འབྲུག་ཐར་བྱམས་པས།
སྤྱི་ལོ་ཉིས་སྟོང༡༢ལོའི་ཟླ༥ཚེས ༦ དང་། བོད་ཟླ་དྲུག་པའི་ཚེས་བཅོ་ལྔའི་ཉིན། བོད་ཤར་ཕྱོགས་མདོ་ཁམས་ཏྲེ་ཧོར་དར་རྒྱས་དགོན་པའི་ཆོས་རྭའི་ནང་དུ་མེ་ཏོག་ངོ་མཚར་ཅན་ཞིག་སྐྱེས་ཡོད་འདུག མེ་ཏོག་གི་ལོ་མའི་ནང་འཛམ་གླིང་ཞི་བདེའི་དེད་དཔོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གཟུགས་བརྙན་དངོས་སུ་མཇལ་རྒྱུ་ཡོད་པར་བཤད། གནས་ཚུལ་འདི་དང་ཐོག་ངའི་གྲོགས་པོ་ཞིག་གིས་ང་ལ་བརྗོད་བྱུང་། རྗེས་སུ་གནས་ཚུལ་གསལ་པོ་དང་ཁུངས་ལྡན་ཡིན་མིན། བདག་གིས་ཁ་པར་བརྒྱུད་ནས་ས་གནས་འབྲེལ་ཡོད་མི་སྣར་དངོས་སུ་དྲི་རྨེད་བྱས་པས། ངོ་མཚར་ཅན་གྱི་གནས་ཚུལ་དེ་འདྲ་ཞིག་བྱུང་བ་བདེན་པ་ཡིན་པར་མ་ཟད་པར་ཞིག་ཀྱང་བཏང་བྱུང་། ས་གནས་མི་མང་དང་། ཕྱོགས་མཐའ་ཁག་ནས་མཇལ་ཁར་བཅར་བའི་མི་ཚོགས་མང་པོ་མུ་མཐུད་ཕེབས་བཞིན་ཡོད་འདུག་ལ། གནས་ཚུལ་ཡོང་ཁུངས་ལྟར་ན། ཡ་མཚན་དངོས་བྱུང་འདི་ད་ལྟ་བོད་ཡུལ་ན་གྲགས་པ་ཆེས་ཆེར་རྒྱས་བཞིན་པའི་སྒང་རེད་ཟེར།
སྐུ་དཔར་རྫུན་མ་བཟོས་ཏེ་མི་མང་ལ་མགོ་སྐོར་མ་གཏོང་། དེང་སང་དཔར་དེ་ལས་ལྡབ་བརྒྱ་ཕྲག་གི་འདྲ་བ་དེ་འདྲ་བཟོ་བཞིན་ཡོད་པ་རེད། ཁྱོད་རང་མགོ་འཁོར་བའི་སྟེང་དུ་མི་གཞན་ལའང་ཡ་མཚན་དངོས་བྱུང་ཡིན་ཟེར་མགོ་སྐོར་མ་གཏོང་། དེ་བས་ལས་ཀ་ཡག་པོ་བྱོས། གླ་ཆ་སྟེར་ན་དེས་སྟེར་འོང་། ཉི་མ་གང་འཁྱོལ་རང་རེད།
དེ་སྔ་ཟླ་བའི་ནང་རྒྱལ་བའི་སྐུ་པར་འདུག་ཟེར་མཁན་ཡང་ཁྱོད་ཡིན་གྱི་རེད། སྐྱག་རྫུན་མགོ་པ་མིན་ན་རྨོངས་དད་ཅན་ཞིག་རེད།
སྐུ་པར་དེ་དངོས་གནས་མི་དམངས་ཀྱིས་མཇལ་རྒྱུ་ཡོད་པ་ཞིག་ཡོད་ན། པར་ཡག་པོ་ཞིག་མི་ལེན་པ་གང་ཡིན་ནམ། གསལ་ལ་མ་གསལ་འདི་འདྲ་གང་རེད། དེང་དུས་འཕྲུལ་ཆས་ནི་ཡག་པོ་ཡོད་པར་གཙང་མ་མིའི་ཡིད་ལ་དང་བ་འདྲེན་ནུས་པ་དང་། ཡིད་ཆེས་འཕེར་ཐུབ་པའི་སྐུ་པར་ཞིག་ལེན་དགོས་རེད་བ། འདི་ལ་ཡིད་ཆེས་ཀྱི་མི་འདུག སྔོན་ཡང་ཟླ་བའི་ནང་དུ་སྐུ་འདུས་བཞུགས་འདུག་ཟེར་བ་དང་གཅིག་པ་རེད་སྙམ།
འདི་འདྲ་ཡོང་མི་སྲིད་པའི་རྒྱུ་མཚན་ཡོད་དམ་མེད་་་་རིག་གསར་ཡིན་མདོག་གི་སྐད་ཆ་ཤོད་མི་ཉན།
བཅོན་ལྡན་འདས་ལོ་མའི་སྒང་ན་མཇལ་རྒྱུ་ཡོད་ཆོག་ན་་་་༧གོང་ས་མཆོག་མེ་ཏོག་ནང་ན་མཇལ་རྒྱུ་ཡོད་ཆོག་གི་རེད་པ། འདི་ལ་རྨོངས་དད་རེད་ཟེར་གི་ཡིན་ནམ།
དངོས་འབྲེལ་ཡིན་ན། འདི་ལས་ཁུངས་བཙན་པ་ཞིག་དགོས། གང་ལྟར་གནས་ཚུལ་འདི་གསལ་བོ་བཟོ་བའི་འགན་གནས་ཚུལ་མཁོ་སྤྲོད་པར་ཡོད།
བོད་མི་མང་གི་དད་པ་དང་དམ་ཚིག་གོང་ས་མཆོག་གི་ཐུགས་རྗེ་དང་བྱིན་རླབས་ལ་ལྷད་མེད་པའི་དན་རྟགས་རེད།
གཞིས་ལུས་བོད་མིའི་དངོས་སུ་མཇལ་བའི་གོ་སྐབས་མེད་དུས་མེ་ཏོག་ནང་ནས་ཞལ་མཇལ་གནང་བ་རེད།
མིག་གིས་མཐོང་རྣ་བས་ཐོས་བཞིན་དུ་འདི་ལ་རྨོངས་དད་ལབ་རྒྱུ་ཡོད་མ་རེད་དེ་ལས་རང་ཉིད་མངོན་སུམ་ལ་བསྙོན་པའི་རྒོལ་བ་ཟེར་བ་དེ་ཆགས་པ་རེད།
བདེན་པ་ཉིད་རྒྱལ་གྱུར་ཅིག
མེ་ཏོག་དམར་པོ་འདབ་མ་སྟོང་ལྡན་
རང་སེམས་ལྷད་མེད་རྒྱན་ལ་བྱོན་དང་
བརྩེ་གདུང་ཡིད་ཀྱི་རླབས་འཕྲེང་འདི་ཡིས་
མེ་ཏོག་ཁྱེད་རང་སྙིང་ནས་དྲན་བྱུང་།
འདི་དངོས་གནས་ཡིན་ན། ངོ་མཚར་ཅན་གྱི་མེ་ཏོག་དེ་མི་མང་གི་མིག་ལམ་དུ་འགྲེམ་དགོས།
དུས་རབས་ཉེར་གཅིག་ནང་ནང་མཚན་རིགས་དང་མཐུན་པའི་སྐད་ཆ་ཤོད་དགོས། ད་དུང་རྨོངས་དད་ཆེ་དྲགས་འདུག།
འདི་ནི་མགོ་བོ་རྨོངས་བྱེད་ལས་གཞན་ཅི་ཡང་མ་རེད་་་་་གར་སྲིད་ཡིན་པའི་དབང་དུ་སྟངས་ཀྱང་ཡག་རྟགས་སྡུག་རྟགས་གང་ཡིན་ཆ་མི་འཚལ།
ད་ལས་མེད་ཚོ་འདི་ནང་སྡད་ན་ད་དུང་རང་བྱོན་དེས་བཀའ་ཆོས་གསུངས་རབས་སོགས་མོལ་ནས་སྡོད་ཅིག
ཤ་ཚ་བོད་པའི་གཉིད་མཐུག་འདི།
Adobe InDesignདང་Adobe Photoshop CorelDRAW སོགས་ནང་ལ་ག་རེ་བཟོ་བཟོ་རེད། བོད་མི་ཡིག་རྨོངས་རྣམས་ལ་མགོ་བསྐོར་མ་བཏང་རོགས།
འབྲུག་ཐར་བྱམས་པ་ལགས།
ཉིད་ཀྱིས་གནས་ཚུལ་འདིའི་བདེན་དཔང་ཅེ་བཙན་ལ་གཏོང་རོགས། ༢༠༠༩ ལོ་ཡིན་པ་ཡོད། དེ་དུས་ལྔ་བའི་མཆོད་པ་ཞིག་གི་ནང་མེ་ཏོག་དཀར་བོ་ཞིག་བཀད་པ་ཉིན་བདུན་ལ་བསྡད་པ་རེད།
བདེན་དཔང་མང་ཙམ་བྱེད་ཐུབ་ན་ཕན་ཐོག་ཆེ་བར་འདོད། གལ་ཏེ་ཡོད་ཚད་ཚན་རིག་དང་མཐུན་དགོས་ན་ང་ཚོའི་གྲུབ་མཐའ་མང་བོ་ཞིག་འདོར་དགོས་ཐུག་གི་རེད།
མ་རེད་དམ།
འབྲུག་ཐར་བྱམས་ལགས ། སྤྱི་ལོ་ཉིས་སྟོང༡༢ལོའི་ཟླ༥ཚེས ༦ དང་། བོད་ཟླ་དྲུག་པའི་ཚེས་བཅོ་ལྔའི་ཉིན་ལབ་འདུག་བས་ སྤྱི་ཟླ་དང་བོད་ཟླ་་གཉིས་ཀྱི་སྔོན་ལ་སྤྱི་ཟླ་འགྲོ་ཀྱིན་ཡོད་པ་རེད། བོད་ཟླ་བཞི་བ་གཞུག་ནས་རེད། དེ་ག་རེ་ཡིན་ནམ།
རྨོང་གཉིད་ལས་མ་སད་པའི་མི་ཁ་ཤས་ཞིག་གིས་བབ་བཅོལ་གྱི་གཏམ་འདི་འདྲ་གད་མོ་ཤོར་ཡ་རེད་ཡ་ སྤྱི་ལོ་༢༠༡༢ ལོའི་ཟླ་ ༥ ཚེས་ ༦ ལ་ བོད་ཟླ་ ༦ ཚེས་ ༡༥ ག་འདྲ་བྱེད་ནས་ཁེལ་བ་རེད་ ཧེ་ཧེ་ཧེ་
ལ་རྒྱའི་བདག་པོ་ལགས་
ཉིད་ཀྱི་མ་མཐོང་དངོས་པོ་མང་།།
ཉིད་ཀྱི་མ་བགྲོད་ལམ་བུ་མང་།།
ཧ་ཅང་གསར་པར་ཞེན་ཆེ་ན།།
བོད་མིའི་བདེན་དོན་ཅི་ཕྱིར་བརྩོད།།
ཕྱི་ཟླ་དང་བོད་ཟླ་ནོར་བ་གསལ་པོ་རེད་བོད་ཟླ་དྲུག་པ་ཤར་རྒྱུ་རེད་པ་གནས་ཚུལ་ཆུང་ཆུང་འདི་ལྟ་བུ་ལས་་་ཧཧ་་ཧཧ་་ཧཧ་་།།
ག་རེ་ནོར་ཡོད་མིནཁྱོད་ཚོས་བསམ་བློ་གཏོང་ད་ལྟ་བོད་ཟླ་དྲུག་པ་དང་ཕྱི་ཟླ་དྲུག་པ་གཉིས་ཀ་འཆར་རྒྱུ་རེད། རྫུན་མ་ལ་ཕུ་ཐག་མེད་ཟེར་བ་དངོས་གནས་རེད།
ཧཧཧཧཧཧ
རྨོངས་དད་ཟེར་ནས་ཁྱེད་རང་ཤུན་ཏུ་རྨོངས།།
འཇིག་རྟེན་བྱ་དངོས་ཡོད་ཚད་སྲིད་པ་ཡིན།།
མཚན་རྟགས་དེ་བདེན་པ་ཡིན་མིན་མི་སུ་ཞིག་ཡིན་རུང་དཔྱོད་ཤེས་བྱེད་རོགས།
པར་གསལ་པོ་མེད་པ་ཙམ་གྱིས་རྫུན་མ་རེད་ག་ལ་བརྗོད་ཐུབ། འཕྲུལ་ཆས་ཀྱིས་བཟོས་པ་ཡིན་ན་གསལ་པོའང་འཕྲུལ་ཆས་ཀྱིས་བཟོ་ཐུབ་ཀྱི་རེད། དེས་ན་དེངདུས་ཅན་ཡིན་མདོག་གིས་སོ་སུས་བསམ་མ་ཐུབ་ན་རྨོངས་དད་རེད་ཟེར་བའི་དམར་པོའི་ལྟ་བ་འཛིན་མི་རུང་།
ངོ་མ་རེད་བོད་ཕྱི་གཉིས་ཀྱི་ཟླ་བ་དྲུག་པ་ད་དངུ་མ་ཤར་བར་འདི་འདྲ་རྫུན་འགོ་མཇུག་མེད་ནི་ངོ་མ་ཧཧཧཧཧ
རྒྱ་བོད་གཉིས་ཀའི་མགོ་འོག་ཤུ
ཁོ་བ་ལ་མཚོན་ན་སྐུ་པར་དེ་བདེན་པ་ཡིན་པའི་དཔང་རྟགས་མེད་ལ་རྫུན་མ་ཡིན་པའི་ཁུངས་དེ་བས་ཀྱང་མེད། ཡིན་ནའང་རང་ལ་དད་པ་ཡོད་ན་དེ་ལྟར་སྣང་རུང་བ་ཡོད་སྙམ། དེ་རྫུན་པར་འདོད་མཁན་རྣམས་ལ་རྫུན་པ་ཡིན་པའི་ཁུངས་ཡོད་ན་གསུངས་རོགས། དེ་མིན་རྒྱ་གུང་ཁྲན་བཞིན་དུ་ཐམས་ཅད་ལ་ཀླད་རྙིང་དང་རྨོངས་དད་རེད་ཟེར་ནས་རྨ་འབེབ་མ་གནང་རོགས།
དོན་དངོས་ཡིན་སྲིད་པ་རེད། རང་ཉིད་ཀྱི་བློ་ཡིད་ལ་མ་ཤོངས་པ་ཙམ་གྱིས་རྫུན་ཡིན་པར་སྒྲུབ་མི་ཐུབ། པར་གསལ་བོ་མེད་པ་དེར་ཁག་མེད། ཨ་རོ་ཁམས་པ་གྲི་དང་ལུང་ཚན་གྱི་ཕྱོགས་ཞེན་ལ་དོ་སྣང་ཡོད་པ་ལས། སློབ་སྦྱོང་ལ་དོ་སྣང་གཏན་ནས་མེད་པས་པར་ཆས་ཚད་ཤེས་ཙམ་དང་རྡེབ་ཤེས་ཙམ་ཞིག་གིས་པར་གསལ་བོ་ཞིག་ག་ནས་རྒྱག་ཤེས།
དྲ་གྲོགས་རྣམ་པ་ཚོ། དང་པོ་གནས་ཚུལ་དེ་དངོས་བདེན་ཡིན་མིན་སྐོར་ལ་འདྲི་བརྩད་ནན་པོར་ཞིག་བྱེད་གལ་ཆེ་བ་ལས། འགྲེལ་བཤད་འདྲ་མིན་རྒྱག་སྟངས་ལ་དེ་འདྲའི་བྲེལ་བ་ཞིག་ལངས་དགོས་མི་འདུག་སྙམ།
ལྷ་ལྡན་དེ་འདྲ་རང་དང་མ་བྲིས་་ཧེ་ཧེ་།།
ཧཧ། ད་དཀྲོགས་གཏམ་བཟོ་མཁན་མང་གི ཡེ་ཤེ་པ་ཚོ་སྟོན་པ་ཡེ་ཤེ་ཟླ་བ་དང་ཁྲོམ་པའི་ནང་ནས་མཐོང་བའི་གནས་ཚུལ་པོ་འདུག དེ་ནི་ཆོས་ལུགས་པ་རྣམས་ཀྱིས་རང་གི་དགོས་འདོད་ཆེད་མི་མང་མགོ་སྐོར་བཏང་བྱེད་ཀྱི་ལག་ཆ་ཞིག་མ་ཡིན་མམ། མེ་ཏོག་ནང་ནས་ཤར་དགོས་བའི་རྒྱུ་མཚན་ཅི་ཡིན་ནམ། ཤར་ན་ཅི་ཞིག་ལ་ཕན་ཐོགས་སམ། ཕན་ཐོགས་ན་ཆོས་ལུགས་ཁ་ཟས་གྱུར་བའི་མི་ལ་ཕན་ཐོགས་ལས་མི་མང་ལ་ཅི་ཡང་ཕན། རྟོགས་དགོས་རྒྱུ་བོད་དོན་ལ་ལུང་བསྟན་མཁན་གང་ཡང་མི་འདུག ཐམས་ཅད་མཁྱེན་པ་ག་ཚོད་བོད་ལ་ཡོད་ཀྱང་རྒྱ་མིའི་མགོ་སྐོར་འོག་ནས་ཐར་མི་ཐུབ་མེད། ༢༠༠༨ལོར་རྒྱ་མིས་མགོ་སྐོར་ག་འདྲ་བཏང་སོང་། རྒྱ་མིའི་གཡོ་བྱུས་འདི་ནི་ཐམས་ཅད་མཁྱེན་པ་རྣམས་ཀྱིས་མ་རྟོགས་པ་གང་ཡིན་ནམ།
༢༠༡༢་ལོ་ད་དུང་དེ་འདྲ་བཤད་ན་མི་རིགས་གཞན་ངོ་ཚ
སྤྱི་ཟླ་ལྔ་པའི་ཚེས་དྲུག་དང་། བོད་ཟླ་དྲུག་པའི་ཚེས་བཅོ་ལྔ། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
སྐབས་རེ་ང་ཚོ་བོད་པ་ཚོ་ནི་ཅོལ་ཆུང་རང་རེད་འདུག ༧གོང་ས་མཆོག་སྐུ་གསོན་པོ་བཞུགས་བཞིན་དུ་ཟླ་བ་དང་མེ་ཏོག་སོགས་སུ་བཙལ་གྱིན་ཡོད། ལྷག་པར། དགུང་ལོ་མཐོ་བའི་བགྲེས་སོང་དུ་འགྱུར་བའི་༧གོང་ས་མཆོག་ལ་མིའི་གྲལ་དུ་མི་བཅུག་པར་སྐྱབས་བསུ་མཆི་ཞེས་པའི་དག་སྣང་ཞིག་གིས་དཀའ་ཚེགས་སོགས་ཡོང་གཞི་གཏིང་བརྗེད་དུ་སོང་བཞིན་པ་ཡ་ང་བ་ཞིག་རེད་འདོད།
དེ་རིང་ཁ་པར་བརྒྱུད་གནས་ཚུལ་ལྟར་ན། མེ་ཏོག་གཅིག་གི་མི་ཚད་པར་ཉི་མ་མེ་ཏོག་མང་པོ་ཞིག་དར་རྒྱས་དགོན་པའི་འདུ་ཁང་རྙིང་པའི་རྡོ་སྐས་གསེང་ནས་བཞད་འདུག འོན་ཀྱང་མེ་ཏོག་དེའི་ནང་ནས་མེ་ཏོག་སེར་པོ་ཞིག་གི་སྟེང་འཇལ་སྐད་
ཏོག་ཙམ་སྒུགས་a་
དེ་འདྲ་ཡོང་སྲིད་པ་རེད།གསང་གསུམ་རོ་གཅིག་པ་ཟེར་པ་དེར་ནུས་པ་ཁྱད་པར་ཅན་བློ་དམན་གྱིས་རྟོགས་དཀའ་བ་དེ་འདྲ་ཡོད་རེད།བོད་ཀྱི་ལུང་བསྟན་མཁན་ཚོ་ནོར་སོང་པ་དེ་འདྲ་གང་ཡང་མེད་པ་རེད།གཙོ་བོ་བློ་དམན་མང་པོ་ཅིག་སྐྱེས་བུ་དམ་པའི་ལུང་བསྟན་ལ་ཡིད་ཆེས་མ་བྱས་པས་ལན་ཡོད།དཔེར་ན་བོད་རྒྱ་འོག་ཏུ་ཤོར་རྒྱུ་གུ་རུ་པད་མས་ལུང་བསྟན་ཡོད།བོད་མིས་གྲ་སྒྲིག་གང་ཐུབ་མ་བྱས་ན་རྒྱ་དམར་གྱིས་བོད་བཙན་བཟུང་དང་དགོན་སྡེ་ཁག་གཏོར་བཅོམ་ཚུན་བྱེད་རྒྱུ་ཡིན་པ་༧རྒྱལ་དབང་བཅུ་གསུམ་པས་ལུང་བསྟན་ཏེ་བོད་ས་ཡོངས་སུ་བསྒྲགས་ཡོད་ནའང་།བོད་མིས་གསན་འཇོག་གང་ཡང་མེད་པར་ནང་འཁྲུག་རྐྱང་བརྒྱབ་ནས་བསྡད་པ་རེད།
མདོ་ལུང་བསྟན་མ་ལན་བོད་མི་ལན་རེད་དོ།།
བདེན་རྫུན་གང་ཡིན་ཡང་དེ་གལ་ཆེན་པོ་མ་རེད། དེ་ལས་གླིང་ཚ་མ་བུ་གསུམ་ལ་བསམ་བློ་གཏང་ན་གཏོང་རན་འདུག
༧གོང་ས་མཆོག་གི་བཀའ་ལ་བརྩི་བཀུར་གྱིས། བཟོད་སྒོམ། བསམ་ཤེས། བྱམས་སྙིང་རྗེ། ཁོར་ཡུག་སྲུང་སྐྱོབ། འཚེ་མེད་ཞི་བ། འདི་ཚོ་སེམས་ལ་ཉར་ནས་འཛམ་གླིང་རྡོག་རྡོག་འདིའི་སྒང་ལ་ཕན་བཏགས་མ་ཐུབ་ནའང་བརྡབ་སིག་མ་གཏོང་བ་སྡོད་ཐུབ་ན་༧གོང་ས་མཆོག་མེ་ཏོག་ནས་མ་ཡིན་པར་རང་སེམས་དྲོན་པོ་ནང་བཞུགས་པ་རེད། དེ་དོན་དགོངས་འཇགས་དང་འབྲེལ་མགོན་པོ་གང་༧སྐུ་ཚེ་བརྟན་ཅིང་ཐུགས་བཞེད་འགྲུབ་པར་ཤོག་ཅེས་སྨོན་ནོ།།
འདི་བདེན་མིན་གསལ་བཤདཞུ་མ་ཤེས་རུང་བྱུང་རིམ་ལྟ་བུ་ནི། འདི་ཟླའི་ཚེས་༡༠་དགོང་མོར་གྲོགས་ཏྲེ་ཧོར་དར་རྒྱས་པ་ཞིག་གིས་ཕྲན་ལ་ཁ་པར་འབྱོར་ཏེ་གཏམ་བཟང་ཞིག་ཡོད་ཅེས་བརྗོད་བྱུང་། སྐད་ཆ་འདྲི་སྐབས་དར་རྒྱས་དགོན་པའི་རྡོ་བཅལ་གས་ཏེ་མེ་ཏོག་ཅིག་འཁྲུངས་ཤིང་དེར་༧ གོང་ས་མཆོག་གི་སྐུ་གསལ་ལ་མ་གསལ་ཞིག་མཇལ་རྒྱུ་ཡོད་ཚུལ་བཤད་བྱུང་་བས་མུ་མཐུད་རྩད་གཅོད་བྱེད་སྐབས་ལྷོ་ཕྱོགས་སེ་ར་དགོན་དུ་ཡོད་པའི་ཁོང་གི་སྤུན་གྱིས་དེ་ལྟར་བརྗོད་བྱུང་ཟེར། ཁོས་ཇི་ལྟར་ཤེས་ཚུལ་འདྲི་སྐབས་བོད་དུ་ཁ་པར་བརྒྱབས་ནས་ཤེས་འདུག་པས་ཡིད་མ་ཆེས་ན་དཔར་ངའི་ངོ་དེབ་ཏུ་བཀོད་ཡོད་པས་དེར་ལྟོས་ཟེར། ངས་མུ་མཐུད་དུ་དཔར་དེ་འཁྲུལ་ཆས་ཀྱིས་བསྒྲིགས་པའི་དཔར་ལྟ་བུ་ཞིག་ལས་དངོས་ཡོད་ཀྱི་དཔར་ལྟ་བུ་ཞིག་མི་འདུག་བརྗོད་པར་ཁོང་གིས་ཕ་ཡུལ་གྱི་མི་ཚོ་འབུ་བརྐོ་རྒྱུའི་བྲེལ་ཟིང་ཆེ་ཡང་དེར་མཇལ་ཁ་འགྲོ་བཞིན་ཡོད་ཚུལ་བརྗོད་པ་ལས་མི་འདིས་མཐོང་འདུག་ཟེར་བ་ལྟ་བུ་གང་ཡང་བཤད་རྒྱུ་མི་འདུག་ ལོ་སྔོན་མ་ཨ་ཆོས་སྒར་ན་འཆལ་གཏམ་ཞིག་རྒྱ་ཁྱབ་ཏུ་ཕྱིན་འདུག་པ་དེ་ལྷང་ལྷང་དུ་དྲན་བྱུང་། དེ་ཡང་འདི་ལྟར། ཉིན་ཞིག་ཕ་ཡུལ་དུ་ཁ་དཔར་རྒྱག་སྐབས་ནང་མི་རྣམ་ཀྱིས་ང་ལ་ཁྱོད་དགའ་རུང་མ་དགའ་རུར་། ངེད་ཅག་ཡིད་ཚིམ་ནས་བསྡད་ཡོད་བརྗོད་བྱུང་བས་དེ་ཅི་རེད་དྲིས་པར། ཁོང་ཚོས་ཨ་ཆོས་མཁན་པོ་དགོངས་པ་རྫོགས་རྗེས་སྐུ་གདུང་ཇེ་ཆུང་དུ་སོང་སྟེ་མཐེ་བོང་ཙམ་ལས་མེད་པ་མཇལ་རྒྱུ་བྱུང་བས་བསྐལ་པ་བཟང་ཟེར། མུ་མཐུད་འདྲི་སྐབས་རྒྱང་ཐག་རིང་པོ་ནས་མ་གཏོགས་མཇལ་ས་མེད་པར་ལྕགས་རིའི་བསྐོར་འདུག་ཟེར། དེར་ངས་རྒྱང་ཐག་རིངདྲག་པས་སྐུ་གདུང་ཆུང་ངུ་ལས་མཇལ་མ་ཐུབ་པ་ཡིན་རྒྱུ་རེད་བརྗོད་པར་ལྟ་ལོག་ཁྱོད་ཡིད་མ་ཆེས་ན་འདྲ་དཔར་དངོས་གནས་མཇལ་རྒྱུ་ཡོད་ཚུལ་བརྗོད་བྱུང་། དེ་སྐབས་ངས་ངོས་ལེན་མ་འདོད་ཀྱང་ཁུ་སིམ་སྡོད་རྒྱུ་ལས་བྱ་ཐབས་བྲལ། རྗེས་སུ་འདྲ་དཔར་དེ་རྫུན་བསྒྲིགས་བྱས་པ་ཤེས་རྗེས་ཁོང་ལ་ཡིད་ཆེས་དང་དད་པ་ཡོད་མཁན་རྒྱ་རིགས་ཤེས་ལྡན་པ་མང་པོས་བློ་ཕམ་བྱེད་བཞིན་ཡོད་པ་གོ་ཐོས་བྱུང་བས་དེ་ལྟར་མིན་པའི་རེ་བ་ཡོད།
ཧཧ་ སློབ་དཔོན་པདྨ་ཨེ་་་ཁྲི་སྲུང་གི་གཙུན་མོ་འཕྲོག་མཁན་དེ། སྦྱིན་བདག་གི་ཆུང་མ འགྲོགས་མཁན་དེ། ཁོས་དེ་ལྟར་གསུངས་བ་ཞིབ་ཕྲའི་བདེན་དཔང་ཅི་ཡང་མེད། དེ་ལྟར་ཡོད་པཎ་ཆེན་གང་དུ ཡོད་པ་རེད། གནས་དོན་ཞིག་བྱུང་རྗེས་མཁྱེན་མཁན་མང་ཡ། མ བྱུང་སྔོན་ཤེས་དཀོན།
སྔོན་ཝཱ་རཱ་ཎ་སཱིར་ཁྲིམས་ཤེས་པ་ཞིག་ཁྱིམ་སྤངས། རབ་ཏུ་བྱུང་ཕལ་ཆེར་གཅེར་བུ་ལྟར་སྣང་། ནང་པའི་སྤྱོད་པ་དང་། ལྟ་བའི་སྐོར་ཉན་པར་འོང་། དེའི་དུས་རྒྱ་གར་ལྷོ་ཕྱོགས་ན། ས་ཧེ་བ་བ་ཟེར་བའི་སྐད་གྲགས་ཅན་གྱི་ཧིན་དུའི་གྲུབ་ཐོབ་ཡིན་པ་སྐྱེ་དགུ་ཡོངས་ཀྱིས་གུས་བཀུར་ཞུ་བ་ཞིག་ཡོད་འདུག གོང་གསལ་ཁྲིམས་ཤེས་རབ་བྱུང་དེ་སྐད་གྲགས་ཅན་གྲུབ་ཐོབ་དེའི་དྲུང་དུ་སླེབས། གྲུབ་རྟགས་སུ་བར་སྣང་ལས་ཆུ་ལེན་པ་བསྟན་འདུག དེ་ལ་ཁྲིམས་ཤེས་རབ་བྱུང་དེས། གྲུབ་ཐོབ་དེ་ལ་ཁྱོད་ཀྱིས་བར་སྣང་ལས་ཆུ་ལེན་པ་ལ་ངས་ངོ་མཚར་གང་ཡང་མི་རྩི། བདེན་པར་ཁྱོད་ལ་ཆུ་བཟོ་སྐྲུན་གྱི་ནུས་པ་ཡོད་ན། བྱེ་ཐང་ཆུ་མེད་དག་ཏུ་སེམས་ཅན་ཉམ་ཐག་པ་ཀུན་ལ་ཆུ་སྦྱིན་ཐུབ་ན། གྲུབ་ཐོབ་དངོས་ཡིན། ཞེས་བཤད་པ་ཡིན་ཞེས་ལེགས་སྦྱར་སྐད་ཀྱི་སློབ་དཔོན་དང་བདག་སོགས་སློབ་མ་རྣམས་ལ་སྨྲས་སོ།།
༸གོང་ས་མཆོག་སྐུ་དངོས་སུ་བཞུག་ཡོད་ལ་ཞལ་མཇལ་གསུང་ཐོས་བཞིན་ཁོང་གི་བཀའ་ལ་མི་བརྩི་ནས་མེ་ཏོག་ནང་ལ་ཐོན་ཡོད་ཚུལ་བཤད་ཀྱིན་འགྲོ་ན་སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་བསྒྲུབས་ཟེར་བའི་དོན་དུ་འགྲོ་ཉེན་ཆེ་བས་ཡིད་ཟབ་མཛད། དེང་སྐབས་འཕྲུལ་ལས་ལག་ཤེས་ཀྱིས་ཕོ་ཊོ་ཤོབ་ནས་པར་རྫཱུླན་ཅི་ཡང་བཟོ་ཐུབ་ལ་དོན་དངོས་ཡིན་མིན་ཡང་འབྱེད་བདེ་བས་གཏམ་ལོག་གང་བྱུང་མ་བཤད་ན་བཟང་།
རིག་པའི་བུ། པུར་རྒྱལ་བོད་ཀྱི་འགྲོ་བའི་གཉེན་གཅིག་པུ། །གྲུབ་མཆོག་མཚོ་སྐྱེས་རྡོ་རྗེ་དྲིན་པོ་ཆེ། ། ཞེས་པ་ལྟར་བོད་གངས་ཅན་ལྗོངས་པ་ཕལ་ཆེ་བའི་བཀུར་གནས་ལ་ཨེ་དང་ཨེ་ཟེར་ནས་རྗེས་འཇུག་ཚོའི་སེམས་ཁམས་མ་དཀྲུག་རོགས། ངས་འདི་ནས་ཞུ་བ་འཐེན་གིན་ཡོད།
འདི་ནི་རི་བོང་ཅལ་འདྲོགས་ཀྱི་སྒྲུང་ལྟ་བུ་ལོས་ཡིན་བསམ།མེ་ཏོག་དང་སྐད་ཆ་བཤད་སྟངས་གཉིས་ཀར་བལྟས་ན་
མཚོ་བུ་ལགས། ངས་ཤེས་པ་རྣལ་དུ་གནས་ནས་བཤད་ཡོད།
འབྲུག་ཐར་བྱམས་པ་ལགས་རྒྱབ་སྐྱོར་ཡོད། གནས་ཚུལ་འདི་མི་གཅིག་གཉིས་ཀྱིས་བཟོས་པ་རྩ་བ་ནས་མ་རེད། ས་གནས་མི་མང་གིས་ཁ་གཅིག་དྲག་རེད་འདུག གོང་གི་རྨོངས་དད་བརྗོད་མཁན་ཚོར་སོ་སོས་གནས་ལུགས་མ་ཤེས་པར་གཞན་ལ་རྨོངས་དད་རྗོད་པ་དེ་རྨོངས་དད་ངོ་མ་དེ་ཡིན།
དེང་སང་གློག་རྡུལ་ཚན་རྩལ་དར་དང་གཅིག །
བོད་རྒན་རྣམས་ནི་དད་པ་བརྟན་དང་གཉིས། །
ལུང་བསྟན་གྲུབ་རྟགས་རིགས་ནི་བྲིན་དང་གསུམ། །
མགོ་བདེ་དྲན་འཕྲུལ་མི་བུ་མང་དང་བཞི། །
དེའི་ཕྱིར་འདི་ལ་ཡིད་རྟོན་དཀའ་སེ་གདའ། །
གཏམ་བཟང་རེད། དངོས་གནས་དགའ་འོས་གཏམ་བཟང་རེད། ༧གོང་ས་མཆོག་མེ་ཏོག་ནང་དུ་མཇལ་རྒྱུ་ཡོད་ན་རྨོངས་དད་བརྗོད་མི་རུང་། ད་ལྟ་བོད་ནང་དུ་རྒྱ་དམར་གྱིས་དམ་དྲག་འདི་འདྲའི་ཆེ་རུང་གཞི་བཞུགས་བོད་མིས་བློ་ཁོག་དང་དད་པས་བརྗོད་པ་དེ་ཡིད་རང་དང་རྒྱབ་སྐྱོར་དགོས་པ་ལས་རྒྱ་གུང་ཁྲན་གནང་བཞིན་ཁ་རྡུང་སྤྲོད་བསྡད་ན་བོད་ལུས་ལེན་པ་གོ་མ་ཆད།
སྐུ་གསལ་ལ་མ་གསལ་བ་ཞིག་རེད་མི་འདུག གསལ་པོ་ཞེ་དྲག་རེད། བདེན་པ་ཡིན་མིན་སྒུག་དང་ཤེས། གལ་སྲིད་བདེན་པ་ཡིན་ན་བོད་མི་ཁྲི་ཁྲི་འབུམ་འབུམ་མང་པོ་འཚང་ཀ་ཤིག་ཤིག་གིས་དེར་མཇལ་དུ་འགྲོ་གི་རེད། དེ་ནས་རྒྱ་གཞུང་གིས་མི་ཚོགས་འཛོམས་ཏེ་ཟིང་ཆ་ལངས་པར་སྐྲག་ནས་མི་མང་རྣམས་འགོག་པར་བརྩོན་གི་རེད། མེ་ཏོག་དེ་ཡང་རྐང་ཞབས་སུ་བརྫི་བའམ་བཀོག་ནས་འཁྱེར་གི་རེད། དེ་ནས་བོད་མི་མང་རྣམས་ཁོང་ཁྲོ་ཟ་གི་རེད། ཟིང་ཆ་དངོས་སུ་ལངས་གི་རེད། རྒྱ་མིས་དྲག་གནོན་བྱེད་གི་རེད། བོད་ཕྱི་ནང་གཉིས་སུ་ངོ་རྒོལ་གྱི་ཚ་རླབས་ཡང་སྐྱར་ཐེངས་ཤིག་འཕྱུར་གི་རེད།
དེ་འདྲའི་གྲགས་འགུལ་གང་ཡང་མ་བྱུང་ཚེ་དེ་རྫུན་མ་ཡིན་པའི་རྟགས་རེད།
གོང་གི་གཏམ་བཟང་དེ་གཉིས་མེད་སེངྒེ་ཁྱོད་དང་རྒྱ་རྒན་ཁ་ཤས་ཡིད་ཨེ་ཆེས་བསམ་པའི་སྐད་ཆ་མ་རེད། གནས་ལུགས་ངོ་མ་བརྗོད་པ་དང་གཏམ་བཟང་བརྗོད་པ་ལས་མི་སུ་གཅིག་ཀྱང་མགོ་བསྐོར་སླུད་ཁྲིད་ཀྱི་ཁ་ལུགས་བརྒྱབ་མི་འདུག གཏམ་བཟང་དེ་འདྲ་མང་དུ་ཐོས་པའི་རེ་བ་དང་སྨོན་ལམ་ཡོད།
མདའ་ཚན་པ་ནས་བོད་མི་ལ་རྒྱ་མིས་དྲག་གནོན་སྒུག་ནས་བསྡད་འདུག དེ་འདྲའི་ཐབས་སྡུག་པའི་སྐད་ཆ། ས་གནས་བོད་མི་དེ་ཚོའི་དད་པ་དམ་ཚིག་ཡོད་པས་མེ་ཏོག་ནང་དུ་མཇལ་བ་རེད། མི་འགོག་པ་༧གོང་ས་མཆོག་ས་གནས་དེར་མྱུར་དུ་ཞབས་གསོ་འཁོད་པ་སྨོན་ལམ་ཞུ།
ད་དུས་རབས་ཉེར་གཅིག་པ་རེད་དཱ
དུས་རབས་ཉེར་གཅིག་པའི་མི་ཡི་དུས་རབས་དང་མཐུན་པའི་སྐད་ཆ་ཤོད་ན་ལེགས།
མ་གཞི་ནས་ལུང་བསྟན་མང་པོ་ཞིག་ཡོད་རབས་བཤད།
བོད་དུས་ལོག་དུས་ལུང་བསྟན་ཐམས་ཅད་གསལ་ལ་མི་གསལ།
སྦས་ཡུལ་ཐམས་ཅད་སྦས་ནས་མཐོང་རྒྱུ་མེད།
བོད་མི་ཐམས་ཅད་སྦས་ཡུལ་མ་རྙེད་གཞན་ཡུལ་སླེབས།
དགོས་པའི་དུས་སུ་སྦས་ཡུལ་ས་འོག་སྦས།
དགོས་པའི་དུས་སུ་ལུང་བསྟན་གབ་ཚིག་རྒྱབ།
མི་རྣམས་ཐམས་ཅད་རྨོངས་སུ་བཅུག
ལ་དགས་བློ་བཟང་འཇམ་དཔལ་ལགས། རྒྱ་གར་ས་ཧི་བྷ་བྷའི་མི་ལ་མགོ་བསྐོར་བཏང་ནས་གྲུབ་རྟགས་རྫུན་མ་དེ་འདྲ་YouTube ལང་པོ་འདུག དེར་གཟིགས་རོགས་གནང་།
གང་ལྟར་གཏམ་བཟང་རེད་འདུག
གནས་ཚུལ་འདིས་ལ་རྒྱའི་བདག་པོ་ཁྱོད་གཙོས་མི་མང་མགོ་བསྐོར་བའི་བཏང་བའི་དགོས་པ་དང་ཁེ་ཕན་གང་ཡང་མི་འདུག་སྙམ། དེང་སང་འཕྲུལ་ཆས་ལ་རྒྱའི་བདག་པོ་ཁྱོད་རང་གི་ཨ་མ་འདྲ་བོ་བཟོ་ཐུབ་ཀྱི་ཡོད་པ་ཁྱོད་ཀྱིས་དེའང་ཤེས་ཡོད་ཤག ཧ་ཧ་ཧ་་་་་ ལ་རྒྱའི་བདག་པོ་ལགས་མི་གཞན་གྱི་ལས་ཀ་དང་གླ་ཆ་ལ་ཁྱོད་ཀྱིས་སེམས་ཁྲལ་དགོས་ས་མ་རེད། གཞན་གྱི་ཟླ་གླས་ཁྱོད་དང་ཁྱོད་ནང་མི་ལོ་རིན་འདང་པ། སྐྱག་རྫུན་དང་རྨོངས་དད་ཅན་དེ་ཁྱོད་ཡིན་ས་རེད་དཱ་ ་ ་ ་ ་ ་ ཡིད་མ་ཆེས་ན་ཁྱོད་ཀྱི་ཨ་ཁུ་གུང་ཁྲན་ཚང་སྐད་ཆ་དྲིས། ཧ་ཧ་ཧ་ ་ ་ ་
གོང་གི་ཚེས་གྲངས་དེ་ནོར་བཅོས་ཞུ།
སྤྱི་ལོ་ 2012 ལོའི་ཟླ་ 05 པའི་ཚེས་ 06
བོད་རྒྱལ་ལོ་ ༢༡༣༩ ལོའི་ཟླ་ ༣ པའི་ཚེས་ ༡༥
མཁྱེན་ལྡན་ཀློག་པ་པོར་དགོངས་སེལ་ཞུ།
ད་རྟེན་འབྲེལ་བཟང་། རྟེན་འབྲེལ་བཟང་། བོད་ནང་དུ་བོད་མིས་ད་རིང་༧གོང་ས་མཆོག་མེ་ཏོག་ནང་དུ་ཞལ་མཇལ་བྱུང་བ་དང་། རིང་པོ་མི་འགོག་པར་གོང་ས་མཆོག་བོད་དུ་ཆིབས་སྒྱུར་བསྐྱངས་ནས་བོད་མི་ཚོས་ཞལ་དངོས་སུ་ཐོབ་པར་སྨོན་འདུན་ཞུ།
ཕྱི་ཟླ་་༥་ཚེས་༦་ལ་བོད་ཟླ་༣་ཚེས་༡༥་རེད་དོ་ ་དད་པ་བྱེད་ན་ཁྱི་སོ་ལ་རིང་སྲེལ་འཁྲཱུངས་རྒྱཱུ་ཡོད་དོ་ ཡོང་མི་སྲིད་པ་མ་རེད ལས་འབྲས་ཀྱི་གནས་ཚུལ་དེ་ང་ཚོའི་བློ་ལ་མི་ཤོང་བ་དེ་འདྲ་ཡོད་རེད་ དྲ་གྲོགས་རྣམ་པ་ཆོས་ཀྱི་གོ་རྟོགས་ཆེད་སློབ་སྦྱོང་ཏོག་ཙམ་གནང་རོགས་་ གཞན་ལ་དད་པ་དང་དག་སྣང་བྱེད་ན་རང་གི་སྣང་བ་དག་པ་ལ་ཕན་གྱི་རེད་དོ་ གོང་དུ་ལ་རྒྱའི་བདག་པོས་གཙོས་་རྨོངས་གཞན་སོགས་གསུང་མཁན་རྣམས་ལ་ཞུས་ཀྱི་ཡོད་་་་
ཡིན་སྲིད། ཡིད་བཞིན་ནོར་བུ་ཟླ་བའི་ནང་དུ་མཇལ་མཁན་ཡང་མང་པོ་འདུག་ག རིག་གསར་སྐབས་ལྷ་སའི་བཙོན་ཁང་ནས་བོད་པ་སྲིད་དོན་བཙོན་པ་ཞིག་གིས་གོང་ས་མཆོག་ལ་གདུང་ཤུགས་དྲག་པོས་དུས་རྟག་ཏུ་གསོལ་བ་བཏབ་སྟེ་ཁོས་མཐའ་མར་འོད་གོར་ཞིག་གི་ནང་ནས་གོང་ས་མཆོག་མངོན་སུམ་དུ་མཇལ་འདུག ཁྱོད་ཚོས་ནང་ཆོས་ཁས་མི་ལེན་ན་མ་གཏོགས་དད་པ་དག་སྣང་ཅན་ལ་གོང་ས་མཆོག་གཅིག་བུའི་སྐུ་གཟུགས་མ་ཡིན་པར་སངས་རྒྱས་ནམ་མཁའ་གང་བ་ཡང་མཇལ་རྒྱུ་ཡོད་པ་རེད། གནད་འགག་གཅིག་ནི་གོང་གི་འདྲ་པར་དེ་གསལ་བོ་ཞིག་མེད་པར་རབ་རིབ་ཅིག་ཡིན་པ་དེ་རེད།
མི་ཆུང་ང་ཁྱོད་ཚང་ལ་ཡོང་དོན་ཁྱོད་ཚང་གི་མགྲོན་པོ་ཚོའི་ཁ་ནས་ཤེས་བྱ་གསར་རེ་རྙེད་ཆེད་ཁོ་ན་ལས་གཞན་དམིགས་ཡུལ་ཅང་མེད།
སྐྱབས་སུ་འཆི་་་་ཡིད་བཞིན་ནོར་བུ་མཁྱེན་ནོ། ལས་སྣང་དག་ན་འདི་འདྲ་མཇལ་སྲིད་པ་རེད་ལ་་་མ་དག་པའི་མིག་ལ་ཅི་ཡང་མཐོང་དཀའ་་་་་་
ཧཧ་ཀླ་སྨྱོན་ལགས། དག་སྣང་ཟེར་ནི་མཐར་ཐུག་ན་འཁྲུལ་སྣང་རེད། འཁྲུལ་སྣང་གིས་མཐོང་བ་རེད། ར་བཟི་ལྟ་བུས་མཐོང་བ་རེད། དེ་ནི་འདོད་པ་ཅན་མཚན་མ་ཆབ་ཏོ་ཁ་ནས་མཐོང་བཞིན་རེད།
དང་པོ་ནས་འབྲུག་ཐར་བྱམས་པས་རྫུན་འདི་འདྲ་བྲིས་འདུག་ཚང་མས་གཟིགས་དང་།སྤྱི་ལོ་ཉིས་སྟོང་༡༢ལོའི་༥/༦དང་བོད་ཟླ་དྲུག་པའི་ཚེས་༡༥བྲིས་འདུག་པས་ད་རུང་རྗེས་ནས་བོད་ཟླ་དྲུག་པ་སླེབས་རྒྱུ་ཡིན་པ་དང་སྤྱི་ཟླ་དྲུག་པ་ཡང་སླེབས་མེད། འདི་འདྲའི་མགོ་སྐོར་ཆོད་མེད་མ་བཤད། ཡང་ཀླུ་སྨྱོན་ལྟ་བུ་དག་སྣང་ཅན་དང་རྨོངས་དད་ཅན་ཚོས་མཐོང་སྲིད།སྤྱིར་རང་བྱོན་ལ་ཡ་མཚར་རྒྱུ་མེད་དེང་སང་བྲག་ངོས་སུ་རྟ་དང་ལུག་སོགས་མང་པོ་རི་མོ་རང་བྱོན་ཡོད་པ་མང་པོ་རྙེད་ཀྱི་ཡོད།
ཡུལ་མཐའ་འཁོབ་ཏུ་སྐྱེས་ནས་མཐའ་ཁོབ་ཏུ་འཚར་ལོངས་བྱུང་བའི་བུ་ཆུང་ཡུལ་མཐའ་བ་ཁྱོད།
དུས་རབས་ཉེར་གཅིག་གི་ཉི་མ་མགོ་སྟེང་དུ་ཤར་ཡང་། ད་དུང་རྨོངས་དད་ཀྱི་སློག་རུལ་གྱི་ནང་དུ་འཐོམས་པས།
རྨོངས་དད་ཀྱི་མགོ་སྐོར་དེ་ཚོས་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དངོས་ལ་ཕན་རྒྱུ་ལྟ་ཅི། རྫུན་རྐུབ་བརྡོལ་དུས་རང་ཉིད་ཕུང་བའི་མི་ཚད་བླ་མའི་ཞབས་ནས་ཀྱང་འཐེན་ཡོད་པ་མི་ཤེས་པ་དེ་ཚོར་མགོ་སྐོར་བཏང་བ་དང་ཐེབས་པ་ཟེར། དེས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པ་དང་། མདོར་ན་རྨོངས་དད་དང་དད་པ་གསུམ་ཁག་ཁག་རེད།
ཧ་ཧ་ཧ་ ་ ་ ལ་རྒྱའི་བདག་པོ། དུས་རབས་ཉེར་གཅིག་གི་ཉི་མ་དེ་ཁྱོད་ཀྱི་མགོའི་སྟེང་དུ་ཤར་ནས་ཁུངས་ལུང་མེད་པའི་སྐད་ཆ་མང་པོ་བཤད་བཞིན་འདུག ཁྱོད་ཀྱིས་འདིའི་ཐད་གནས་ཚུལ་སྤུ་རྩེ་ཙམ་ཡང་མ་ཤེས་པར་མི་ལ་རྐྱེན་བརྗོད་ཀྱི་ལས་ངན་བསགས་ད་དུང་བླ་མའི་སྐུ་གསུང་ཐུགས་ཀྱི་བསྐོར་ལ་བཤད་ཧ་ཧ་ཧ་ ་ ་ མིས་མགོ་བསྐོར་བཏང་བ་ཤེས་ན་ཁྱོད་རང་གིས་རྣམ་དཔྱོད་བེད་སྤྱོད་ཀྱིས་རྣ་བ་ཕྱི་ལ་བཏོན་ཏེ་དུས་རབས་ཉེར་གཅིག་གི་ཉི་མ་དེ་ཁྱོད་ཀྱི་རྣ་བའི་སྟེང་དུ་ཤར་རུ་བཅུག གཞིས་ནས་ཁྱོད་ཀྱི་ཐོས་རྒྱ་དང་མཐོང་རྒྱ་ཆེ་རུ་འགྲོ་རེ་བ་ཡོད།
འདི་བདེན་མིན་གསལ་བཤདཞུ་མ་ཤེས་རུང་བྱུང་རིམ་ལྟ་བུ་ནི། འདི་ཟླའི་ཚེས་༡༠་དགོང་མོར་གྲོགས་ཏྲེ་ཧོར་དར་རྒྱས་པ་ཞིག་གིས་ཕྲན་ལ་ཁ་པར་འབྱོར་ཏེ་གཏམ་བཟང་ཞིག་ཡོད་ཅེས་བརྗོད་བྱུང་། སྐད་ཆ་འདྲི་སྐབས་དར་རྒྱས་དགོན་པའི་རྡོ་བཅལ་གས་ཏེ་མེ་ཏོག་ཅིག་འཁྲུངས་ཤིང་དེར་༧ གོང་ས་མཆོག་གི་སྐུ་གསལ་ལ་མ་གསལ་ཞིག་མཇལ་རྒྱུ་ཡོད་ཚུལ་བཤད་བྱུང་་བས་མུ་མཐུད་རྩད་གཅོད་བྱེད་སྐབས་ལྷོ་ཕྱོགས་སེ་ར་དགོན་དུ་ཡོད་པའི་ཁོང་གི་སྤུན་གྱིས་དེ་ལྟར་བརྗོད་བྱུང་ཟེར། ཁོས་ཇི་ལྟར་ཤེས་ཚུལ་འདྲི་སྐབས་བོད་དུ་ཁ་པར་བརྒྱབས་ནས་ཤེས་འདུག་པས་ཡིད་མ་ཆེས་ན་དཔར་ངའི་ངོ་དེབ་ཏུ་བཀོད་ཡོད་པས་དེར་ལྟོས་ཟེར། ངས་མུ་མཐུད་དུ་དཔར་དེ་འཁྲུལ་ཆས་ཀྱིས་བསྒྲིགས་པའི་དཔར་ལྟ་བུ་ཞིག་ལས་དངོས་ཡོད་ཀྱི་དཔར་ལྟ་བུ་ཞིག་མི་འདུག་བརྗོད་པར་ཁོང་གིས་ཕ་ཡུལ་གྱི་མི་ཚོ་འབུ་བརྐོ་རྒྱུའི་བྲེལ་ཟིང་ཆེ་ཡང་དེར་མཇལ་ཁ་འགྲོ་བཞིན་ཡོད་ཚུལ་བརྗོད་པ་ལས་མི་འདིས་མཐོང་འདུག་ཟེར་བ་ལྟ་བུ་གང་ཡང་བཤད་རྒྱུ་མི་འདུག་ ལོ་སྔོན་མ་ཨ་ཆོས་སྒར་ན་འཆལ་གཏམ་ཞིག་རྒྱ་ཁྱབ་ཏུ་ཕྱིན་འདུག་པ་དེ་ལྷང་ལྷང་དུ་དྲན་བྱུང་། དེ་ཡང་འདི་ལྟར། ཉིན་ཞིག་ཕ་ཡུལ་དུ་ཁ་དཔར་རྒྱག་སྐབས་ནང་མི་རྣམ་ཀྱིས་ང་ལ་ཁྱོད་དགའ་རུང་མ་དགའ་རུར་། ངེད་ཅག་ཡིད་ཚིམ་ནས་བསྡད་ཡོད་བརྗོད་བྱུང་བས་དེ་ཅི་རེད་དྲིས་པར། ཁོང་ཚོས་ཨ་ཆོས་མཁན་པོ་དགོངས་པ་རྫོགས་རྗེས་སྐུ་གདུང་ཇེ་ཆུང་དུ་སོང་སྟེ་མཐེ་བོང་ཙམ་ལས་མེད་པ་མཇལ་རྒྱུ་བྱུང་བས་བསྐལ་པ་བཟང་ཟེར། མུ་མཐུད་འདྲི་སྐབས་རྒྱང་ཐག་རིང་པོ་ནས་མ་གཏོགས་མཇལ་ས་མེད་པར་ལྕགས་རིའི་བསྐོར་འདུག་ཟེར། དེར་ངས་རྒྱང་ཐག་རིངདྲག་པས་སྐུ་གདུང་ཆུང་ངུ་ལས་མཇལ་མ་ཐུབ་པ་ཡིན་རྒྱུ་རེད་བརྗོད་པར་ལྟ་ལོག་ཁྱོད་ཡིད་མ་ཆེས་ན་འདྲ་དཔར་དངོས་གནས་མཇལ་རྒྱུ་ཡོད་ཚུལ་བརྗོད་བྱུང་། དེ་སྐབས་ངས་ངོས་ལེན་མ་འདོད་ཀྱང་ཁུ་སིམ་སྡོད་རྒྱུ་ལས་བྱ་ཐབས་བྲལ། རྗེས་སུ་འདྲ་དཔར་དེ་རྫུན་བསྒྲིགས་བྱས་པ་ཤེས་རྗེས་ཁོང་ལ་ཡིད་ཆེས་དང་དད་པ་ཡོད་མཁན་རྒྱ་རིགས་ཤེས་ལྡན་པ་མང་པོས་བློ་ཕམ་བྱེད་བཞིན་ཡོད་པ་གོ་ཐོས་བྱུང་བས་དེ་ལྟར་མིན་པའི་རེ་བ་ཡོད། དེ་རིང་ང་གོང་དུ་བཤད་པའི་གྲོགས་དང་ཐུག་འཕྲད་བྱུང་བས་གནས་ཚུལ་ཞིབ་འདྲི་བྱེད་སྐབས་ཁོས་པར་ཆས་བརྒྱུད་ནས་མཇལ་བ་ལས་མིག་གིས་མཇལ་མི་ཐུབ་ཚུལ་ཁོང་གི་ནང་མི་དང་སྐད་ཆ་བྱུང་འདུག གང་ལྟར་སྐུ་པར་སྒྲིག་བཞག་པའི་དཔར་ཆས་ཤིག་གི་བརྒྱུད་ནས་མཇལ་དགོས་ཀྱི་ཡོད་འདུག ཇི་འདྲའི་རྨོངས་དད་དང་ཇི་འདྲའི་ཡིད་ཆེས་ཆེ་བའི་མི་འདི་དག་ལ་འགོ་སྐོར་བཞིན་པའི་སྐྱེ་བོ་ཕྱོགས་མཐའ་ཀུན་ཏུ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག་ང་ཚོས་ཡིད་གཟབ་གནང་རྒྱུ་གལ་ཆེ།
མི་ཁག་ཅིག་གིས་མཐོང་བ་དང་། ཐོས་པ་མི་ཚང་མས་མཐོང་ཐུབ་པ་ཐོས་ཐུབ་པ་རེད་ཅེས་བཤད་ན་དེ་ནི་ཡིད་ཚིམ་པའི་སྐད་ཆ་ཞིག་གཏན་ནས་མ་རེད། དེང་རབས་ཚན་རིག་པས་དཔྱད་པའི་ཡུལ་ལས་འདས་པ། དེང་རབས་ཀྱི་ཆེས་ཡར་ཐོན་ཅན་གྱི་འཕྲུལ་རིགས་བཀོལ་བས་ཀྱང་ཐག་ཆོད་བྱེད་དཀའ་བ་མང་པོ་མང་པོ་ཞིག་འདུག ང་ཚོས་བྱ་དངོས་མང་པོ་ཞིག་གི་གྲུབ་ཚུལ་དང་གནས་ཚུལ་ལ་ཐག་ཆོད་དང་། སྡོམ་ཚིག་བཞག་དང་འཇོག་བཞིན་པ་ཡིན་ན་ཡང་། དེ་དག་ནི་སོ་སོའི་བློ་ངོར་ཤོང་ཙམ་དང་སོ་སོའི་བློ་ངོར་བདེ་ཙམ་ཞིག་ཁས་བླངས་ཏེ། ཐག་བཅད་པ་ལས་གྲུབ་དོན་ངོ་མ་ཞིག་ད་རུང་མང་པོ་ཞིག་ལ་འཇོག་ཐུབ་མེད་པས། ངས་ནི་བདེན་པ་ཡིན་ན་ཡང་ཐང་ཟེར་རྒྱུ་ཡིན།
དད་པ་ཡོད་ན་ཁྱི་སོ་ལས་རིང་སྲེལ་འཁྲུངས་ཟེར་བ་ནི་རིག་བྱེད་ཀྱི་གཏམ་རྒྱུད་ལྟར་རྒྱུ་མཚན་མེད་པའི་གཏམ་ཡིན་པས་འདིར་ཡིད་ཆེས་བྱེད་དགོས་ན་རིག་བྱེད་གཏམ་རྒྱུད་འདིར་འང་བདེན་ཁ་སྟེར་དགོས། དེ་མིན་ན་ངས་བཤད་པས་བདེན་དགོས་ལ་ཁྱོད་ཀྱིས་བཤད་པས་གཏི་མུག་གོ་ཟེར་བ་ཙམ་ལས་རྒྱུ་མཚན་མོ་གཤམ་གྱི་བུ་རེད།
མགོ་འཁོར་ནས་མི་ཚེ་བསྐྱལ་མཁན་ཚང་མ་ཡག་པོ་འདུག
དོན་འདི་ནི་གཏམ་བཟང་ཞིག་ཡིན་པ་ལས་མི་ལ་གནད་པ་དང་འཚེ་བ་ནི་སུ་ལའང་མེད་པས་རྨོངང་དད་དང་མི་ལ་ཁ་རྡུང་བྱ་དགོས་དོན་མི་འདུག་བསམ།
དད་པ་དག་སྣང་ལ་འདི་བདེན་དང་འདི་མི་བདེན་ཞེས་དཔྱོད་ལྡན་གྱི་སྐྱེས་བུ་སུས་ཀྱང་སྨྲ་མི་ཤེས་ཤིང་། མོས་ན་ཁྱི་ཡི་སོ་ལ་མེ་འབར་ཞེས་བོད་ནུབ་ཕྱོགས་པའི་ཁ་རྒྱུན་ན་གདའོ།།
གཟུགས་འདས་ཀྱི་དངོས་པོ་གང་ཡང་ཁས་མི་ལེན་པའི་དངོས་གཙོ་རིང་ལུགས་པ་ཞིག་མིན་པར། ཆོས་རྣམས་རྒྱུ་རྐྱེན་བརྟེན་འབྲེལ་དུ་ཁས་ལེན་མཁན་ཞིག་ཡིན་ན་འདི་ལ་མཐའ་གཅིག་ཏུ་ཡིད་མ་ཆེས་བྱེད་དོན་མི་འདུག་སྙམས།
སངས་རྒྱས་ལ་རྫུ་འཕྲུལ་ཡོད་པ་ཁེས་ལེན་ཚེ། མེ་ཏོག་ནང་ལ་རྫུ་འཕྲུལ་སྟོན་ཆོག། མགོ་མ་ཚོ་ན་ཀླད་པ་མ་རྡར་རོགས། དུས་ཚོད་ཕྲོགས་བརླག་རང་རེད།
རྒན་བློ་འཇམ་ལགས་ཀྱིས་གསུང་པ་དེ་བཞིན་ནོ། ད་ལོའི་དུས་དབང་རྗེས་༢༠༡༢ སྤྱི་ཟླ་༡ཚེས་༢༥ ཞོགས་པ་༧དགོང་ས་མཆོག་
རྒྱ་གར་དྷེ་ལི་བོད་པའི་མཐོ་སློབ་ཞིག་ལ་ཕེབས་དུས། ང་ཚོ་ཕྱོགས་ཁག་ནས་ཡོང་བའི་བོད་པ་འགའ་ཞིག་དང་སློབ་ཕྲུག་ཚོ་བསུ་བ་བཞུས་ནས་ཆུ་ཚོད་གཅིག་ཙམ་བསྡད། དེའི་རྗེས་སྐུ་བསྲུང་དམག་མི་དང་བཅས་༧དགོང་ས་མཆོག་གི་ཆིབས་གྲོ་དལ་བུར་ང་ཚོའི་མིག་ལམ་ལས་འདས། ངས་ངོ་ཤེས་པའི་རྒན་མོ་ཞིག་གིས་མིག་ཆུ་འདོན་བཞིན་སྟོན་པའི་སྐུ་དངོས་སུ་འོད་ཟེར་དང་བཅས་མཇལ་བྱུང།
ཅེས་གུས་པར་སྐད་ཆུང་ངང་བརྗོད་བྱུང། སྐབས་དེར་ཁོ་བོ་ཡིད་མ་ཆེད་པར་ཆིབས་གྲོ་ག་རེའི་ནང་དུ་མཇལ་བྱུང་ཞེས་འདྲིས་པ་ཡིན།
ལན་དུ་ཆིབས་གྲོའི་ནང་དུ་མ་རེད། ༧དགོང་ས་མཆོག་གི་ཆོབ་གྲོའི་སྟེང་དུ་སྐུ་ཐང་བཀྲམ་པ་ནང་བཞིན་འདུག། དེའི་འོག་ཆིབས་གྲོའི་ནང་དུ་༧སྐྱབས་མགོན་ཆེན་པོ་ཞལ་འཛུམ་མདངས་དང། ཕྱག་ཐལ་མོ་སྦྱར་གནང་མཛད་འདུག་ཅེས་ཟེར།
རྒས་མོ་དེ་ཆོས་པ་དགའ་རབས་ཤིག་དང་དུས་རྒྱུན་ནས་བརྫུན་མི་བཤད་མཁན་ལྟ་བུ་རེད། གལ་ཏེ་ཁོ་མོས་བརྫུན་བཤད་རུང་ཁོ་མོར་ཁེ་ཕན་གཏིལ་འབྲུ་ཙམ་ཡང་མེད་པ་ཤེས་བསལ་རེད།
ནོར་བཅོས་གནང་མཁན་ལ་དགའ་བསུ་ཡོད།
དངོས་ཡོད་གནས་ཚུལ་ཡིན་པའི་རེ་བ་ཡོད།
རྨོངས་དད་ཆེ་དྲག་མི་ཉན།
༧སྐྱབས་སུ་མཆི། ཧ་ལས་པ་རེད། ཟླ་བ་དང་མེ་ཏོག་ནང་ཕེབས་པ་ནང་ཞིན་ཧུའུ་ཅིང་ཏོ་གི་ནང་ལ་ཕེབས་ནས། རྡ་སའི་མ་ནི། བོད་རྒྱ་གཉིས་འཕན་གྱི་སྐོར་དེ་གསུང་ན་དེས་བོད་ཀྱི་འགྲོ་དོན་ངོ་མ་་་་་་་་་་་་་་་་
འདི་བདེན་མིན་གསལ་བཤདཞུ་མ་ཤེས་རུང་བྱུང་རིམ་ལྟ་བུ་ནི། འདི་ཟླའི་ཚེས་༡༠་དགོང་མོར་གྲོགས་ཏྲེ་ཧོར་དར་རྒྱས་པ་ཞིག་གིས་ཕྲན་ལ་ཁ་པར་འབྱོར་ཏེ་གཏམ་བཟང་ཞིག་ཡོད་ཅེས་བརྗོད་བྱུང་། སྐད་ཆ་འདྲི་སྐབས་དར་རྒྱས་དགོན་པའི་རྡོ་བཅལ་གས་ཏེ་མེ་ཏོག་ཅིག་འཁྲུངས་ཤིང་དེར་༧ གོང་ས་མཆོག་གི་སྐུ་གསལ་ལ་མ་གསལ་ཞིག་མཇལ་རྒྱུ་ཡོད་ཚུལ་བཤད་བྱུང་་བས་མུ་མཐུད་རྩད་གཅོད་བྱེད་སྐབས་ལྷོ་ཕྱོགས་སེ་ར་དགོན་དུ་ཡོད་པའི་ཁོང་གི་སྤུན་གྱིས་དེ་ལྟར་བརྗོད་བྱུང་ཟེར། ཁོས་ཇི་ལྟར་ཤེས་ཚུལ་འདྲི་སྐབས་བོད་དུ་ཁ་པར་བརྒྱབས་ནས་ཤེས་འདུག་པས་ཡིད་མ་ཆེས་ན་དཔར་ངའི་ངོ་དེབ་ཏུ་བཀོད་ཡོད་པས་དེར་ལྟོས་ཟེར། ངས་མུ་མཐུད་དུ་དཔར་དེ་འཁྲུལ་ཆས་ཀྱིས་བསྒྲིགས་པའི་དཔར་ལྟ་བུ་ཞིག་ལས་དངོས་ཡོད་ཀྱི་དཔར་ལྟ་བུ་ཞིག་མི་འདུག་བརྗོད་པར་ཁོང་གིས་ཕ་ཡུལ་གྱི་མི་ཚོ་འབུ་བརྐོ་རྒྱུའི་བྲེལ་ཟིང་ཆེ་ཡང་དེར་མཇལ་ཁ་འགྲོ་བཞིན་ཡོད་ཚུལ་བརྗོད་པ་ལས་མི་འདིས་མཐོང་འདུག་ཟེར་བ་ལྟ་བུ་གང་ཡང་བཤད་རྒྱུ་མི་འདུག་ ལོ་སྔོན་མ་ཨ་ཆོས་སྒར་ན་འཆལ་གཏམ་ཞིག་རྒྱ་ཁྱབ་ཏུ་ཕྱིན་འདུག་པ་དེ་ལྷང་ལྷང་དུ་དྲན་བྱུང་། དེ་ཡང་འདི་ལྟར། ཉིན་ཞིག་ཕ་ཡུལ་དུ་ཁ་དཔར་རྒྱག་སྐབས་ནང་མི་རྣམ་ཀྱིས་ང་ལ་ཁྱོད་དགའ་རུང་མ་དགའ་རུར་། ངེད་ཅག་ཡིད་ཚིམ་ནས་བསྡད་ཡོད་བརྗོད་བྱུང་བས་དེ་ཅི་རེད་དྲིས་པར། ཁོང་ཚོས་ཨ་ཆོས་མཁན་པོ་དགོངས་པ་རྫོགས་རྗེས་སྐུ་གདུང་ཇེ་ཆུང་དུ་སོང་སྟེ་མཐེ་བོང་ཙམ་ལས་མེད་པ་མཇལ་རྒྱུ་བྱུང་བས་བསྐལ་པ་བཟང་ཟེར། མུ་མཐུད་འདྲི་སྐབས་རྒྱང་ཐག་རིང་པོ་ནས་མ་གཏོགས་མཇལ་ས་མེད་པར་ལྕགས་རིའི་བསྐོར་འདུག་ཟེར། དེར་ངས་རྒྱང་ཐག་རིངདྲག་པས་སྐུ་གདུང་ཆུང་ངུ་ལས་མཇལ་མ་ཐུབ་པ་ཡིན་རྒྱུ་རེད་བརྗོད་པར་ལྟ་ལོག་ཁྱོད་ཡིད་མ་ཆེས་ན་འདྲ་དཔར་དངོས་གནས་མཇལ་རྒྱུ་ཡོད་ཚུལ་བརྗོད་བྱུང་། དེ་སྐབས་ངས་ངོས་ལེན་མ་འདོད་ཀྱང་ཁུ་སིམ་སྡོད་རྒྱུ་ལས་བྱ་ཐབས་བྲལ། རྗེས་སུ་འདྲ་དཔར་དེ་རྫུན་བསྒྲིགས་བྱས་པ་ཤེས་རྗེས་ཁོང་ལ་ཡིད་ཆེས་དང་དད་པ་ཡོད་མཁན་རྒྱ་རིགས་ཤེས་ལྡན་པ་མང་པོས་བློ་ཕམ་བྱེད་བཞིན་ཡོད་པ་གོ་ཐོས་བྱུང་བས་དེ་ལྟར་མིན་པའི་རེ་བ་ཡོད། དེ་རིང་ང་གོང་དུ་བཤད་པའི་གྲོགས་དང་ཐུག་འཕྲད་བྱུང་བས་གནས་ཚུལ་ཞིབ་འདྲི་བྱེད་སྐབས་ཁོས་པར་ཆས་བརྒྱུད་ནས་མཇལ་བ་ལས་མིག་གིས་མཇལ་མི་ཐུབ་ཚུལ་ཁོང་གི་ནང་མི་དང་སྐད་ཆ་བྱུང་འདུག གང་ལྟར་སྐུ་པར་སྒྲིག་བཞག་པའི་དཔར་ཆས་ཤིག་གི་བརྒྱུད་ནས་མཇལ་དགོས་ཀྱི་ཡོད་འདུག ཇི་འདྲའི་རྨོངས་དད་དང་ཇི་འདྲའི་ཡིད་ཆེས་ཆེ་བའི་མི་འདི་དག་ལ་འགོ་སྐོར་བཞིན་པའི་སྐྱེ་བོ་ཕྱོགས་མཐའ་ཀུན་ཏུ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག་ང་ཚོས་ཡིད་གཟབ་གནང་རྒྱུ་གལ་ཆེ། ཡིད་ཆེས་མ་གནང་རོགས་ཞེས་ཞུ་མ་ཤེས་ཀྱང་དད་པ་བྱེད་སྟངས་ཤེས་ན་ཡག་ཤོས་རེད། ༧གོང་ས་མཆོག་གིས་ཤེས་ནས་དད་པ་ཐོབ་པ་ཞེས་ཡང་ཡང་གསུང་བཞིན་པའི་རྒྱུ་མཚན་ཤེས་དགོས་སོ།
མེ་ཏོག་ནང་ལ་རྫུ་འཕྲུལ་སྟོན་པའི་ནུས་པ་ལྡན་ན་ཧུའུ་ཅིང་ཏོ་ལ་རྫུ་འཕྲུལ་ཞིག་མི་བསྟེན་པ་གང་ཡིན་ནམ་ཧཧཧཧཧཧཧཧཧཧཧཧཧ
རྒན་མོ་ཞིག་ནས་ཁྱི་སོ་ལ་དད་པ་བྱས་པས་འོད་ལས་སངས་རྒྱས་ཀྱི་སྐུ་དངོས་མ་སྣང་བ་གང་ཡིན་ནམ། ལན་རྒན་མོ་རང་ཉིད་ལ་སངས་རྒྱས་ཀྱི་སྐུ་མངོན་སུམ་དུ་མཇལ་བའི་རྐྱེན་མ་ཚང་བའི་རེད།
འདི་ནི་བོད་ཏྲེ་ཧོར་བཀྲ་ཤིས་དར་རྒྱས་དགོན་པ་རུ་མེ་ཏོག་གཅིག་གི་ནང་དུ་༧རྒྱལ་བ་དོན་གྱི་བདག་པོའི་སྐུ་མཇལ་ཐུབ་པའི་དངོས་བྱུང་གནས་ཚུལ་ཅིག་རེད། འདི་ནི་རིག་གསར་མཁས་པའི་རྟོག་བཟོ་བྱས་པ་མ་ཡིན་ལ་ཆོས་ལུགས་ལ་ཞེན་ཆགས་པའི་དབང་གི་རང་བཟོས་བྱས་པ་དེ་བས་མིན། འདི་ནི་བླ་སློབ་དམ་ཚིག་གཡོ་བ་མེད་པ་ཡོད་པའི་རྒྱུ་མཚན་གྱི་ཡིན་ནོ།
གོང་གི་གནས་ཚུལ་མཁོ་སྤྲོད་པ་འབྲུག་ཐར་བྱམས་པ་ལགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། འདི་ནི་ང་ཚོ་བོད་མི་ངོས་ནས་དངོས་གནས་དགའ་དགོས་པའི་གཏམ་བཟང་རེད། ༧གོང་ས་མཆོག་མེ་ཏོག་ནང་དུ་མཇལ་རྒྱུ་ཡོད་པ་ནི་རྨོངས་དད་བརྗོད་མི་རུང་ལ་ཟུར་ཟའི་སྐད་ཆ་དེ་བས་ཀྱང་བཤད་མི་རུང་། གནས་ཚུལ་འདི་ནི་ (བོད་དགའ་རྒྱ་སྡུག) ཅེས་གཏམ་རེད། ད་ལྟ་བོད་ནང་དུ་རྒྱ་དམར་གྱིས་དམ་དྲག་འདི་འདྲའི་ཆེ་ཡང་གཞི་བཞུགས་བོད་མིས་སེམས་ཤུགས་དང་བློ་ཁོག དད་པས་བརྗོད་པ་དེ་ལ་ཡིད་རང་དང་རྒྱབ་སྐྱོར་དགོས་པ་ལས་རྒྱ་གུང་ཁྲན་གནང་བཞིན་ཁ་རྡུང་སྤྲོད་བསྡད་ན་བོད་ལུས་ལེན་པ་གོ་མ་ཆད་བསམ།
བོད་ཀྱི་བང་ཆན་ནང་དུ་དེ་རིང་གི་གསར་འགྱུར།
ཁ་བྱང་འདི་བསྣན་ནས་གཟིགས་དང་ཡང་གནམ་ཡིག་བབས་འདུག རྨོངས་དད་ལོག་ལྟ་རེད་ཅེས་མ་ཟེར་མ་གཏོགས་སྙིང་རྩ་དུམ་བུར་གཏོང་གི་ཡིན་ཟེར་འདུག བོད་མི་རིགས་ལ་འདི་འདྲ་རང་དགོས་པ་ཡོད་ས་རེད།
http://www.tibetexpress.net/bo/home/2010-02-04-05-37-19/8221-2012-05-13-14-52-46
མེ་ཏོག་གོང་དུ་རིན་པོ་ཆེ་སྐུ་པར་མཇལ་གསུངས་པ་རེད་མཐའ་གཅིག་ཏུ་རྫུན་རེད་ཟེར་ནས་བཤད་ཚོད་མི་ཐིག་དེ་མཇལ་ཁ་འགྲོ་མཁན་མི་ཀུན་ལྐུག་པ་རྐྱང་རྐྱང་མ་རེད་ལ་ཁྱེད་ལས་བླུན་པ་རྐྱང་རྐྱང་ཡིན་རྒྱུ་མ་རེད། ཡང་མཐའ་གཅིག་ཏུ་བདེན་པ་རེད་ཟེར་ནས་ཞུ་ཚོད་མི་ཟིན་ཡིན་ཡང་བརྟག་དཔྱད་ཡག་པོ་བྱེད་དགོས། མི་འགའ་ལ་ཟླ་བའི་གོང་དུ་མཇལ་གསུངས་པ་དེ་རྫུན་རེད་ཞེས་སུས་ཀྱང་ཁོངས་སྐྱལ་ཐུབ་མེད། རང་ཉིད་ཀྱི་མ་མཐོང་བ་རྒྱུ་མཚན་ཙམ་ལས་གཞན་མེད་པའི་འདི་འདྲ་ཡི་རིགས་ལ་བཤད་པ་གཟབ་ཙམ་བྱེད་དགོས་རང་ཉིད་དབང་རྣོལ་ཡིན་འདོགས་དེས་ཁུངས་ཆུབ་དཀའ། རང་ཉིད་ངན་པ་ཞིག་ན་དུས་ལྷ་ལ་ལུང་བསྟན་ཞུ་བ་དང་མ་ན་བའི་སྐབས་སུ་དབང་རྣོལ་ཡིན་ཁ་བྱེད་མཁན་མང་དུ་མཐོང་སོང་། ལྐོག་གྱུར་ཆོས་འགྲེད་བརྗོད་མི་ཐུབ་མང་པོ་ཡོད། ཐོས་ཙམ་ཁས་ལེན་མི་བྱེད་པ་ལ་རྗེས་སུ་ཡི་རངས་ཡོད།
མི་ཀུན་གྱི་ཁམས་དང་བསམ་པ་མོས་པ་མི་འདྲ་བའི་དབང་གི་མཐུན་མཐོང་ཞེས་པ་དེ་ཁག་པོ་རེད། ཡིན་ཡང་རྫུན་མ་ཡིན་ན་རྫུན་རྐུབ་ཐོན་འོངས་སྙམ། དེ་བཞིན་ལྷ་སའི་ཇོ་བོ་ར་མ་རྒྱལ་མོ་དེ་མཇམ་སྐབས་མི་སོ་སོ་ལ་མདོག་མི་འདྲ་བ་རེད་མཇལ་གྱི་ཡོད། དེ་དབྱེ་ཞིབ་བྱེད་ཤིན་ཏུ་ཁ། དེ་བཞིན་བྱེ་བྲག་པ་ཞིག་མི་མང་དག་ཞིག་ལ་རྫིག་པོ་ཡོད་དམ་མེད་བགྲོ་གླེང་བྱས་དང་ཁ་ཤས་ཀྱིས་རྫིག་པོ་འདུག་ཁ་ཤས་ཀྱི་མི་འདུག་ཟེར་སྲིད་གང་བདེན་པ་ཡིན་པ་དབྱེ་དཀའ་དེ་ནི་རང་ཉིད་ལ་རྣ་བ་འགྲོ་མ་འགྲོ་དང་། ཆོས་ཕྱོགས་ནས་བཤད་ན་བག་ཆགས་སེལ་སྟོབས་ཀྱི་སྣང་ཚུལ་མང་པོ་གསུངས་ཡ་ཡོད་དེ་རེ་ཞིག་བཞག ཆོས་ཁས་ལེན་མི་ལེན་སྐད་ཆ་མེད་པ་སྤྱི་ཡོངས་ནས་བཤད་ན་མི་ཁྱད་པ་བ་ཞིག་དགྲ་གཉེན་བར་མ་གསུམ་གྱི་སྣང་ཚུལ་གསུམ་ཡོངས། དེ་དག་གཅིག་གི་ཅིག་ཤོས་ལ་ཁྱོད་ཀྱི་སྣང་ཚུལ་འཁྲུལ་བ་རེད་ཞེས་དང་ངའི་དེ་བདེན་ཞེས་སྨྲས་ཀྱང་གཞན་གཉིས་རྫུན་ཡིན་པའི་ཁོང་སྐྱེལ་སུ་ཀྱང་མི་ནུས་དེ་གསུམ་ཀས་སྣང་ཚུལ་བདེན་པ་ཡིན། དེ་འདྲ་སོང་ཙང་མཐུན་སྣང་ལ་དགུག་སྡོད་དགོས་བྱུང་ན་ཧ་ཅང་ཁག་པོ་རེད་སྙམ། ཡིན་ན་ཡང་དད་པའི་སྟོབས་ཀྱི་རང་ཉིད་ལ་སྣང་ཚུལ་མི་འདྲ་བ་ཏན་ཏན་ཡོངས་གི་ཡོད། འོན་ཀྱང་དད་པ་བྱེད་པ་ལ་ཤེས་ནས་དད་པ་དེ་བྱེད་ཐུབ་ན་བརྟན་པོ་ཡོད། རྒྱུ་མཆན་མ་ཤེས་པའི་དད་པ་ལ་བརྟན་པོ་མེད་པ་མ་ཚད་དེ་ལས་ལོག་ལྟ་སྐྱེ་སྲིད་པའི་འདིའི་ཕྱོགས་དངོས་གནས་གཟབ་གཟབ་བྱེད་དགོས་ཞིག་བློ་བསྟན་ནས་སླར་ཡང་རྨོངས་མཆན་ཞིག་མཛུག་རྩེ་ནས་ཐོན།
སྤྱི་ལོ་ཉིས་སྟོང༡༢ལོའི་ཟླ༥ཚེས ༦ དང་། བོད་ཟླ་དྲུག་པའི་ཚེས་བཅོ་ལྔའི་ཉིན།
བོད་ཤར་ཕྱོགས་མདོ་ཁམས་ཏྲེ་ཧོར་དར་རྒྱས་དགོན་པའི་ཆོས་རྭའི་ནང་དུ་མེ་ཏོག་ངོ་མཚར་ཅན་ཞིག་སྐྱེས་ཡོད་འདུག
འབྲུག་ཐར་བྱམས་པ་ལགས་ཀྱི་དངོས་གནས་ངོ་ཚར་ཞིག་མཇལ་བ་མ་ཟད་ཟླ་ཚེས་ཡང་ངོ་ཚར་ཞིག་བྲིས་འདུག་ལགས།།
མིག་ཡོད་ན་ཡག་པོ་ཀློག་ ་ ་
གནས་ཚུལ་མཁོ་སྤྲོད་པ་འབྲུག་ཐར་བྱམས་པས་ཚེས་གྲངས་ནོར་བཅོས་ཟིན་འདུག དེང་སང་སྤྱི་ཚོགས་ནང་ཁྱོད་འདྲ་བོ་མང་པོ་ཡོད་པ་རེད། རང་རྐྱེན་རྩ་བ་ནས་མ་མཐོང་། གཞན་རྐྱེན་ཆུང་ཆུང་ཡིན་ཡང་བརྗོད་འདོད་ཆེ། ཧཧཧ་ སྙིང་རྗེ་ཡ་དེ་འདྲ་མང་པོ་ཡོད་འདུག
རང་བྱོན་དང་གཏེར་ནས་ཐོན་པ་རྣམས་གཟུགས་གསལ་ལ་མ་གསལ
ཡོད་པ་རེད་ འཇལ་ཡོང་མཁན་ཚོས་མ་གཏོག་ཤེས་ཀྱི་མ་རེད་
འོན་ཀྱང་རྒྱ་མིས་བོད་མའི་ཆོས་དད་ལ་ རྨོང་དད་ཀྱི་སྒྲོ་མདོགས་
ཆེད་རྫུན་བཟོ་བྱེད་སྲིད་པ་རེད་་ ཟབ་ནན་བྱེད་གལ་ཆེ་
འདི་བདེན་མིན་གསལ་བཤདཞུ་མ་ཤེས་རུང་བྱུང་རིམ་ལྟ་བུ་ནི། འདི་ཟླའི་ཚེས་༡༠་དགོང་མོར་གྲོགས་ཏྲེ་ཧོར་དར་རྒྱས་པ་ཞིག་གིས་ཕྲན་ལ་ཁ་པར་འབྱོར་ཏེ་གཏམ་བཟང་ཞིག་ཡོད་ཅེས་བརྗོད་བྱུང་། སྐད་ཆ་འདྲི་སྐབས་དར་རྒྱས་དགོན་པའི་རྡོ་བཅལ་གས་ཏེ་མེ་ཏོག་ཅིག་འཁྲུངས་ཤིང་དེར་༧ གོང་ས་མཆོག་གི་སྐུ་གསལ་ལ་མ་གསལ་ཞིག་མཇལ་རྒྱུ་ཡོད་ཚུལ་བཤད་བྱུང་་བས་མུ་མཐུད་རྩད་གཅོད་བྱེད་སྐབས་ལྷོ་ཕྱོགས་སེ་ར་དགོན་དུ་ཡོད་པའི་ཁོང་གི་སྤུན་གྱིས་དེ་ལྟར་བརྗོད་བྱུང་ཟེར། ཁོས་ཇི་ལྟར་ཤེས་ཚུལ་འདྲི་སྐབས་བོད་དུ་ཁ་པར་བརྒྱབས་ནས་ཤེས་འདུག་པས་ཡིད་མ་ཆེས་ན་དཔར་ངའི་ངོ་དེབ་ཏུ་བཀོད་ཡོད་པས་དེར་ལྟོས་ཟེར། ངས་མུ་མཐུད་དུ་དཔར་དེ་འཁྲུལ་ཆས་ཀྱིས་བསྒྲིགས་པའི་དཔར་ལྟ་བུ་ཞིག་ལས་དངོས་ཡོད་ཀྱི་དཔར་ལྟ་བུ་ཞིག་མི་འདུག་བརྗོད་པར་ཁོང་གིས་ཕ་ཡུལ་གྱི་མི་ཚོ་འབུ་བརྐོ་རྒྱུའི་བྲེལ་ཟིང་ཆེ་ཡང་དེར་མཇལ་ཁ་འགྲོ་བཞིན་ཡོད་ཚུལ་བརྗོད་པ་ལས་མི་འདིས་མཐོང་འདུག་ཟེར་བ་ལྟ་བུ་གང་ཡང་བཤད་རྒྱུ་མི་འདུག་ ལོ་སྔོན་མ་ཨ་ཆོས་སྒར་ན་འཆལ་གཏམ་ཞིག་རྒྱ་ཁྱབ་ཏུ་ཕྱིན་འདུག་པ་དེ་ལྷང་ལྷང་དུ་དྲན་བྱུང་། དེ་ཡང་འདི་ལྟར། ཉིན་ཞིག་ཕ་ཡུལ་དུ་ཁ་དཔར་རྒྱག་སྐབས་ནང་མི་རྣམ་ཀྱིས་ང་ལ་ཁྱོད་དགའ་རུང་མ་དགའ་རུར་། ངེད་ཅག་ཡིད་ཚིམ་ནས་བསྡད་ཡོད་བརྗོད་བྱུང་བས་དེ་ཅི་རེད་དྲིས་པར། ཁོང་ཚོས་ཨ་ཆོས་མཁན་པོ་དགོངས་པ་རྫོགས་རྗེས་སྐུ་གདུང་ཇེ་ཆུང་དུ་སོང་སྟེ་མཐེ་བོང་ཙམ་ལས་མེད་པ་མཇལ་རྒྱུ་བྱུང་བས་བསྐལ་པ་བཟང་ཟེར། མུ་མཐུད་འདྲི་སྐབས་རྒྱང་ཐག་རིང་པོ་ནས་མ་གཏོགས་མཇལ་ས་མེད་པར་ལྕགས་རིའི་བསྐོར་འདུག་ཟེར། དེར་ངས་རྒྱང་ཐག་རིངདྲག་པས་སྐུ་གདུང་ཆུང་ངུ་ལས་མཇལ་མ་ཐུབ་པ་ཡིན་རྒྱུ་རེད་བརྗོད་པར་ལྟ་ལོག་ཁྱོད་ཡིད་མ་ཆེས་ན་འདྲ་དཔར་དངོས་གནས་མཇལ་རྒྱུ་ཡོད་ཚུལ་བརྗོད་བྱུང་། དེ་སྐབས་ངས་ངོས་ལེན་མ་འདོད་ཀྱང་ཁུ་སིམ་སྡོད་རྒྱུ་ལས་བྱ་ཐབས་བྲལ། རྗེས་སུ་འདྲ་དཔར་དེ་རྫུན་བསྒྲིགས་བྱས་པ་ཤེས་རྗེས་ཁོང་ལ་ཡིད་ཆེས་དང་དད་པ་ཡོད་མཁན་རྒྱ་རིགས་ཤེས་ལྡན་པ་མང་པོས་བློ་ཕམ་བྱེད་བཞིན་ཡོད་པ་གོ་ཐོས་བྱུང་བས་དེ་ལྟར་མིན་པའི་རེ་བ་ཡོད། དེ་རིང་ང་གོང་དུ་བཤད་པའི་གྲོགས་དང་ཐུག་འཕྲད་བྱུང་བས་གནས་ཚུལ་ཞིབ་འདྲི་བྱེད་སྐབས་ཁོས་པར་ཆས་བརྒྱུད་ནས་མཇལ་བ་ལས་མིག་གིས་མཇལ་མི་ཐུབ་ཚུལ་ཁོང་གི་ནང་མི་དང་སྐད་ཆ་བྱུང་འདུག གང་ལྟར་སྐུ་པར་སྒྲིག་བཞག་པའི་དཔར་ཆས་ཤིག་གི་བརྒྱུད་ནས་མཇལ་དགོས་ཀྱི་ཡོད་འདུག ཇི་འདྲའི་རྨོངས་དད་དང་ཇི་འདྲའི་ཡིད་ཆེས་ཆེ་བའི་མི་འདི་དག་ལ་འགོ་སྐོར་བཞིན་པའི་སྐྱེ་བོ་ཕྱོགས་མཐའ་ཀུན་ཏུ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག་ང་ཚོས་ཡིད་གཟབ་གནང་རྒྱུ་གལ་ཆེ། བཀྲིས་བདེ་ལེགས
ཡུལ་གྱར་བ་འདི་སེམས་པ་ཐང་ཐང་ཡོད་ས་མ་རེད།
གང་དེར་ལ་རྒྱ་བདག་པོ་ཞུ་བ་དེའི་གང་ཡང་མ་ཤེས་པའི་ཁར་མཐོང་ཐོས་བྱུང་བ་དང་སྐུ་པར་དེ་དང་འབྲེལ་བའི་གནས་ཚུལ་འདི་རྫུན་བཟོ་ཡིན་ཚུལ་གྱི་ཧམ་བཤད་བྱེད་འགོ་བཙུགས་པ་ནི་ཁུངས་མེད་ལུང་མེད་ལས་གཞན་ཅི་ཞིག་ཡོད། ཁྱེད་ལྟར་ན་བོད་ནང་དུ་གནས་ཚུལ་ཇི་བྱུང་པར་སོགས་དུས་ཐོག་འབྱོར་ཆོག་ཆོག་ཡིན་པ་བསམ་མོད། དེ་ཚོ་ནི་རྨི་ལམ་ཙམ་ལས་དོན་དངོས་དང་མི་མཐུན་པས་བསམ་བློ་ནན་གྱི་གཏོང་ན་དགའ། གནས་ཚུལ་འདི་བྱུང་ནས་ད་བར་བདུན་ཕྲག་གསུམ་ཙམ་ཕྱིན་ཟིན་པ་མ་ཟད་བོད་སྟོད་སྨད་བར་གསུམ་ནས་་ཉིན་རེ་མི་བརྒྱ་ཕྲག་གསུམ་བཞི་ཙམ་ངོ་མཚར་གྱི་མེ་ཏོག་འདིར་མཇལ་ཁ་བཅར་བཞིན་ཡོད་མུས་དང་། ཡིད་ཆེས་འཕེལ་བའི་སྐུ་པར་སྣ་ཚོགས་ངོ་དེབ་མང་པོའི་ཐོག་ཏུ་འདུག་པའང་མ་གཟིགས་སམ། ད་དུང་ཡང་གནས་ཚུལ་འདི་དངོས་བྱུང་ཡིན་པ་དཔང་པོ་འཕེལ་བའི་མི་དང་སྐུ་པར་སོགས་ཡོད་ནའང་ཡིད་ཆེས་མེད་ན་རེ་ཞིག་བཏང་སྙོམས་སུ་བཞུགས་ན་ལེགས།
གོང་དུ་་རིག་པའི་གྲོགས་པོ་མང་པོ་ཞིག་གི་མེ་ཏོག་དེའི་ནང་དུ་༸གོང་ས་མཆོག་གི་སྐུ་པར་དངོས་སུ་མཇའ་རྒྱུ་ཡོད་པའི་དངོས་བྱུང་གནས་ཆུལ་དེ་ལ་རང་རང་གི་བསམ་ཚུལ་མང་པོ་ཞིག་སྤེལ་འདུག་ཀྱང་་།ཁག་ཅིག་གིས་དེ་དངོས་བདེན་ཞིག་མིན་པར་མི་མང་མགོ་བསྐོར་གཏོང་བ་དང་དོན་མེད་རྗུན་བཟོ་བྱས་པ་རེད་ཅེས་གསུང་།་་་དེ་ནི་དོན་མེད་རྗུན་བཟོ་བྱས་པ་ཞིག་གཏན་ནས་མིན་པ་ཐ་ད་དུང་ཡང་ས་གནས་མི་མང་དང་ཕྱོགས་མཐའ་ཁག་ནས་མཇའ་ཁ་བ་འཚམ་ཁ་ཤིག་ཤིག་ཡོང་གི་ཡོད།་་་་་ད་དུང་ས་ཐག་རིང་བའི་ལྷ་ས་དང་ལི་ཐང་སོགས་ནས་ཀྱང་ཡོང་གི་འདུག་་ཞེས་གནས་ཚུལ་ཁ་པར་བརྒྱུད་ནས་ཁ་རྩངས་རང་ཡང་གོ་བྱུང་།་་་་་་་་་་་་་་་་་་དྲ་གྲོགས་མེ་ཏོག་དཀར་པོས།་་་་་ངས་བསམ་པ་རྣམ་དུ་ཕབ་ནས་བཤད་ཡོད་ཅེས་པ་ནི་དོན་དངོས་གང་ཡིན་མ་བརྟགས་པ་རང་འདོད་ཀྱི་སྨྲ་བའི་གཏམ་དུ་སེམས་སོ།་་ཁོས་པས་དགག་ཕྱོགས་མ་གཏོགས་སྒྲུབ་ཕྱོགས་གཏན་ནས་རིག་པའི་ལས་ནས་རྩོད་མ་མྱོང་བ་འདྲ་་་་་་་་་་་་་་་་་།ཁོང་པས་ཁ་ཡར་གྲགས་དགག་ཕྱོགས་རྐྱང་རྐྱང་རེད་འདུག་་།དྲ་གྲོགས་ཚོ་་པར་དེ་གསལ་བོ་མེད་པ་ནི་ཁ་ཐོགས་ཁ་པར་ནས་པར་བརྒྱབ་དུས་དེ་འདྲ་ལས་གསལ་པོ་ཅིག་ཕལ་མོ་ཆེ་བ་དེ་གསལ་བོ་ཐོན་གྱི་མི་འདུག་ཟེར།་་་་་་་་་རེ་ཟུང་གསལ་བོ་འདུག་ཟེར་ཀྱང་།་་་༸གོང་ས་མཆོག་དངོས་སུ་པར་སྒྲོན་པ་ནང་བཞིན་གསལ་བོ་མི་འདུག་ཟེར།་་་་་་་་་་་་དེའི་སྐོར་ཤེས་འདོད་ན་་་བང་ཆེན་གསར་ཤོག་དང་བང་ཆེན་ཟིན་བྲིས་དུ་་་་བྱམས་པ་དབང་ལྡན་གྱི་ཟིན་བྲིས་དུ་དེའི་སྐོར་གནས་ཚུལ་སྤེལ་ཡོད་་་་ཡང་ན་བདག་གི་ངོ་དེབ་་་་jampawangden་ཁ་བྱང་ཐོག་ཕེབས་མཁྱེན་ཐུབ།
ཁ་ཐོགས་ཅེས་པ་་་ལག་ཐོགས་ཁ་པར་ལ་བཅོས་རོགས།
དྲ་གྲོགས་ཡུལ་གྱར་བས་་་། ཇི་འདྲའི་རྨོངས་དད་དང་ཇི་འདྲའི་ཡིད་ཆེས་ཆེ་བའི་མི་འདི་དག་ལ་འགོ་སྐོར་བཞིན་པའི་སྐྱེ་བོ་ཕྱོགས་མཐའ་ཀུན་ཏུ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག་ཟེར་བ་ནི་དོན་དངོས་དང་མི་མཐུན་པའི་རྙོག་གཏམ་ཅིག་ཏུ་འདོད་་་།་སྔོན་མ་གནས་ཚུལ་དེ་འདྲ་ཞིག་གི་མགོ་སྐོར་གཏོང་ཡོད་ཀྱང་་་དེང་སང་དོན་དངོས་སུ་བྱུང་བའི་གནས་ཚུལ་རྗུལ་སྒྲིག་དང་མི་མང་བསླུ་ཁྲིད་བྱས་ཀྱིན་འདུག་ཟེར་ན་་་་་ཤེས་པ་རང་བཞིན་དུ་མི་གནས་པའི་སྐད་ཆ་མ་རེད་དམ།་་་་་་་་་དེར་འདྲ་རྫུན་སྒྲིག་བྱས་པ་ལ་ཕན་ཐོག་ཅི་ལ་ཡོད།་་་ཤེས་བྱ་མཐའ་དག་རྡོག་རྡོག་མ་ཡིན་པ་མཁྱེན་པར་འཚལ།