ཀླུ་སྨྱོན་ཧེ་རུ་ག
—སྐུ་ཞབས་སེང་རྡོར་གྱིས་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་དང་དེ་མིན་སློབ་གྲྭ་ཞིག་ཏུ་གཏམ་བཤད་བྱས་པ་ཞིག་ལ་ཉན་རྗེས།
ངས་ སྐུ་ཞབས་སེང་རྡོར་གྱི་དེབ་ཉག་གའི་ལྗང་སེར་གློ་དམར་ཞེས་པ་དེ་བཀླགས་མ་མྱོང་ མོད། དེབ་དེའི་སྐོར་མི་གཞན་གྱིས་ཐེངས་མང་གླེང་བརྗོད་སྤེལ་བ་དང་། རྩོམ་པ་པོ་ཁོང་གིས་ཉེ་ཆར་ཐེངས་གཉིས་ལ་རླུང་འཕྲིན་ཁང་དང་སློབ་ཆེན་ཞིག་ཏུ་ དེའི་སྐོར་གཏམ་བཤད་སྤེལ་སོང་ལ། གཏམ་བཤད་དེ་གཉིས་ཀའི་སྐབས་སུ་ཁོ་བོའི་སེམས་ནང་གྲ་སྒྲིག་ཅིག་བྱས་ཏེ་བསྡད་པ་ ནི་སེང་རྡོར་གྱི་རྩོམ་སྤྱི་ཁྱབ་ནས་མ་ཡིན་པར་ཁོང་གི་དེབ་དེའི་མིང་བྱང་ཉག་ གའི་ལྗང་སེར་གློ་དམར་ཞེས་པའི་ཐ་སྙད་དེའི་བསྟན་དོན་ཡིན། སེང་རྡོར་ལགས་ཀྱིས་ཐེངས་རེ་རེ་བཞིན་ཉག་གའི་ལྗང་སེར་གློ་དམར་ཞེས་པའི་ཐ་སྙད་ དེའི་གོ་དོན་འགྲེལ་དུས་ཉག་ག་དེ་ནས་ཕར་འགྲོ་ཚུར་ཡོང་གི་མི་དེ་ཚོའི་སྐེ་རགས་ སོགས་ཀྱི་ཁ་དོག་ལ་འགྲེལ་བརྗོད་བྱས་སོང་ལ། འགྲེལ་བརྗོད་དེ་དག་རེ་རེ་བཞིན་ཉག་གའི་ལྗང་སེར་གློ་དམར་ཞེས་པའི་ཐ་སྙད་དེ་དང་འཚམ་པོ་བྱུང་། ཡིན་ཡང་ཁོ་བོའི་སེམས་ནང་ད་དུང་ཁོང་གིས་ཉག་ གའི་ལྗང་སེར་གློ་དམར་ལ་དེ་ལས་ཀྱང་ཡིད་དབང་འཕྲོག་པའི་འགྲེལ་བཤད་ཅིག་ཅི་ལ་མི་ རྒྱག་པ་ཡིན་ནམ་སྙམ་པའི་ཀུན་སློང་ངམ་འཆར་སྣང་ཞིག་ངང་གིས་སྐྱེས་སོང་།
གལ་ སྲིད་ཁྱོད་རང་འབྲོག་པའི་རྩྭ་ཐང་ལ་ཆ་རྒྱུས་ཡོད་ཅིང་འབྲོག་པའི་བུ་མོ་ཚོར་ མྱོང་བ་ཟབ་པའི་མི་ཞིག་ཡིན་པ་དང་། ད་དུང་སྐུ་ཞབས་སེང་རྡོར་བཞིན་འབྲོག་མོ་ཚོའི་སྐེ་རགས་བཤིགས་མྱོང་ཞིང་འབྲོག་ མོ་ཚོའི་དོར་མ་འཕུད་མྱོང་བའི་མི་ཞིག་ཡིན་ན། ལས་ཀ་ཚབས་པོ་ཆེ་དེ་དག་གི་སྔོན་འགྲོར་གྱུར་པའི་བྱ་བ་ཞིག་ཉག་ གའི་ལྗང་སེར་གློ་དམར་ཞེས་པའི་ཐ་སྙད་འདིས་གློ་བུར་ཐོག་རྒྱག་ཏུ་ཀླད་པའི་ནང་ དུ་དྲུད་ཡོང་གི་རེད། རྩྭ་ཐང་གི་གཤིས་ཀ་བབ་ཆགས་ཤིང་སྐྱེ་གཟུགས་མཛེས་ཤིང་སྡུག་པའི་བུ་མོ་དེ་ཚོ་དང་ མཉམ་དུ་བརྩེ་དུང་གི་གླུ་ཆུང་ལེན་ཞིང་བརྩེ་དུང་གི་བྲོ་བ་མྱོང་ན་འདོད་པའི་མི་ ཞིག་ཡིན་ཚེ། ཆེས་ཐོག་མར་ཡིད་ལ་ངང་གིས་འཆར་ཡོང་བ་ཞིག་ནི་འབྲོག་མོ་དེ་ཚོའི་གནག་སྣམ་གྱི་ སྐྲ་ལོ་ཕལ་ཆེར་བཀབ་ཅིང་མཛེས་སྡུག་གི་ཞལ་རས་ཀྱང་ཕྱེད་ཙམ་བཏུམས་པའི་མགོ་ དཀྲིས་ལྗང་སེར་གློ་དམར་ཞིག་ག་དུས་ཡིན་ཡང་མིག་མདུན་ནས་ཡལ་བ་མེད་པར་གནས་སྲིད་པ་དེ་རེད། གལ་སྲིད་ཁྱེད་ཀྱིས་མགོ་དཀྲིས་ལྗང་སེར་གློ་དམར་དེ་འདྲ་ཞིག་འབྲོག་མོ་ཞིག་གི་ལག་ནས་བཙན་འཕྲོག་བྱེད་ཐུབ་ན་དོ་དགོང་ཁྱེད་རང་འབྲོག་མོ་དེའི་ཞག་གཅིག་གི་ཤ་མཆིན་པ་གླན་ནས་ཉལ་རོགས་སུ་འགྱུར་ཐུབ་པར་རེ་བ་ཆེན་པོ་ཞིག་ཅི་ལ་མེད།
དེ་ ལྟར་འབྲོག་མོ་ཚོར་ཆ་རྒྱུས་ཟབ་ཅིང་མྱོང་རྒྱུས་ཆེ་བའི་སྐུ་ཞབས་སེང་རྡོར་གྱིས་ ཀྱང་ཉག་གའི་ལྗང་སེར་གློ་དམར་ལ་འགྲེལ་བརྗོད་བྱེད་དུས་མི་ཞིག་གི་ལུས་ཕྱེད་ མཐོང་ན་མ་གཏོགས་མིག་སྣང་མི་མངོན་པའི་སྐེ་རགས་ལྗང་སེར་གློ་དམར་དེ་ཚོའི་ཚབ་ ཏུ་རྩྭ་ཐང་གི་འབྲོག་མོ་ཞིག་གིས་མགོ་མདའ་མཐོང་དུས་ཅི་དམར་རོལ་མྱོང་བྱེད་ཐུབ་ པའི་མགོ་དཀྲིས་ལྗང་ སེར་གློ་དམར་དེ་ཚོ་ཁྱེད་ཚང་གི་ཉག་ག་དང་ངེད་ཚང་གི་ཉག་ག་དེ་ཚོའི་ཁ་ནས་ནངས་མོ་ དང་དགོང་དྲོ་གང་ཡིན་ལ་མཐོང་ཐུབ་པ་དང་། མཐོང་ཐེངས་རེ་རེ་བཞིན་དཔུང་ཤ་སྟུག་ཅིང་བྲང་ཤ་ཆེ་བའི་རྩྭ་ཐང་གི་གསར་རྒོད་ཅི་ ཙམ་ཞིག་གིས་ཞག་གཅིག་གི་བརྩེ་དུང་གི་དྲོལ་ཁོལ་ཅི་ལྟར་མྱོང་རྒྱུའི་སྐོར་ལ་ བསམ་བློ་ག་ཚོད་ཅིག་བཏང་ཡོད་པ་དང་། བསམ་བློ་དེས་བསྒུལ་ཏེ་ཉག་ གའི་ལྗང་སེར་གློ་དམར་དེ་ལག་ཏུ་ལོན་ཐབས་ཀྱི་སྦྱོར་བ་ག་ཚོད་ཅིག་བཤམས་དང་ཤོམ་ བཞིན་ཡོད་པའི་ང་ཚོའི་ལྷིང་འཇགས་ཀྱི་རྩྭ་ཐང་ཆེན་པོའི་མཐའ་མེད་པའི་གཏམ་རྒྱུད་ ཀྱི་ཡིག་འབྲུ་རེ་རེ་བཞིན་སེམས་ནང་འཁོར་ཡོང་དགོས་པ་ཞིག་ལོས་ཀྱང་ཡིན།
ཉག་ གའི་ལྗང་སེར་གློ་དམར་གྱིས་ང་ལ་བཞག་པའི་ཚོར་བ་དེ་ངས་ཀྱང་ཆུང་དུས་ལོ་བཅུ་ དྲུག་བར་དུ་མྱངས་ཤིང་བརྒྱུད་དེ་འོངས་པས། ད་ལྟ་མི་ལུས་ས་མཐར་འཁྱམས་ཤིང་མི་སེམས་རྒུད་པར་ཕྱོགས་པའི་དུས་སྐབས་འདི་འདྲ་ ཞིག་ལ་ཡང་། ཉག་ གའི་ལྗང་སེར་གློ་དམར་ཞེས་པའི་ཐ་སྙད་མཛེས་ཤིང་བབ་ཆགས་པ་འདི་དག་མཐོང་ཐེངས་རེ་ རེ་བཞིན། ང་ཚོའི་རྩྭ་ཐང་གི་མཛེས་སྡུག་ལྡན་ཞིང་ཕྱི་ཐག་རིང་བའི་འབྲོག་མོ་དེ་དག་གི་མགོ་ དཀྲིས་ཡིད་དུ་འོང་བ་དེ་དག་ཁོ་བོའི་ཡིད་ལ་དབང་མེད་དུ་ཤར་བའི་རྐྱེན་གྱིས། གོང་གི་བསམ་ཚུལ་འདི་དག་མི་སྤེལ་ཐབས་མེད་ཅིག་བྱུང་སོང་ལ། སྐུ་ཞབས་སེང་རྡོར་གྱི་ཉག་ གའི་ལྗང་སེར་གློ་དམར་སྐོར་གྱི་བགྲོ་གླེང་ཐེངས་རྗེས་མ་དག་ཏུ་དགེ་ཆོས་ཀྱིས་ ཤར་མོ་འགྲམ་དམར་མ་འདི་ཚོ་རང་དགར་འཇོག་མི་རུང་བའི་དྲན་སྐུལ་བྱས་པ་བཞིན་དུ་ང་ཚོའི་འབྲོག་མོ་འགྲམ་དམར་མ་ཚོའི་མགོ་དཀྲིས་ལྗང་སེར་གློ་དམར་དེ་ཚོ་ཡང་ བཏང་སྙོམས་སུ་འཇོག་དགོས་པའི་རྒྱུ་མཚན་ཅི་ཡང་མེད་པར་འདོད་དོ།།
གཤམ་དུ་རྡེག་གནོན་བྱེད་པའམ་དྲ་ཐག་སྤྱད་དེ་སེང་རྡོར་གྱི་བགྲོ་གླེང་ལ་གསན་པར་འཚལ།
http://www.qhtb.cn/zhibo/375/2012-04-27/9869.html
ཀླུ་སྨྱོན་ལགས། འབྲེལ་ཐག་དེ་འདི་རུ་ཞོག་མ་གཏོགས་རྩོམ་གྱི་བྲོ་བའི་བརྒྱ་ཆ་ལྔ་བཅུ་དེ་འབྲེལ་ཐག་དེའི་སྒང་ན་འདུག་བསམ་སོང་།
ང་ལོ་སྔ་མའི་སྟོན་དུས། རྒྱ་གར་རྒྱལ་སར་ཛམ་གླིང་ནང་པ་སངས་རྒྱས་པ་འཛོམས་པའི་ཚོགས་འདུས་སུ་སླེབས། བུ་མོ་ཞིག་གིས་བོད་ཀྱི་བུད་མེད་ཆས་གོས་རྒྱ་ནག་གོས་ཆེན་སྔོན་མོ་ལ་བཟོས་པ་ཞིག་གྱོན། དང་པོ་ངས་བོད་མོ་ཞིག་ཡིན་ངེས་བསམས་ཀྱང་། བུ་མོ་དེ་ལ་དྭགས་བླ་མ་བློ་བཟང་གིས་ཚ་མོ་ཡིན་འདུག མོས་རྒྱ་ནག་གོས་ཆེན་གྱོན་པ་ལྟ་ཅི་སྨོས། ལ་དྭགས་པ་བླ་མ་དག་གིས་ཀྱང་། རང་གི་ཡུལ་ནས་འཐོན་པའི་སྣམ་བུ་ལེགས་པ་དག་མི་གྱོན་པར་རྒྱ་ནག་སོགས་ནས་འཐོན་པའི་དར་གོས་སོགས་སྐུ་ལ་གསོལ། དེ་བཞིན་བར་འདི་ན་ཡོད་པའི་མདོ་སྨད་བུད་མེད་རྣམས་ཀྱི་ཆས་གོས་དག་ཀྱང་མང་ཆེ་བ་རྒྱ་ནག་གི་གོས་ཆེན་ཡིན་འདུག ད་ལྟ་ཙམ་མིན་པར་ལོ་ངོ་སྟོང་ཕྲག་གཉིས་ལྷག་སྔོན་དྱ་ཡང་རྒྱ་ནག་གོས་ཆེན་དེ་ཕྱི་རྒྱལ་ཁབ་མང་པོར་རིན་ཐང་ཅན་དུ་གྱུར་པར་མངོན། ལོ་ངོ་བདུན་ཅུ་ཙམ་སྔོན་བོད་གཞུང་གི་སྐུ་དྲག་ཁ་ཤས་རྒྱ་གར་གྱི་མེས་པོ་གན་དཧི་མཇལ་སྐབས་སུ་ཡང་རྒྱ་ནག་ཏུ་བཟོས་པའི་དར་གོས་ཤིག་ཕུལ་པ་ན། འདི་ག་པར་བཟོས། ཞེས་དྲིས། རྒྱ་ནག་ཏུ་བཟོས། ཞེས་ལན་དེ་ལ། གན་དཧིས་བོད་རང་དུ་བཟོས་པ་ཞིག་བྱུང་ན། དགའ་ཞེས་བཤད་པ་ཐོས་སོ།།
ལ་དྭགས་ལེགས། བདག་ཉིད་ཆེན་པོ་དེས་རྒྱ་ནག་གོས་ཆེན་མ་ཡིན་པར་རྒྱ་ནག་ནས་ཐོན་པའི་ཁ་དར་ལ་གསུངས་པ་རེད། སྐུ་དྲག་དེ་ནི་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ཡིན་སྣང་ངོ་།།
རྒྱ་ནག་གི་དར་གོས་དང་། རྒྱ་ཇས་བོད་པ་རྣམས་བསླུས་པ་རེད། སོག་པོས་དར་གོས་བེད་སྤྱད་ཀྱང་། འོ་ཇ་དཀར་པོ་རྐྱང་རྐྱང་འཐུང་ནས་བསྡད་ཐུབ་ཙང་ད་ལྟ་རང་བཙན་རྒྱལ་ཁབ་གཅིག་ཏུ་གྱུར་ཐུབ་པ་རེད། ངའི་སྐད་ཆ་འདི་སུས་ཡིད་ཆེས་སྲིད་དམ།
མེ་ཏོག་ལེགས། དེ་རང་ཡིན་འདུག དེའི་དུས་ཞྭ་སྒབ་པའི་སྐུ་མཆེད་སྐུ་ངོ་ཐུབ་བསྟན་ཚེ་འཕེལ་བཀྲས་ཁང་མཆོག་སོགས་བོད་ཀྱི་སྐུ་དྲག་གི་ཁྱུ་གཅིག་ཨ་རི་སོགས་ལ་བོད་ཀྱི་ཚོང་ལས་རྒྱ་ཆེར་སྤེལ་བ་ལ་བཀའ་མོལ་མཛད་ཕྱིར་ཕེབས་པ་ཡིན་སྐུ་ངོ་བཀྲས་ཁང་མཁན་ཆུང་གིས་གསུངས་སོ།།
ངའི་ཕ་ཡུལ་གྱི་འདི་ཚོ་ངོ་མ་མཛེས་མ་རེད་ཡ།
འ་ཁ་ཁ་ཡང་བུ་མོ་བྲིས་མི་འདུག
དཀྱིལ་གྱི་མཛེས་མ་དེ་ཕྱི་གླིང་མ་ཞིག་དང་འདྲ་བོ་འདུག
མགོ་དཀྲིས་གློ་མར་མ་གཏོགས་ལྗང་སེར་ཞིག་མཐོང་ཡ་མི་འདུག་ག
༄༅། ། ངི་གཉིས་ཚེ་འདིར་མཇལ་བར་མ་འགྱུར་ན། ། ངུ་བ་སྤངས་བའི་བདེ་ལྡན་ལྗོངས་ཤིག་ནས། ། ངེ་ཁྱོད་མེད་པར་བརྩེ་བའི་མཛའ་གྲོགས་སུ། ། ངོ་ཤེས་བཞིན་དུ་འཕྲད་པའི་སྨོན་ལམ་འདེབས། ། ངི་ངེའི་བརྡ་དག་འདི་འདྲའང་ཡོད་མོད་ཀྱང་། ། ངུ་ངག་སྐྱོང་བའི་བྱིས་པས་ག་ལ་ཤེས། ། ངེ་རང་ལྟ་བུར་གཞུང་མང་ལྟོས་ཤིག་དང་། ། ངོ་ཏི་བརྒྱ་སྟོང་སྙིང་ལ་ས་ལེར་འཆར། ། ངི་འདི་ཡུལ་གྱི་བྱེ་བྲག་འགའ་ན་ཡོད། ། ངུ་ནི་བོད་རིགས་ཀུན་གྱི་ཐུན་མོང་སྟེ། ། ངེ་ཡང་སྒྲ་རྒྱན་མང་པོར་སྣང་ངོ་ཞེས། ། ངོ་ཤེས་ནང་མར་དངོས་མའི་གསང་གཏམ་བསྒྲགས། ། ང་ནི་བརྒྱད་ཅུའི་རྒན་པོར་ཉེ་ན་ཡང་། ། ང་རྒྱལ་མ་ཡིན་བློ་ཡི་རྦ་རླབས་ཆེ། ། ང་དང་རིང་ནས་འདྲིས་པའི་ལྕང་ཅན་གུང་། ། ང་ཡིར་འཛིན་པ་ནམ་ཡང་མི་འདོར་རོ། ། དེ་དང་དེ་ལ་བསོད་རྒྱལ་ཅི་ཞིག་སེམས། ། དེ་ལ་དེ་ཡིས་བསྐུར་བའི་ཡི་གེ་འདིར། ། དེ་ལན་དེ་འཇལ་འཕྲལ་མ་ཉིད་དུ་ཐོངས། ། དེ་མེད་དེ་ནི་དུ་བས་གཟིར་བ་ཡིན། ། ཡི་གེ་ངོ་མ་བསམ་ཕོའི་ཕྱག་ཏུ་བསྲིངས། ། ཡི་ག་འཇིའ་མ་མི་འཇོ་ངས་མི་འཚལ། ། ཡི་རང་མཛད་དམ་མི་མཛད་ཉིད་ལ་རག། ཡི་མུག་འཆོར་བའི་ལེ་ལོ་སྤངས་ན་ལེགས། ། ཡི་གེ་ཕུལ་བའི་བརྡ་གཏོང་སྙན་སྒྲོན་དུ་དགེ་མིང་པས་བཟླས་ཏེ། སྔར་ཡིན་ན་བྱ་དཀའི་ངག་རྩལ་འདི་འདྲས་ཉོབ་མུན་སེལ་བ་ལ་ཐེ་ཚོམ་སོམ་ཉི་མ་མཆིས་མོད། ད་ནི་དེའི་ཚོད་ཀྱང་ཇི་བཞིན་མི་ཐིག་པར་སྣང་ངོ་། ཧ་ཧ་ཀུ་རེ་ཞུས། ། སྔོན་གྱི་རྩོམ་སྙན་པོ་ཞིག་འདུག་པ་འདིར་བཀོད་པ་ཡིན།
༄༅། ། ངི་གཉིས་ཚེ་འདིར་མཇལ་བར་མ་འགྱུར་ན། ། ངུ་བ་སྤངས་བའི་བདེ་ལྡན་ལྗོངས་ཤིག་ནས། ། ངེ་ཁྱོད་མེད་པར་བརྩེ་བའི་མཛའ་གྲོགས་སུ། ། ངོ་ཤེས་བཞིན་དུ་འཕྲད་པའི་སྨོན་ལམ་འདེབས། ། ངི་ངེའི་བརྡ་དག་འདི་འདྲའང་ཡོད་མོད་ཀྱང་། ། ངུ་ངག་སྐྱོང་བའི་བྱིས་པས་ག་ལ་ཤེས། ། ངེ་རང་ལྟ་བུར་གཞུང་མང་ལྟོས་ཤིག་དང་། ། ངོ་ཏི་བརྒྱ་སྟོང་སྙིང་ལ་ས་ལེར་འཆར། ། ངི་འདི་ཡུལ་གྱི་བྱེ་བྲག་འགའ་ན་ཡོད། ། ངུ་ནི་བོད་རིགས་ཀུན་གྱི་ཐུན་མོང་སྟེ། ། ངེ་ཡང་སྒྲ་རྒྱན་མང་པོར་སྣང་ངོ་ཞེས། ། ངོ་ཤེས་ནང་མར་དངོས་མའི་གསང་གཏམ་བསྒྲགས། ། ང་ནི་བརྒྱད་ཅུའི་རྒན་པོར་ཉེ་ན་ཡང་། ། ང་རྒྱལ་མ་ཡིན་བློ་ཡི་རྦ་རླབས་ཆེ། ། ང་དང་རིང་ནས་འདྲིས་པའི་ལྕང་ཅན་གུང་། ། ང་ཡིར་འཛིན་པ་ནམ་ཡང་མི་འདོར་རོ། ། དེ་དང་དེ་ལ་བསོད་རྒྱལ་ཅི་ཞིག་སེམས། ། དེ་ལ་དེ་ཡིས་བསྐུར་བའི་ཡི་གེ་འདིར། ། དེ་ལན་དེ་འཇལ་འཕྲལ་མ་ཉིད་དུ་ཐོངས། ། དེ་མེད་དེ་ནི་དུ་བས་གཟིར་བ་ཡིན། ། ཡི་གེ་ངོ་མ་བསམ་ཕོའི་ཕྱག་ཏུ་བསྲིངས། ། ཡི་ག་འཇིའ་མ་མི་འཇོ་ངས་མི་འཚལ། ། ཡི་རང་མཛད་དམ་མི་མཛད་ཉིད་ལ་རག། ཡི་མུག་འཆོར་བའི་ལེ་ལོ་སྤངས་ན་ལེགས། ། ཡི་གེ་ཕུལ་བའི་བརྡ་གཏོང་སྙན་སྒྲོན་དུ་དགེ་མིང་པས་བཟླས་ཏེ། སྔར་ཡིན་ན་བྱ་དཀའི་ངག་རྩལ་འདི་འདྲས་ཉོབ་མུན་སེལ་བ་ལ་ཐེ་ཚོམ་སོམ་ཉི་མ་མཆིས་མོད། ད་ནི་དེའི་ཚོད་ཀྱང་ཇི་བཞིན་མི་ཐིག་པར་སྣང་ངོ་། ཧ་ཧ་ཀུ་རེ་ཞུས། །
འདི་མེ་ཏོག་དཀར་པོར་ལན་ཡིན་པ། སྔོན་དུ་བཏང་ཡང་ཕྱིན་མི་འདུག
༢༣༽ མེ་ཏོག་དཀར་པོ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༢ གི་ཆུ་ཚོད་ ༢༢ སྐར་མ་ ༡༡
ལ་དྭགས་ལུང་ལུང་པ་ཆུང་ཆུང་ཡིན་ཀྱང་འབྲི་དུས་ཡིན་ཞེས་པ་འདི་ལ་ད་བཤུལ་ལམ་ད་དྲག་འཐོབ་ཚུལ་གསུངས་འཚལ།འོ་ན་གོང་གི་ཚིག་ལ་ལན་གདབ་པའི་སྔོན་དུ། ཁྱེད་ཀྱིས་འདི་ལ་ལན་འདེབས་དགོས། དོན་ཅེས་བྱ་སྟེ། ཞེས་དང་། དོན་ཞེས་བྱའོ། བོད་ཀྱི་ཉེ་དུས་ཀྱི་མཁས་པ་ཆེན་པོས་བརྩམས་པའི་བསྟན་བཅོས་ན་གསལ་ལོ།།
༢༩༽ མེ་ཏོག་དཀར་པོ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༣ གི་ཆུ་ཚོད་ ༢ སྐར་མ་ ༤༠
བདག་གིས་མ་ཤེས་ནས་ཉིད་ལ་དྲིས། ཉིད་ཀྱིས་ཤེས་བཞིན་ང་ལ་དྲིས། ད་ཅི་བྱེད།
དངོས་གནས་བྱས་ན། ཡིན་ཀྱང་ཞེས་པའི་ཡིན་སྒྲ་དེ་འདས་ཚིག་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ། ཞེས་འདྲི་ན། བོད་ཀྱི་བརྡ་སྤྲོད་དུ་མ་གྲགས་པའི་རང་བཟོས་བརྗོད་པ་ཞིག་འབྲི་བ་ལས། མངོན་རྟོགས་རྒྱན་དུ།
ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་།
ས་བོན་མི་རུང་མི་འཁྲུངས་ལྟར།
སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་།
སྐལ་བ་མེད་པས་བཟང་མི་མྱོང་།།
འདིའི་ནང་གི་ཕབ་ཞེས་པ་འདས་ཚིག་གི་ཚབ་ཏུ། འབེབས་ནའང་། ཞེས་དང་། དབབ་ཀྱང་། ཞེས་དང་། བྱུང་གྱུར་ཀྱང་གི་ཚབ་ཏུ་འབྱུང་འགྱུར་ཡང་། ད་ལྟ་བའམ་མ་འོངས་པ་མི་བཀོལ་བ་གང་ཡིན་ནམ། ཨིན་སྐད་དུ། འདིའི་རིགས་ལ་བརྡ་སྤྲོད་ཀྱི་བཤད་པ་ཞིག་ཡོད་ཚོད། བདག་གིས་ཤེས་བཞིན་དྲིས་པ་མ་ཡིན། ཤེས་འདོད་མཆིས་སོ།།