འདི་ཟླའི་ཚེས་ ༡༩ ཉིན་ཡ་རྫི་རྫོང་༼ཞོང་ཧྭ༽ཁོངས་ཀྱི་རྐང་ཚ་བོད་རིགས་རང་སྐྱོང་ཞང་རྐང་ཚ་སྡེ་བ་ནས་ཡིན་པ་ཕ་བསྟན་འཛིན༼ཚེ་འདས༽དང་མ་མཁའ་
རང་ལུས་མེར་བསྲེགས་སྐབས་༼རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ཡུལ་དུ་ཕེབས་དགོས། པན་ཆེན་རིན་པོ་ཆེ་བཙོན་གྲོལ་ཐོབ་དགོས། བོད་ལ་རང་དབང་དགོས་༽ཞེསསྐད་འབོད་གནང་འདུག་ལ། མེར་བསྲེགས་གཏོང་ཡུལ་ནི་རྐང་ཚ་དགོན་དགའ་ལྡན་ཆོས་འཕེལ་གླིང་གི་དགོན་འདབས་ཡིན་འདུག་སྟབས། དགོན་པའི་དགེ་འདུན་པ་ཚོས་ཁོང་གི་སྐུ་ཕུང་དགོན་པའི་ནང་གདན་ཞུས་ཀྱིས། ཆུ་ཚོད་གཉིས་ཡས་མས་སུ་སྨོན་ལམ་གསུང་འདོན་གནང་ཡོད་པ་དང་། དེ་རྗེས་དགེ་འདུན་པ་དང་ས་གནས་མི་མང་གང་མང་འཛོམས་པ་ལྷན་བསྡེབས་ཀྱིས་དགོན་པ་དང་ཐག་ཉེར་ཡོད་པའི་དུར་ཁྲོད་དུ་གདན་ཞུས་ཀྱིས་སྐུ་ཕུང་ཞུགས་འབུལ་ཞུས་ཡོད་འདུག
སྐུ་ཕུང་དུར་ཁྲོད་དུ་གདན་ཞུ་དང་ཞུགས་འབུལ་སྐབས་མང་ཚོགས་ཀྱིས་༼རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག༽་ཅེས་སྐད་འབོད་ཤུགས་ཆེ་བྱས་ཡོད་འདུག་ལ། དེ་བཞིན་མདང་དགོང་དམག་མི་མང་པོ་ཞིག་ཀྱང་སླེབས་འབྱོར་གྱིས་དམ་དྲག་བྱེད་མགོ་ཚུགས་ཡོད་འདུག
ཕྱི་ཚེས་ ༡༩ ཉིན་རྐང་ཚ་ནས་རེབ་གོང་དུ་སོང་སྟེ། ཕོ་བྲང་པོ་ཏཱ་ལ་རྒྱབ་ལྗོངས་སུ་བྱས་པའི་འདྲ་པར་ཅིག་བརྒྱབ་འདུག་པ་དང་། དགོང་དྲོའི་ཆར་རྐང་ཚ་དགོན་འདབས་ནས་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད་འདུག
སླར་ཡང་མི་ཡི་དལ་བའི་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་ལམ་ཡོད།
གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
རྒྱལ་གཅེས་དཔའ་བོ་དབང་ཆེན་ནོར་བུ་མཆོག །
ཞིང་མཆོག་བདེ་བ་ཅན་དུ་མྱུར་སྐྱེ་ཤོག །
དངོས་གནས་ཤ་ཚ་མོའི་བསམ་ཚུལ་དཔྱད་བརྗོད་འདི་འདྲ་སྤེལ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཞིག་ཡིན་པས་ཤེས་ཡོན་ཅན་གྱི་རྒན་གཞོན་ཚང་མསླར་ཡང་མི་ཡི་དལ་བའི་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་ལམ་ཡོད།ས་རྣམ་དཔྱོད་གཅིག་ཏུ་སྤུངས་རྒྱུ་མཁྱེན་མཁྱེན།
འཛམ་གླིང་ཞི་བདེའི་ཆེད་དུ། །རང་སྲོག་མཆོད་པ་ཕུལ་ཡང་།
རྒྱལ་ཚོགས་འོན་པ་ཞ་རས། །ལྐུག་པའི་བརྟུལ་ཞུགས་བཟུང་འདུག
རྒྱ་གྲོང་ཐལ་ཚུབ་སྟོན་ནས། །རྒྱ་རོའི་རྩིག་པ་བརྩིགས་ཏེ།
རྒྱ་ཁྲག་རླབས་ཀྱི་ཕྱུར་དུས། རྒྱལ་ཚོགས་ལྟད་མོ་བལྟོས་ཤིག
འཚེ་མེད་ཞི་བའི་འཐབ་རྩོད། །དཔའ་དང་གདོང་འགྲོགས་མེད་ན།
འབྲོང་ལ་འཆེ་བ་མེད་ཀྱང་། །རྭ་རྩེ་ངོམ་ནས་ཐོན་ཡོང་།
བདེ་བ་ཅན་དུ་མྱུར་དུ་སྐྱེས་བར་ཤོག
མགོན་པོ་འོད་དཔག་དུ་མེད་པ་ལ་ཕྱག་འཚལ་ལོ།།
བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་བཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་པ་ཤཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།།
བདེ་ལྡན་ཞིང་ན་ཆོས་སྐུ་སྣང་མཐའ་ཡས།།
རི་བོ་ཏ་ལར་འཕགས་མཆོག་སྙིང་རྗེའི་གཏེར།།
རྔ་ཡབ་གླིང་དུ་སྤྲུལ་སྐུ་པདྨ་འབྱུང་།།
གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས།།
མདོ་སྔགས་དགོངས་དོན་རིག་སྟོང་འོད་གསལ་དབྱིངས།།
སྒྲིབ་བྲལ་ཆོས་སྐུར་རྫོགས་པའི་ཀློང་ཆེན་པ།།
གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས།།
མདོ་སྔགས་གཞུང་བརྒྱ་ཚད་མ་བཞི་ལྡན་གྱིས།།
ཆོས་ཀུན་་ཆོས་ཉིད་སྡོམ་པའི་ས་པཎ་རྗེར།།
གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས།།
མདོ་སྔགས་ཟུང་འཇུག་ཟབ་གསལ་གཉིས་མེད་ལམ།།
ཆེ་ཆེར་སྤེལ་མཛད་མཉམ་མེད་ཙོང་ཁ་བ།།
གསོལ་བ་འདེབས་སོ་ཆེ་འདས་ལམ་སྣ་དྲོངས།།
སྡེ་གསུམ་རྒྱུད་བཞིའི་ལྟ་སྒོམ་སེམས་ཀྱི་མདངས།།
ལྷན་སྐྱེས་གཉུག་མའི་གཤིས་རྫོགས་མར་པ་རྗེར།།
གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས།།
ཐུབ་བསྟན་ཡོངས་རྫོགས་ཐུགས་དགོངས་ཡོངས་ཆུབ་ཅིང་།།
ཐུབ་པའི་བསྟན་ལ་ཐུབ་པ་གཉིས་བ་ཡི།།
མཛད་སྤྱོད་ཡོངས་བཞེས་ཞི་བདེའི་དེད་དཔོན་མཆོག།
གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས།།