སྤྲུལ་སྐུ་དབང་ཆེན།
རང་གཞུང་བཙན་བྱོལ་དབུས་དབུ་མའི་ལམ་འདིས་ང་ཚོའི་འཐབ་རྩོད་བྱེད་མི་ཤེས་པ་ཞིག་བཟོས་སོང་ལ་རྒྱལ་སྤྱིའི་ལྒང་ནས་བོད་དོན་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་མི་ཤེས་པ་ཞིག་བཟོས། ཨ་རིའི་སྲིད་འཛིན་ཨོ་པད་མ་གཞུང་འབྲེལ་ཐོག་རྒྱ་ནག་ལ་གཟིགས་སྐོར་ཕེབས་དུས་ཀྱི་གཏམ་བཤད་ནང་། ངས་བོད་འདི་རྒྱ་མིའི་ཆ་ཤས་སུ་ངོས་ལེན་བྱེད་ཀྱི་ཡོད་ཅེས་གསུངས་པ་ལ་བོད་མི་ཁ་ཤས་ཤིག་གིས་ཁོང་རྒྱ་མིའི་སྒོར་མོ་ལ་དགའ་ནས་རེད་དང་། རྒྱ་དགའ་འཁྲབ་པ་རེད་དང་། རྒྱ་ནག་ལ་སྐྲག་པ་རེད་སོགས་གཏམ་འཁྱར་འདྲ་མིན་ཞིག་ཐོས་བྱུང་། གལ་ཏེ་ཨོ་པད་མ་སྒོར་མོ་ལ་དགའ་ནས་བོད་འདི་རྒྱ་ཡི་ཆ་ཤས་རེད་ཟེར་ནས་ཁེ་བཟང་ཞིག་ཨེ་རག་ལྟ་ན་ནི་རྒྱ་སྒོར་གཅིག་ཡང་རག་ཀྱི་མ་རེད་ལ་ངོ་དགའ་འཁྲབ་པ་ཡིན་ན་ཁོང་གིས་ཚར་བརྒྱ་སྟོང་བཏོན་རུང་རྒྱ་མིའི་སོ་དཀར་ཙམ་ཡང་སྟོན་གྱི་མ་རེད། གལ་ཏེ་ཁོང་སྐྲག་པ་ཡིན་ནའང་དེ་ལབ་པ་ཙམ་གྱིས་ཁོང་སྐྱོབས་མི་ཐུབ་པ་ཐག་ཆོད་རེད། བོད་འདི་རྒྱ་མིའི་ཆ་ཤས་ཡིན་པས་མ་ཚད་རྒྱ་བོད་ཁ་བྲལ་བྱེད་ཀྱི་མེད།
བོད་འདི་རྒྱ་ཡི་འོག་ལ་སྡོད་ཀྱི་ཡིན་སོགས་ཁྱི་སྐད་དང་པོ་རྡ་སའི་གཞུང་གིས་འཛམ་གླིང་ལ་སྔ་ས་ནས་བསྒྲགས་ཚར་བ་ཡིན་དུས་རྒྱ་ནག་ལ་མཚོན་ན་སྐད་ཆ་འདི་གསར་བ་མ་རེད་ལ་ཉན་མཁན་གྱི་རྣ་བ་ཡང་གསར་བ་མ་རེད། ཡིན་ཙང་འདི་ནི་རྒྱ་ནག་གི་རིན་ཐང་ཅན་གྱི་དངོས་རྫས་ཕྱི་རྒྱལ་ལ་ཚོང་འབྲེལ་བྱེད་སྤྱད་ཅིག་རྩ་བ་ནས་མིན། བོད་ལ་མཚོན་ན་ཚིགས་འདི་ནི་བཱཻཌཱུརྱའི་བུམ་པ་ཡུལ་ཕྱོགས་དང་ས་ཕྱོགས་གཞན་ནས་ཉོ་མི་ཐུབ་པའི་རིན་ཐང་དང་ལྡན་པ་ཞིག་ཡིན། རྒྱ་ནག་ཝ་མོ་ཉལ་བའི་ཁ་ལ་བོད་མིའི་བཱཻཌཱུརྱའི་བུམ་པ་དང་མཚུངས་བའི་སྐད་ཆ་འདི་རྩ་སྐྱ་བཞིན་སྒེར་འདོད་ཀྱི་རླུང་གིས་ཁུར་ནས་སྤྲད་ཚར་བ་རེད། དེས་ན་ཨོ་པདྨས་སྐད་ཆ་འདི་མ་བཤད་རང་བཤད་ཅིག་ཆགས་ཡོད་པ་དེ་ཡང་བོད་མི་རང་གིས་མ་འཇོན་པས་རེད་མ་གཏོགས་ཁོང་ལ་འབྲེལ་བ་ཡོད་པ་ཞིག་མ་རེད།
དབུ་མའི་ལམ་གྱི་མངོན་འདོད་ནི་བག་འཁུམ་རྒྱུད་ལུག་ངང་རྒྱ་ནག་གཞུང་ལ་མགོ་འབུལ་ལུས་འབུལ་གྱིས་རེ་ཞུས་ཙམ་མ་གཏོགས་བོད་དོན་ལས་འགུལ་ཐད་དྲང་བདེན་གྱིས་ཆབ་སྲིད་འཐབ་རྩོད་ཀྱི་ངོ་བོ་མེད་ཅིང་ལོ་རྒྱུས་རྒྱབ་ལྗོངས་ལ་རྡོལ་རོལ་བྱས་པའི་བློས་གཏོང་ཅན་གྱི་སྒེར་གཅོད་རིང་ལུགས་ཀྱི་རྩ་ཁྲིམས་དེས་ང་ཚོར་ཕམ་ཁ་མ་གཏོགས་ཁེ་བཟང་ཏིལ་འབྲུ་ཙམ་ཡང་མེད་པའི་ལམ་འཁྱོག་ཅིག་ལ་ཁྲིད་ཚུན་ནས་བཟུང་། རྒྱལ་པོ་གཉའ་ཁྲི་བཙད་པོ་ནས་བརྒྱུད་པའི་བོད་ཀྱི་རྒྱལ་བློན་རིམ་བྱོན་གྱི་རྒྱལ་རབས་ལོ་རྒྱུས་དག་ནག་བསུབ་ཏུ་བཏང་ཞིང་། ༧གོང་ས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནས་བོད་ཆོས་སྲིད་གཉིས་ལྡན་གྱི་སྒོ་ནས་བསྐྱངས་བའི་རང་གཞུང་ཉི་ཟླའི་དཀྱིལ་འཁོར་ལྟ་བུ་དེ་གཞི་མེད་དུ་གཏོར་བཅོམ་བྱས་ཤིང་སྒོ་མོ་དམ་པོར་བརྒྱབ། བཙན་བྱོལ་ལ་མ་ཕེབས་སྔོན་ནས་ཀ་ལིམ་པུར་ལ་སྐྱེལ་འདྲེན་བྱས་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་གསེར་དངུལ་དང་ནང་ནོམ་རྩ་ཆེན་དེ་ཚོ་སྐུ་སྒེར་ཡིག་ཚང་ཞེས་པའི་སྒེར་བདག་སྒེར་གཅོད་ཁྱིམ་ཚང་གིས་བདག་པོ་བརྒྱབ།
བོད་རིགས་མི་གྲངས་ས་ཡ་དྲུག་ལྷག་ལས་གྲུབ་པའི་རྒྱལ་ཁབ་དེ་རྒྱ་མི་རིགས་དང་ཁ་འབྲལ་ཐབས་མེད་པའི་དབུ་མའི་ལམ་གྱིས་རྩ་ཁྲིམས་གཞིར་བཟུང་བྱས་ཐོག་རྒྱ་དམར་སྲིད་གཞུང་གི་འོག་ཏུ་རྒྱ་མི་རིགས་དང་འདུན་ལམ་མཉམ་གནས་ངང་སྐྱིད་ན་རྟ་ཕོ་མཉམ་རྒྱུག་དང་སྡུག་ན་མཆི་མ་མཉམ་གཏོང་ཡིན་ཟེར་ནས་འཛམ་གླིང་གོ་ལ་ཧྲིལ་བོར་མགོ་འཐོམ་འཐོམ་བྱས། བོད་རང་དབང་རང་བཙན་ཤོར་ནས་ད་བར་དུ་རང་བཙན་གཙང་མའི་འཐབ་རྩོད་འོག་སྐུ་སྲོག་ཤོར་བ་སྤྱི་དང་། ལྷག་པར་དུ་དེང་གི་ཆར་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བོད་རྒྱལ་ཁབ་དང་མི་རིགས་བསྟན་དོན་ཆེད་སྐུ་ལུས་མེར་བསྲེགས་བཏང་ནས་འཐབ་རྩོད་བྱེད་བཞིན་པ་འདི་རྣམས་ལ་གྲུབ་འབྲས་མ་འབྱུང་བའི་རྒྱུ་གཙོ་བོ་དེ་ཡང་། ང་ཚོའི་དབུ་ལམ་སྒྲིག་འཛུགས་ཚོགས་པའི་མི་སྨྲ་བའི་བརྟུལ་ཞུགས་ཀྱི་དམ་བཅའ་བརྟན་པོས་ངང་འབར་བཞིན་པའི་སྤུན་ཟླའི་ཚིག་རོའི་ཕུང་པོ་བརྒྱ་དང་བརྒྱད་ལ་ལོངས་བའི་ཕྲེང་བ་ཞིག་འདོགས་ཀྱིན་འཛམ་གླིང་གོ་ལའི་ལྒང་ལ་རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོ་ལ་སོ་སོའི་རྩ་ཆེ་བའི་རྩ་བའི་བླ་མ་བོད་ནང་ལ་ཕེབས་མ་བཅུག་པས་སྡུག་བསྔལ་ཙམ་ཞིག་ཡིན་ཟེར་བ་ལས་འཐབ་རྩོད་གཞན་མེད་མདོག་དང་། དབུ་ལམ་ནས་རྒྱ་བོད་གཉིས་ཁ་བྲལ་ལྟ་བ་འཛིན་གྱི་མེད་རབས་དང་རྒྱ་གཞུང་ལ་རྡ་གཞུང་ནས་ལྷག་བསམ་རྣམ་དག་གིས་ཡག་པོ་བྱས་རུང་རྒྱ་མིས་ང་ཚོ་ལ་དྲིན་ལན་ལོག་འཇལ་བྱེད་ཀྱི་འདུག་ཟེར་བ་མ་ཟད། ད་དུང་མི་དགོས་བཞིན་དུ་དྲག་ནོན་བྱེད་ཀྱི་འདུག་སོགས་ཟེར་ནས་མགོ་རྔ་ཆ་མི་མཚུངས་བའི་སྐད་ཆ་དེས་གྲུབ་འབྲས་ཤིག་རྩ་བ་ནས་ཐོན་གྱི་མ་རེད་ཅེས་ངས་ཁ་ཚོད་བཅད་ནས་བཤད་ཕོད།
དེ་ནི་དབུ་མའི་ལམ་གྱིས་རྒྱལ་སྤྱིའི་སྒང་གི་མི་དམངས་དང་བཙན་བྱོལ་ནང་ན་ཡོད་པའི་བོད་རིགས་མི་དམངས་ཡོངས་རྫོགས་མགོ་རྙོག་ནང་ལ་ལྷུང་བཅུག་པས་མི་ཚད་པར་བོད་ནང་ལོགས་ན་ཡོད་པའི་བོད་རིགས་མི་དམངས་རྣམས་ལ་ཡང་ཐག་གཅོད་མི་ཤེས་པའི་གནས་སྟངས་ཤིག་གི་འོག་ལ་ལྷུང་བཅུག་ནས། ཐ་ན་རྒྱལ་གཅེས་དཔའ་བོ་དཔའ་མོ་སྐུ་ལུས་མེར་མཆོད་འབུལ་མཁན་ཚོས་ཀྱང་འབོད་ཚིགས་ནི་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་ཟེར་བ་ཙམ་ལས་ཚིགས་གཞན་དག་ཉུང་ཙམ་ལས་འདོན་མི་ཐུབ་པ་ལ་དཔྱོད་དང་། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ནས་མེར་བསྲེགས་བཏང་འདུག་ཟེར་ན་ནི་ད་ལྟ་རྒྱ་དམར་འོག་ཏུ་གནས་བཞིན་པ་ལ་སྐུ་ལུས་མེར་བསྲེགས་ནས་རྒྱ་དམར་འོག་འདུག་ཡ་ལ་རྒྱབ་སྐྱོར་བྱེད་དགོས་དོན་མི་འདུག །གལ་ཏེ་སྐད་ཡིག་ལ་དམ་དྲག་བྱས་རྐྱེན་ལས་འགུལ་འདི་སྤེལ་དགོས་ཐུག་པ་རེད་ཟེར་ན་ནི་མགོ་འཁོར་བ་ཡིན་དེ། དབུ་ལམ་གྱིས་སློང་བཞིན་པ་ནི་ཁ་འབྲལ་ཐབས་མེད་པའི་རྒྱ་མི་རིགས་དང་མཉམ་སྡོད་ཀྱི་ཐོབ་ཐང་ཙམ་ཞིག་རེད།
དེས་ན་རྒྱ་ནག་རྒྱལ་ཁབ་ཆེན་པོའི་མི་རིགས་ཡོངས་རྫོགས་ལ་སྐད་ཡིག་གཅིག་གྱུར་གྱིས་སྲིད་ཇུས་འདི་སྔོན་མ་ནས་སྤེལ་བཞིན་པ་རེད་ལ། དཔེར་ན་ཧོང་ཀོང་ལྟ་བུ་ལ་མཚོན་ན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་ཁ་གཡང་སྙན་མོ་ཞིག་བསྒྲགས་རུང་དེང་སང་སྐད་ཡིག་གཅིག་གྱུར་གྱིས་ལས་འགུལ་སྤེལ་བས་མི་ཚད་པར་གཞུང་གི་ལས་བྱེད་ཡང་བརྗེ་བསྒྱུར་བྱེད་བཞིན་འདིས་རྟགས་གསལ་བོར་བསྟན་ཡོད་པས་ངེས་སོ། སྐད་ཡིག་གཅིག་གྱུར་ནི་མི་རིགས་ལ་བཅིངས་བའི་བརྩེ་དུང་དང་རྗེས་ལུས་ཀྱི་རྣམ་པ་བསྒྱུར་བའི་ཚ་རླབས་རང་བཞིན་ཅན་གྱི་མི་རིགས་སྔོན་ཐོན་གྱི་ཆ་རྐྱེན་དང་པོ་དེ་ཡིན་ཞེས་དམར་གཞུང་གིས་དྲིལ་བསྒྲགས་ཕྱི་ནང་ཀུན་ལ་བྱེད་ཀྱིན་ཡོད། དེས་ན་དབུས་དམར་གཞུང་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་བདག་སྲུང་བྱེད་དགོས་ཟེར་བ་དེ་ཡང་དོན་གྱིས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་དེང་རབས་ཅན་དུ་བསྒྱུར་དགོས་ཟེར་བ་དེ་ཡིན་ཞེས་སྔོན་མ་ཀྲོའུ་རོང་ཅེན་གྱིས་གཏམ་བཤད་ཅིག་ནང་སླེབས་པ་དེ་ལྟ་བུ་རེད།
གལ་ཏེ་དྲང་བདེན་ངང་གནས་ལུགས་དང་རྒྱུ་མཚན་ངེས་ཅན་ཡོད་པས་ཐོག་ནས་འཐབ་རྩོད་ཕུགས་འདུན་དང་ལྡན་པ་ཞིག་བྱས་ན་ནི་སྔོན་མ་སྤྱི་ལོ་༡༩༥༢ལོའི་ཟླ་༢པའི་ཚེས་༢༡ཉིན་པ་ཀི་སི་ཐན་གཞུང་ཕྱོགས་ཀྱིས་༼ཟ་ཧོར་༽སྐད་བྷང་ག་ལའི་སྐད་ཡིག་སྲུང་སྐྱོབ་བཀག་འགོག་བྱས་པ་ལ་སློབ་ཕྲུག་དང་མི་མང་ཚོས་སྐད་ཡིག་སྲུང་སྐྱོབ་ཀྱི་བྱ་འགུལ་སྤེལ་ནས་དེང་སང་གི་བྷང་ལཱ་ལྡེ་ཤཱའི་རྒྱལ་ས་རྡ་ཁ་ཞེས་པ་རུ་ཉེན་རྟོགས་པས་མི་མང་འཛིན་བཟུང་བཀག་གཉེར་བྱེད་སྐབས་ཉེན་རྟོགས་ཕྱོགས་དང་འགལ་བ་བྱུང་ནས་སློབ་ཕྲུག་ལྔ་རྐྱེན་ལམ་ལ་སོང་རྐྱེན་གྱིས། རྒྱལ་སྤྱིའི་མི་དམངས་ཡོངས་ཀྱིས་ཁོ་ཚོ་ལ་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་སྐད་ཡིག་གི་ཆེད་དུ་ཚེ་སྲོག་བཏང་བའི་སྐད་ཡིག་གི་དཔའ་བོ་ཞེས་འབོད་ཅིང་། སྤྱི་ལོ་༡༩༩༩ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་ཚན་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐེངས་༣༠པའི་སྟེང་ལོ་རེའི་ཟླ་གཉིས་པའི་ཚེས་༢༡ཉིན་འཛམ་གླིང་ཕ་སྐད་ཉིན་མོར་གཏན་ལ་དབབ་ཅིང་སྤྱི་ལོ༢༠༠༠ལོར་དངོས་སུ་ལག་བསྟར་བཏབ་པ་ལ་གཟིགས་དང་། འཐབ་རྩོད་གང་བྱེད་པ་ཡིན་ནའང་དེ་ལ་འཐབ་རྩོད་རང་བཞིན་ཅན་གྱི་ངོ་བོ་དང་བྱ་བ་ལག་བརྡར་ཐུབ་པའི་སྒྲིག་ལམ་དེ་བཞིན་མ་འོངས་མངོན་འདུན་ཡོད་པའི་ཕུགས་བསམ་སོགས་ཏན་ཏན་དགོས་ཀྱི་རེད།
དེ་མིན་ང་ཚོའི་ད་ལྟའི་བར་དུ་མི་གྲངས་བརྒྱ་ལྷག་ཅིག་མེར་བསྲེགས་བཏང་བ་རྣམས་ལ་རྒྱལ་སྤྱི་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་གཟིགས་སྐྱོང་མི་འདུག་རབས་དང་བོད་མི་ལ་འཛམ་གླིང་ལྒང་འདིར་རིན་ཐང་མེད་པ་རེད་དམ་སོགས་སྡུག་སྐད་དང་འཁང་ར་མང་པོ་ཞིག་བཤད་ཀྱིན་ཡོད་ཀྱང་དེ་ནི་ང་རང་ཚོས་ནོར་འཁྲུལ་ཤོར་བ་དང་མ་འཇོན་པ་རྐྱང་བྱས་པས་ཡིན་ཀྱི་མ་གཏོགས་རྒྱལ་སྤྱི་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་ཁག་འཁུར་དང་ནག་ཉེས་གང་ཡང་གཡོག་ས་ཡོད་མ་རེད། གལ་ཏེ་དྲང་བདེན་གྱིས་ལམ་ཁ་ནས་བོད་རང་དབང་རང་བཙན་གཙང་མའི་ལྟ་གྲུབ་འདི་གཞིར་བཞག་ཐོག །འཛམ་གླིང་གོ་ལ་ཧྲིལ་བོའི་ཁྱོན་འདིར་མི་རིགས་ཡོད་དོ་ཅག་སྤྱི་མཐུན་ལ་དབང་བའི་རང་དབང་། རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཅིག་ལོ་རྒྱུས་ཀྱི་རྒྱབ་ལྗོངས་པོ་ཏི་ལྟར་བརྩེགས་ཤིང་འཐབ་རྩོད་ཀྱི་ངོ་བོ་རི་རྒྱལ་བཞིན་བརྟན་བརླིང་ངང་དྲང་བདེན་གྱི་མཚོན་ཆ་རྣོ་ངར་དང་ལྡན་པ་ཞིག་བཟུང་ཏེ་བོད་ཕྱི་ནང་གཉིས་ཀ་ནས་བསམ་བློ་རྩེ་གཅིག་དང་དམིགས་འདུན་མཉམ་གནས་རྡོག་རྩ་གཅིག་བསྒྲིལ་ངང་རང་ལུས་མེར་སྲེགས་ཀྱིས་ལས་འགུལ་འདི་སྤེལ་ཡོད་ན། བོད་རིགས་དཔའ་བོ་དང་དཔའ་མོ་བརྒྱ་ཡི་གྲངས་ཀ་ལ་སྒུག་མི་དགོས་པར་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ལྒང་ནས་ཏན་ཏན་དྲང་བདེན་ལ་ཁ་མ་གྲགས་རང་གྲགས་ཤིག་ཆགས་ཡོད་པ་ནི་ཕུར་བལྟས་ཚུར་མཐོང་རེད།
དེ་མིན་བོད་པ་རང་གི་བོད་པའི་གནས་སྟངས་འཐབ་རྩོད་འདི་ཅི་ཡིན་འདི་ཡིན་ཧ་མི་གོ་བ་ཞིག་ལ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ལྒང་ནས་ཁ་གསལ་དོན་གསལ་མེད་པའི་མུན་ནག་ནང་གི་མདའ་འཕེན་ལྟ་བུའི་གནས་ཚུལ་འདི་ལ་དེ་ཡིན་དང་འདི་ཡིན་གྱིས་སྐད་ཆ་ཞིག་དངོས་གནས་བཤད་མ་ཤེས་པ་ཞིག་ཏུ་འཁུམ། དེ་མིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་མི་བུ་རེ་ཟུང་གིས་མེར་སྲེག་ཐད་གཏམ་བརྗོད་དང་དྲིས་ལན་རེ་སྤེལ་ནའང་ང་རང་ཚོའི་ངོས་ནས་ལན་འདེབས་པ་ནི་འདི་ལྟར་༼མི་སྨྲ་པ་ནི་གཏམ་གྱི་མཆོག༽ཟེར་བའི་ལན་རྡོག་རྡོག་ཅིག་མ་གཏོགས་གནད་དོན་དང་གནས་ཚུལ་གསལ་ཁ་ཅན་གང་ཡང་བཤད་མེད་པར། མདོར་ན་མེར་སྲེག་འབྱུང་གཞི་ནི་དྲག་གནོད་སྲིད་ཇུས་ལ་ཐུག་ཡོད་ཟེར།
དམར་པོའི་དབང་བསྒྱུར་འོག་ཏུ་གནས་དགོས་ན་དྲག་གནོད་སྲིད་ཇུས་ནི་དམར་པོའི་རྩ་ཁྲིམས་ལག་ལེན་གཙོ་བོ་དེ་ཡིན་དུས་དེ་ལ་དམངས་གཙོའི་རྒྱལ་ཁབ་ཚོས་གོ་སྐབས་ནམ་བྱུང་ལ་དམ་འཛིན་བྱས་ནས་སྐྱོན་བརྗོད་དང་ཟུར་ཟ་བྱེད་ཀྱི་ཡོད་པ་ལས་སུས་ཀྱང་མ་ཤེས་པ་ཞིག་ང་ཚོས་འགྲེལ་བཤད་བྱས་ནས་གསལ་སྟོན་ཡོང་བ་ཞིག་ལྷག་ཡོད་པ་མ་རེད། ད་དུང་མུ་མཐུད་དུ་ང་ཚོའི་བོད་མི་རང་གིས་འཐབ་རྩོད་ཀྱི་ངོ་བོ་ལ་འགྱུར་བ་ཞིག་མ་སོང་ཚུན་མེར་སྲེག་དང་ཆུར་མཆོང་དེ་མིན་རང་མེད་བྱེད་ཐབས་སྣ་དགུ་སྤྱད་ནས་ཤི་ལྕེབས་རོ་ལྕེབས་བྱས་རུང་འཛམ་བུ་གླིང་གི་མི་རྣམས་ཧ་ལས་ནས་བོད་མིའི་བྱེད་སྟངས་མགོ་རྙོག་ཅན་དེར་བལྟས་ནས་སྡོད་པ་ལས་གཞན་བྱ་ཐབས་མི་རྙེད་ཁོ་ཐག་རེད།
དབུ་མའི་ལམ་གྱི་རྗེས་འབྲང་པ་ཚོས་ཨ་མེ་རི་ཁར་བོད་རང་བཙན་འཁོད་པའི་གྱོན་ཆས་འཚོང་མ་བཅུག་པ་དང་། ཚ་བ་ཟམ་གདོང་སྤྲུལ་སྐུས་བོད་ཀྱི་བོད་ལ་ལོ་རྒྱུས་གཙང་མ་མེད་ཅེས་བཤད་པ། བོད་ཀྱི་དཀའ་རྙོགས་འདིས་སྐྱོན་ཕྱེད་ཀ་རང་ཕྱོགས་ལ་ཡོད་ཅེས་བཤད་པ་སོགས་ཐོས་ཡོང་དུས་ངོ་མ་ཚིག་པ་འདྲ་ཞིག་ཀྱང་ཟ་གི་འདུག
བོད་ཀྱི་ལོ་རྒྱུས་དང་། ཆབ་ཀྱི་དོན་དངོས་ཡིན་ལུགས་ཀྱི་ཐོག་ནས་བཤད་ན་བོད་རང་བཙན་ཡིན་པ་སྨོས་མེད། བོད་ཀྱི་ཆོས་དང་། རིག་གཞུང་སྐྱོབ་པ་ལ་ཁ་ཚ་དགོས་གཏུག་གི་ཐབས་ལམ་དང་། འཐབ་ཡ་ལ་ཁ་གཏད་མི་ཡོང་བ་དང་། ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་རང་ལས་གཞན་གཅེས་དང་། རང་གཞན་གཉིས་ཕན་ཞིག་གི་འདུན་མ་གཏམ་དྲན་ན་དབུ་མའི་ལམ་དེ་ཕན་ཡོན་ཆེ་བར་མངོན། དེ་མིན་ཆབ་སྲིད་ཀྱི་དྲང་བདེན་ཡོད་ཀྱང་། རྒྱལ་སྤྱིའི་ཐོག་བཤད་ས་རག་ཀྱང་དོན་འབྲས་ཡོད་མེད་དང་། ཨ་རི་སོགས་ཀྱིས་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་བྱེད་ཁག་པོ་རེད། ཆབ་སྲིད་པ་ཡོངས་སུ་རྫོགས་པའི་ལྟ་གྲུབ་ངོ་མ་དེ་རང་ཉིད་རྒྱལ་བའི་ཐབས་ལམ་འདིངས་པ་ལས། རང་ས་མི་བཞག མིའི་སར་རང་སྡོད་མཁན་མི་གཅིག་ཀྱང་བྱུང་མ་མྱོང་བ་རེད། དེ་ཕྱིར་རང་ཉིད་ཆོས་པ་ཞིག་དང་། ནང་པ་སངས་རྒྱས་པ་ཞིག་བྱ་འདོད་ན། དབུ་མའི་ལམ་ལ་དགག་པ་མ་རྒྱག་ན་དྲན་བཞིན་ཡོད། དེ་མིན་ཆབ་སྲིད་པ་རྣལ་མ་ཞིག་བྱ་འདོད་ན་གང་དགྱེས་གནོངས་ཤིག ཧཧཧཧཧ
རང་བཙན་ཁ་ལ་ཁུར་ནས་བོད་ལ་ཕུང་ལ་སྦྱོར་མཁན་སྤྲུལ་དབང་ཅན་དག་གིས་བྱ་སྤྱོད་ཀྱི་རྐྱེན་པས་ང་ཚོས་མི་འདི་ཚོར་ཕྱོགས་ཡོངས་ནས་ལྟ་ཞིབ་ཞིབ་ཚགས་བྱེད་དགོས། དང་པོ། སྤྲུལ་དབང་ཅན་འདི་དག་གིས་བོད་རང་བཙན་གྱི་ཆེད་ལས་ཀ་སྣེ་གཅིག་བྱས་མེད། གཉིས་པ། བོད་རང་བཙན་རྩོད་ན་རྩོད་ས་རྡ་ས་རེད་དམ་རྒྱ་གཞུང་རེད། གསུམ་པ། སྤྲུལ་དབང་ཅན་དག་གིས་བོད་མི་ནང་ཚག་ལ་ཁ་གཏོང་ཡས་དང་གཡེམ་དཀྲུག་གི་འཆལ་གཏམ་མང་བ་འདུག་གམ་རྒྱ་གཞུང་ལ་སྐྱོན་བརྗོད་མང་བ་འདུག བཞི་པ། མི་འདི་ཚོས་འཆལ་གཏམ་ཇི་སྙེད་ཅིག་བཤད་པའི་མཐར་བབ་ས་དེ་བོད་མིའི་སྐྱབས་གནས་དང་དབུ་ཁྲིད་ཁག་གི་གཟི་བརྗིད་ཅོག་ཐབས། བཙན་བྱོལ་གཞུང་ལ་དམའ་འབེབས་བཅས་རེད། ལྔ་པ། སྤྲུལ་དབང་ཅན་འདི་དག་གིས་་ཐ ན་རང་གི་ཁ་ནས་རང་བཙན་ཞེས་བཤད་ཤེས་པ་ཡང་བཙན་བྱོལ་གཞུང་འདི་ཡོད་པའི་དྲིན་གྱིས་ཡིན་པ་མ་ཤེས་པར་ཁྱི་སྨྱོན་བཞིན་དུ་སོ་སུ་ལ་རྒྱག་དགོས་མིན་ཀྱང་ཤེས་མེད། དྲུག་པ། བརྒྱ་བཤད་སྟོང་ལ་ཕབ་ན་ང་ཚོས་རང་བཙན་རྩོད་ན་རྒྱ་ནག་གུང་ཁྲན་མདུན་དུ་རྩོད་དགོས་པས་རྩོད་ཚུལ་ཇི་ལྟར་ཡིན། ལྷག་བསམ་རྣམ་དག་ཡིན་ན་འདིར་ལན་ཁོང་ཁྲོ་མེད་པ་དང་དྲང་པོའི་ཐོག་ལན་འཐོབ་དགོས། བདུན་པ། སྤྲུལ་དབང་ཅན་འདི་དག་བོད་ལ་ཤ་ཚ་ནས་ཡིན་ན་བོད་མི་ནང་འཛིངས་རྒྱག་རྒྱུ་བསྐུལ་མི་སྲིད་ཀྱང་ཁོ་པའི་བྱ་སྤྱོད་སྔ་ཕྱི་བར་གསུམ་ནང་ཁུལ་དཀྲུག་བྱེད་ཤ་སྟག་རེད། བརྒྱད་པ། ད་ཆ་དགེ་ལུགས་པ་དག་གིས་བོད་གཞུང་གི་ཐོབ་དབང་གང་ལའང་སྔར་སྲོལ་བཞག་སྟེ་ཆོས་བརྒྱུད་གཞན་དང་གནས་བབ་གཅིག་མཚུངས་་སུ་ཕེབས་བཞིན་ཡོད་ཀྱང་སྤྲུལ་དབང་ཅན་སོགས་ཀརྨ་བཀའ་བརྒྱུད་པའི་མིང་ཁ་ལ་ཁུར་ནས་ཕྱོགས་ཞེན་གྱི་མེ་འབར་སྟེ་དུག་སྦྲུལ་ལྟ་བུའི་སེམས་ངན་བཅངས་པ་ང་ཚོས་ཤེས་དགོས། དགུ་པ། སྤྲུལ་དབང་ཅན་འདི་དག་ཆོས་བརྒྱུད་ནང་ཁུལ་ཕྱོགས་འཁྱེར། ཆོལ་ཁའི་ནང་ཁུལ་འཐེན་འཁྱེར་ཁོ་ན་ལས་རང་གིས་སྒྲུབ་འོས་པའི་བོད་དོན་སྣེ་གཅིག་མེད་པར་རྟག་པར་མགོ་སེར་དབྱིན་མོའི་རྐུབ་ལ་ལྟ་ནས་རྒྱུག་བཞིན་པ་ང་ཚོས་ཤེས་དགོས། མི་ངན་འདི་ལྟ་བུ་ལ་བོད་དོན་གླེང་བའི་ཐོབ་ཐང་ཏིལ་འབྲུ་ཙམ་ཡང་མེད། བཅུ་པ། སྤྲུལ་དབང་ཅན་ནས་བོད་ཀྱི་སྤྱི་ཚོགས་ལ་ཤ་ཞེན་ཡོད་ན་གདོང་དངོས་སུ་བསྟན་དགོས་པ་ལས་ཁོ་པ་གབ་ནས་བསྡད་ཡོད། བདེན་མིན་སྤྲུལ་དབང་ཅན་བརྩད་གཅོད་དཱ་ང་ཡིན་ཞེས་མདུན་དུ་ཐོན་ཕོད་པ་སུ་གཅིག་རྙེད་རྒྱུ་མེད། བོད་ལ་ཤ་ཞེན་དེ་འདྲ་ཡོད་པ་དང་། རང་བཙན་ལ་ཤ ་ཞེན་ཡོད་ན་བོད་ཕྱི་ནང་གཉིས་ཀ་ལ་ཕན་པའི་ལས་ཀ་སྣེ་གཅིག་མེད་པ་གང་ཡིན་ནམ། བཅུ་གཅིག་པ། སྤྲུལ་དབང་རང་དོན་ཞིག་མ་འགྲུབ་པར་ལྟོགས་སྐད་རྒྱག་མཁན་གྱི་གཟའ་རོ་ཞིག་ལས་སྤྱི་ཚོགས་ལ་ཕན་སེམས་ཡོད་པ་ཞིག་མིན་པར་ཁོ་པའི་གྲོགས་པོ་ཞིག་བཤད་ཀྱིན་འདུག ཡིན་ནའང་ད་ལམ་ཁོ་པའི་ངོ་ཤེས་དེའི་རེ་བ་བཞིན་ངས་འདིར་ཁོ་པའི་སྐྱོན་མཚང་རེ་རེ་ནས་ད་དུང་གཏོན་མེད།
ཆོས་ལུགས་ཀྱིས་བོད་པ་ཕོངས། ག་དུས་ཡིན་ཡང་ཨོ་རྒྱན་ཉི་མའི་སྐད་ཆ་དག་ཀློག་རྗེས་ནང་ཆོས་ཀྱིས་བོད་པ་བརླགས་པ་མངོན་སུམ་གྱིས་སྤྲོད་བྱུང་བས་ནང་ཆོས་ཀྱི་སྒང་ལ་སེམས་པ་གཏིང་ནས་ན་ཞིང་བཟོད་བརླགས་མེད་པའི་ཁོང་ཁྲོ་སྐྱེས་བ་ཉུང་ཉུང་མིན། བོད་རྒྱུད་ནང་བསྟན་དང་སྤྲུལ་སྐུའི་ལམ་ལུགས་ཕམ་པ་ཤོག
བློ་གཟུར་བོ་གནས་ནས་དཔྱད་པ་གནང་མཁན་ཞིག་ཡིན་ན། བོད་ཀྱིས་ལོ་རྒྱུས་ནི་ངོ་མ་རྙོག་ཟིང་ཅན་ཞིག་ལས་གཙང་མ་མེད་པར་མངོན་གསལ་རེད། བོད་རང་དབང་རང་བཙན་གཙང་མ་ངང་གནས་པ་དང་རྒྱ་ནག་གིས་ཆ་ཤས་སུ་བྱས་ནས་བསྡད་པ་གཉིས་བསྡུར་ན་ཕྱི་མ་མང་བ་ཡིན་པ་ཤེས་དགོས། ཚད་མཐོ་ཤོས་ནི་མིང་ཙམ་གྱིས་རང་བཙན་ཟེར་བ་དེ་རེད། དེ་ལས་ལྷག་པ་ཞིག་ཆོས་རྒྱལ་ཚོ་སྐབས་ལས་བྱུང་བས་སྒྲུང་གཏམ་ཙམ་ལས་དེ་མིན་དཔང་རྟགས་གང་ཡང་མེད་པ་རེད། ༸གོང་ས་13པ་ཆེན་པོའི་སྐབས་སུ་རང་བཙན་གསལ་བསྒྲགས་བྱས་ཡོད་པར་ཁས་ཆེ་བས་མི་བུ་དག་གིས་ཤེས་དགོས་པ་ཞིག་ནི། སྐབས་དེའི་དུས་སུ་རྒྱ་དཀར་ནག་གཙོས་རྒྱ་སྤྱིའི་ནང་དུ་དུས་དེ་ནས་བོད་རང་བཙན་ཡིན་པ་ངོས་ལན་དང་ཁྲིམས་ཐོག་ལ་གང་ཡང་གསལ་མེད་པ་རེད། ཁ་གཅིག །བོད་རང་བཙན་གསལ་བསྒྲགས་ཟེར། དེ་ལྟར་ཡིན་ནམ། ཡིན་ན་དེའི་སྔོན་དུ་བོད་རང་བཙན་མ་ཡིན་པར་བོད་རང་གིས་ཁས་བླངས་བ་མ་ཡིན་ནམ། ཡང་འགའ་ཞིག་གིས། བོད་རང་བཙན་སྐྱར་གསོའི་གསལ་བསྒྲགས་ཟེར། དེས་ཀྱང་དེ་སྔར་རང་བཙན་གཞན་གྱིས་ལག་ཏུ་ཤོར་བ་གསལ་བཤད་བྱས་པ་ཡིན་པས་ཤོར་ས་དེར་རྒྱ་ནག་ལོས་ཡིན། ཡིན་ན་གསལ་བསྒྲགས་དེ་གནང་སྐབས་རྒྱ་གཞུང་གི་གསལ་བཤད་གང་བྱས་ཡོད་དམ། ད་ནས་བཟུང་ང་ཚོའི་བོད་རང་དབང་བཙན་ཡིན་པ་ངོས་ལན་ཡོད་བཅས་མ་བཤད་པར་རྒྱ་བོད་བར་གྱི་ཆེས་རྙོག་གླེང་ཅན་གྱི་གནད་དོན་དེ་ལྟ་བུར་ཞིག་བོད་པ་གཅིག་པུའི་ཐག་མི་ཆོད་པ་ནི་གསལ་བཤད་དགོས་པ་གང་ཡང་མ་མཐོང་། བསམ་ཚུལ་བཤད་འདོད་མཁན་ཚོས་ཡི་གེ་འབྲི་ཤེས་ཙམ་གྱི་མི་ཕན་པར་ལོ་རྒྱུས་གཞི་བཞག་ཐོག་དྲང་བདེན་གལ་གནད་ཆེའོ། །
རང་བཙན་ཡིན་མིན་ཞེས་བཤད་ཡོང་དུས། རྒྱལ་པོ་དང་། མངའ་རིས་ཞེས་འཇིག་རྟེན་འདིར་བྱུང་བ་ནས་རང་བཙན་ཡིན་མིན་དང་། བར་ལམ་ཞིག་ནས་རང་བཙན་གྱུར་སོང་བ་གཉིས་སུ་ཡོད་པར་མངོན། དེ་ཕྱིར་རང་བཙན་ཤོར་མྱོང་བ་ཙམ་གྱིས་རང་བཙན་མེད་དོ་ཞེས་སྨྲས་ན། དེ་ཡང་ཅུང་ཟད་ཐལ་དྲགས་པ་དང་། ད་ལྟ་རང་བཙན་ཡོད་མཁན་ཡིན་ཡང་། སྔོན་གྱི་དུས་སུ་རང་བཙན་ཡོད་མེད་མང་པོ་རེད། དེ་ཕྱིར་དེང་སང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱལ་ཁབ་བརྒྱ་དང་དགུ་བཅུའི་ས་མིག་ཡོད་ཀྱང་། དེ་དག་ཕལ་ཆེ་བ་དམག་ཆེན་གཉིས་པའི་རྗེས་སུ་བྱུང་བ་ཤ་སྟག་རེད། སྔོན་གྱི་རྒྱལ་ཕྲན་ཡོད་ཚད་རྒྱལ་ཁབ་ཏུ་བརྩི་དགོས་ན་སྟོང་ཕྲག་གིས་ཀྱང་ཚད་ས་མ་རེད། དེ་ཕྱིར་སྔོན་གྱི་དུས་སུ་བོད་རང་བཙན་མ་རེད་ཅེས་རྒྱ་བོད་སུས་བཤད་ན་ཡང་བདེན་པ་མ་རེད། དེང་སང་རང་བཙན་ཡོད་མེད་དང་། རང་བཙན་དགོས་མིན་ནི་ད་ལྟའི་གང་ཟག་ཚོས་ཐག་གཅོད་དགོས་པ་ལས། འདས་པ་དང་། འབྱུང་འགྱུར་གྱི་གང་ཟག་ཚོ་ལ་འགན་ཁུར་དེ་འགེལ་རྒྱུ་མེད་པར་འདོད། དུས་ནམ་ཞིག་གི་ཚེ་རང་བཙན་འཐོབ་ངེས་རེད། རང་དབུ་གཉིས་ཀྱི་འཐབ་རྩོད་གང་ལྟར་ཡང་ད་ལྟའི་དུས་སུ་བཙན་བྱོལ་སྒྲིག་འཛུགས་ཡུན་དུ་གནས་པ་དང་། བོད་ནང་གི་ཆོས་རིག་ལ་བར་ཆད་མི་ཡོང་བའི་ཐབས་ལམ་བསྐྲུན་པ་ལས། གཞན་ཁག་པོ་རེད། བོད་ཀྱི་ཆོས་རིག་སྲུང་ནུས་པ་དང་། བོད་མའི་སྒྲིག་འཛུགས་ཡུན་དུ་གནས་ཐུབ་སོང་ན། ད་ལྟའི་བོད་པ་ཚོས་འཇོན་པ་རེད། དེ་མིན་རང་བཙན་ཞེས་ཁ་ཕོ་ཇི་ལྟར་བསྡམ་ཡང་སྟོང་པ་རེད། དབུ་མའི་ལམ་ཞེས་དྲང་གཏམ་ཇི་ལྟར་བཤད་ཀྱང་ནུས་མེད་རེད།
འཇམ་གཅེས་འདི་སྤྲུལ་སྐུ་རིང་ལུགས་པའི་རྒྱུག་ཁྱི་ཡག་པོ་ཞིག་རེད། བོད་རང་བཙན་དགོས་དང་མི་དགོས་དེ་བོད་མི་མང་གི་འདེམས་རྒྱུ་ལས་ལོ་རྒྱུས་ག་གེ་མོ་ཞིག་མ་གཞི་བཅོལ་དགོས་བ་མིན་ཏེ། དོ་སྔོན་རང་བཙན ཡིན་པའི་རྒྱལ་ཁབ་མང་པོ་ཞིག་ད་ལྟ་མིན་ལ་ལོ་རྒྱུས་བྱུང་མྱོང་མེད་པའི་ལུང་པ་མང་པོ་ད་ལྟ་རང་བཙན་ཡོད། རང་བཙན་འདོད་དང་མི་འདོད་ནི་མི་རིགས་ཤིག་གི་རང་ཐག་རང་གཅོད་ཀྱི་གནད་དོན་ལ་ཐུག་ཡོད་ལ་ད་ལྟར་ཆོག་པ་རྒྱལ་སྤྱིའི་ཁྲིམས་རེད། རང་ལ་ནུས་བ་ཡོད་རྩོད་ས་བཤད་ས་ཐམས་ཅད་དེ་ནས་ཡོད། དེ་མིན་རྨོངས་དད་དང་དམ་ཚིག སྒེར་གྱི་འཚོ་་བ་དང་ཁེ་ཕན་ཆེད་བོད་མི་མི་བཙོང་བ་ཞུ།
གྲོས་མཐུན་དོན་མཚན་17ཐམ་པ་ལ་ས་ཡིག་བཀོད་ནས་བཟུང་རང་བཙན་སྒོ་བཀག་ཚར་བ་རེད། དེ་གཅིག་རེད། གཉིས་པ་ཁྱེད་ཚོས་ངས་མཆན་གྱི་གོ་དོན་མ་རྟོགས་པ་ཞིག་ལ་གསལ་བཤད། ངས་དེ་སྔར་བོད་རང་བཙན་བྱུང་མྱོང་ཡོད་པ་མ་རེད་བཤད་མེད་ལ་དེ་བཞིན་ད་ལྟ་རྩོད་ཆོག་མ་རེད་བཅས་དེ་ལས་ཀྱང་བཤད་མེད། སྐབས་རེ་རྒྱ་ནག་གི་ཆ་ཤས་དང་སྐབས་རེ་རང་བཙན་བྱས་པའི་ལོ་རྒྱུས་བཤད་པ་ཡིན། རྒྱ་བོད་སུ་ཡིན་ཡང་བདེན་གཏམ་བཤད་དགོས་པ་ལས་ཧམ་བཤད་འགྲོ་ས་ཡོད་མ་རེད།
བོད་མི་ཚོས་ཕྱི་ལ་སྟག་པགས་རེ་གོན་རྒྱུ་རག་ན། ཡར་ནང་ལ་མཆེ་བ་གཙིགས། མར་ནང་ལ་སྡེར་ཤད་བྱས་ནས། ནང་སྙིང་དྲོན་པོ་ཞིག་ཡོད་མཁན་དཀོན་པོ་དཀོན་པོ་རེད། ཤེས་ལ་མ་ཤེས་ལ་ནས་ཁ་ལྕེ་དབྱུག་རྒྱུ་ལ་ངན་ལངས་ཤོར་ནས། བོད་དོན་ཡིན་ཟེར་ཞོར་བོད་མགོ་རྐྱང་རྐྱང་རྡུང་ནས་ཉིན་མཚན་མ་ཕུད་རོགས། བློ་ནང་ལ་ཁོར། རླུངས་དགྲ་ལ་ལོང་།
བོད་འདི་བརྩད་ནས་ལེན་དགོས་ཞིག་ཡིན་པ་ཤེས་ཡོད་ན། རྩོད་སྟངས་ལ་རྡོག་རྩ་གཅིག་བསྒྲིལ་ཞིག་དགོས་དོན་ཡོད་པ་མ་རེད། ཁ་རྒད་ནས་རྩོད་ཀི་ཡིན་ནའང་འདྲ། ངོ་མནག་ནས་འཕྲོག་གི་ཡིན་ནའང་འདྲ། གཅིག་པ་རེད།
རྒྱ་འོག་ནས་འདུག་དང་མི་འདུག་ནི། སོ་སོ་ཐབས་ག་ཚོད་རྡུགས་ཡོད་མེད་ལ་རག་ལས་བ་ལས། ལོ་རྒྱུས་དང་ཁེ་ཕན་ལ་འབྲེལ་བ་རྩ་ནས་མེད། ཐབས་རྡུགས་ཀི་མྱིས་ལོ་རྒྱུས་དང་ཁེ་ཕན་རྩོད་མི་ཤེས། རྩོད་པའི་སེམས་ཤུགས་དང་ང་རྒྱལ་གང་ཡང་ལྷག་མེད། དེ་ནི་མྱི་ཐབས་རྡུགས་ན་ཁྱི་ལ་ཕྱག་འཚལ་ལྟ་བུ་རེད། ང་ཚོ་ཐབས་རྡུགས་མི་ཉན།
བོད་དང་བཙན་བྱོལ་ལ་མགོ་ན་འདུག་ནི་དང་གཞུག་ན་སྐྱོར་ནི་སྤྱི་ཡོངས་ནས་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཡོད་པ་རེད། དེ་ནི་བལྟས་ན་རིག་ནི་ཞིག་དང་དྲིས་ན་ཤེས་ནི་ཞིག་རེད། བསམ་བློ་དང་སྤོབས་པའི་ཆ་ནས་མདའ་གཅིག་གིས་བྱིའུ་བརྒྱ་འདྲོགས་པའི་ནུས་མཐུ་ཐོན་དུས་ང་ཚོ་དགྲ་འོག་ནས་ཐར་ཚར་རེད། དེ་ན། བསམ་བློ་མཐོ་ས་ནས་གཏོང་། མགོ་པོ་མཐོ་ས་ནས་འཛིན།
བོད་བཙོང་ཡོད་ན་རེད་ཤོར་ཡོད་ན་རེད། གྲོས་མཐུན་གསལ་གསལ་ཐིང་ཐིང་ཡོད་པ་རེད། གང་ལྟར་ད་ལྟའི་དུས་སུ་བར་གནས་རྒྱ་ཁབ་དང་རྒྱ་སྤྱིའི་བདེན་དཔང་གང་ཡང་མེད་པར་འཇའ་མཚོན་ལ་ལག་པའི་རེག་འདོད་ནི་སྟོང་བསམ་ཙམ་ལས་གང་ཡང་མི་འགྲུབ་པ་རྒྱུ་མཚན་ལས་དཔོགས་ནུས་པས་ཡིག་ཚོགས་སྤུངས་མི་འདོད།།
འཇམ་གཅེས་མོ་རེད།
ཨ་མའི་བུ་ལ་འཇོན་ཐང་ཡོད་ན། དགའ་ལྡན་གསེར་ཁྲིར་བདག་བཟུང་མེད་ཟེར་བ་འདི་གང་ལ་སྦྱར་ཆོག་ཆོག་གི་ལུང་དཔེ་ཞིག་རེད། དེ་མིན། ལོ་རྒྱུས་ཀྱི་ཆ་ནས་བོད་ཀྱི་ལོ་རྒྱུས་འདི་འཛམ་གླིང་གང་ལ་ཡང་གསལ་ཆ་མེད་པའི་ཤམ་བྷ་ལའི་གནས་གསར་བ་ཞིག་ཡིན་པས། ལོ་རྒྱུས་གསར་བ་འདི་འཁྱོག་འབྲི་མི་བྱེད་པ་དང་བྱེད་དུ་མི་འཇུག་པ་ནི་ལོ་རྒྱུས་ལ་གསར་དུ་བཏབ་པའི་མཚན་བྱང་ཡིན་ན། ཁྱེད་ལྟ་བུས་ཤེས་ན་དཀར་ཐུགས་རེ་དང་མི་ཤེས་ན་ཁྲག་ཐུགས་རེ་རྒྱག་དགོས་དོན་མེད་ཀི་ཨ།
སྤྲུལ་དབང་གི་སྐད་ཆ་ལ་རྒྱུ་མཚན་ཆེན་པོ་འདུག གནས་ལུགས་དང་རྒྱུ་མཚན་ལ་ལྟ་ཤེས་ཉན་ཤེས་དང་བཤད་ཤེས་དཔྱོད་ཤེས་ཅན་གྱི་རིགས་པའི་བུ་ཞིག་ཡིན་ན་ཕྱོགས་ཞེན་དང་གླེན་བཤད་རྨོངས་འཐོམ་མགོ་འཁོར་ཀྱི་སྐད་ཆས་རང་མགོ་མ་སྐོར་བར་དཀྱེལ་ཡངས་རྣམ་དཔྱོད་ཀྱི་རིགས་པའི་དཔྱོད་དང་རིགས་ཀྱི་བུ་རྣམས།
བོད་རང་བཙན་མི་དགོས་ཟེར་མཁན་དེ་་་་་་་མི་ཆེན་དང་བླ་ཆེན་ཞིག་ཡིན་དུ་གྱུར་ན་་་་བོད་བཙོང་པ་རེད་སེ་་་འཁྱོན་ནས་ལབ་མི་ཆོག་གལ་ཏེ་དེ་འདྲའི་མུ་འཐུད་ནས་ལབ་ན་་་་་ཁྱོད་རང་ངོ་ལོག་པ་རང་ཆགས་པ་མ་ཟད་བོད་སྤྱི་ཚོགས་ནང་ཕྱིར་ཕུད་ཀྱང་བྱེད་སྲིད།
དེ་མིན་གོང་གི་གནད་དོན་དེར་ས་རྟགས་བཀོད་མཁན་དེ་་་་མི་ཕལ་པ་ཞིག་ཡིན་ན་ནི་བོད་མི་རིགས་ཀྱི་ཞབས་འདྲེན་དང་བླ་བཙོང་མཁན་རང་རེད།།
བདེན་གཏམ་བཤད་པར་དགའ་བས་རང་གཤིས་གཅིག །
འཁྱོག་བརྗོད་མཁན་དག་འབུར་འཇོམས་དགའ་བ་གཉིས། །
མི་བུ་བདག་གིས་ལྷན་སྐྱེས་གཤིས་ལུགས་འདིར། །
ནམ་ཡང་མི་བཅོས་སེམས་སུ་དམ་བཅས་སོ། །
རང་ཕྱོགས་མེད་པའི་ཁ་མཆུ་ལས་ངན་དེ།
སྲིད་ཀྱི་སྟེགས་ན་ཁ་མཆུ་ངོ་མ་ཡིན།
རང་ཕྱོགས་མེད་པའི་ཚིག་གི་ལམ་སྟོན་དེ།
ཆོས་ཀྱི་ཀླུངས་ན་ཁ་ཁག་རྫུན་མ་ཡིན།
ལྷན་སྐྱེས་གཤིས་ལ་བཅོས་རྒྱུ་མེད་པ་དེ།
ཤེས་བ་ལྷན་སྐྱེས་མེད་པའི་ལས་ངན་ཡིན།
སྤྲུལ་དབང་འདི་བོད་མི་རིགས་ལ་ཤ་ཞེན་ཡོད་པ་ཞིག་ཡིན་མིན་མི་ཤེས་མོད། ༧གོང་ས་མཆོག་དང་སྐུ་སྒེར་ཡིག་ཚང་ལ་ཞེ་འཁོན་ཡོད་པ་ཞིག་ཡིན་པ་ཐག་གིས་ཆོད།
རྫུན་གཏམ་བཤད་པར་དགའ་བའི་རང་གཤིས་གཅིག།
དྲམ་གཏམ་མཁན་ལ་འབུར་བཅོམས་བྱེད་དགའ་གཉིས།
མི་ངན་དག་གི་ལྷན་སྐྱེས་གཤིས་ལུགས་དེ།
ནམ་ཡང་བཅོས་སུ་མེད་པའི་གཤིས་སྤྱོད་ལགས།
ལམ་དབུ་མའི་བསྐོར་བཤད་ན་ལམ་སེང་༧གོང་ས་མཆོག་ལ་སྦྱར་ནས་ཨུ་ཚུགས་ཀྱིས་དད་དམ་འགྲེལ་ནས་ཕན་གནོད་བཤད་དགོས་དོན་ག་རེ་ཡིན་ནམ། ལམ་དབུ་མ་འདི་༧སྐུ་འདུན་གྱིས་སྔགས་བླ་མེད་ཀྱི་དབང་ལུང་གནང་བཞག་པ་ཞིག་ཨེ་རེད། དེ་ལྟར་ཡིན་ན། གཙོ་བོས་ཇི་ལྟར་བཀའ་བསྩལ་བ། དེ་དག་ཐམས་ཆད་བདག་གིས་བགྱིས། ཟེར་རྒྱུ་མ་གཏོག་ཅང་ལྷག་མེད་པ་རེད། དེ་མིན་ལམ་དབུ་མ་འདི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་འཐབ་རྩོད་ཀྱི་ཐབས་ལམ་ཞིག་ཡིན་ན་མི་རིགས་དེས་ཕན་གནོད་བཤད་ཆོག་པའི་ལྷན་སྐྱེས་ཀྱི་འཐོབ་ཐང་ཞིག་ཡོད་པ་རེད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ཀྱི་ཁྱབ་ཁོངས་ནང་རང་ཐག་རང་གཅོད་བྱེད་པའི་འཐོབ་ཐང་དེ་ཡོད་པ་རེད།
འཇམ་གཅེས་ཀྱིས་བདེན་བརྗོད་པ་དགའ་ན་བོད་འདི་རྒྱ་མངའ་ཁོངས་ག་འདྲ་བྱས་ནས་ཆགས་པ་རེད། རྒྱ་ནག་གོང་མ་སུས་དུས་ནས་བོད་རྒྱ་ཁོངས་ཆགས་པ་རེད། དོན་དངོས་མན་ཇུས་གཞུང་ཡང་རྒྱ་རིགས་མིན་པ་སོགས་རྒྱལ་སྤྱིའི་ཡིག་ཚང་ཀུན་ཏུ་གྲགས་པ་ལྟར་རེད། དོན་དངོས་བོད་རྒྱ་ཁོངས་སུ་གནས་བ་དང་མ་གནས་བ་གཉིས་ལས་མ་གནས་བའི་སྒྲུབ་བྱེད་མང་པོ་ཡོད། ད་དུང་བདེན་ལ་མོས་ཟེར། བདེན་པ་མཐོང་མིག་མེད་པས་ཅི་ལྟར་བདེན་དོན་ལ་དུང་ཡང་ལུང་བ་རེད། ལུང་བ་དོན་ནི་གཞན་གྱི་ལག་ཆ་རེད།
དེང་སང་བཙན་བྱོལ་ནང་ན་སྲིད་དོན་དཔྱད་བརྗོད་པ་ཚོ་ནི། སྤྲུལ་རྫུན་སྡོམ་ཤོར་ཨོ་ཉི་ལྟ་བུ་དང་སྤྲུལ་གོག་དབང་མིང་ཅན་ཁྱི་སྐྱག་ལ་ཡང་མི་དོ་མཁན་འདི་ཚོ་རེད། ཧ་ཧ་ཧ། བཙན་བྱོལ་ནང་ལ་མུག་གེ་སླེབས་ཚར་འདུག
མང་པོ་མི་བཤད། བོད་བླ་ཆེན་མི་ཆེན་དག་ལ་རྒྱ་མིའི་ཆོ་ལོ་རེ་མེད་ན་དཔོན་གནས་ཚད་ལྡན་རེད་མེད་པ་དེ་གང་ཡིན་ནམ། དཔེར་ན་༸གོང་ས་14པ་ཆེན་པོ་མདོ་སྨད་ནས་དབུས་སུ་གདན་ཞུས་སྐབས་སུ་ཆོག་ཆན་སུ་ལ་ཞུས་ཡོད་མེད་སོགས་མང་བས་དཔྱོད་ལྡན་ཡིན་ན་དཔྱོད་དང་། དེ་མིན་ལོག་སྤྱོད་པ་དང་བོང་རྒན་དག་ལ་ར་འཕྲོད་ཡ་མེད་པས་རྟུག་པར་ཡོག་མི་འདོད་
ཆོག་ཆན་སུ་ལ་ཞུས་པ་རེད། ཙུང་ལི་འཇམ་གཅེས་ལ་ཞུས་པ་ཨེ་རེད། ཧ་ཧ། དཔྱོད་ལྡན་མཁན་པོས་དེ་ལྟར་གསུངས་ཀྱི་མི་འདུག་ད།
རང་གིས་རྫུན་གཏམ་བདེན་དོན་རློམ་པ་དང་། །
གཞན་གྱིས་བདེན་དོན་རྫུན་དུ་འགྲེལ་བྱེད་མཁན། །
ལོག་པས་ལམ་དུ་གོམས་པའི་མི་ངན་དག། །
ལོག་སྤྱོད་མིང་དེ་འོས་ཤིང་རན་པ་ལ། །
ཁ་ཚིག་སྟོང་པའི་ལམ་ནས་རྟོ་གོས་འཚོལ། །
གཡོ་ཁུག་བསམ་ངན་ལམ་ནས་སྤྱི་དོན་གླེང་། །
མིག་ལྡན་གཡང་སར་རྒྱུགས་མཁན་སྙིང་མེད་དག །
གངས་ཅན་ཁ་བ་པ་ཡིས་གད་སྙིགས་དངོས། །
མགོ་མཇུག་གཙང་གཙང་ལོག་འདུག་གོ་སྐུ་ངོ་སྐྱག་པ་ལགས། ཧ་ཧ། ཧི་ཧི།
སྤྲུལ་སྐུ་དབང་ཆེན་ཟེར་བ་དེ་བོད་མིའི་སྤྱི་ཚོགས་དཀྲུག་ཤིང་གི་ཐུར་མ་ཡ་མེད་ཅིག་རེད་འདུག ཉེ་ལམ་ཁོས་མཆན་ཅིག་ཏུ་༧གོང་ས་མཆོག་གིས་༧པཎ་ཆེན་རིན་པོ་ཆེར་ཕྲག་དོག་ངན་བརྗོད་བྱས་པ་དང་།ལྷག་པར་དབུ་མའི་ལམ་དེ་༧གོང་ས་མཆོག་གིས་སོ་སོ་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཆེད་བཟོས་པ་རེད་ཅེས་སོགས་དངོས་ཡོད་དང་མི་མཐུན་པའི་སྐད་ཅོར་ལུང་པ་བཀང་བརྒྱབས་སོང་བས་ཀྱང་ཁོ་ག་འདྲ་ཅིག་ཡིན་རྟོགས་ཐུབ་རེད།
དྲ་གྲོགས་རྣམ་པ་ཁོའི་སྐད་ཆར་བདག་པོ་མ་བརྒྱབ་ན་ཡག་པོ་རེད།
མི་ཤེས་ཤེས་ཁུལ་བྱས་ན་དམྱལ་བར་སྐྱེ།།
མ་རྟོག་ལོག་པར་རྟོགས་ན་དམྱལ་བར་སྐྱེ།།
ཤེས་རྟོག་གང་ཡང་མེད་ན་དམྱལ་བར་སྐྱེ།།
དམྱལ་བ་འདི་ཚོ་དམྱལ་བར་སྐྱེ་ཁོ་ཐག།
༧གོང་ས་མཆོག་གིས་དབུ་མའི་ལམ་གཏན་ལ་ཕབས་པ་ནི་བོད་ཀྱི་དཀའ་རྙོག་མྱུར་དུ་སེལ་ཐབས་ཀྱི་ཐབས་ལམ་ཞིག་ཡིན་པ་ལས་བོད་རང་བཙན་མིན་པའི་རྒྱུ་མཚན་མ་རེད་འདོད། མི་འགའ་རེས་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་ནས་རང་བཙན་ཤོར་ཟིན་པ་ལྟ་བུ་བཤད་པ་ནི་དངོས་ཡོད་དང་མཐུན་པའི་སྐད་ཆ་ཞིག་མ་རེད། གང་ཡིན་ཞེ་ན། གྲོས་མཐུན་དོན་ཚན་བཅུ་བདུན་ནི་བཙན་འོག་ནས་བཞག་པ་ཡོངས་གྲགས་རེད་ལ། རྒྱ་གཞུང་རང་ཉིད་ནས་གྲོས་མཐུན་རྩིས་མེད་བཏང་ནས་བོད་བཙན་བཟུང་བྱས་པ་ཡིན་པས་རྒྱ་ཕྱོགས་ནས་རྩིས་མེད་བཏང་ཟིན་པ་ཞིག་བོད་པས་བརྩི་སྲུང་བྱེད་དགོས་དོན་ཅི་ཡང་མེད།
སྤྲུ་སྐུ་དབང་ཆེན་ཞེས་པ་འདི་ངོ་དེབ་ནང་དུ་ཡང་རྟག་པར་གོང་ས་མཆོག་དང་རང་གཞུང་ལ་ཁ་གཏོང་མཁན་ཞིག་རེད་ལ། འདིར་རང་བཙན་རྩོད་མཁན་ཞིག་ཡིན་མདོག་གིས་དབུ་མའི་ལམ་ལ་སྐྱོན་བརྗོད་བྱས་པ་ཡང་དོན་དངོས་གོང་ས་མཆོག་ནག་པོ་བཟོ་ཐབས་དང་། བོད་རིགས་ནང་ཁུལ་དཀྲུག་ཐབས་ལས་རང་བཙན་ལ་དགའ་དྲག་ནས་མིན་པ་ཚང་མས་ཤེས་དགོས།
དག་ནོར་བཏགས་ནོར་ཁེངས་པའི་ཚིག་བཅད་དག།
ག་ས་ག་ལ་སྙང་མ་ཛར་ཛར་གྱིས།
ཁ་བརྡ་དྲ་བར་གད་སྙིགས་སྤུངས་མཁན་ཁྱོད།
དྲང་གཏམ་ཡིན་མདོག་སྨྲ་བར་ངོ་མི་ཚའམ།
འཇམ་གཅེས་ཡ་འཇམ་གཅེས།མ་ངུ་རོགས།
དབུ་མའི་ལམ་གྱིས།
༡༽ རྒྱ་བོད་གདོང་ཐུག་རྒྱག་མི་དགོས་པར་ཕན།
༢༽ ཛམ་གླིང་ཁྱོན་ཡོངས་ནས་བོད་དོན་རྒྱབ་སྐྱོར་འོངས་བ་ལ་ཕན།
༣༽ བཙན་བྱོལ་འགྲིག་འཛུགས་འཇིགས་སྐུལ་རིང་ལུགས་པའི་མིང་བཏགས་ས་མེད་པ་ལ་ཕན།
དབུ་མའི་ལམ་གྱིས།
༡༽ བོད་རྒྱའི་ཚེ་སྲོག་ཉུང་བ་ཤོར་བ་ལ་ཕན།
༢༽ བོད་རྒྱ་འཆམ་མཐུན་མཉམ་གནས་ལ་ཕན།
༣༽ བོད་མིར་མིག་དཔེར་བལྟས་ནས་ཛམ་གླིང་ཡོངས་ལ་ཞི་བདེ་ཡོང་བ་ལ་ཡང་ཕན།
སོ་སོས་ཡིག་ནོར་ཕུངས་པོ་སྤུངས་ཞིན་དུ། །
མི་ལ་འཕྱ་སྨོད་དགའ་མཁན་གསེར་འབྲུག་ཁྱོད། །
ངོ་གདོངས་ལྕགས་འབག་གྱོན་པ་ཡ་མཚན་དངོས། །
དེ་མིན་རང་གི་དེ་ཉིད་མཐོང་བ་བྱོས། །
ཁ་བརྡ་དྲ་བ་ནང་ནས་སྤྱི་ཚོགས་དཀྲུག །
ཁ་ངན་ཚིག་ངན་ལམ་ནས་རང་རིགས་སྨྲོད། །
ཁ་བ་གངས་ཅན་པ་ཡི་བརླ་བཙོང་ཁྱོད། །
ཁ་ནས་གང་བཤད་སྐྱག་པའི་རིན་ཡང་མེད། །
ཧ་ཧ། ད་དུང་དག་ནོར་བཏགས་ནོར་རྒྱུན་ཆད་མི་འདུག། ངའི་ཡིག་ནོར་དེ་ཚོ་བཏོན་ཤོག་ཨ།
ཁ་བརྡ་དྲ་ནང་ཡེ་རྡོར་གཉིས་པ་ཁྱོད།
ཁ་ནང་སྐྱག་པ་གང་འཁྱེར་རྒྱ་ཁྱི་ཁྱོད།
ཁ་བ་རི་པའི་བླ་བཙོང་ཁྱོད་མིན་སུ།
ཁ་བོ་ཆེ་གདོངས་སྐྱག་པ་ཚ་པོས་མཆོད། ཧ་ཧ།
ཁ་ནས་གང་བཤད་ཉེས་པ་མེད། །ཁ་ཁོག་མཚུངས་པ་གཙོ་ཆེར་ཡིན། །ཁ་དང་ཞེ་གཉིས་མི་མཐུན་ན། །ཁ་ཏ་མ་ཡིན་སྟོང་གཏམ་ཡིན། །
སྤྲུལ་སྐུ་དབང་ཆེན་ཟེར་བ་འདི་གང་ནས་རེད། གང་ན་ཡོད་དམ།
སྤྲུལ་མིང་བ་འདིའི་རྩོམ་ཡིག་འདིས་གླེང་སློང་ཞིག་བཟོ་འདོད་པའི་ཧམ་པ་ཚ་བོ་ཞིག་ལས། རྩོམ་ཡིག་གི་སྤྱི་ཁོག་ལ་དཔྱོད་ཤེས་ཀྱི་བློ་མིག་འདུག་ཨང་སྙམ་པ་ཞིག་ཤར་མ་སོང་། ངོ་མ་ཡིན། རྩ་བའི་ཆ་ནས་གང་བཤད་ཀྱང་མི་ཆོག་ག་ལ་ཡོད། ཡིན་ཆབ་སྲིད་ཀྱི་རྩོམ་ཡིག་འདི་ལྟར་དང་བརྗོད་དོན་གྱི་ཁ་ཕྱོགས་འདི་འདྲ་ཞིག་བདམས་ཚར་འི་རྗེས་ལ་དྲང་ཕྱོགས་ཀྱི་བློ་མིག་དང་ཕུགས་རྒྱང་རིང་ཙམ་སྲིང་ཐུབ་པའི་བློ་ཁོག་ཏོག་ཙམ་དགོས། དེ་མིན་གསར་འགྱུར་འགོད་སྟངས་ཙམ་གྱིས་མི་ཡོང་། དེ་བས་ད་དུང་རྩོམ་ཡིག་འདིས་རང་བཙན་དང་དབུ་མ་ཟེར་བའི་འགན་ཟླ་སློང་བྱེད་ཅིག་ལས་ཅི་ཡང་མི་འཇོན་ཐག་གིས་ཆོད། མ་གཞི་ཁྱོད་ཀྱི་ཞེ་འདོད་ཀྱང་དེ་ཡིན་སྲིད་མོད། སྐད་ཆ་དྲང་མོ་བཤད་ན་དེ་ཙམ་ལས་མི་འདུག ངོ་མ་དགོད་ཁ་འཆོར་བྱེད་རང་རེད། ཧཧཧཧཧཧཧཧ
ཁ་བ་གངས་ཅན་བོད་པའི་རྐང་འདྲེན་ཞིག །
ཁ་བརྡའི་དྲ་བ་ནང་ནས་ངུ་བཞིན་འདུག །
ཁ་ནས་གང་བྱུང་སྨྲ་བའི་ལྕགས་འབག་ཅན། །
ཁ་ལྗོངས་ལོག་ལམ་བརྫང་འདོད་ཁོག་ནག་ཅན། །
ཁ་བའི་ལས་དབང་ལོག་པར་འགྲེལ་འདོད་ཅན། །
ཁ་བའི་བདེ་སྡུག་སྡུག་རྩེད་ཆས་བཟོ་འདོད་ཅན། །
ཁ་བའི་ཡོད་ཚད་འཕུང་ལ་སྦྱར་འདོད་མཁན། །
ཁ་བའི་ལྗོངས་ཀྱི་ཐལ་ཤལ་སྙིང་རེ་རྗེ། །
སྐུ་ལོ་དབང་ཆེན་དཔྱད་ཞིབ་རྣོ་མོ་དེ།།
སྡར་མའི་བུ་ཡི་སྙིང་ཁར་གྲི་ལྟར་བཙུགས།།
གཡོ་ཅན་ཝ་མོ་འབྲོ་ས་མ་རྙེད་པ།།
མཆུ་སྣེ་བྲག་ལ་ཐོག་ཅིང་ངན་སྐད་ཤོར།།
ཁ་བ་རི་པའི་མི་རིགས་ཞབས་འདྲེན་ཁྱོད།
ཁ་བརྡའི་དྲ་ནང་ངུས་པ་ཉུང་ཉུང་མིན།
ཁ་བའི་ལྔོངས་ཀྱི་བྱུང་རབས་དངོས་བདེན་ལ།
ཁ་ནག་རྒྱ་ཁྱིས་འཁྱོག་བཤད་བྱེད་ལ་བྲེལ།
ཁ་ལ་ཟ་རྒྱུ་མེད་པའི་མུ་ཏོ་ཁྱོད།
ཁ་ཟས་དོན་དུ་རྒྱ་རྐུབ་བལྡགས་མཁན་ཁྱོད།
ཁ་བའི་ལྗོངས་ཀྱི་མི་རིགས་བླ་བཙོང་ཁྱོད།
ཁ་བའི་ཡུལ་ནས་མཐར་སྐྲོད་་གཏོང་ངེས་ཡིན།
གངས་ལྗོངས་ཁ་བ་རི་པའི་རྒྱལ་ཁབ་ཀྱི་བོད་རིགས་སྤུན་ཟླ་ཡོངས་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་བོད་མིའི་འདས་མ་འོངས་ད་ལྟ་གསུམ་གྱི་བརྒྱུད་རིམ་རྟོགས་པར་བྱས་ནས་བགྲོ་གླེང་གནང་བ་ལ་ཐུགས་རྗེ་ཆེ་ཞུ། དེ་མིན་བོད་འདི་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཡང་ཡིན་མིན་ལ་ཡིད་མི་ཆེས་པ་དག་ནི་གནས་སྐབས་ཙམ་མིན་པར་གཏན་དུ་རྒྱ་མིའི་འདོམས་གཞང་ལ་སྐྱབས་སུ་སོང་ཤིག་ཅེས་ཞུ་འདོད་བྱུང་། ང་ཚོའི་འདི་ནས་བོད་རང་བཙན་གཙང་མ་ཡིན་མིན་གྱིས་ཐེ་ཚོམ་དང་དོགས་གཅོད་བྱེད་མི་དགོས་པར་ལོ་རྒྱུས་རྒྱབ་ལྗོངས་མིག་མདུན་ལ་མཐོང་བ་གྲངས་ལས་འདས་པ་དེས་མ་ཆོག་པ་ཅི་ཡོད། དེ་མིན་སྐུ་མདུན་ཨ་མདོ་ནས་ཡར་གདན་འདྲེན་སྐབས་ཀྱི་གནས་སྟངས་དེ་ཚོ་ནི་སྐབས་དེ་དུས་ཀྱི་གོ་མིན་ཏང་དང་མཱ་ཅང་སོགས་ལ་འབྲེལ་ཡོད་པ་ལས་ཧཱན་མི་རིགས་དང་འབྲེལ་བ་ཞིག་རྩ་བ་ནས་མ་རེད་ལ། སྐབས་དང་སྐབས་སུ་ས་མཚམས་ཆུ་མཚམས་དག་ཙམ་རེ་ཡར་འགྲོ་མར་འབུད་བྱས་པ་ལ་ནི་གནས་སྐབས་རིང་གི་དར་རྒུད་ཙམ་ཡིན་པ་ལས་བོད་རྒྱལ་ཁབ་འདི་རང་བཙན་ཡིན་མིན་བསྒྲུབ་བྱེད་དུ་ཇི་ལྟར་འགྲོ །འོ་ན་དབུ་མའི་ལམ་དེ་བཙུག་དགོས་པའི་རྒྱུ་མཚན་གཙོ་བོ་དེ་བོད་རང་བཙན་གཙང་མའི་རྒྱལ་རབས་ལོ་རྒྱུས་ཁུངས་སྐྱེལ་ཐུབ་པ་ཞིག་མེད་པས་རེད་དམ་ཟེར་ན། དེ་ནི་མ་ཡིན་དེ། གནས་སྐབས་ཀྱི་ཁེ་ཕན་ཙམ་གྱི་ཆེད་གཅིག་པོ་ཡིན་པའི་ཕྱིར། བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་མིན་ཞེས་ད་བར་དུ་བོད་མི་སུས་ཀྱང་བཤད་ཡོད་པ་མ་རེད། འོ་ན་རྒྱ་ནག་པས་འཁྱོག་བཤད་ལ་ཉན་དགོས་ཟེར་ན་ནི་ད་བར་དུ་གང་ནས་གཉིད་ཁུག་བསྡད་པ་རེད། རྣམ་དཔྱོད་དང་ལྡན་པའི་སྒོ་ནས་བགྲོ་གྲེང་བྱེད་ན་དགའ་བསུ་ཞུ། དེ་མན་སྨྱོ་གཏམ་དེ་ཚོ་ལ་ནི་སུན་སྣང་སྐྱེས་ཀྱི་འདུག
སྤྲུལ་སྐུ་ལགས་། ཁྱེད་ཉིད་བཞུགས་ས་ནས་བོད་དོན་དང་བོད་རང་བཙན་སླར་བསོ་ཆེད་ལས་འགུལ་ལམ་ཚོགས་པ་འདྲ་བཙུགས་འུ་ཡོད་། གལ་སྲིད་བཙུགས་ཡོད་ན་ཕྱི་རྒྱལ་བས་རང་བཙན་དང་དབུ་མ་གཉིས་ལྟ་ཚུལ་གང་འདྲ་འདུག
ཁ་ནས་བཤད་ཚད་སེམས་ལ་ཕོག་སོང་ན།།
ཁ་ནས་བཤད་ཚད་དོན་ལ་མེད་ངེས་ཡིན།།
ཁ་བ་གངས་རིའི་ལྗོངས་ལ་སེམས་དཀར་ན།།
ཁ་བརྡ་རིགས་པའི་ལམ་དང་མ་འབྲལ་ཅིག།
སྐུ་མདུན་ཟེར་བའི་མིང་ཚིག་སྡུག་ཅག་དེ་བེད་སྤྱོད་མ་བྱེད་རོགས། སྐུ་མདུན་ཟེར་ན་ག་རེ་རེད། ཟུར་ཟ་ཟེར་བ་ཞིག་ཡོད་ན་མིང་ཚིག་དེ་ངོ་མ་ཟུར་ཟ་ཞིག་ཡིན་ས་རེད། ཚིག་དོན་གང་ཐད་ནས་འདི་འདྲའི་མིང་ཚིག་གོ་དོན་མེད་པ། མ་དག་པ། ཁོང་དགོད་ཤོར་སྤྱད། རྒྱལ་བ་རིན་པོ་ཆེ་ལ་སྐུ་མདུན་ཟེར་བའི་མིང་ཐོག་མ་སུ་ཞིག་གིས་བཏགས་པ་ཡིན་ནམ། ཞེ་ས་མ་ཞུས་ན་སྐུ་ནི་ལུས་ཀྱི་དོན་རེད། མདུན་ནི་དེའི་སྔུན་ནམ་གདོང་ཕྱོགས་སའི་དྲུང་ཟེར་གྱིན་ཡོད་རེད།
སྐུ་མདུན་ཞུ་དང་ཞུ། སྐུ་མདུན་ཞེས་པ་དེ་ནི་འཕཊ་པ་སྤྱན་རས་གཟིགས་སྐུ་ངོ་མའམ་སྐུ་ཤ་རློན་པ་ཞེས་པའི་བྱིན་རླབས་ཀྱི་ཚན་ཁ་གཞན་དང་མི་མཉམ་པའི་ཚིགས་ཤིག་ཡིན། འདི་ཞེ་ས་མིན་པར་དད་པ་འདྲེས་མའི་བྱིན་རླབས་ཅན་ཞིག་ཡང་ཡིན།
ཞེ་ས་ཙམ་མིན་པར་་་་
སྐུ་མདུན་ནི་ཞེ་ས་རེད
བོད་པ་ཚོ་ཞེ་ས་མཁས་དྲགས་ནས་མོག་མོག་ལགས་ཚོས་འདུག་པེས་་་ཟེར་བས་ལོ་རྒྱུས་ཡོད་པ་རེད། ད་དུང་ཞེ་ས་རེ་རེའི་ལྷན་དུ་ལྕེ་ཡང་བརྐྱངས་ཙམ་དང་མགོ་ཡང་སྒུར་ཙམ་དགོསས་པ་རེད་་་་་དེ་ཚོ་ཁ་ཁོག་མི་མཚུངས་པའི་བཟང་སྤྱོད་རེད་་་་་་་་་བོད་རིགས་གཞུང་རེད་ད་་་་་་
ཁ་ནས་སྤྱི་དོན་བཤད་བཞིན་ཁོག་གཡོ་ཅན། །
ཁ་བ་བོད་པའི་རིགས་ཀྱི་བླ་བཙོང་དངོས། །
ཁ་ནས་བཤད་ཚད་ཧམ་བཤད་རྫུམ་གཏམ་ལས། །
ཁ་བ་བོད་ལ་ཕན་ཚིག་ཟུར་ཙམ་མེད། །
ཁ་བའི་བདེ་སྡུག་ཕོད་པ་གསུམ་ལྡན་ཐོག །
ཁ་ཁོག་གཉིས་མེད་བརྩོན་མཁན་སྐྱེས་བུ་དག །
ཁ་བ་རི་པའི་ཡིད་སེམས་འཐད་ན་ཡང་། །
ཁ་ནག་ཁྱོད་ཀྱིས་ངུ་ཟུག་རྒྱུན་མ་ཆད། །
ཁ་ནས་བཤད་དུས་བརྡ་དག་མཁས་ཚུལ་བཤད། །
ཁ་ནག་ཁྱོད་ཀྱིས་ཡིག་ནོར་བང་མཛོད་སྐྲུན། །
ཁ་བའི་བུ་བོང་རྒན་མི་གཟུགས་རྫུ་མཁན་ཁྱོད། །
ཁ་ནང་ཐལ་བ་འགམ་བཞིན་གནས་གཞན་དེངས། །
དྲྭ་གྲོགས་ཚང་མའི་སྤྲུལ་རྫུན་དབང་ཆུང་ལ་གཟབ་གཟབ་གནང་ནས་ཡ་ལན་མ་སྤྲད་ན་བཟང་། སྤྱི་དོན་དང་རང་བཙན་ཁ་ལ་ཁྱེར་ནས་༧སྤྱི་ནོར་རྒྱལ་བའི་དབང་བོ་མཆོག་ལ་སྐུལ་འདེད་རྐྱང་རྐྱང་བྱས་རྒྱུ་འབད་བཞིན་མཆིས་ན དོག་ཟོན་བྱས་དྲྭ་གྲོགས་པ་རྣམས་པ་ འཛུལ་གུ་སྐྱག་ཁུང་ནང་ལ་བཞག་ན་སྐྱག་པ་ལས་བཞན་ཅི་ཡང་མ་མཆིས་སོ
ནོར་བཅོས”སྐུར་འདེབས”དང་”དོགས”
སྤྱིར་རྒྱལ་རབས་བཞི་བཅུ་ཞེ་གཉིས་རིང་བོད་འདི་རང་བཙན་གཙང་མ་ཡིན་པ་མ་ཟད་ཕར་རྒྱ་ནག་གི་ས་ཁུལ་མང་པོ་་བཙན་འཛུལ་བྱས་ཡོད་པ་ལོ་རྒྱུས་ནང་གསལ་བོ་ཡོད་རེད་དེ རྒྱལ་བོ་གླང་དར་མའི་རྗེས་བོད་་སིལ་བུ་ཐོར་ནས་་ད་བར་བོད་འདི་གཅིག་བསྒྱུར་ཀྱི་རང་བཙན་ཞིག་ཆགས་ཐུབ་མེད་པ་གསལ་བོ་རེད ཡིན་ནའང་ང་ཚོ་བོད་མི་ལ་རང་བཙན་རྩོད་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་ལ་དགུ་བཅུ་གོ་གྲངས་པར་དུ་བོད་གཞུང་དམངས་གཉིས་ཀྱིས་རང་བཙན་བརྩོད་ལེན་བྱེད་པ་རེད རྗེས་སུ་༧སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་གི་རྒྱུ་དང་རྐྱེན་ དུས་དང་དབང་ འཁོར་ཡུག་དང་འཛམ་གླིང་སྤྱིས་ཕོ་འགྱུར་སོགས་ལ་བལྟས་ནས་ཐབས་ལམ་གཉིས་སྨན་དབུ་མ་དང་དགོས་འདོད་ཆེས་མཐོ་རང་སྲིད་རང་སྐྱོང་རེད མང་པོ་གཅིག་གི་གསུང་གཏང་ལ་ལྟོས་ན་ཆེས་མཐོ་རང་སྲིད་རང་སྐྱོང་གི་གོ་བ་མ་ལོན་པའམ་ཡང་ན་སྐུ་ཚབས་རྣམས་པའི་སྙན་ཞུ་ཡི་གེ་མ་ཀློག་པ་ཡིན་ན་གང་ལྟར རང་སྲིད་རང་སྐྱོང་ཐོབ་པའི་དབང་དུ་བཏང་ན་བོད་སྲིད་བོད་རང་གི་སྐྱོང་དགོས་བ་དང་ཆོས་ལུགས་དང་མི་རིགས་གི་བདེ་སྡུག་ཡོངས་སུ་རྫོགས་པ་བོད་ས་གནས་སྲིད་གཞུང་རང་གི་བདག་པོ་རྒྱག་དགོས་པ་ལས་རྒྱ་ནག་གཞུང་གི་བཀའ་ལ་ཉན་དགོས་ཀྱི་ཡོད་མ་རེད ཕྱི་འབྲེལ་ཐ་དག་རྒྱ་གཞུང་གི་ཆོག་མཆན་མེད་པར་བྱས་མོ་ཆོག་པ་རང་རེད
བོད་རང་བཙན་ཡིན་མིན་གྱི་སྐད་ཆ་མ་བཤད་རོགས། བོད་རང་དབང་རང་བཙན་ཀྱི་འཐབ་རྩོད་བྱེད་ཐུབ་མིན་དང་ལམ་དབུ་མའི་གྱོང་གུད་ལ་དཔྱད་པ་གནང་རོགས་མཛོད། བོད་རང་བཙན་བརྩད་ན་རག་ཡ་དང་ཐོབ་ཡ་ཞིག་ཡོད་པ་དེ་མི་རྩོད་པར་རྒྱ་འོག་ལ་མགོ་བསྒུར་ནས་རང་སྲིད་རང་སྐྱོང་ཟེར་བ་ཞིག་ཐོབ་རྒྱུ་རག་རྒྱུ་རྩ་བ་ནས་མེད་པ་ཞིག་རྨི་ལམ་རྐྱང་བཏང་དང་གཏོང་བཅུག་ན་དགོས་པ་དང་རྒྱུ་མཚན་ག་རེ་འདུག །རྒྱལ་སྤྱིའི་ལྒང་ལ་སྐད་ཆ་ཞིག་བཤད་ན་བོད་ལ་རང་བཙན་དགོས་དང་མི་དགོས་ཞེས་ཁ་ཐུག་དྲི་བ་འདི་གཉིས་གཅིག་པོ་དེ་གཏོང་བ་ལས། གཞན་རྒྱ་མིའི་ཆ་ཤས་བླངས་ནས་རྒྱ་ནག་དབུས་དམར་གཞུང་གི་རྩ་ཁྲིད་བསྒྱུར་བཅོས་ག་འདྲ་གཏོང་མིན་དེ་འདྲི་མཁན་ཡང་ཡོད་མ་རེད་ལ། ལན་འདེབས་བྱས་རུང་ཉན་མཁན་ཡང་ཡོད་མ་རེད། དེ་ནི་རྒྱ་ནག་མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་ཅིག་གི་སྲིད་གཞུང་གི་སྒྲིགས་ཁྲིམས་ལ་བོད་མི་ས་ཡ་ཁ་ཤས་ཀྱིས་སྣ་འཐེན་ནས་ཁ་ནང་ལ་ཨེ་སླེབས་ལྟ་བའི་སྟོང་གཏམ་ནང་གི་ཁ་ཚོད་བཅད་པ་ཙམ་རེད། བོད་མི་རིགས་འདི་མ་བརླགས་བར་དུ་བོད་མིའི་ངོ་བོ་གཏན་ནས་བརླག་མི་ཐུབ་ཀྱང་། དབུ་ལམ་གྱིས་རྒྱ་ནག་ལ་སྙིང་སྟོབས་ཆེན་པོ་ཞིག་སྤྲད་རྗེས་སྔོན་ཆད་རྒྱ་གཞུང་གིས་བོད་མི་ལ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེན་པོ་སྤྲད་ཡོད་པ་དེ་ཚོ། རིམ་བཞིན་བོད་རང་བཙན་ཟེར་བའི་ཚིག་དེ་ཁ་ནས་ཤོར་ཚུན་བོད་མི་ལ་ཉིན་རེ་བཞིན་མཐོང་ཆུང་དང་བརྙས་བཅོས་བྱས་ཀྱང་ཆེ་ས་ནས་རྒྱལ་སྤྱིའི་ལྒང་དང་ཆུང་ས་ནས་ཁྱིམ་མཚེས་རྒྱལ་ཁབ་ཚུན་ཆད་ལའང་བོད་འདི་རྒྱ་དང་ཁ་བྲལ་དགོས་ཟེར་ཡོང་བསམ་པས་རྒྱ་དོགས་པས་ཕངས་མ་དགོས་པ་ཞིག་ཆགས་པ་རེད།
སྤྲུལ་སྐུ་དབང་ཆེན་གསུང་ལ་རབ་བསྟོད་དོ།
སྐུ་མདུན་ཟེར་བ་དེ་ཞེ་ས་འདྲ་མ་རེད། དེ་ནི་མི་མང་ངག་གི་མནའ་ཚིག་ཞིག་རེད། སྐུ་མདུན་ལ་མགོ་ཞིག་སྒུར་ནོ་ལྟ་བུ་རེད། དེ་ནས་མནའ་ཚིག་དེ་ཆེ་ཚིག་ཞིག་ལ་གོ་ནས་ཡུན་གྱིས་སྐུ་ངོ་ལ་གོ་སྲོལ་ཆགས་པ་རེད།
ཧ་ཧ་ཧ། སྤྲུལ་དབང་ཟེར་བའི་ཆགས་པས་སྨྱོ་བཟིར་འདིས་རང་བཙན་འཐོབ་ཐུབ་མིན་དང་དབུ་ལམ་ལ་གྱོང་གུན་ག་ཚོད་ཡོད་མེད་དཔྱད་རོགས་ཞེས་ཁོ་པས་མི་ཚད་ལྡན་དུ་རློམ་ཁུལ་བྱེད་མོད། དེ་ནི་ཞི་མི་ཙི་ཙི་རུ་རྫུ་བ་དང་མཚུངས། དབུ་ལམ་ལ་དམིགས་ཡུལ་ཟབ། རང་བཙན་ནི་ཁ་ཕོ་ཙམ་ལས་སྒྲུབ་བྱེད་གང་ཡང་བཤད་རྒྱུ་མེད། སྤྲུལ་དབང་ཁྱེད་ཀྱིས་རང་བཙན་ཡིན་པའི་སྒྲུབ་བྱེད་ཤོད་ཅིག ངས་ཁྱེད་ཀྱི་མགོ་རེ་རེ་ནས་བྲེགས་ཆོག རྒྱལ་བ་བཅུ་གསུམ་པ་ཆེན་པོས་རང་བཙན་གསལ་བསྒྲགས་གནང་ཞེས་པ་ནི་ཡོངས་སུ་སྐྱག་རྫུན་རེད། བདེན་ན་ཡིག་ཆ་དེ་གང་དུ་ཡོད་སྟོན་ཤོག གསལ་བསྒྲགས་དེ་ནང་རང་བཙན་ཞེས་པའི་ཚིག་གཅིག་ཀྱང་མེད། མན་ཇུ་དམག་ཕྱིར་ཕུད་བྱས་པ་ཡིན་གསུངས་ཀྱང་། གསལ་བསྒྲགས་དེ་ནང་བཅུ་གསུམ་པ་ཆེན་པོ་རང་གིས་རྒྱ་དམག་ལྟག་ཆུ་ཆད་པའི་རྫིང་ལྟར་གྱུར་གསུངས་པས་རྒྱ་ནག་ནང་འཁྲུགས་ཀྱིས་བོད་ནང་དམག་གཏོང་མ་ཐུབ་པའི་ཁོར་ཡུག་འོག་དེ་གསུངས་པ་རེད། ཡིན་ནའང་ ཕྱི་ལོ་ ༡༩༡༣་ནས་ ང་བཅུ་ང་དགུའི་བར་ལོ་ངོ་བཞི་ཅུ་ཙམ་རིང་ག་རེ་བྱེད་འདུག ་རང་བཙན་ཡིན་མིན་གསལ་ཁ གང་ཡང་མེད་པའི་འོག་རང་འཇགས་བསྡད་ཡོད།
སྤྲུལ་དབང་ནས་རང་བཙན་ལ་ཞེན་ཡོད་མདོག་སྟོན་པ་མི་ཁོ་གཡོ་སྒྱུ་ཆེ་དྲག་པས་རེད། ཉིན་ཞིག་རང་གཞུང་གིས་རང་བཙན་རྩོད་དགོས་པ་གཏན་ལ་ཕབ་ན་དེ་དུས་ཡང་མི་འདི་ཚོས་དབུ་མའི་ལམ་རྩོད་དགོས་པ་དང་དེ་རྒྱལ་བ་རིན་པོ་ཆེའི་བཀའ་རེད་ཅེས་ཟེར་ནས་སྨྱོ་ལབ་རྒྱག་རྒྱུ་ཁོ་ཐག་རེད། མི་འདི་ཚོས་རང་དོན་ཁོག་ཏུ་བཅུག་སྤྱི་དོན་ཁ་ལ་ཁུར་མཁན་ཡིན་པས་ཐ མར་༸གོང་ས་མཆོག་དང་རང་གཞུང་མེད་པ་བཟོ་རྒྱུ་དེ་ཁོ་པའི་དམིགས་ཡུལ་རེད།
སྤྲུལ་སྐུ་དབང་ཆེན་དང་ཀླུ་མྱོན་ལྟ་བུ་ཕྱི་ལུས་ལ་གཟན་ཤམ་གོན་ཡོད། བསམ་སྦྱོར་གཉིས་ཀྱིས་བོད་ལ་གནག བོད་ནང་ཁུལ་དུ་མི་མཐུན་པར་བྱེད་པར་འགོ་ཁྲིད། བླ་སློབ་ཀྱི་དམ་ཚིག་ཉམས་པར་བྱས། སྡིག་པ་གང་མང་བསགས་དང་། བོད་མི་བསོད་ནམས་ཟད་སྲིད། ཁྱོད་གཉིས་ཀྱི་འཇིག་རྟེན་མི་ཡུལ་དུ་སྐྱེས་གོ་ཆོད་འདུག ཁྱེད་གཉིས་འཇིག་རྟེན་འདི་དང་ཁ་གྱེས་ནས་དམྱལ་བར་སྡུག་བསྔལ་མྱོང་བཞིན་པ་སྐབས་དེ་ལ། ཁྱེད་གཉིས་ཀྱི་རྗེས་འབྲངས་པ་གླེན་སྐུག་ཅན་དག་གིས་ཀྱང་གནས་ལུགས་ཤེས་སྲིད་ཀྱང་ཕྱིས་དྲགས་པ་མ་ཡིན་ནམ།
སྤྲུལ་རྫུན་ཅན རང་བཙན་རྩོད་ན་རྩོད་དང་ཁྱོད་རང་དབང་རེད་ལ་ཐབས་ལམ་གསར་བ་དང་ཡང་ན་བསམ་ཚུལ་གསར་བ་རེ་ཡོད་ན་འདོན་རོགས་གནང་དང་རྒྱབ་སྐྱོར་བྱས་དགོས་མིན་ང་ཚོའི་ལྟ་ཆོག མ་གཏོགས་ཅིག་ཅིག་མི་འགྲིག་དང་ལམ་དབུ་མའི་ཁྱོད་རང་གི་རང་བཙན་ལམ་ཁ་བཀག་ཡོད་མདོག་མདོག་བཤད་ན་རྒྱབ་སྐྱོར་བྱས་རྒྱུ་ལས་ཁྱོད་གྱིས་བཤད་བ་ཐ་དག་སྤྱི་ཚོགས་ལ་དཀྲིག་ཤིང་རང་རེད་མ་གཏོགས་ཕན་ཡོན་ཅི་གང་མི་འདུག
རང་དབུ་གཉིས་གང་ལྟར་རྩོད་ཀྱང་ནམ་ཞིག་གི་ཚེ་རང་བཙན་རག་ངེས་སོ།། རང་བཙན་རག་མཁན་ཕྱི་སྡོད་བོད་མིན་པར་ནང་ན་ཡོད་མཁན་ཚོས་བླང་ངེས་སོ།།
སེར་སྨད་འབྲུག་སྐད་ལགས་ཀྱིས་བདེན་པ་བཤད་འདུག །དེ་ག་རང་རེད། མི་ངན་འདི་ཚོར་བོད་སྤྱི་ལ་ཕན་པའི་ལངས་ཕྱོགས་དང་། ལྟ་གྲུབ། ཐབས་ཇུས་སོགས་དམིགས་བསལ་གང་ཡང་ཡོད་པ་མ་རེད། མི་ཚེ་འུར་ཤོད་དང་ནང་ཁུལ་དཀྲུགས་ཤིང་སློང་རྒྱུ་དེ་ཁོང་ཚོས་དམིགས་ཡུལ་ངོ་མ་དེ་རེད།
ཧ་ཧ། སེར་སྨད་ནས་རྒྱ་ཁྱི་ཞིག་ཐོན་བྱུང་ལ་རྒྱ་ཁྱིའི་ཁྱི་ཕྲུག་གིས་ཨ་མའི་ནུ་མ་འཇིབ་ཀྱིན་མཇུག་མ་རིལ་རིལ་བྱེད་ཀྱིན་འདུག།
བོད་ནང་གི་བོད་མི་རྐང་གཅིག་གིས་ཀྱང་དབུ་མའི་ལམ་ཟེར་ན་ཟ་རྒྱུ་ཞིག་དང་ལྡག་རྒྱུ་ཞིག་ཡིན་པ་ཤེས་མི་སྲིད། དེས་མ་ཚད། བཙན་བྱོལ་བ་ཚོས་མི་ལོ་དུ་རྡུམ་ཞིག་ལ་སྦྱང་ན་ཡང་ད་དུང་གསལ་ཁ་ཞིག་མེད་པར། འདྲ་མིན་ཅོ་བརྒྱད་ཀྱི་ལམ་ནས་ཧ་གོ་མདོག་མདོག་གིས་དགྲ་དར་ཕྱར་བ་དང་དགྲ་ཟས་ཟ་བ། དགྲ་བོད་གཉིས་ལ་རྩོད་རྒྱུ་ཞིག་མེད་པ་དང་། གཅིག་ཨ་ཞང་ཡིན་པ་དང་། གཅིག་བྱང་ཆུབ་སེམས་དཔའ་ཡིན་པ་དང་། འབྲེལ་མེད་འགྲེལ་ལོག་སྣ་དགུ་ཚང་བ་རེ་བརྒྱབས་ནས། ཡོད་པ་དེ་མེད་པར་བཟོས། མེད་པ་དེ་རག་རྒྱུ་མེད་ཞིག་ལ་བཟོ་བཞིན་པ་འདིས། ལྐུགས་པའི་ཉལ་ས་བདེ་ན་ཡང་། བཙན་འོག་གི་བོད་ལ་ཉལ་ནས་འདུག་ས་ཞིག་མེད་ནོ་བསམ་ན། ཁ་མི་གྲགས་བསམ་ན་ཤོར་འགྲོ་འི། ཨ་དགྲ་བོའི་གཞུག་གི་སྔ་མ་ཆ་བོ།
སྨོན་ལམ་ལོག་པའི་བོང་རྒན་ལོག་སྐྱོད་དང་། །
འགྲོ་བ་མིའི་རིགས་ཀྱིས་ཞབས་འདྲེན་ཞིག །
བཙལ་ན་ཁྱོད་དང་ཁྱོད་འདྲ་ལས་གཞན་སུ། །
མགོ་འཇུག་ལོག་པའི་གསེར་འབྲུག་སྙིང་རེ་རྗེ། །
གནས་ལུགས་མི་ཤེས་འཆད་པར་དགའ་མོས་ཅན། །
གནམ་དང་དབང་ཆེན་དམ་ལོག་གསེར་འབྲུག་སོགས། །
རང་རིགས་ཁ་བའི་མདུན་སྤྱོད་བཀག་བརྡོ་དག །
སྐྱག་པའི་སྡེར་ཁ་བཅས་ཏེ་རང་མལ་སོངས། །
ཁ་ནས་དབུ་མ་ཟེར་ཞིང་རྒྱ་དོན་བསྒྲུབས།
ཁ་ཁོག་མི་མཐུན་བོད་དོན་ཡིན་མདོག་སྨྲ།
ཁ་ནག་ཚེ་བརྟན་སྒྲོལ་མའི་སྟུ་བལྡགས་མཁན།
ཁ་བ་རི་པའི་མི་རིགས་བླ་བཙོང་དངོས།
ཁ་བའི་ལས་དབང་བཤད་མཁན་མི་བུ་ལ།
ཁ་གྲང་ཁྱོད་ཀྱིས་ངུ་འབོད་རྒྱུན་མི་ཆད།
ཁ་ནས་བླ་མར་དད་མདོག་བྱས་ན་ཡང་།
ཁ་ནག་ཁ་དེ་རྒྱ་ལ་གཟེད་དེ་མཚར།
ཁ་ནས་དྲན་ཚད་ཡིག་ཐོག་བྲིས་གྱུར་ཀྱང་།
ཁ་ལག་མི་མཐུན་དག་ནོར་དོན་ནོར་སྤུངས།
ཁ་ནས་ཟེར་རྒྱུས་ཕོངས་པའི་མུ་ཏོ་ཁྱོད།
ཁ་ཆེན་གདངས་ནས་རྒྱ་མཇེ་འཇིབ་ལ་སོང་། ཧ་ཧ་ཧི་ཧི།
སྨོན་ལམ་ལོག་པས་རྒྱ་ཁྱི་དྲྭ་བརྡུང་ཁྱོད།
ཇུས་ཏོག་མེད་པས་ཁ་ནང་སྐྱག་པས་མཆོད།
གནས་ལུགས་མི་ཤེས་ཏང་གི་གཅེས་ཕྲུག་ཁྱོད།
ཁ་བའི་མདུན་ལམ་གླེང་བའི་ཐོབ་དབང་མེད། ཧ་ཧ་ཧི་ཧི།
གསེར་སྡེར་མིང་ཅན་དོན་དུ་སྐྱག་སྡེར་ཁྱོད། །ཁ ནས་རང་བཙན་བཤད་དེ་རང་དོན་སྒྲུབ། །དབུ་ལམ་ཟེར་ཡང་དོན་དུ་ནང་དཀྲུགས་མཁན། །ལྟས་ངན་ཁྱེད་ཚོ་རྒྱ་ཡི་རྒྱུག་ཁྱིར་ངེས། །སེར་སྨད་ཐོབ་བསམ་ནོར་བུའི་གླིང་ཆེན་ནི། །སྔར་ནས་སྡེ་སྲིད་སངས་རྒྱམ་རིན་པོ་ཆེས། །སྙིང་ལྟར་གཟིགས་པས་བསྐྱངས་ཏེ་ད་ལྟའི་བར། །བཤད་སྒྲུབ་རྒྱ་མཚོའི་ཁོངས་ལས་བརྒལ་བ་ཡོད། །ད་ལྟའི་ལྐུགས་པ་ཕྱོགས་ཞེན་གདོན་ཅན་གྱིས། །ཇི་ལྟར་སྨོད་ཀྱང་སྙིང་རྩ་ན་རོགས་ཙམ། །ཧ་ཧ་རྒྱ་ཆེའི་བོད་ཀྱི་མི་མང་གིས། །ལྟས་ངན་ཁྱེད་ཚོ་ཐར་པར་གཏོང་མི་སྲིད། །
སྔར་ནས་རང་གཞུང་ཆེད་དུ་ལངས་རྐྱང་རེད། །དེང་ཡང་རང་གཞུང་ཆེད་དུ་ལངས་རྐྱང་ཡིན། །ཕྱིས་ཀྱང་རང་གཞུང་ཆེད་དུ་ལངས་ངེས་ཡིན། །འཁོར་བ་མ་སྟོང་བར་དུ་དེ་བཞིན་ཡིན། །ཧ་ཧ་སྐྱག་སྡེར་ས་འབུ་སྙིང་རླུང་ལངས། །ཁ་ནས་ཁྲག་སྐྱུག་ཁོག་ནས་རུལ་ན་ཡང་། །ང་ཚོས་བོད་ཀྱི་རྡོག་རྩ་གཅིག་སྒྲིལ་འདི། །ནམ་ཡང་ཁྱེད་ཚོར་བརླག་ཏུ་ག་ལ་འཇུག །
ཨ་དྲ་འབུ་རྡུང་མཁན་དམྱལ་བ་བོ། ཁྱོའི་ན་ཚ་དེ་བཅོས་ཐུབ་ནི་ཞིག་ཡིན་ནི་ཨེ་རེད། ཀླད་པ་དང་འབྲེལ་བ་ཡོད་ནིའི་ན་ཚ་ཞིག་ཡིན་ན། ང་ཁྱོའི་སྨན་དགེ་ལ་ཡོང་དགོས། དེ་མིན་སྙིང་དང་འབྲེལ་བ་ཡོད་ནི་ཞིག་ཡིན་ན་ང་ལ་ཐབས་ཤེས་མེད་པས། ཁྱེད་དགའི་ཁ་ལག་གཉིས་ཀ་སྨྱོ་རྐྱང་བྱོས། དེ་མིན་བོད་མི་རིགས་ལ་ཤ་ཚ་དུས་ཚ་དུས་མྱི་སྐད་དྲང་མོ་རེ་ཤོད་ཨེ་ཐུབ་ལྟོས། བོད་མ་དྲིན་ཆེན་ཞིག་གི་སྟུ་སྒོ་བཤག་ནས་ཡོང་བའི་ཚ་རིན་ཙམ་ལེན་འདོད་ཡིན།
དྲྭ་གྲོགས་ཡོངས་ཀྱིས་འདིར་གཟིགས་རོགས། སྤྲུལ་དབང་ཅན་གྱིས་འདི་ལྟར་བཤད་དེ། ༼ལོ་རྒྱུས་རྒྱབ་ལྗོངས་མིག་མདུན་ལ་མཐོང་བ་གྲངས་ལས་འདས་པ་དེས་མ་ཆོག་པ་ཅི་ཡོད།༽ ཅེས་དང་། ༼རྒྱལ་སྤྱིའི་ལྒང་ལ་སྐད་ཆ་ཞིག་བཤད་ན་བོད་ལ་རང་བཙན་དགོས་དང་མི་དགོས་ཞེས་ཁ་ཐུག་དྲི་བ་འདི་གཉིས་གཅིག་པོ་དེ་གཏོང་བ་ལས། གཞན་རྒྱ་མིའི་ཆ་ཤས་བླངས་ནས་རྒྱ་ནག་དབུས་དམར་གཞུང་གི་རྩ་ཁྲིད་བསྒྱུར་བཅོས་ག་འདྲ་གཏོང་མིན་དེ་འདྲི་མཁན་ཡང་ཡོད་མ་རེད་ལ།༽ རྒྱ་ནག་པས་བོད་རང་བཙན་མིན་པའི་སྒྲུབ་བྱེད་ག་རེ་བཤད་པ་དེར་ལན་རུས་སྦས་ཀྱི་སྤུ་དང་། རྒྱལ་སྤྱིའི་སྟེང་རང་བཙན་དགོས་མིན་དྲི་དགོས་ཟེར་བ་འདིར་གཟིགས་དང་། སྤྲུལ་དབང་གིས་ཤི་འཐམས་རོ་འཐམས་ཀྱིས་དབུ་ལམ་ལ་དགག་པ་རྒྱག་པ་དེ་དོན་གྱི་གནད་ཤེས་ནས་རེད་འདུག་གམ་ཕྱོགས་ཞེན་གྱིས་རེད་འདུག སྤྲུལ་དབང་གི་རྣམ་དཔྱོད་ཀྱི་ལྕི་ཡང་བོང་རྒན་གྱིས་ཀྱང་ཤེས་ནུས་སོ། །ཧཧཧཧཧ རྒྱལ་སྤྱིའི་མཁས་དབང་མཐའ་དག་གིས་མགྲིན་གཅིག་གིས་རང་བཙན་དགོས་མིན་བཤད་མཁན་མེད་པར་རང་བཙན་ཇི་ལྟར་རྩོད་ཟེར་བ་འདི་ཡིན་ཀྱང་སྤྲུལ་རྫུན་རི་བོ་དགེ་ལྡན་པར་ཞེ་ནས་སྡང་མཁན་འདིས་མི་ཤེས་སོ། །
ཚིག་ཆད་འདུག་པ་དགོངས་པ་དངས་རོགས། དྲྭ་གྲོགས་ཡོངས་ཀྱིས་འདིར་གཟིགས་རོགས། སྤྲུལ་དབང་ཅན་གྱིས་འདི་ལྟར་བཤད་དེ། ༼ལོ་རྒྱུས་རྒྱབ་ལྗོངས་མིག་མདུན་ལ་མཐོང་བ་གྲངས་ལས་འདས་པ་དེས་མ་ཆོག་པ་ཅི་ཡོད།༽ ཅེས་དང་། ༼རྒྱལ་སྤྱིའི་ལྒང་ལ་སྐད་ཆ་ཞིག་བཤད་ན་བོད་ལ་རང་བཙན་དགོས་དང་མི་དགོས་ཞེས་ཁ་ཐུག་དྲི་བ་འདི་གཉིས་གཅིག་པོ་དེ་གཏོང་བ་ལས། གཞན་རྒྱ་མིའི་ཆ་ཤས་བླངས་ནས་རྒྱ་ནག་དབུས་དམར་གཞུང་གི་རྩ་ཁྲིད་བསྒྱུར་བཅོས་ག་འདྲ་གཏོང་མིན་དེ་འདྲི་མཁན་ཡང་ཡོད་མ་རེད་ལ།༽ཞེས་བཤད་པ་འདིར་གཟིགས་རོགས། རྒྱ་ནག་པས་བོད་རང་བཙན་མིན་པའི་སྒྲུབ་བྱེད་ག་རེ་བཤད་པ་དེར་ལན་རུས་སྦས་ཀྱི་སྤུ་དང་། རྒྱལ་སྤྱིའི་སྟེང་རང་བཙན་དགོས་མིན་དྲི་དགོས་ཟེར་བ་འདིར་གཟིགས་དང་། སྤྲུལ་དབང་གིས་ཤི་འཐམས་རོ་འཐམས་ཀྱིས་དབུ་ལམ་ལ་དགག་པ་རྒྱག་པ་དེ་དོན་གྱི་གནད་ཤེས་ནས་རེད་འདུག་གམ་ཕྱོགས་ཞེན་གྱིས་རེད་འདུག སྤྲུལ་དབང་གི་རྣམ་དཔྱོད་ཀྱི་ལྕི་ཡང་བོང་རྒན་གྱིས་ཀྱང་ཤེས་ནུས་སོ། །ཧཧཧཧཧ རྒྱལ་སྤྱིའི་མཁས་དབང་མཐའ་དག་གིས་མགྲིན་གཅིག་གིས་རང་བཙན་དགོས་མིན་བཤད་མཁན་མེད་པར་རང་བཙན་ཇི་ལྟར་རྩོད་ཟེར་བ་འདི་ཡིན་ཀྱང་སྤྲུལ་རྫུན་རི་བོ་དགེ་ལྡན་པར་ཞེ་ནས་སྡང་མཁན་འདིས་མི་ཤེས་སོ། །
སེར་སྨད་ཤར་ཁུག་བརླ་གཡོག་འབྲུག་སྐད་ཁྱོད།
ཁ་ནས་དབུ་ལམ་ཟེར་ཞིང་རྒྱ་རྐུབ་བལྡགས།
སེར་སྨད་ཐོས་བསམ་ནོར་བུའི་གླིང་ཆེན་ནས།
སྡེ་སྲིད་སངས་རྒྱའི་དབུ་དེ་སོག་པོར་སྤྲད།
ཇི་ཙམ་ཧམ་བཤད་དེ་ཙམ་བྱས་གྱུར་ཀྱང་།
རྒྱ་ཆེའི་བོད་རིགས་སེམས་ནང་ཁྲིགས་ཆགས་ཡོད།
སྔར་ནས་རྒྱ་གཞུང་ཆེད་དུ་ལངས་འདུག་ལ།
དེང་ཡང་རྒྱ་གཞུང་ཆེད་དུ་ལངས་ཀྱིན་འདུག།
ཕྱིས་ཀྱང་རྒྱ་གཞུང་ཆེད་དུ་ལངས་ངེས་ལ།
འཁོར་བ་མ་སྟོང་བར་དུ་ལངས་འགྱུར་ན།
རྗེ་ཡི་མགོ་ལྷ་བཅུ་གསུམ་དང་།
འབངས་ཀྱི་སྲོག་ལྷ་བཅུ་གཉིས་སོགས།
བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ཀྱིས།
སྲོག་རྩ་གཅོད་ལ་སྙིང་ཁྲག་འཐུངས།
ཞལ་དུ་བཏབ་བོ་ཁཱ་རམ་ཁཱ་ཡི། ཧ་ཧ། ཀི་ཀི་བསྭོ་བསྭོ། ཧ་རྒྱལ་ལོ། ཀི་ཧི་ཧི།
བསམ་མེད་བྱིས་པའི་ངང་ཚུལ་གསེར་འབྲུག་བུ། །
སོ་སོས་ལྟོ་གོས་འགྲིག་ན་དེ་གའི་ཆོག །
དེ་མིན་ཆོས་དང་ཆབ་སྲིད་མ་གླེང་རོགས། །
མགོ་རུལ་དྲི་ང་རང་སྣའི་མི་ཚོར་ན། །
མི་སྔོན་རང་མདོག་མ་སྟོན་སེམས་བཟང་ཡིན། །
མི་ཤེས་མི་ངན་ཁ་ཁར་འདུག་ན་མཛེས། །
རིགས་ཀྱིས་བདེ་སྡུག་ཁ་ཡིས་རྩེད་ཆས་མིན། །
ཁ་ནས་གང་བཤད་འགན་ཁུར་མ་ཤེས་ན། །
རང་མགོ་རང་གིས་བརྡུང་དང་མཚུངས་ཆོས་ཡིན། །
རང་མཚང་གཞན་གྱིས་སྔོག་པ་ཁག་མོད་ཀྱང་། །
རང་གིས་བླུན་རྟགས་དེའི་དམར་རྗེན་མངོན། །
རང་གིས་དེ་ཉིད་རང་གིས་མ་ཤེས་པར། །
རང་སྣང་གང་ཤར་དག་སྣང་མ་རློམ་ཤིག །
ཁ་བཤད་དོན་ལྡན་ཅན་གྱི་མི་བུ་ཞིག །
ཡིན་མིན་ངན་དགུ་རང་མདོག་དེ་ཡིས་གསལ། །
མི་ཤེས་རབ་ཏུ་རྨོངས་པའི་བླུན་སྤྱོད་དེས། །
ནམ་ཞིག་རང་ཉིད་ཕུང་བར་ཐེ་ཚོམ་དབེན། །
ཆོས་ནོར་གཉིས་མེད་སྒྲེན་མོ་ལག་སྟོང་ཁྱོད། །
ངོ་གདོང་ལྕགས་མཐུག་ཀྱང་མི་ཕན་པར། །
ཡོད་ཚད་དྲི་ངན་ཐུལ་ལེ་མི་སྔོན་མངོན། །
ད་ད་དུང་ཁ་ཕོར་སྒྲོག་པར་ཡིད་རེ་མུག། །
ངོ་གདོང་ལྕགས་འབག་མཐུག་ཀྱང་མི་ཕན་པར། ། ནོར་བཅོས་་་་་་་་
༧གོང་ས་མཆོག་གི་༡༩༧༧ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་ཕྲིན།
ང་ཚོས་བོད་རང་དབང་རང་བཙན་རྩོད་ལེན་བྱེད་པ་འདི་ནི། བོད་མི་ས་ཡ་དྲུག་གི་རེ་འདུན་དང་མཐུན་ཞིང༌། ཐོབ་ཐང་དང༌། བབས་འོས་ཡོད་པ། དྲང་བདེན་ཅན་ཞིག་ལ་བརྟེན། དམིགས་དོན་འདི་དག་ཡོངས་སུ་སྒྲུབ་པའི་ཆེད་དུ་བོད་མི་རིགས་ཐམས་ཅད་བློ་སེམས་གཅིག་ཏུ་བསྒྲིལ་ནས་སྙིང་སྟོབས་ཞུམ་པ་མེད་པའི་འབད་བརྩོན་ཆེ་བསྐྱེད་བྱེད་དགོས། རང་ཅག་བོད་མི་རྣམས་ཀྱི་ཁྲོད་དུ་དྲང་བདེན་ལ་བརྩི་བཀུར་དང༌། རྒན་རབས་ལ་ཞེ་ས། དཀའ་སྡུག་ལ་བཟོད་བསྲན། གཞན་ལ་ཕན་སེམས། སྙོམ་ཆུང་དམན་ས་འཛིན་པ། ངོ་ཚ་ཁྲེལ་ཡོད་སོགས་རང་རེའི་ཕ་མེས་ཡ་རབས་སྤྱོད་བཟང་གི་མིག་ལྟོས་གོམས་གཤིས་བཟང་པོ་ཇི་སྙེད་ཡོད་པ་འདི་དག་བོད་མི་རྒན་གཞོན་བར་མ་མཐའ་དག་ནས་ཡུལ་དུས་གང་འདྲ་ཞིག་ལའང་ཉམས་བརླག་མ་བཏང་བར་གཅེས་སྐྱོང་ལག་ལེན་ཚུལ་བཞིན་དུ་བྱེད་དགོས། གལ་ཏེ་འཕྲལ་སྒང་ཁེ་གྲགས་ཕྲ་མོའི་སླད་གཡོ་ཁྲམ་མ་རབས་ཚུལ་མིན་གྱི་ལམ་དུ་ཞུགས་ན༑ རང་ཉིད་ཀུན་གྱིས་འཕྱ་དམོད་ཀྱི་ཡུལ་དུ་འགྱུར་བ་སྨོས་ཅི། སྨྲ་ཤེས་དོན་གོ་མི་ཡི་རིགས་སུ་སྐྱེས་པའི་དགོས་དོན་མ་ཚང་བ་ཡིན་པས། ཚང་མས་ཡ་རབས་བག་ཡོད་སྤྱོད་བཟང་ལ་དུས་རྟག་ཏུ་ཚུལ་བཞིན་གཞོལ་བ་གལ་ཆེ།། །།ཞེས་གསུང་འདུག
༢་་་་སྤྱི་ལོ་༡༩༧༩་ལོར་ཨ་མེ་རི་ཀས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་མོས་མཐུན་གྱི་གྲོས་ཆོད་བཞག་པ་རེད་འདུག བོད་རྒྱ་ཁུངས་རེད་ཅེས་རྒྱ་གར་དང་ཨ་མེ་རི་ཀས་སྔོན་མ་ལབ་པ་རེད་དམ་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཚོས་སྔོན་མ་ལབ་རེད། འདི་ཤེས་གལ་ཆེ་བའི་དྲི་ཞིག་བ་རེད། ལྷག་པ་ཏུ་སྤྲུལ་སྐུ་དབང་ཆེན་ལགས་ཀྱིས་ལན་ཞིག་གནང་རོགས་བྱོས།
༣་་་ཏང་ཡ་འཇམ་གཅེས་ལགས་སུ་དྲི་བ་ཞིག་ཡོད། independence རང་བཙན་ཟེར་བ་འདི་འཛམ་གླིང་གི་ལོ་རྒྱུས་ཐོག་ཏུ་ཐོག་མ་གང་ནས་བྱུང་། བྱུང་ནས་ལོ་ག་ཚོད་རེད་དམ། དྲི་བ་འདི་ལ་ལན་མ་ཐད་ན་ཁ་བཙུམ་ནས་སྡོད་རོགས་བྱོས།
༤་་་གྲོས་མཐུན་དོན་ཚན་༡༧་ཟེར་བ་འདིར་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ངོས་ལེན་མེད་པའི་གསལ་བསྒྲགས་སྦེལ་ནས་ལོ་མང་ཕྱིན་ཚར་བ་རེད།
༥་་་མཆན་པ་བ་ཚོས་དམོད་ཚིག་རེ་འབྲི་བ་ལས་རྒྱུ་མཚན་རེ་བཤད་ན་དགའ་གི་མེད་འགྲོ་བསམས་ཀྱི་འདུག
ཧི་ཧི་ཧི་་་་་་་་1977ལོའི་གསུང་འཕྲིན། དང་པོ། དུས་དེ་ནས་བཟུང་དེ་རིང་བར་དུ་བཙན་བྱོལ་བའི་ཆབ་སྲིད་འཕོར་འགྱུར་ག་ཚོད་ཕྱིན་ཡོད་དམ། མིག་ཟུང་བགྲད་ནས་དང་པོ་དེར་ཞིབ་འཇུག་བྱོས་ཤིག །
གཉིས་པ། དགོས་མེད་ཀྱི་དྲི་བ་དང་ཡིག་ཚོགས་དེ་བཞིན་མི་སྒེར་གྱི་སྨྲ་བརྗོད་དབང་ལ་ཐེ་གཏོགས་བཟོ་མ་ཡོང་ཨ །
གསུམ་པ། བཀའ་སློབ་གནང་མི་དགོས། སོ་སོས་རང་ཚུག་མ་ཤོར་བ་བྱོས་ཤིག །༸གོང་མཆོག་གིས་གྲོས་ཆོད་ངོས་ལན་མེད་པར་གསལ་བསྒྲགས་གནང་ཡོད་པ་ངས་ཀྱང་ཤེས་ཀྱིན་ཡོད། ཡིན་ཡང་ཕྱོགས་གཉིས་ཀའི་ས་རྟགས་བཀོད་ཟིན་པའི་ཡིག་ཆ་དེར་གཉིས་མོས་ཐོག་ནས་དེ་ལྟར་གསར་བསྒྲགས་དགོས་པ་གནད་ཀྱི་དོན་པོ་ཡིན་པ་ཤེས་དགོས།
ལན་མ་ཐད་ན་ཁ་བཙུམ་ནས་སྡོད། སྤྲུལ་སྐུ་དབང་ཆེན་ལགས་སུ་དྲིས་པའི་དྲི་བ་དེ་ལ་ཁྱོད་རང་གིས་འགན་ཁུར་དགོས་ཀིན་མ་རེད། དེ་ལས་ཁྱོད་རང་ལ་དྲིས་པ་དེ་ལ་ལན་འཁུར་ཤོག
རང་བཙན་ཟེར་བ་འདི་འཛམ་གླིང་ཐོག་ཏུ་ཇི་ལྟར་དར་བ་ཡིན་མིན་མི་ཤེས་པར་རང་བཙན་བསྐྱར་ནན་གྱི་བསྒྲགས་གཏམ་འདིས་སྔོན་མར་རང་བཙན་མེད་པ་བསྟན་འདུག་ཟེར་མཁན་ཁྱོད་དང་ཁྱོད་འདྲ་བ་ཚོ་མིན་ནམ།
དྲྭ་གྲོགས་ཅོ་རི་ལ་སྐབས་དོན་དང་མཐུན་པའི་བགྲོ་གླེང་དང་དྲི་བ་བཀོད་པ་ལ་ཐུགས་རྗེ་ཆེ་ཞུ།
སྤྱི་ལོ་༡༩༧༩ལོའི་ཟླ་བ་དང་པོའི་ནང་ཨ་རིའི་གཞུང་གིས་ཐེ་ཝན་དེ་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་མཐུན་ཁ་ཤས་ཤིག་ཡིན་པར་ངོས་ལེན་བྱས་ཡོད་ནའང་དམར་ཤག་སྲིད་གཞུང་དང་མཉམ་དུ་རྒྱལ་དོན་སོགས་ཀྱི་ཐད་འབྲེལ་ལམ་གང་ཡང་བྱས་མེད་པ་རེད་མ་གཏོགས་བོད་དོན་ཐད་མ་རེད་ལགས། དེ་མིན་སྤྱི་ལོ་༢༠༠༩/༡༡/༢༣ཉིན་ཨ་རིའི་སྲིད་འཛིན་ཨོ་པདྨས་རྒྱ་ནག་གཟིགས་སྐོར་སྐབས་བོད་འདི་རྒྱ་མིའི་ཆ་ཤས་ཡིན་པར་ངོས་ལེན་ཞུ་བཞིན་ཡོད་ཟེར་བ་དེ་ཐེངས་དང་པོ་ཡིན་པས། དེའི་ཐད་ལ་ཨ་རིའི་ནང་ནས་ཡང་ལྟ་ཚུལ་མི་མཐུན་མཁན་མང་པོ་བྱུང་བ་རེད། ཧོ་ལཱེ་ཝོའུ་སྒྲེའི་མི་སྣ་གྲགས་ཅན་མང་པོས་དེ་ལ་སྐྱོན་བརྗོད་དང་མཚན་སྨད་བྱས་སོང་། དེ་མིན་གནས་སྐབས་ཀྱི་བོད་དོན་འཐབ་རྩོད་དང་དམ་ཚིགས་གཙང་མའི་ཕུགས་འདུན་སྒྲུབ་ཐབས་སོགས་ལ་གཞུག་ནས་བགྲོ་གླེང་ཡོང་བར་དགའ་བསུ་ཞུ།
སྤྲུལ་སྐུ་དབང་ཆེན་ལགས། ཁྱོད་ནོར་སོང་། ༡༩༩༧་ལོར་ཨ་རིའི་སྲིད་འཛིན་ཁེ་ལེ་དན་ལགས་རྒྱ་ནག་ལ་ཕེབས་པ་རེད། སྐབས་དེ་དུས་ཧོང་ཀོང་བརྩིས་ལེན་བྱས་པའི་དུས་ཚོད་དང་བོད་མི་རྣམས་ཀྱིས་རེ་བ་ཆེན་པོ་བྱས་མྱངས་བའི་ལོ་ཞིག་རེད། སྲིད་འཛིན་ཀེ་ལེ་དན་ལགས་ཀྱིས་བོད་དོན་ཐོག་ཏུ་སྐད་ཆ་ཡག་པོ་ཞིག་གསུང་ཡོང་བསམས་ནས་བརྙན་འཕྲིན་བལྟས་བསྡད་པ་ཡིན། ཁེ་ལེ་དན་ལགས་ཀྱིས་ཀྱང་བོད་རྒྱ་ནག་གི་ཆ་ཤས་རེད་ལབ་སོང་བར་ང་རང་རང་གིས་མཐོང་མྱངས་ཡོད། མི་བདེན་བསམས་ན་བོད་མི་རྒན་པ་རྣམས་ལ་དྲིས།།
ཁྱོད་དང་ངེད་གཉིས་བོད་རང་བཙན་གྱི་ལྟ་བའི་ཐོག་ཏུ་བློ་སེམས་གཅིག་མཐུན་ཡོད། གནད་དོན་འདིའི་ཐོག་ཏུ་སྐྱིད་སྡུག་ཡག་ཉེས་ཅི་བྱུང་ཡང་གཅིག་རྒྱབ་གཅིག་ལང་རྡོག་རྩ་གཅིག་སྒྲིལ་བྱ་ཆོག
བོང་བུའི་ལུས་ལ་སྤྱང་ཀིའི་གདོན་ཅན་ཁྱོད།
རྣམ་དཔྱོད་རྐུབ་ནང་གཏད་པའི་ཏང་གཅེས་ཁྱོད།
བྱེད་སྒྲ་འབྲེལ་སྒྲའི་རྣམ་དབྱེ་མི་ཤེས་ཁྱོད།
བདེན་པའི་བུ་ལ་བསླབ་བྱ་དགོས་དོན་མེད།
ཆོས་སྲིད་གང་ལའང་རྨོངས་རྒན་བླ་མེད་ཁྱོད།
ཆབ་སྲིད་རྨོངས་དད་བསྲེས་མཁན་དབྱེན་རྒན་ཁྱོད།
ཆོས་འཇིག་གང་ལའང་མི་ཚུད་འཁྱམ་ཁྱི་ཁྱོད།
མགོ་རུལ་རང་སྣས་མི་འཚོར་ཡ་རེ་མཚན།
ཆོས་ནོར་གཉིས་མེད་སྒྲེན་མོ་ལག་སྟོང་ངས།
སྐྱེས་ནས་ད་བར་རང་ཁ་རང་གསོ་ཡིས།
དངུལ་ཁུག་རྒྱ་ལ་གཟེད་པའི་ལམ་ལུགས་མེད།
གློ་སྙིང་རྒྱར་གཏད་ཁྱོད་དང་འདྲ་ལེ་མེད། ཧ་ཧ།
དོན་ཚན་བཅུ་བདུན་རྒྱ་བོད་གཉིས་ཀས་གད་སྙིགས་ནང་གཡུགས་ནས་ཡུང་རིང་སོང་ཡང་། ད་ཆ་སྐབས་འཚོལ་རིང་ལུགས་པ་ཚོས་གད་སྙིགས་བསྔོགས་ནས་ཤོག་རོ་ཡར་སྒྲུགས་བཞིན་པའི་ལམ་ལུགས་འདིས་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཁ་ཕྱོགས་མི་བརྟན་པ་དང་རང་ཚུགས་མི་བརྟན་པ་བཟོས་ཡོད་པ་རེད་ལ། ད་དུང་དེ་ལས་ཞེད་སྣང་སྐྱེས་དགོས་པ་ཞིག་ནི་གདོད་མའི་བོད་རྒྱལ་ཁབ་་ཞིག་མེད་རབས་ཀྱིས་རྒྱ་ཁོངས་བསྒྲུབ་གང་ཐུབ་ཅི་ཐུབ་བྱེད་པའི་ལམ་ལུགས་འདི་སྲིད་དོན་ཚོང་པའི་ཤོག་ཁག་ཚོའི་ཁེ་ཕན་ཁོ་ན་ལས་བོད་དང་བོད་མི་རིགས་ཀྱི་མདུན་ལམ་ཁེ་ཕན་ལ་བསམས་པ་ཞིག་རྩ་བ་ཉིད་ནས་མ་རེད།
ཅོ་རི་ལགས།
ཁྱེད་བདེན་ཨ་རིའི་སྲིད་འཛིན་ཟུར་བ་མཁས་ལེགས་འཕྲིན་གྱིས་I agree that Tibet is a part of China nowཞེས་གསུང་པ་རེད། དེའི་དོན་ནི་ད་ལྟ་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ལ་ང་རང་མོས་མཐུན་ཡོད་ཅེས་པ་ཙམ་ཞིག་རེད། སྲིད་འཛིན་ཨོ་པདྨས་We recognized that Tibet as part of Chinaཞེས་གསུང་པ་གཉིས་ལ་ཁྱད་པར་ག་དང་ས་ལྟ་བུ་ཡོད་པ་རེད། འདིའི་གོ་དོན་ནི་ང་གཅིག་པོ་མིན་པར་ང་ཚོ་སྟེ་ཨོ་པདྨ་སྲིད་གཞུང་གིས་བོད་འདི་རྒྱ་ནག་གི་མི་རིགས་ཤིག་ཡིན་པ་ལ་ཡིན་པར་ཤེས་པས་ངོས་འཛིན་ནམ་ངོས་ལེན་བྱེད་ཀྱི་ཡིན་ཞེས་པ་དེ་རེད། སྤྱིར་agreeདང་recognizeགཉིས་བོད་ཡིག་ལ་བསྒྱུར་དུས་ནང་དོན་ཕྱོགས་ཙམ་འདྲ་ནའང་དབྱིན་ཡིག་ནང་ལ་དེ་གཉིས་ཀྱི་གོ་དོན་དག་ཙམ་མི་འདྲ་བ་མ་ཟད་ཤུགས་ཆེ་ཆུང་གྱི་ཁྱད་པར་ཡང་ཆེན་པོ་ཡོད་པ་དང་བེད་སྤྱོད་བྱེད་ས་ཡང་གཅིག་པ་མིན།
གནམ་དང་ས་་་་ཆད
“I agree that Tibet is a part of China now”
“བོད་འདི་ད་ལྟ་ད་ལྟའི་རྒྱ་ནག་གི་ཆ་ཤས་ཤིག་ལ་ངས་ཁེ་ལེན།” སྐད་ཆ་འདིས་ཡང་ལམ་དབུ་མ་བཤད་བཞིན་པ་རེད། བོད་ཀྱི་འདས་བ་དང་མ་འོངས་བའི་ཁ་ཕྱོགས་ལ་ཚིག་འབྲི་རྐང་གཅིག་གིས་ཀྱང་གཡས་འཐེན་གཡོན་འཐེན་བྱས་ཡོད་པ་མ་རེད།
“We recognized that Tibet as part of China”
“བོད་འདི་རྒྱ་ནག་གི་ཆ་ཤས་ཞིག་ལ་ང་ཚོས་ངེས་འཛིན་བྱས་པ་ཡིན།” སྐད་ཆ་འདིས་ཡང་སྔ་ན་མེད་པའི་ལམ་དབུ་མ་འཁྲུངས་ཡོད་པ་བཤད་བཞིན་ཡོད་པ་ཞིག་ལས། འདས་མ་གཉིས་ཀྱི་སྐོར་གྱི་ལོ་རྒྱུས་དང་དེ་ལ་འགན་ལེན་མེད་པའི་སྐད་ཆའི་ཚིག་སྣ་གཅིག་ཀྱང་བཤད་ཡོད་པ་མ་རེད། དུས་རབས་ད་བར་དུ་ངེ་འཛིན་བྱས་མེད་པ་ཞིག་ད་ལྟ་ང་ཚོས་དགོས་དབང་གིས་ངེས་འཛིན་བྱས་ཡིན་ཟེར་བ་རེད།
ཤར་ཁུག་དང་དེའི་དགའ་བོ་ཉེ་བོ་ཚོ་ནང་བཞིན་ “We recognized that Tibet historically was, is as part of China”་ ལབ་མ་ཤེས་བ་དེ་འདྲ་མ་རེད་དེ་ལབ་མེད་པ་རེད།། “བོད་འདི་རྒྱལ་རབས་ཁུངས་བསྐྱེལ་གྱིས་རྒྱའི་ཆ་ཤས་རེད”་ཟེར་བ་དེ་འདྲ་མ་རེད། ནམ་ཡང་དེ་འདྲ་བཤད་ཐུབ་ཀི་མ་རེད།
“I agree that Tibetan hsitory is unclear so is a part of China” དེ་འདྲ་ཡང་ལབ་མ་ཤེས་བ་མ་རེད་དེ་ལབ་མེད་པ་རེད། “བོད་འདིའི་རྒྱལ་རབས་ལ་གསལ་ཁ་མི་འདུག་པས་རྒྱའི་ཆ་ཤས་རེད”་ཟེར་བ་དེ་འདྲ་མ་རེད། མཁས་བའི་དབང་བོ་ཞིག་ཡིན་ན་ནམ་ཡང་དེ་ལྟར་བཤད་ཚུལ་མེད་པ་རེད།
གོང་གི་སྲིད་འཛིན་གཉིས་ཀྱིས་དབུ་མའི་རྔ་དབྱུག་གི་རྡུང་ཤུགས་ལ་གཞལ་ནས་གསུངས་ཡོད་པ་ཞིག་ལས་སྐད་ཆ་འདི་ཚོ་ཚང་མས་བོད་འདི་བོད་མི་རང་གི་ལག་ལ་བཞག་ཡོད་པ་མཚོན་ཡོད།
ལོ་རྒྱུས་འཆད་ན་དང་པོར་མིག་ཟུང་སྤྱོད་དང་ལེགས། །
དཔྱོད་པ་འདོད་ན་དང་པོར་རང་བློ་གཟུར་གནས་བརྩོན། །
སྤྱི་སེམས་འདོད་ན་དང་པོར་སྤྱི་ཚོགས་དཀྲུག་མཚམས་ཞོག །
རང་རྒྱལ་འདོད་ན་དང་པོར་རང་ངོས་ཟིན་པ་གྱིས། །
དེ་དག་མི་ཤེས་བླུན་པོའི་རང་རྟགས་ལྷན་སྐྱེས་ཅན། །
རང་ངོས་མ་ཟིན་མི་བུ་གང་ཡིན་རྐྱལ་སྟོང་དངོས ། །
དེ་དག་ཀུན་གྱིས་ཚོགས་གཙོ་གསེར་འབྲུག་སྡེར་ལྔ་དང་། །
བློན་ཆེན་ཅོ་རི་རྐུབ་གཡོག་གནམ་དང་དབང་ཆེན་སོགས། །
དེང་གི་དུས་འདིར་གདོན་གྱིས་སྨྱོས་འདྲའི་ལ་ལུང་གང་སར་སྨྱོས་བཤད་མང་། །
སྤྱི་དོན་ཡིན་ཞེས་སྤྱི་པའི་སྒྲིག་འཛུགས་འབུར་འཇོམས་བརྩོན་ནས་གང་སར་འཚང་། །
རང་མདོག་ངན་པ་རང་གིས་མི་མཐོང་རང་སྣང་གསེར་ཕྱེ་འཐུ་འཐུ་དང་། །
གཞན་གྱི་ཡོན་ཏན་གཞན་སྔོན་ལོག་བཤད་བོང་བུའི་སྐད་ལས་ཤིན་ཏུ་ཚ། །
གནམ་གྱིས་སྐད་ཆ་དོན་སྙིང་ལྡན་པ་ཞིག་བཤད་འདུག །དེང་སང་དབུ་ལམ་བཤད་མཁན་དང་རྒྱབ་སྐྱོར་བྱེད་མཁན་ཡིན་ཟེར་བའི་གཡམ་རྒྱུག་པ་ཁ་ཤས་ཀྱིས་འདི་ལྟར་བཤད་བཞིན་མཆིས། Historically, Tibet was part of china or it wasn’t clear enough and so, we approach (the middle way) path to resolve the current state affairs. དེས་ན་ད་བར་དུ་རྒྱ་ནག་གཞུང་མ་གཏོགས་འདི་འདྲ་བཤད་མཁན་ཞིག་མ་བྱུང་བ་རེད་ལ་མ་འདི་ཚོས་༧གོང་ས་མཆོག་ལའང་ཁག་ངན་ཞིག་བགོས་ཨེ་ཐུབ་ལྟ་བཞིན་ཡོད་པ་གསལ་བོ་རེད། ༧གོང་ས་ཡིད་བཞིན་ནོར་བུས་ཡང་རྒྱལ་རབས་ལོ་རྒྱུས་སྒང་ནས་ང་ཚོ་བོད་འདི་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་རང་སྐྱ་ཐུབ་པ་ཞིག་ཡིན་པ་དེ་ནི་གསལ་བོ་རེད་གསུང་གྱི་འདུག །ད་ལྟ་སྐབས་འཚོལ་བ་ཁ་ཤས་ཀྱིས་དབུ་མའི་ལམ་འདི་ཁ་ལ་ཁྱེར་ནས་རང་དོན་སྒྲུབ་ཐབས་དང་གོ་སྐབས་འཚོལ་བྱེད་ཅིག་ཏུ་བསྒྱུར་བཞིན་པ་ལ་ང་ཚོས་ངེས་པར་དུ་མང་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་བསྒྱུར་བཅོས་ཡང་དག་པ་ཞིག་གཏོང་བའི་དུས་ཚོད་ལ་སླེབས་པའི་མ་ཚད་ཕྱི་གྱིན་འདུག །༧གོང་ས་མཆོག་གིས་དམངས་གཙོའི་ལམ་ཁ་ནས་མང་ཚོགས་ལ་ཐོབ་ཐང་ཆ་ཚང་སྤྲད་པ་དེའི་ང་རང་ཚོའི་རང་འགན་ཁུར་ནས་ཆས་ཡག་ཉེས་ལ་སེམས་ཤུགས་འདོན་དགོས་ཀྱི་ཡོད། ད་ལྟའི་སྲིད་སྐྱོང་མཆོག་ཡང་དབུ་ལམ་ལ་ཐུགས་མི་དགྱེས་རུང་གལ་ཏེ་མང་ཚོགས་ཀྱི་བསམ་འཆར་དང་རྒྱབ་སྐྱོར་མ་རག་ན་རྩ་ཁྲིམས་སྒྱུར་བཅོས་གཏོང་ཡ་དེ་དཀའ་ལས་ཁག་པོ་རེད། མི་དམངས་རྣམས་གཉིས་ལས་སད་དགོས་ཡོད། དད་པ་རིན་པོ་ཆེ་གོང་དུ་བཞག་ནས་སྐབས་བབས་ཀྱི་ཆབ་སྲིད་ལས་དོན་དེ་ཆབ་སྲིད་ཀྱི་ས་ནས་བསྒྱུར་བཅོས་བཏང་ན་བཟང་། ༧གོང་ས་མཆོག་ཡང་མང་ཚོགས་ལ་བརྟེན་ནས་ཡོད་ཙང་མང་ཚོགས་ཀྱི་བསམ་འདུན་ལ་མཐའ་གཅིག་ཏུ་ཁོང་གིས་ཡང་རྒྱབ་སྐྱོར་དང་ཐུགས་དགྱེས་མཛད་ཐག་ཆོད་ཡིན། བོད་རང་བཙན་རྒྱལ་ལོ། རྒྱལ་བ་རིན་པོ་ཆེ་ཁྱེད་མཁྱེན་ནོ།
ཧ་ཧ་ཧ་ཧ་ཧཧ་ཧ་་་ད་ལྟའི་སྲིད་སྐྱོང་མཆོག་ཡང་དབུ་ལམ་ལ་ཐུགས་མི་དགྱེས་རུང་གལ་ཏེ་མང་ཚོགས་ཀྱི་བསམ་འཆར་དང་རྒྱབ་སྐྱོར་མ་རག་ན་རྩ་ཁྲིམས་སྒྱུར་བཅོས་གཏོང་ཡ་དེ་དཀའ་ལས་ཁག་པོ་རེད། མི་དམངས་རྣམས་གཉིས་ལས་སད་དགོས་ཡོད། དད་པ་རིན་པོ་ཆེ་གོང་དུ་བཞག་ནས་སྐབས་བབས་ཀྱི་ཆབ་སྲིད་ལས་དོན་དེ་ཆབ་སྲིད་ཀྱི་ས་ནས་བསྒྱུར་བཅོས་བཏང་ན་བཟང་ཟེར་་་་་་ད་ཡིན་ན་དྲི་ངན་འདུག་་་་་་་
སྤྲུལ་སྐུ་དབང་ཆེན་ལགས། ༡༩༧༩་ལོར་ཨ་མེ་རི་ཀས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་གྱི་གྲོས་ཆོད་བཞག་པ་འདིའི་ནང་དུ་བོད་འཚུད་མེད་པ་ཡིན་ན་དགའ་པོ་བྱུང་། ཡིན་ནའང་ཁྱེད་ཀྱིས་ཨ་རིའི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་ཡོད་པའི་གྲོས་ཆོད་བཞག་པ་འདིའི་ནང་དུ་བོད་དང་ཡུར་གུ་ཐད་ཝན་སོགས་གང་དང་གང་འཚུད་ཡོད་མེད་གསལ་པོ་ཞིག་གསུང་བྱོས།
ཐད་ཝན་གྲོས་ཆོད་དེའི་ནང་དུ་འཚུད་ཡོད་ཀྱང་བོད་འཚུད་མེད་གསུངས་ན་རྒྱུ་མཚན་ལྡན་པ་འདྲ་ཞིག་མཐོང་གི་མི་འདུག་ལགས།
ད་ཆ་རང་བཙན་མ་རྩོད་པའི་རྒུ་མཚན་ལ་རྟེན་ནས་ཕྱི་རྒྱལ་ཁག་གིས་རྒྱབ་སྐྱོར་མ་བྱས་ཡིན་ན། སྔ་མོ་ང་ཚོས་རང་བཙན་རྩོད་སྐབས་རྒྱབ་སྐྱོར་མ་བྱས་པའི་རྒྱ་མཚན་ག་རེེ་རེད་ཤོད་དང་།
ཅོ་རི་ཉི་མ་འདི་ལ་གླེན་རྟག་ཏོག་ཙམ་ཡོད། སྤྲུལ་སྐུ་དབང་ཆེན་དངོས་གནས་རང་བཙན་རྩོད་མཁན་ཞིག་རེད་བསམ་སོང་ངམ།
ལུང་རྟོགས་ལགས་་་བསམས་བྱུང་། མ་རེད་པེ། བྱས་ན་སྤྲུལ་སྐུ་དབང་ཆེན་ལགས་ཀྱིས་ག་རེ་རྩོད་ཀྱི་ཡོད་རེད་དམ།
དམིགས་ཡུལ་གཅིག་པའི་དྲྭ་གྲོགས་ཅོ་རི་ལགས། ༡༩༧༩ལོར་ཨ་རིས་རྒྱ་ནག་གཅིག་གྱུར་གྱི་ཕན་ཚུན་གཞུང་གཉིས་བར་ལ་གཞུང་འབྲེལ་གྲོས་ཆོད་ཅིག་བཞག་ཡོད་པ་མ་རེད། ཐེ་ཝན་དེ་རྒྱ་ནག་སྤྱི་ཚོགས་རིང་ལུགས་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་ལེན་བྱས་པ་ཙམ་རེད་འདུག །དེང་སང་ཐེ་ཝན་ལ་རྒྱལ་སྤྱིའི་སྒང་ནས་republic of chinaཟེར་བཞིན་ཡོད་པ་ལྟ་བུ་རེད་མ་གཏོགས་དེ་མིན་ཐེ་ཝན་དེ་ད་ལྟའི་དམར་ཤག་སྲིད་གཞུང་གི་ཁུངས་གཏོགས་ཡིན་པ་བཤད་ཀྱི་མེད་པ་མ་ཟད་ཐེ་ཝན་ལ་རྒྱ་མིའི་ཉེན་ཁ་ལས་སྲུང་སྐྱོབ་བྱེད་མཁན་གཙོ་བོ་ཨ་རི་དང་ཡུ་རོབ་སོགས་རེད། གལ་ཏེ་ཐེ་ཝན་དེ་སྟོབས་ཆེན་རྒྱལ་ཁབ་ཞིག་ཆགས་པ་ཡིན་ན། ད་ལྟའི་རྒྱ་ནག་དེ་ཐེ་ཝན་རྒྱལ་ཁུངས་ལ་ཕར་འགྲོ་དགོས་པ་ཞིག་ཆགས་ཡོད་ཟེར། རྒྱ་དམར་སྲིད་གཞུང་ནི་རྒྱ་ནག་རྒྱལ་ཁབ་ཀྱི་གྱེན་ལོག་པའི་སྲིད་གཞུང་ཞིག་ཡིན་པ་དང་ཐེ་ཝན་ནི་རྒྱ་ནག་གཞུང་རྙིང་པ་དེ་རེད།
དྲ་ཐོག་འདི་ན་ཧ་ཅང་གླེན་པ་སྐོར་ཞིག་ལ་སྐད་ཆ་བཤད་ན་ཅི་ཡང་མི་ཕན། ཅི་ཡང་མི་ཤེས་པའི་ཤེས་འདོག་བྱེད་མཁན་གླེན་རྒན་དག་ནི་འདི་ཚོ་རེད། མི་ཚེ་ལ་གང་ཡང་མ་འཇོན་མཁན་མཐའ་མ་དེ་སྤྲུལ་སྐུ་ཞིག་གི་མིང་ཞིག་བེད་སྤྱད་ནས་འཚོ་བ་ཐེ་ཆག་ཞིག་ཨ་རི་ནེ་ཡོག་ཏུ་སྐྱེལ་མཁན་སྤྲུལ་སྐུ་དབང་ཆེན་དང། དོན་དག་ལ་ལྟ་མི་ཤེས་མཁན་ག་དུས་ཡིན་ན་སྨྱོ་བཤད་མཁན་ཡུ་རབ་གྱི་གྲོང་ཁྱེར་གསང་ལམ་ན་ཁ་གནམ་ལ་འཁོར་ནས་འགྲོ་མཁན་ཅོ་རི་ཉི་མ་དང། དེ་ནས་ཁ་ནང་དུ་འོ་མ་བླུག་ན་གཅུན་པ་རེད་ཟེར་མཁན་ཁྱི་རྒན་གནམ་བཅས་རེད། ད་དུང་མང་པོ་ཡོད་ཀྱང་དེ་རང་མི་ངན་འདི་དག་ཡིན།
ཆོས་གྲལ་འགྲིམས་ཀྱང་ཆོས་ཀྱིས་ཕོངས། །
སྲིད་གྲལ་འགྲིམས་ཀྱང་སྲིད་ཀྱིས་ཕོངས། །
གཉིས་མེད་ཁྱི་རྒན་སེངྒེའི་མིང་། །
སྤྲུལ་མིང་ཅན་ཁྱོད་ཤ་རེ་ཚ། །
གནས་ལུགས་གནས་ལ་བློ་མིག་ཞར། །
མིག་ལྡན་གཡང་སར་མཆོང་མཁན་དང་། །
ཡིན་མདོག་བོང་རྒན་སྟག་ཤམ་ཅན། །
ཅོལ་ཆུང་ཅོ་རི་ཨ་ཙ་མ། །
རྩྭ་ཟན་མིན་ཡང་དུ་འགྲོ་དང་། །
ཀུན་སྤྱོད་ཀུན་ནས་མཚུངས་ཆོས་ཅན། །
ལོག་ལམ་གོམས་པའི་ལོག་སྤྱོད་པ། །
འབྲུག་མིང་ཅན་དེའང་ཀྱེ་མ་ཧོ། །
ཟམ་གདོང་དང་། ཁུག་རྟོང་དང་། འཇམ་གཅོང་གསུམ་གྱི་ངག་ན་དགྲ་ལ་དགོས་པའི་གཏམ་གསར་བ་མང་པོ་གོ་རྒྱུ་འདུག་ཡ།