ཚེ་རིང་ཕུན་ཚོགས།
ཧི་མ་ལ་ཡ་བརྒལ་ནས།།
མི་ཡུལ་ཕྱོགས་སུ་ཕྱིན་པས།།
རྒྱུས་མེད་མི་ཡུལ་འགྲིམ་དུས།།
ང་ཡི་ཨ་མ་དྲན་བྱུང་།།
སེམས་པ་ལྷང་ལྷང་སྐྱོ་དུས།།
ནམ་མཁར་ལྟ་བར་ཐལ་སོང་།།
ངོ་ཤེས་སྐར་མ་མིག་དྲུག །
ང་ལ་སེམས་གསོ་མཚོན་འདྲ།།
དྲིན་ཅན་ཨ་མ་ལགས་ལ།།
དྲིན་ལན་འཇལ་དགོས་བསམ་ཡང་།།
བུ་ངས་ཁ་པར་ནང་ནས།།
བཀའ་མོལ་ཞུ་རྒྱུ་ཙམ་རེད།།
ཁྱེད་ཀྱི་གསུང་སྐད་ཐོས་སྐབས།།
མིག་ཆུ་དབང་མེད་ཤོར་བྱུང་།།
ཁ་པར་སྟེང་གི་གློག་དམར།།
ཨ་མའི་ཞལ་རས་ཡིན་ན།།
རྟག་ཏུ་བློ་ཕམ་མི་དགོས།།
ཁྱེད་རང་མདུན་དུ་ཡོད་ཆོག །
སྒྱུ་རྩལ་རྩོམ་རིག་གི་ཁྱབ་ཁོངས་ཤིག་ཡིན་ཕྱིན། ཕྱི་རྣམ་གྱི་ངོས་ནས་ཀྱང་མྱོང་རོལ་བྱ་རྒྱུ་མང་པོ་ཡོད་ཆོག་པས། རྩོམ་ཡིག་འདིའི་ཁ་བྱང་བཀོད་སྒྲིག་དང་རྩོམ་ལུས་ཡོངས་ཀྱི་ཕྱི་རྣམ་གྱི་སྒྲིག་སྟངས་ཐད་ནས་ཁྱད་ཆོས་ཅུང་ཟད་འདུག་སྙམ།