ལུང་རྟོགས།
ཉི་མ་ལ་ལ་ནུབ་སོང་།།
གྲིབ་སོ་ཆུ་ལ་བབས་སོང་།།
ང་དང་སེམས་སོང་བྱམས་པ།།
ཁྲོམ་སྲང་དཀྱིལ་ནས་མཇལ་བྱུང་།།
ཟླ་བ་ཤར་ནས་ཤར་བྱུང་།།
བསིལ་ཟེར་ལུས་ལ་ཕོག་བྱུང་།།
དྲན་གདུང་སེམས་ཀྱི་ཚ་བ།།
འཇོམས་པའི་ནུས་པ་མི་འདུག།
མ་མཇལ་མཇལ་ན་བསམ་བྱུང་།།
མཇལ་དུས་ཅི་བཤད་མ་བྱུང་།།
ཁེར་རྐྱང་བུ་ངའི་སེམས་པ།།
སྒོང་ཁའི་དར་ལྕོག་འདྲ་བྱུང་།།
ཁྱོད་ལ་སེམས་པ་ཤོར་ནས།།
ལོ་དང་ཟླ་བ་འགོར་ཡང་།།
ལས་འཕྲོ་མེད་པའི་བརྩེ་གདུང་།།
སེམས་ཀྱི་རྨ་ཁར་གྱུར་སོང་།།
ངུར་སྨྲིག་བླ་གོས་འདི་ཡིས།།
ཁ་ལ་རྒྱ་གྲམ་བཞག་བྱུང་།།
ཁྱོད་ལ་བརྩེ་བའི་སྙིང་གཏམ།།
ཁོག་ལ་སྦས་དགོས་བྱུང་སོང་།།
ཚེ་འདིར་འཛོམ་སྐལ་མེད་ན།།
སྐྱེ་བ་སྔོན་མའི་ལས་རེད།།
རྗེས་མའི་ལུས་རྟེན་ཞིག་ལ།།
འཛོམ་པའི་སྨོན་ལམ་རྒྱབ་ཆོག།
“ཁྱོད་ལ་སེམས་པ་ཤོར་ནས།།
ལོ་གཅིག་འགྲོ་གྲབས་འདུག་ཀྱང་།།
ལས་འཕྲོ་མེད་པ་རེད་དམ། །
སེམས་ཀྱི་རྨ་ཁར་གྱུར་སོང་།།” ཐུགས་རྗེ་ཆེ། ལུང་རྟོགས་ལགས།
མ་གསང་སེམས་ཀྱི་སྐད་ཆ།
རུས་པའི་ནང་འཐིམས་འདུག
རྒས་ནས་རུས་ཟུག་རྒྱག་དུས།
ལུང་རྟོགས་སེམས་ཁམས་འཁྲུག་ཡོང་། ཧཧཧ
དང་པོར་ཐུག་དུས་དགའ་བྱུང་། །
བར་དུ་འཕྲད་དུས་སྐྱིད་བྱུང་། །
མཐའ་མར་བྲལ་དུས་སྐྱོ་བྱུང་། །
བརྩེ་དུང་དངོོས་པོའི་གཤིས་རེད། །
དང་པོར་མཐོང་དུས་ཧོན་ཐོར། །
བར་དུ་འཕྲད་དུས་སྐད་ཤོར། །
མཐའ་མར་བྲལ་དུས་ངུ་ཤོར། །
ཆགས་པའི་བརྩེ་སེམས་བགད་ཤོར། །
གཏམ་ལ་བྱང་བ་ཡོད་ན།
རོགས་ལ་ཆད་པ་མི་འདུག།
གཅིག་ལ་འཁོར་ནས་བསྡད་ན།
དགའ་སྐྱོའི་གདུང་བ་ཆེ་འི།།
འཇིག་རྟེན་སྐྱིད་སྡུག་འཚོལ་ན།
ས་མཐའ་སྡེ་མཐའ་གཅོད་དགོས།།
བརྩེ་དུང་དྭངས་མ་འཚོལ་ན།
སུ་ཡིན་བརྩེ་མཐུན་རྒོད་དགོས།།
རང་རང་སྨྱོད་པ་ཡིན་དུས།།
སྨྱོན་མ་བཙལ་ན་སྐྱིད་ཀི།
མྱི་ཚེ་རིང་བོ་བསམ་ན།
གཞན་ཞིག་བཙལ་ན་འདོད་ཀི།
ཐབ་ལ་འཁོར་བའི་དགའ་མ།།
ཟ་འཐུང་ས་ནས་སྐྱིད་ཀི།
འཁྱུད་ལ་དགའ་བའི་ཆང་མ།།
ཉལ་སྟན་ཁུག་ནས་སྐྱིད་ཀི།
རྣམ་པ་ཡག་ན་སྐྱིད་ཀི།
གཞན་ལ་ངོམ་སོ་ཕོག་གི།
གཤིས་ཀ་དྲང་ན་སྐྱིད་ཀི།
འགྲུལ་བ་འགྲོན་པོ་དགའ་འི།།
རོགས་ལ་ཡག་བཙོག་མེད་དུས།།
ལག་ཆར་ཁོམ་པ་མི་འདུག།
གླེན་མ་བརྩེ་བ་ཅན་ལ།།
ཅིག་ཅིག་འཐོར་རྒྱུ་དཀའ་འི།