཡང་འདི་དག་གླེང་པའི་སྐབས་དོར་ཡང་།
རིང་པོའི་ལོ་རྒྱུས་སེམས་ཀྱི་མཁའ་ལ་མཁྱིལ།
བདེན་བརྫུན་རྙོག་པའི་དུས་འདིར་ཁ་གསལ་ཞིག།
ནམ་ཡང་མ་བཞག་ཨ་རོགས་ཁ་ཨ་གཉིས་།