མཁོ་འདོན་པཿ ལྷ་སྲས་ཐ་ཆུང་།
རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཁ་སང་སྟེ་ཕྱི་ཚེས་༢༡ཉིན་ནས་དེ་རིང་ཞོགས་པའི་བར་ལོ་ངོ་༦༡ནང་བབ་མ་མྱོང་བའི་དྲག་ཆར་ཤུགས་ཆེན་བབ་རྐྱེན་མི་བཅུ་གྲངས་ལྷག་ཅིག་འདས་གྲོངས་སུ་གྱུར་ཡོད་པ་དང་། མཁའ་སྤྱོད་གནམ་གྲུ་༥༤༥ལྷག་ཅིག་འཕུར་བསྐྱོད་བཀག་འགོག་ཐེབས་ཡོད་པས་དེ་གའི་ འགྲུལ་བཞུད་པ་མང་དག་ཅིག་དེ་གར་མི་སྡོད་རང་སྡོད་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག
࿌ གནས་ཚུལ་རྒྱས་པ་དྲ་གནས་འདི་ནས་གཟིགས་ཐུབ།http://news.xinhuanet.com/photo/2012-07/22/c_123451571.htm
བོད་མེ་ཡིས་ཚིག་ཐལ། །རྒྱ་ཆུ་ཡིས་བསྣུབས་ཐལ། །
གོང་གི་ལྷ་སྲས་ཐ་ཆུང་གིས་འབྲི་ནོར་ཡིན་པ་འདྲ། དེ་ནི་དྲགས་ཆར་མ་རེད་ཟེར། ཁྲག་ཆར་རེད་ཟེར། དེ་ནི་རྒྱལ་ཁབ་འཐོར་བའི་སྔ་ལྟས་ངན་པ་སྣ་དགུའི་ནང་གི་གཅིག་ཡིན་ཚོད་རེད་ཟེར།
གང་ལྟར་་་་བཀྲ་མི་ཤིས་པ་དེ་རྒྱ་བོད་སུ་ལའང་མ་བྱུང་བར་སྨོན།།
སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག། །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག། །སེམས་ཅན་ཐམས་བཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག
དྲ་གྲོགས་ལྷ་སྲས་ཐ་ཆུང་ལགས།
འདི་གང་ནས་འཁྱེར་ཡོང་བ་ཁ་གསལ་གོ་བདེར་བཀོད་ན་ཡག་པོ་ཡོད་རེད། ཁ་སང་བྲེལ་བ་དང་ལྷན་དུ་ངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲ་བ་དང་། དུས་བབ་དྲ་ཚིགས་ལས་རང་གི་བོད་ཁུག རང་གི་ངོ་དེབ་སོགས་སུ་བཀོད་པ་དེ་དེ་བཞིན་བཤུས་ཡོང་འདུག་པས་ན། ཡོང་ཁུངས་ཁ་གསལ་བྱེད་རྒྱུ་ནམ་ཡང་གལ་ཆེན་རེད།
1. http://tibetanpen.org.in/index.php?option=com_content&view=article&id=878&Itemid=18
2. http://www.tibettimes.net/blogs.php?id=511&post_id=21591&&comment_mode=done
3. https://www.facebook.com/notes/%E0%BD%90%E0%BD%BC%E0%BD%A2%E0%BD%A2%E0%BE%92%E0%BD%BC%E0%BD%91%E0%BD%94-%E0%BD%A6%E0%BE%A4%E0%BE%B1%E0%BD%93%E0%BD%86%E0%BD%96/%E0%BD%94%E0%BD%BA%E0%BD%85%E0%BD%B2%E0%BD%93%E0%BD%91%E0%BD%B4%E0%BD%91%E0%BE%B2%E0%BD%82%E0%BD%86%E0%BD%A2%E0%BD%82%E0%BE%B1%E0%BD%B2%E0%BD%82%E0%BD%93%E0%BD%BC%E0%BD%91%E0%BD%A0%E0%BD%9A%E0%BD%BA-%E0%BD%94%E0%BD%A2%E0%BD%A2%E0%BD%B2%E0%BD%A6%E0%BD%A3%E0%BE%B7%E0%BD%93%E0%BD%A6%E0%BE%A6%E0%BE%B1%E0%BD%A2/476740499005054
དྲ་གྲོགས་ཐོར་རྒོད་པ་སྤྱན་ཆབ་ལགས། གོང་གི་གནས་ཚུལ་དེ་དུས་བབ་དྲ་རྒྱ་ལས་བཤུས་པ་དེ་བདེན་པ་ཡིན། འདི་ནི་གནས་ཚུལ་གློ་བུར་བ་ཞིག་ཡིན་པས་མི་ཚང་མས་ཤེས་རྟོགས་ཡོང་བའི་ཆེད་དུ་ཡིན་པ་ལས་ཁྱེད་ཀྱི་མཚན་སྙན་གྲགས་ལ་གནོད་པར་བསམ་ན་ངས་ཁྱེད་རང་ལ་དགོངས་དག་ཞུས་ཆོག འོན་ཀྱང་གནས་ཚུལ་དེ་ནི་རྒྱ་ནག་གི་མི་དམངས་དྲ་རྒྱའི་སྟེང་དུ་གསར་འགོད་པ་ཞེ་རོང་ཧྭ་ཡིས་ཚེ་སྲོག་ཤོར་བའི་མིའི་གྲངས་ཀ་དང་། མི་དེ་དག་རྒྱུ་རྐྱེན་གང་ལ་བརྟེན་ནས་གྲོངས་ཚུལ་གསལ་བོར་འཁོད་པ་རྣམས་འདིར་འདྲེན་བཀོད་བྱེད་ཆོག
人民网北京7月22日电 (记者 余荣华)记者从北京市有关部门获悉,截至22日17时,北京暴雨在本市境内共发现因灾死亡37人。
7月21日,本市发生暴雨到大暴雨天气,全市平均降水量170毫米,为自1951年以来有完整气象记录最大降水量。其中,最大降雨点房山区河北镇达到460毫米。暴雨引发房山地区山洪暴发,拒马河上游洪峰下泄。截至22日17时,在本市境内共发现因灾死亡37人。
其中,溺水死亡25人,房屋倒塌致死6人,雷击致死1人,触电死亡5人。目前,死者已有22人确定身份,其余15人正在确认中。
另,在抢险救灾中,房山区韩村河副镇长高大辉、燕山公安局向阳派出所所长李方洪、密云县大城子镇镇长李建民因公牺牲。