ཧི་མ་ལ་ཡའི་འཕྲུལ་སྨྱུག
བོད་དུའང་ཇོ་བོ་བཀའ་གདམས་པས་བཙུན་ཚུགས་ཕྲན་བུ་ཟིན་པ་མ་གཏོགས་གཞན་སྔགས་རྒན་རྣམས་པས་ཡོས་བརྔོ་བརྔོ་དང༌། ཁྲག་དཀྲུག་དཀྲུག་གནང་གྲབས་བྱས་ཡོད། རྭ་ཆེན་རྡོ་རྗེ་གྲགས་ཀྱིས་ངན་སྔགས་བསགས་ཏེ་ས་ཐོབ་ཀྱི་སེམས་དཔའ་བཅུ་གསུམ་བསྒྲལ། འབྲུག་སྨྱོན་དགའ་ལེགས་པས་དགའ་རོགས་ལྔ་སྟོང་བརྒྱ་མེད་ཉེ་ཤུ་རྩ་ལྔ་བསྒྲིགས། དེ་ལྟར་ནའང་ཁོ་ཚོར་སྡིག་རྒན་དང་འཆལ་པོའི་མིང་ཤས་འོང་རྒྱུ་ལྟ་ཅི་སྟེ། ད་དུང་གཟི་བརྗིད་དང་ངོ་མཚར་ཆེ་བའི་ཚད་དུ་བརྩིས་ནས་ཀུན་ལ་གསང་མཐོར་སྒྲོག
༼བོད་ཀྱི་ལོ་རྒྱུས་ཁྲོད་དུ་ཡི་གེར་འཁོད་པ་ནི། ར་ལོ་རྡོ་རྗེ་གྲགས་ཀྱིས་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས། མཐུ་རྩལ་འགྲན་ཟླ་དང་བྲལ་ཏེ། རྭ་ལོའི་རྣམ་ཐར་ཀུན་ཁྱབ་སྙན་པའི་རྔ་སྒྲ་ལས། དར་མ་མདོ་སྡེས་ཐོག་དྲངས་པའི། །རྡོ་རྗེ་འཛིན་པ་བཅུ་གསུམ་བསད། །དམྱལ་བར་སྐྱེས་ཀྱང་འགྱོད་པ་མེད། །རང་སྣང་དུ་ཤེས་པའི་གདེང་གཅིག་ཡོད། །ཅེས་དང༌། མཁས་དབང་དགེ་ཆོས་ཁོང་ཡང་རྒྱ་གར་དུ་ཕེབས་ནས། ཕྱི་གླིང་པའི་མི་སྣ་དང་འབྲེལ་འདྲིས་བྱུང་སྟེ། མགོ་སེར་ཚོའི་མཉམ་དུ་ཐ་མག་བཞེས་རྒྱུའི་མིག་ལྟོས་ཆགས་པར་བརྟེན། རྒན་པོ་ཤེས་རབ་རྒྱ་མཚོས་བརྩམས་པའི་རྣམ་ཐར་ལས། ཉིན་གཅིག་མི་ཉག་སྐྱོར་དཔོན་ཕེབས། འབྲས་སྤུངས་པའི་དཔེ་ཆ་བ་བཞི་འཁྲིད་འདུག ཁོང་རྣམ་པ་སྒོ་ཁར་ཕེབས་པ་དང་ང་ལ་སུ་རེད་སྟོས་ཟེར། སྐྱོར་དཔོན་དེ་སྐབས་རྒྱུད་སྟོད་ལ་བཞུགས་ནས་བླ་མ་དབུ་མཛད་ལ་འགྲོ་རྒྱུའི་བཀའ་ཕེབས་ཟིན་སྐབས་ཡིན། ངས་ཞལ་ཚོར་གྱིན་ཡོད། སྐྱོར་དཔོན་ལགས་རེད་ཞུས་པས་ལམ་སེང་ཤིག་རས་རྐང་གཅིག་ལ་མེ་སྦར་ནས་འཐེན། ད་ལོག་གྱིས་གསུངས། དེ་ལྟར་ཞུས་པས་ཡར་ཕེབས་པ་དང་སྐད་ཆ་གཞན་ཅི་ཡང་མ་བཤད་པར་ནམ་རྒྱུན་ཤིན་ཏུ་རྩ་ཆེན་བྱེད་པའི་སྟོན་པའི་སྐུ་ལི་མ་ཞིག་ཡོད་པས་དེའི་ཞལ་རས་ལ་ཤིག་རས་འཐེན་འཕྲོའི་ཐལ་བ་དེ་ཕར་ཕྱི་ཚུར་ཕྱི་གཉིས་བྱས་ནས་ཕྱག་གཡོན་པས་་སེ་གོལ་ཞིག་གཏོག་སོང་བས་ཁོང་རྣམ་པ་ཧ་ལས་ནས་དེ་འདྲ་མ་བྱེད་ཟེར།
དེ་ཐོག་ནས་སགས་ལ་བདེ་སྡུག་གི་ཚོར་བ་རང་མཚན་པ་ཡོད་མེད་ཀྱི་སྟེང་ནས་རྩོད་དེ་ཁོང་ལྔས་ཧཱུྂ་རུབ་ཕཊ་རུབ་བྱས་སོང༌། ཡར་དེད་མར་དེད་ཁ་ལས་ཤིག་གིས་གང་མཚམས་ནས་ཁོང་ལྔ་པོ་སྒྲོལ་མ་བཏོན་མི་ཤེས་པའི་ཁས་ལེན་ཞུ་དགོས་བྱུང་སོང་པས་དེ་ཙམ་ནས་རྩོད་པ་ཆད་དེ་ཁྱད་མཚར་ལྟ་བུ་ཤས་ལབ་ནས་ཕྱིན་སོང༌། སོང་ཟིན་པ་དང༌། འདི་ཚོར་དེ་འདྲ་མ་བྱས་ན་སྡོད་འཇུག་གི་མ་རེད། ད་ཡོང་གི་མ་རེད་་ཅེས་འཛུམ་ཙམ་མཛད། དེའི་ཕྱི་ཉིན་དཀར་མཛེས་པ་རྟ་མགྲིན་ཚེ་དབང་གི་ཚོང་ཁང་ནང་ཁོ་བོ་ཕྱིན་པས། ཁར་སང་དགེ་འདུན་ཆོས་འཕེལ་དང་དགེ་བཤེས་ཚོ་གང་འདྲ་བྱས་སོང་ཟེར། རྩོད་པ་ཕྲན་བུ་རེ་གནང་སོང་བྱས་པས། དེ་ག་རང་རེད། དེའི་ནང་གི་གཅིག་ངའི་ཚ་བོ་རེད། ཁོ་འདིར་སླེབས་བྱུང་ཐོད་པ་ཕུར། ཤུགས་རིང་སྟོན་གྱི་འདུག གང་བྱས་སོང་དྲིས་པས་དཔེ་ཆ་བལྟས་ནས་ལོ་ཉི་ཤུ་ལ་ཁ་བལྟས་སོང་ཡང་དཔེ་ཆ་ཤེས་མི་འདུག་ཟེར་ཁོ་ཡིད་མུག་ནས་ཕྱིན་སོང༌། ཞེས་བྲིས་པ་རྣམས་རྒྱ་ཆེ་ཀློག་པ་པོ་རྣམ་པས་མ་གཟིགས་པ་ཞིག་ག་ལ་ཡིན་སྙམ་མོ།།༽
བདེན་པ་རང་གསུངས་འདུག
ང་ཚོའི་བླ་མ་གྲུབ་རྟགས་ཅན་དང་ཆོ་འཕྲུལ་ཅན་ད་དུང་ཆོས་སྐྱོང་འཇིགས་ཆེན་ཚོ་གཞི་བདག་མཐུ་ཆེན་ཚོ་ཚང་མ་དམར་ཕྱོགས་ཀྱིས་ཐལ་བའི་བརླགས་མ་སོང་ངམ། དེ་ཚོས་དགྲ་བོ་དམར་ཕྱོགས་ཀྱི་ཐོག་ནས་བ་སྤུ་ཉག་གཅིག་ཀྱང་མ་ཐོགས་པར་འདོད་ན་ད་དེ་ཚོས་ང་ཚོར་ཅི་བྱེད་དམ། དོན་བཅས་འཇིགས་འཇིགས་དྲག་དྲག་གི་ལྷ་ཀླུ་གཞི་བདག་དེ་ཚོ་ཅི་ལའང་དོ་གི་མ་རེད། མཐའ་ན་ང་ཚོའི་ཕྱུགས་རྫི་ཚོའང་དོ་གི་མ་རེད། དེ་བས་ང་ཚོར་མཁོ་བ་ནི་མིའི་སྙིང་སྟོབས་དང་ངར་ཤུགས་ཡིན་པ་ལས་ལྷའི་ལུང་བསྟན་དང་ཆོ་འཕྲུལ་མིན། ད་ང་ཚོ་ངོ་མ་སད་རན་འདུག
ལུང་བསྟན་ཡོད་ན་ད་གསུངས་རན་རེད་འདུག ལྷ་དེ་ཚོ་ཅིའི་་ཕྱིར་སྐུག་སོང་ངམ། མཐུ་ནུས་ཡོད་ན་ད་གཏོང་རན་རེད་འདུག ལྷ་དེ་ཚོ་ཅིའི་ཕྱིར་འཆིང་སོང་ངམ། ཧ ཧ ཧ ཧ
ས་ཐོབ་ཀྱི་སེམས་དཔའ་བཅུ་གསུམ་གང་དང་གང་ཡིན་ནམ།
དེ་ཚོ་བསྒྲལ་བའི་ཞིང་བཅུར་གྱུར་རམ།
རྭ་ལོ་ལག་དམར་ཨ་ཡིན་ནམ། །
མཚོན་གྱིས་གསོད་སྔགས་ཀྱིས་གསོད། །
སྲོག་གཅོད་གཉིས་ལ་ཁྱད་པར་མེད། །
འོནད་ཀྱང་ཀུན་སློང་དགག་དགོས་བརྟགས། །
འབྲུག་སྨྱོན་ཚུལ་འཆལ་ཨ་ཡིན་ནམ། །
སྔགས་ལ་དམ་ཚིག་བསྲུང་དགོས་ལས། །
ཚུལ་ཁྲིམས་བསྲུང་དགོས་ཐ་སྙད་མེད། །
དམ་ལྡན་ཡིན་མིན་བརྟག་གལ་ཆེ། །
དུས་གསུམ་མཁྱེན་པ་མ་ཧ་གུ་རུས་ལོ་སྟོང་ཕྲག་སྔོན་ནས་མ་འོངས་བོད་ཀྱི་འབྱུང་འགྱུར་དང་
བོད་མིར་བདེ་སྐྱིད་གནས་ཐབས་ཀྱི་བསླབ་བྱ་སྣ་ཚོགས་ལུང་དུ་བསྟན་ཟིན་པ་ནི་ཡོངས་གྲགས་རེད་
དེ་ལ་དད་པ་དང་ཡིད་ཆེད་ཞན་པས་ཕུང་བ་ཡིན་འགྲོ་སྙམ་།
ཨ་རོ་ཁྱི་རྒན་ཚོ། ཁྱེད་ཚོས་ག་དུས་ཡིན་ན་ལྷ་དང་བླ་མ་ཆོས་སྐྱོང་སྲུང་མ་དེ་ཚོས་མ་འཇོན་རབ་བཤད་པ་ལས་ རྒྱ་ནག་ནས་དུས་རྒྱུན་དུ་༧གོང་ས་མཆོག་དང་བོད་མི་མངས་ལ་དོན་མེད་སྐྱོན་བརྗོད་ཀྱི་སྨྱོ་ལབ་བྱེད་པ་དེ་ཚོ་ལ་ལན་རེ་སྦྱིན་ཐུབ་ན་དགེ་ཕན་ཆེ་བར་མཐོང།
གལ་སྲིད་དེ་འདྲ་མ་འཇོན་ན་ཁྱོད་ཚོའི་ཁ་སྐོམ་པོའི་ནང་དུ་རྐྱག་པ་སྐོམ་པོ་རེ་མུར་ནས་སྡོད་ན་བཟང།
འབྲུག་པ་ཀུན་ལེགས་ཕོ་རྐྱང་ཞིག་གིས་དགའ་རོགས་བསྒྲིགས་པ་སྐྱོན་ཞིག་ཅང་མ་རེད། ཨ་མེ་རི་ཁའི་སྲིད་འཛིན་ཚོ་ཚུད་པའི་མི་གང་ཆེ་གང་གཉན་ཚོས་བཟའ་ཚང་ཡོད་བཞིན་དུ་དགའ་རོགས་མང་པོ་བསྒྲིགས་གི་འདུག་ག ར་ལོ་རྡོར་གྲགས་ཀྱིས་མཐུ་བཏང་ནས་ཅིག་བྱས་བཞག་ཟེར་བ་དེ་ཚོ་ཅང་མ་རེད། མི་ལྐུག་པ་ཚོར་ཞེད་སྣང་སློང་གི་ཡོད་པ་རེད། དེ་ཡང་སྐྱོན་ཞིག་ཅང་མ་རེད། བསམ་བློ་ཡར་རྒྱས་མ་སོང་བའི་མི་ཁ་ཤས་ལ་དེ་འདྲ་བྱས་ན་སྤྱོད་པ་ཡག་པོ་ཡོང་བར་ཕན་ཐོགས་ཡོད་པ་རེད། མཚམས་མཚམས་ལ་དེ་འདྲ་བྱེད་དགོས་ཐུག་གི་རེད།
འོ་འགྲེལ་བཤད་ཡ་མཚན་འདྲ་རྒྱབ་ཡོང་གི་འདུག དོན་དུ་མི་བསད་རྟ་འགྱེལ་བཙན་གཡེམ་བྱས་ཡོད་པ་འདྲ།
ད་ཡིན་ན་ལྟད་མོ་འདུག་གཱ། ར་ལོའི་མི་བསད་རབ་དང༌། འབྲུག་སྨྱོན་གྱི་རྒྱོ་རྒྱབ་རབ། དགེ་ཆོས་ཀྱི་ཐ་མག་འཐེན་རབ་ཀྱི་མིག་དཔེ་ཡར་ལྟ་བྱེད་ས་འདི་འདྲ་རེ་ཡོད་ན། ད་ལྟའི་བླ་སྤྲུལ་ག་གེ་མོ་རྣམས་ཀྱི་ཀྱང་ཕྱི་གླིང་ཡུལ་གྲུ་ཁག་ཏུ་མི་དགེ་བ་བཅུ་ཆ་ཚང་སྤྱོད་བཞིན་འགྲོ་འདུག་མཁན་དེ་ཚོ་ནི། དེ་དག་གི་རྗེས་འཇུག་པ་ཡིན་པའི་ཕྱིར་རོ།།
རི་རྒྱལ་ལགས་བདེན་པ་རེད། ཡིན་ནའང་འདི་རིགས་གསང་དགོས་པ་རེད། བྱི་ལའི་བྲུན་བཞིན་སྦས་ན་ཏག་ཏག་རེད་དེ་རིགས་བསྔོགས་ན་ཡ་མཚན་དེ་འདྲ་ཡོང།
མི་དགེ་བཅུ་པོ་སྲོག་ལྟར་སྲུང་ཞེས་ཤཱཀྱ་ཐུུབ་པ་དངོས་ཀྱི་གསུང༌།།
དགོས་པ་བྱུང་ཚེ་སྤྱོད་དུ་རུང་ཞེས་རྡོ་རྗེ་འཆང་གི་རྒྱུད་བཤད།།
དེ་གཉིས་འགལ་མེད་སྒྲུབ་རྒྱུ་ཡོོད་ཅེས་རྫོབ་གཏམ་བོད་ཀྱི་བན་དེས་བཀོད།།
དེང་དུས་གླིང་འདིར་སྐྱ་སེར་ཀུན་གྱི་ཁྲེལ་མེད་གཡོ་ཁྲམ་ལས་ལ་སྤྱོད།།
མེ་དགེ་བཅུ་དགོས་པ་བྱུང་ཚེ་སྤྱོད་ཅེས་རྡོ་རྗེ་འཆང་གིས་གསུངས་པ་ལ་ཐེ་ཚོམ་ཟ། ལུས་ངག་གི་མི་དགེ་བ་བདུན་གནང་བའི་སྐབས་ཡོད་དེ། བཀག་པ་རྣམས་ཀྱང་དེ་ལ་གནང་།། ཞེས་བཤད། རིགས་པས་ཀྱང་གྲུབ་སྟེ། ཆེན་པོའི་ཕྱིར་དུ་ཆུང་ངུ་གཏོང་བ་ལ་སྐྱོན་མེད་པས་སྟེ། ཆུང་ངུའི་ཕྱིར་དུ་ཆེ་མི་གཏོང་།། གཙོ་ཆེར་གཞན་གྱི་དོན་བསམ་མོ།། ཞེས་སོ།།
ཡན་ནའང་ཡིད་ཀྱི་མི་དགེ་བ་གསུམ་ནི་གནང་བ་མེད་དེ། དེའི་ངོ་བོ་གྲུབ་ཙམ་ནས་མི་དགེ་བ་ཡིན་པས་སོ།།
ད་འདི་ཚོ་ཁམས་དབང་མོས་པ་ཐ་དད་པའི་ཆོས་ཡིན་པས་ཀུན་གྱི་བློ་ལ་བབ་དཀའ་བས།
རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ།།
དམན་པའི་ཆོས་ལ་སྦྱར་མི་བྱ།། ཞེས་པ་ལྡོག་ན་གོ་རྒྱུ་ཡོད་པས་དང་། དེ་ཉིད་ལས། མདོ་དང་སྔགས་ཀྱིས་སྦྲིད་མི་བྱ།། ཞེས་ཀྱང་ངོ་།།
དྲྭ་གྲོགས་རྣམས་ཀྱིས་ལྷ་དང་ཆོས་སྐྱོངས་མཁས་དབང་མི་སྒེར་སོགས་ཀྱི་སྐྱོན་ཕྱོགས་ཁོ་ན་ལས་མི་བལྟ་བ་ག་རེ་ཡིན་ནམ། འོ་ན་དེ་ཚོ་ལ་སྐྱོན་ཁོ་ན་ལས་ཡོན་ཏན་མེད་པ་ཡིན་ནམ། ཡོད་ན་མ་གླེང་བ་ག་རེ་ཡིན་ནམ།
འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་རྗེས་སུ་བཟུང་ན་ཡག་ས་རེད། རཱ་ལོའི་རྣམ་ཐར་ལྟར་བྱས་ན་ཚེ་བཙོན་འགྲོ་ཉེན་འདུག
ཪྭ་ལོས་ས་ཐོབ་སེམས་དཔའ་བཅུ་གསུམ་བགྲོངས་པ་འཕོ་བ་གྲོང་འཇུག་གི་གདམས་ངག་ཁྱབ་བརྡལ་དུ་མི་འགྲོ་བའི་ཆེད་རེད། དོན་མེད་ཅིག་ག་ལ་ཡིན།
འཕོ་བ་གྲོང་འཇུག་གི་གདམས་ངག་ཁྱབ་བརྡལ་དུ་ཕྱིན་ན་ཕན་པ་ལས་གནོད་ཆེ་བ་ཡོད་དམ།
ཡོད་ད་ཡོད། དེ་འདྲ་ཡིན་ན་བིན་ལ་ཌིན་རྩ་བ་ནས་ཤི་གི་མ་རེད།
ནུབ་ཕྱོགས་པ་ལགས། འབྲུག་པ་ཀུན་ལེགས་ལྟར་བྱེད་ན་དེང་སང་དིལླི་ལ་ལོ་ལྔ་ཅན་གྱི་བུ་མོ་ལ་བུ་ལོ་ ༢༢ ཅན་གྱིས་ཉིན་གཉིས་རིང་གཡེམ། སྟུ་ནས་གྱིག་དམ་དང་ཡང་ལ་བཅུག དེ་རིང་དིལླི་ལ་མི་མང་པོ་ཁོང་ཁྲོ་དང་སྐྱོ་སྣང་གིས་གཞུང་ལ་རྒོལ་གི་འདུག་པ་ལྟར་ཆགས་སྒོ་བསླང་ཡོང་། གཟབ་གཟབ་བྱོས།
ནུབ་ཕྱོགས་གངས་ཕྲུག་ལགས། འབྲུག་པ་ཀུན་ལེགས་ཀྱིས་རང་གི་ཨ་མ་ལ་ཡང་བྱས་རབ་བཤོད་ཀྱི་འདུག་པས། གལ་སྲིད་བསྐྱེད་ཨ་ལ་གཡབ་པ་ཡིན་ན་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་མིན་གང་འདྲ་ཡོད་དམ།