སྤོབས་པ་མཐའ་ཡས།
༢༠༡༣་སྤྱི་ཟླ་དགུ་པའི་ཚེས་བཅུའི་ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་བོད་བརྒྱུད་ནང་བསྟན་གྱི་དབུ་འཛིན་གྲགས་ཅན་ཨ་གྱ་རིན་པོ་ཆེས་རང་རྣམ་དབུ་འབྱེད་ཀྱི་ཉིན་མོ་ལ་ཁོང་བཙོན་དུ་བཞུགས་དུས་དང་སྐྱབས་བཅོལ་དུ་ཕེབས་ཚུལ་སོགས་ཀྱི་སྐོར་ལ་གསུངས་གླེང་མཛད། ཨ་གྱ་རིན་པོ་ཆེས་ད་དུང་རྒྱ་དམར་གཞུང་གིས་ནང་བསྟན་ཆོས་ལུགས་ཀྱི་སྲོལ་རྒྱུན་ལ་སྟངས་འཛིན་དང་རང་གི་སྲིད་ཇུས་ཁོ་ན་སྒྲུབ་པར་བེད་སྤྱོད་བཞིན་ཡོད་པའི་ཉེས་འཛུགས་ཀྱང་མཛད།
ཨ་གྱ་རིན་པོ་ཆེ་ནི་སོག་རིགས་ཡིན་ཞིང་༡༩༥༠ོར་འཁྲུངས། ཨ་གྱ་རིན་པོ་ཆེ་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ངོས་འཛིན་མཛད། གཞུང་ཆེན་སློབ་གཉེར་ཚུད་པའི་ཆོས་ལུགས་བྱེད་སྒོ་སྦྱངས་ཆེད་དུ་སྐུ་འབུམ་དགོན་དུ་ཕེབས་ནས་བཞུགས་ན་ཡང་། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱེད་པ་དང་དུས་མཚུངས་སུ་ཆོས་ལུགས་རྩ་མེད་བྱེད་པའི་ཟིང་ཆའི་ཁྲོད་དུ་ཨ་གྱ་རིན་པོ་ཆེའི་སྐུ་ཚེ་དང་དམིགས་ཡུལ་མདུན་ལམ་ལྡོག་ཕྱོགས་སུ་ཕྱིན། དེ་ཡང་ཁོང་གིས་གསུངས་དོན། “༡༩༥༨ལོའི་ཉིན་ཞིག་རྒྱ་དམར་གཞུང་གི་ལས་སྣེ་ཚོས་སྐུ་འབུམ་དགོན་པའི་གྲྭ་བ་ཚང་མ་ཚོགས་འདུ་ལ་ཤོག་ཟེར་ནས་བོས་སོང་། ཚོགས་འདུ་ཚོགས་ས་དེར་སླེབས་སྐབས་ང་ཚོ་རྒྱ་དམར་གྱི་དཔོན་རིགས་དང་། སྐོར་སྲུང་བ། དྲག་པོའི་དམག་དཔུང་གིས་ཡོངས་སུ་བསྐོར་འདུག དུས་སྐབས་དེ་རང་ལ་འཛིན་ཐེངས་གཅིག་ལ་གྲྭ་བ་ལྔ་བརྒྱ་ཙམ་བཟུངས་ནས་ཁྲིད་སོང་།”
དེ་ནས་ལོ་བཅུ་དྲུག་ཙམ་གྱི་རིང་ལ་ཨ་གྱ་རིན་པོ་ཆེ་ལས་བཀོལ་བཙོན་འཇུག་དང་། བཙན་ཤེད་ཀྱིས་རྒྱ་དམར་གཞུང་བཙུགས་ཀྱི་སློབ་གྲྭར་བཅུག་པ་སོགས་བྱས། རྒྱ་དམར་གཞུང་གི་དམངས་གཙོ་བཅོས་བསྒྱུར་དང་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་དག་གི་གྲུབ་འབྲས་ལ་བརྟེན་ནས་སྐུ་འབུམ་དགོན་པའི་གྲྭ་བའི་གྲངས་སྔོན་དུས་སུ་བཞི་སྟོང་ཙམ་ཡིན་པ་རྗེས་སུ་གྲྭ་བ་ལྔ་བཅུ་ཙམ་ལས་ལུས་མེད། དགོན་པ་རྩ་གཏོར་དང་བཙུན་པ་ཚང་མ་ལས་བཀོལ་བཙོན་འཇུག་དང་། དམར་གསོད། བཙོན་ཁང་དུ་འདས་པ་སོགས་བྱུང་བ་རེད། ཅེས་དང་། ཨ་གྱ་རིན་པོ་ཆེ་རང་གི་ཁྱིམ་རྒྱུད་དུ་གཏོགས་པའི་མི་ཉི་ཤུ་རྩ་དགུ་ཙམ་བཙོན་འཇུག་དང་ལས་བཀོལ་བཙོལ་འཇུག་བྱས་ཚུལ་སོགས་གསུངས་།
ད་དུང་ཁོང་གིས་གསུངས་དོན། རྒྱ་དམར་གཞུང་གིས་སངས་རྒྱས་ཀྱི་བསྟན་པ་རྩ་བ་ནས་མེད་པར་བཟོས་པའི་འབད་པ་བྱས་མོད་བོད་མི་ཚོས་རང་གི་ཆོས་ལུགས་དེ་གསོན་པོར་ཉར་བསྡད་པ་རེད། ཐ་ན་བཙོན་ཁང་ནང་དུ་ཡང་མི་མངོན་པའི་ཚུལ་དུ་ཆོས་ཉམས་སུ་ལེན་པ་དང་སློབ་གཉེར་བྱེད་བཞིན་ཡོད། བཙུན་པ་རྒན་པ་ཚོར་དཔེ་ཆ་མེད་ན་ཡང་གཞུང་ཆེ་ཆུང་ཕལ་མོ་ཆེ་ཐུགས་ཐོག་ན་ཡོད་སྟབས་གོ་སྐབས་ནམ་ཡོད་ལ་རང་རང་གི་ཡོན་ཏན་དེ་ང་ཚོར་བརྒྱུད་སྤྲོད་བྱས་པ་རེད།
ཏིང་ཤའོ་ཕིང་གི་དུས་སུ་ཆོས་ལུགས་སྲིད་ཇུས་གུ་ཡངས་ཅུང་ཟད་བྱུང་བ་རེད། དེ་དུས་ང་དང་སྐུ་འབུམ་དགོན་པའི་བཙུན་པ་ལྷག་ལུས་ཚོ་ཡང་སྐུ་འབུམ་དགོན་པར་ལོག་པའི་གོ་སྐབས་ཤིག་བྱུང་སོང་། པཎ་ཆེན་སྐུ་ཕྲེང་བཅུ་པ་འདས་རྗེས་སུ་སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེས་པཎ་ཆེན་གྱི་ཡང་སྲིད་ངོས་འཛིན་མཛད། ཡིན་ན་ཡང་རྒྱ་དམར་གཞུང་གིས་དེ་ངོས་ལེན་མ་བྱས་པར་པཎ་ཆེན་ཡང་སྲིད་དེ་བཙན་ཁྲིད་བྱས་ཤིང་། ༡༩༩༠ ལོར་ཁོ་རང་ཚོས་ལོགས་སུ་པན་ཆེན་གྱི་ཡང་སྲིད་བསྐོས་པ་རེད།
སྐབས་དེར་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་བླ་ཆེན་མང་པོ་ཞིག་ལ་བཙན་ཤེད་ཀྱིས་ངོས་ལེན་བྱས་བཅུག་པ་དང་མཉམ་དུ་ང་ཡང་ཞུགས་བཅུག་པ་རེད། ང་ནི་སྲིད་དོན་གྱི་ཆོས་ལུགས་འཁྲབ་སྟོན་དེ་འདྲ་ལ་ཞུགས་འདོད་གཏན་ནས་མེད། ལྷག་པར་ཡང་གསེར་བུམ་དཀྲུག་སྲོལ་འདི་བོད་རང་གི་ཆོས་ལུགས་རྒྱུན་སྲོལ་ཞིག་མ་ཡིན་པར་རྒྱ་ནག་གི་ཆིང་གོང་མའི་དུས་སུ་བེད་སྤྱད་སྲོལ་ཞིག་བྱུང་པ་ཞིག་རེད། (དོན་དུ་གསེར་བུམ་དཀྲུག་སྲོལ་འདིས་བོད་ཀྱི་བླ་མ་མང་པོ་ཞིག་གི་ཡང་སྲིད་ཐག་གཅད་ཐུབ་མ་མྱོང་།)
“ངས་སྐད་ཆེ་དེ་ཐོས་མ་ཐག་ཏུ་ཧོན་འཐོར་སོང་། དེ་ནི་ང་ཚོའི་ཆོས་ལུགས་ལ་གུས་བརྩི་མ་བྱས་པ་ཞིག་དང་། ང་རང་གི་དད་མོས་ཡིད་ཆེས་ལ་རྒྱབ་འགལ་དུ་སོང་བ་ཞིག་རེད། ད་དུང་ཁོ་ཚོས་ང་ལ་པན་ཆེན་ཡང་སྲིད་དེའི་དགེ་རྒན་བྱེད་དགོས་ཟེར། དེ་ངས་བྱེད་ནུས་པ་ཞིག་མ་ཡིན་པས་སྐྱབས་བཅོལ་ལ་འགྲོ་བའི་ལམ་འདི་བདམས་པ་ཡིན།” གསུངས།
ཨ་གྱ་རིན་པོ་ཆེའི་རང་རྣམ་འབྱེད་པའི་མཛད་སྒོའི་གསར་འགོད་ལྷན་ཚོགས་སྐབས་སུ་ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་ཁྲིམས་བཟོ་བ་ཤའོ་བྷི་ཀེམ་ཡང་ཕེབས། ཁོང་ནི་ཡུན་རིང་པོར་བོད་ཀྱི་གནད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ཁོང་གིས་གསུངས་དོན། “ཐའེ་ཝན་པ་ཚོས་འདི་ལ་བརྟེན་ནས་སློབ་ཚན་ཞིག་སྦྱོང་བ་དང་དུས་མཉམ་དུ་བོད་དང་རྒྱའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་ཀྱང་བྱེད་འོས།” ཞེས་སོགས་གསུངས།
ངས་འདིའི་སྐོར་བོད་ཡིག་གི་གསར་འགྱུར་དེ་ཚོའི་སྟེང་ལ་ཐོན་གི་ཡོད་བསམ་ནས་བསྒུགས་བསྡད་ན་ཡང་སླེབས་མ་སོང་། དེ་ནས་ང་རང་གིས་ཆལ་ལེ་ཆོལ་ལེ་ཞེག་བྲིས་ནས་འདི་ལ་སྤེལ་བ་ཡིན། གསལ་དག་ཞིབ་གསུམ་འཛོམ་པ་དགོས་ན་ཐའེ་པེ་དུས་བབ་Taipei Timesལ་གཟིགས་རོགས།
སྤོབས་པ་མཐའ་ཡས་ཀྱིས་རང་ཕྱོགས་ཁྱབ་བསྒྲགས་གནང་བར་དགའ་མོད། དངོས་ནས་བཤད་ན་ཨ་གྱ་དེ་རྒྱ་ངོ་རིག་དུས་རྒྱ་དགའ་རོ་འདྲ་བ་དང་། རྒྱལ་བ་མཇལ་དུས་བོད་དགའ་ཨ་བུ་མའི་ངོ་གཉིས་པ་ཞིག་ཡིན་པར་གསལ་ཐག་ཐག་ཆོད་སོང་། ། ཁོ་རང་གི་རང་རྣམ་དེ་ཡང་དགོད་བྲོ་བ་ཞིག་འདུག བོད་རང་གིས་རང་ཕོངས་ཟེར་བ་འདི་ཚོ་རེད། ལུས་ཆོས་གོས་གྱོན་པ་ཙམ་ལས་དོན་དངོས་མི་ནག་ཐ་ཤལ་གྱི་བྱ་བ་བྱེད་མྱོང་མཁན་ཞིག་རེད། གུང་ཐང་རིན་པོ་ཆེ་དང་འཇིགས་མེད་ཕུན་ཚོགས་ནང་བཞིན་གཏན་ནས་མ་རེད།
རྒྱ་དམར་གྱི་ཡར་ཐོན་པ་ཨ་གྱའི་ལོ་རྒྱུད་མཚར་མོ་མཚར་མོ་མང་པོ་གོ་རྒྱུ་དང་མཐོང་རྒྱུ་འདུག།
ཨ་ཕྱི་འདི་ཡང་མི་རྩ་མི་ཚང་བའི་སྨྱོ་འཚུབ་འཚུབ་ཅིག་རེད།
ཨ་རྒྱ་བླ་མ་འདི་སྐུ་ཚེ་གང་ལ་གང་ཙམ་རྒྱ་གུང་ཁྲན་དང་མཉམ་གཤིབ་ཀྱིས་གུང་ཁྲན་གྱི་བྱ་བྱེད་ལས་གསུམ་དང་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་སྙིང་གང་འདྲ་ཡིན་མིན་ཆ་རྒྱུས་ཡ་རྒྱུས་ཆ་ཚང་ཡོད་པའི་བོད་མི་ཞིག་རེད། བྱས་ཙང་བཙན་བྱོལ་གྱི་ཆབ་སྲིད་པ་གུང་ཁྲན་དང་ཉིན་གཅིག་གི་དུས་ཡུན་ཙམ་ཡང་གཤིབ་མྱོང་མེད་པ་མ་ཟད་ཏང་གི་རྩ་ཁྲིམས་གཟི་བརྗིད་ཁོག་སྟོང་ལ་ཆ་རྒྱུས་ཡ་རྒྱུས་སྤུ་ཙམ་ཡང་མེད་པར་ད་དུང་ཡིད་ཆེས་བློས་འགེལ་ཡོད་རབས་བཤད་མཁན་དག་དང་སྒོ་ཀུན་ནས་འདྲ་ས་མེད། དེས་ན་ཏང་གི་བྱ་བྱེད་ལས་གསུམ་དང་རྩ་ཁྲིམས་ལ་རྒྱུས་ལོན་བྱེད་དགོས་ན་ཨ་རྒྱ་བླ་མ་ལས་ལྷག་གི་དགེ་རྒན་བཙན་བྱོལ་ན་ཕལ་ཆེར་མེད། དེ་ནི་ཨ་རྒྱ་བླ་མས་གུང་ཁྲན་ཏང་དང་ཏང་མི་མཐོ་དམན་བར་གསུམ་དང་མྱོང་འདྲིས་དང་མཉམ་གཤིབ་བྱས་མྱོང་བས་སོ།
ཨ་ཀྱཱ་བླ་མ་ཆབ་སྲིད་དང་སྐད་རིགས་ལ་མཁས་ཙམ་ཡིན་ས་རེད། དེ་མིན་བླ་མ་ཡག་པོ་རེད་ཅེས་ཟེར་ན་དགེ་ལུགས་པའི་སྤྲུལ་སྐུ་གོ་གནས་མཐོན་པོ་རེད། དོན་གྱིས་ལུང་དང་རྟོགས་པ་ནམ་མཁའི་མེ་ཏོག་ལགས། ད་མང་བོ་མི་བཤད། །
གོང་དུ་ཨ་ཀྱཱ་རིན་པོ་ཆེ་བོོད་པ་མིན་པ་ཞིག་གསུང་ དེ་ཡིན་ན་ཁོང་གིས་རང་དོན་སྒྲུབ་ཞོར་དུ་བོད་དོན་ཐོག་ལའང་གཏམ་བཤད་རེ་དཔེལ་བ་དེ་དངོས་གནས་ཡག་པོ་རེད།
ངས་ནི་ཨ་གྱ་རིན་པོ་ཆེ་ཁོ་རང་གིས་གང་བཤད་པ་དེ་ལུང་འདྲེན་བྱས་ནས་འདིར་བཀོད་པ་མ་གཏོགས་ཨ་གྱ་ཆེ་རབས་འཇིགས་རབས་འདྲ་ཅང་བྲིས་མེད། སྐད་ཆ་འདི་ཚོ་ཁོ་རང་གིས་བཤད་ཚུལ་གསར་འགྱུར་བརྒྱུད་ལམ་ལ་ཐོན་འདུག ངས་ཁོ་རང་གིས་གང་བཤད་འདིར་བཀོད་པ་མ་གཏོགས་ངས་ཨ་གྱའི་དོན་ལ་ཆགས་སྡང་བསག་དགོས་དོན་ནི་གང་ཡང་མེད། དྲ་གྲོགས་ཤིག་གིས་ངས་རང་ཕྱོགས་ཁྱབ་བསྒྲགས་བྱས་འདུག་ཟེར་དོན་ཅི་ཡིན་ནི་ཤེས་མ་སོང་།
ཨ་ཀྱ་བླ་མས་ལྐུག་རྟགས་དང་པོ་སྤྱི་རྒེར་ཚང་མར་ཕན་ཐོག་ཡོད་པའི་གོ་སྐབས་བཟང་པོ་ཞིག་ཤོར་གཅུག་པ་དེ་རེད་
ཁོང་སྤྱང་པོ་ཡོད་ན་རྒྱལ་མཚན་ནོར་བུའི་ཡོངས་འཛིན་གྱི་གོ་སྐབས་ངེས་པར་ལེན་དགོས་རེད་རྒྱལ་མཚན་ནོར་བུ་པན་ཆེན་དངོས་ཡིན་མིན་གང་ཡིན་ཀྱང་གོ་སྐབས་ཆེན་པོ་ཡོད་པའི་ཤ་ཁྲག་རུས་གསུམ་བོད་པར་གཏོག་པ་ཞིག་རེད་ཆུང་དུས་ནས་བསླབ་བྱ་རྒྱག་ཁན་ཡག་པོ་ཞིག་བྱུང་ན་བོད་མི་རིགས་ལ་ཕན་ཐོགས་ཡོད་པའི་མི་ཆགས་རྒྱུའི་རེ་བ་ཡོད་རེད་མ་ཞི་ད་ལྟའི་དགེ་རྒན་དེ་ཡང་ཡག་པོ་ཡོད་ཚོད་འདུག་
སྤོབས་པ་དེ་མི་གྲང་པོ་ཞིག་རེད་་ཁོང་གིས་གསུང་བ་ནང་བཞིན་རེད་་་་་་ཡིན་ནས་་ངེད་ནི་ཨ་གྱ་དེ་མི་རང་ཚུགས་གནས་མི་ཐུབ་པ་དང་ཕྱོགས་རིགས་ཆེན་པོ་ཞིག་མཐོང་སོང་གང་ཡིན་ཟེར་ན་སྔོན་མ་དགའ་ལྡན་ཕོ་གྲང་གིས་མིང་འགྱུར་བ་གཏང་གྲབས་ཡོད་དུས་དེ་ལ་ཁོས་ངོ་རྒོལ་ཆེན་པོ་་ཡོད་པའི་སྐད་ཆ་བྱས་སོང་་་་་་་དེ་སང་དེའི་བསྐོར་ལ་སྐད་ཆ་འདྲིས་ཡིན་ནམ་་་ལན་གང་འདྲ་ཞིག་གནང་གིས་ཡོད་ནམ།
ཚང་མ་མི་ཞིག་ཡིན་པའི་ལྟ་ཚུལ་ཐོག་ནས་སྐད་ཆ་ཤོད། བཟང་གི་ཕྱོགས་གླེང་དུས་ངན་གྱི་ཕྱོགས་དྲུད་ཡོང་དགོས་དོན་མེད། ངན་གླེང་དུས་ཀྱང་བཟང་བཤད་མི་དགོས། སྐབས་དོན་གང་ཡིན་དེ་རང་ཤོད།
མ་གཞི་ནས་མི་སྐྱོན་མེད་འཛམ་བུ་གླིང་ལ་མེད་པས། མི་ཞིག་གི་མི་ཚེ་གང་གི་བྱུང་རབས་གླེང་དགོས་ན་དགེ་སྐྱོན་གཉིས་ཀ་ལོས་ཡོད། དེ་ཡང་ས་ཆ་འདིར་་དུས་ཚོད་འདིར་་་ལས་ཀ་འདི་་་ཞེས་གསལ་ཐག་ཆོད་བཤད་རྒྱུ་མེད་ན་ཚོར་སྣང་དང་རྣ་ཐོས་གླེང་ནས་མི་ཕན།
ཨ་གྱའི་སྐོར་ལ་བཟང་ངན་གང་ཡང་བཤད་རྒྱུ་མེད། ཡིན་ན་ཡང་ཁོང་གི་སློབ་འབངས་དུ་གྱུར་བའི་སྐ་འབུམ་དགོན་པའི་གྲ་བ་ཚོའི་རྒྱ་སྐད་མིན་ན་མི་བཤད་པའི་རྒྱུ་མཚན། ཁོང་གི་སློབ་གསོ་མ་ཐེབས་ཡིན་ནམ་ཡང་ན་དགོན་པའི་སྒྲིག་ཁྲིམས་ཡིན་ནམ།
ཨ་གྱ་སོག་རིགས་རེད་ཟེར། རྫུན་གཏམ།
མཆན་ཙམ་བཀོད་པ་ལ་དེ་འདྲའི་ཞིབ་ཚགས་ཡིན་མི་དགོས་པ་འདྲ། ཚིག་དོན་གཉིས་ཀའི་ཐད་ནས་ག་དུས་ཡིན་ན་ཡང་སྐྱོན་ཡོང་སྲིད་པ་རེད། ཁྱེད་པར་དུ་དགའ་ཕྱོགས་ཟེར་བ་དེ་ནམ་ཡང་ཡོད་ངེས་རེད། དེས་རྐྱེན་གྱིས་དྲྭ་གྲོགས་ཚོས་མཆན་ཅི་འདྲ་ཞིག་བྲིས་ན་ཡང་གཞན་གྱིས་ཡིད་ཆེས་བྱེད་དགོས་པའི་ངེས་པ་མེད། ཚང་མས་རང་གི་བསམ་ཚུལ་བཤད་ཀྱིན་ཡོད་པས་སོ།
ངས་བལྟས་ན་དེའི་ཕྱོགས་ལ་དེ་ཙམ་དགག་བཞག་བྱེད་མི་དགོས་པ་འདྲ།
ཀུ་རེ་ཡིན།
བདེ་མོ།
དྲ་གྲོགས་ཚོ་མཐོང་རྒྱ་ཐོས་རྒྱ་ཡོད་པ་གྱིས།བཟང་ངན་དང་ལྡོག་ཕྱོགས་བཤད་པས་ཅི་ཕན།སྐད་ཆ་དྲང་བོར་གསུངས་དང་བལྟ་འདོད་དང་ཉན་འདོད་འདུག
ཨ་ཀྱ་རིན་པོ་ཆེའི་རང་རྣམ་ལ་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་འདུག
ཨ་ཀྱྰ་བོད་ནང་དུ་བཞུགས་དུས་ནས་བཟང་ངན་གཉིས་ཀ་ཐོས་རྒྱུ་མང་པོ་ཡོད། དེ་ནས་ཨ་རིར་སྐྱབས་བཅོལ་ལ་སླེབས་དུས་ཡང་མགོ་སེར་མགོ་ནག་མང་པོ་དོགས་པའི་རང་བཞིན་ཅན་ཞིག་ཏུ་གྱུར་སོང་།མ་གཞི་ནས་མི་ཡི་རྣམ་རྟོག་ལ་མཐའ་མེད་པས་བསམ་ཚུལ་ཡང་འདྲ་མིན་བཤད་ངེས་རེད། གང་ལྟར་གོང་གི་པཎ་ཆེན་རིན་པོ་ཆེ་ཡི་ཡང་སྲིད་རྒྱ་གཞུང་གིས་ངོས་འཛིན་བྱས་པ་དེ་༡༩༩༠་བྲིས་འདུག་མོད།ཡིན་ཡང་ཕལ་ཆེར་༡༩༩༥ཡིན་སྙམ། ནོར་ཡོད་ན་དགོངས་དག་ཞུ་ཆོག
ཨ་རིའི་ནང་ནས་མགོ་སེར་མགོ་ནག་མང་བོ་དོགས་པའི་རང་བཞིན་ཅན་དུ་གྱུར་སོང་ཟེར། རྒྱུ་མཚན་ག་རེ་རེད། གསལ་བྱེད་ཅིག་བྱེད་ཐུབ་ན་ལེགས། །
# 17 རང་བྱུང་རིག་པའི་རྡོ་རྗེ Says:
September 27th, 2013 at 1:06 PM
ཨ་རིའི་ནང་ནས་མགོ་སེར་མགོ་ནག་མང་བོ་དོགས་པའི་རང་བཞིན་ཅན་དུ་གྱུར་སོང་ཟེར། རྒྱུ་མཚན་ག་རེ་རེད། གསལ་བྱེད་ཅིག་བྱེད་ཐུབ་ན་ལེགས།
ཟེར།
རང་བྱུང་རིག་པའི་རྡོ་རྗེ ་མིང་ཅན་ལྟ་བུའི་དྲྭ་གྲོགས་སྐོར་ཅིག་གིས་ག་དུས་ཡིན་ན་གཞན་གྱི་སྐྱོན་བཙལ་བ་ལས་ཡོན་ཏན་མཐོང་མི་སྲིད་པ་འདི་ཡང་དགོད་བྲོ་བ་ཞིག་རེད་།
དགེ་འདུན་རྒྱ་མཚོ་ལགས། ངས་ཨ་ལག་ཨ་ཀྱཱ་ལ་སྐྱོན་ཅི་ཡང་བཤད་མེད། འོན་ཀྱང་ངས་ནི་ཨ་ལགས་ཨ་ཀྱཱ་ཆབ་སྲིད་པ་ཞིག་ལས་བླ་མ་ཡག་པོ་ཞིག་ལ་ངོས་འཛིན་ནམ་ཡང་བྱེད་ཀྱི་མེད། དེ་ནི་ངས་མཐོང་ཚུལ་ཙམ་ཡིན། དྲང་བོར་སྨོས་པ་ཡིན། །
རང་བྱུང་རིག་པའི་རྡོ་རྗེ Says:
September 27th, 2013 at 4:56 PM
ངས་ཀྱང་ཁྱེད་རང་མི་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་ལགས།
བྱས་ཙང་ངས་རང་ལ་སྐད་ཆ་དེ་བཤད་པ་ཡིན།
ཡ་ཡ་ད་ཁྱོད་ཆགས་སྡང་ཆེན་པོ་ཡོད་པའི་མི་ཞིག་ཡིན་པ་ཧ་གོ་སོང་། ངས་བཤད་མེད་མ་གཏོགས་ཨ་ལགས་ཨ་ཀྱཱ་ལ་སྐྱོན་ལུང་བ་མི་ཤོང་བ་བགྲངས་རྒྱུ་ཡོད། དེ་དག་གླེང་ནས་འོང་རྒྱུ་ཅི་ཡོད། ཁྱོད་ལ་ངའི་སྐྱོན་གླེང་རྒྱུ་ག་འདྲ་ཡོད། མི་ཟེར་བ་དེ་རང་བཞིན་མ་དྲང་ན་བཟོ་བཅོས་གང་ཡང་ཡོད་པ་མ་རེད། །
ཨ་གྱ་ཟེར་བ་ལ་ཡིག་ཆ་མང་པོར་ཨ་ཀྱཱ་ཞེས་བྲིས་འདུག དཔེར་ན། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཞུ་བ་ལྟ་བུ། དོན་དུ་ཨ་ཀྱཱ་དང་ཨ་གྱ་གང་ཞིག་འབྲི་སྤྱོད་བྱེད་མིན་གཞན་ཞིག་རེད། ཨ་ཀྱཱ་རིན་པོ་ཆེ་ནི་རྒྱ་ནག་ལ་རྒྱུས་ཡོད་ནང་གི་རྒྱུས་ཆེན་ཅན་ཞིག་ཡིན་པའི་ངོས་ནས་རྒྱ་གཞུང་གི་སྲིད་ཇུས་སྐོར་ལ་ཅུང་ཟད་རེ་བརྗོད་པ་དེ་ནི་ཆེས་སྤྱིར་བཏང་བ་ཞིག་རེད།
ཨ་ཀྱཱ་རིན་པོ་ཆེ་བཙན་བྱོལ་དུ་འབྱོར་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་གཙོས་པའི་སྲིད་དོན་དཔྱད་བརྗོད་པ་དང་། གསར་འགོད་པ་མང་པོས་རེ་ལྟོས་དང་ཡིད་ཆེས་ཤིག་གི་ངང་ནས། ཨ་ཀྱཱ་རིན་པོ་ཆེའི་ས་ནས་ཁོང་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་རྐྱེན་དང་རྒྱ་གཞུང་གི་སྲིད་ཇུས་སྐོར་ནས་ཅིག་གསལ་རྟོགས་ཡོང་ཐབས་བྱས་ཀྱང་དེ་ནི་བྱུང་མེད།
དུས་ཕྱིས་སུ་ཨ་ཀྱཱ་རིན་པོ་ཆེའི་རང་རྣམ་གྱི་དེབ་ཅིག་ཐོན་པ་དང་བསྟུན་ཏེ་ཁོང་གིས་རྒྱ་ནག་གི་སྲིད་ཇུས་སྐོར་ནས་ཅུང་ཟད་རེ་ངག་སྒོ་ཕྱེས་ན་ཡང་། དེ་ཡང་གསང་མཐིལ་ཞིག་བརྟོལ་བ་འདྲ་བའི་གནད་ཕིགས་ཆ་ཚང་ཞིག་རེད་མི་འདུག
ཀུན་གྱིས་དོ་སྣང་བྱ་ས་གཙོ་བོ་གཅིག་ནི་པན་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་ཐད་ནས་ཡིན། དེའི་ཆེད་དུ་རྒྱ་གཞུང་གིས་བོད་ཀྱི་སྤྱི་ཚོགས་ཐོག་མིང་གྲགས་དང་གོ་ཐོབ་ཆེ་བའི་བླ་ཆེན་ཁག་ཅིག་མགོ་ནས་མཇུག་བར་དུ་བེད་སྤྱོད་དམ་ཆབ་སྲིད་ཀྱི་ལག་ཆར་ཆེས་ཆེར་སྤྱད་ཡོད། དེའི་གྲས་སུ་ཨ་ཀྱཱ་རིན་པོ་ཆེ་ཡང་ཡོད་པ་རེད། ཡང་སྲིད་སྐོར་གྱི་གནས་ཚུལ་གྱི་བརྒྱུད་རིམ་ནི་དེ་འདྲའི་མདོར་བསྡུས་ཤིག་གཞར་ཡང་མིན་ངེས།
མདོ་སྨད་དགེ་ལྡན་བསྟན་པའི་བདག་པོ་ཨ་ཀྱཱ་རིན་པོ་མཆོག་ནི། ཆོས་དང་ཆབ་སྲིད་སྐད་རིགས་སོགས་ལ་མཁས་པ་ཡིན་པར་མ་ཟད་རྒྱ་དཔོན་དག་ལ་འབྲེལ་བ་ཡོད་པ་རེད། དེས་ཕྱིར་ཨ་ཀྱཱ་ཚང་མ་འོང་བའི་བཀའ་བློན་ཁྲི་བར་འོས་པའི་མཆོག་ཅིག་རེད། འོན་ཀྱང་མི་སྐྱ་ནང་ན་ཤེས་འཇོན་གཉིས་ལྡན་རེ་ཡོད་ཚེ་བླ་མ་ཞིག་བཀའ་བློན་ཁྲི་བའི་འོས་གཞི་མ་སོང་ན་ལེགས་པར་སྙམ་མོ། ཨ་ཀྱཱ་ཚང་ནང་སོག་མི་རིགས་ཡིན་ཀྱང་བོད་ལ་རྩི་དགོས། །
ཨ་ཀྱཱ་རིན་པོ་ཆེ། ལོ་ངོ་ཁ་ཤས་སྔོན་དུ། ཀོ་ལམ་བིཡ་སློབ་གྲྭ་ཆེན་མོར་ཨིན་སྐད་དུ། གསུང་བཤད་མཛད། ཨིན་སྐད་ལེགས་པར་མཁྱེན་པ་ངོ་མཚར་དུ་འཛིན། ༢༠༠༦ ལ་སྐུ་འབུམ་དུ་སླེབས། སྐུ་འབུམ་དགོན་པར་ལྕགས་རི་བསྐོར་དུ་འཇུག་མཁན་དང་། བོད་རིགས་བོད་སྐད་མི་ཤེས་པའི་གྲོང་ཡུལ་དག་ཏུ་བོད་སྐད་ཀྱི་སློབ་གྲྭ་འཛུགས་མཁན་་ཨ་ཀྱཱ་རིན་པོ་ཆེ་ཡིན་ཞེས་བཤད་པ་གོ་མྱོང་།
ཨ་ཀྱཱ་རིན་པོ་ཆེའི་སྐོར་ལ་རྒྱུས་མངའ་ཆེར་མེད་ཀྱང་། ལོ་ཤས་སྔོང་གོང་ས་མཆོག་ཨ་རིར་ཁོང་གི་ཆོས་ཚོགས་སུ་ཕེབས་སྐབས་ཆོས་ཞུ་བའི་རྩ་ནས་དངུལ་མང་པོ་བླངས་པའི་གནས་ཚུལ་ཞིག་གོ་མྱོང་། དེའི་རྗེས་སུ་གོང་ས་མཆོག་གིས་ཁོང་གང་དུ་བཀའ་སློབ་གསུང་བཤད་གནང་བར་ཕེབས་ཀྱང་འཛིན་བྱང་གི་རིན་པ་ཆེན་པོ་མི་ལེན་པའི་རེ་སྐུལ་གནང་གི་ཡོད་ལ་ཁོང་གིས་དངུལ་གཏན་ནས་ལེན་གྱི་མེད་ཅེས་གསལ་བཤད་གནང་ཡོད་པ་ཞིག་གོ་སོང་།
ད་ཧ་གོ་མ་སོང།
ང་ཚོས་ནམ་དུ་ཡང་སྐྱོན་མ་གཏོགས་བཟང་ཕྱོགས་ཀྱི་ཡོན་ཏན་ཕྲན་བུ་ཙམ་ཡང་གླེང་མ་ཤེས་པ་འདི་ཙམ་གྱིས་ཡིད་གཏིང་ནས་ཆད་པར་བྱེད་ཀྱི་འདུག ཨ་གྱ་རིན་པོ་ཆེའི་མི་ཚེ་ལོ་རྒྱུས་དང་འབྲེལ་བའི་དོན་སྙིང་ཅན་གྱི་གནད་དོན་དེ་དག་ལ་ཞིབ་འཇུག་དང་གླེང་སློང་མི་བྱེད་པར་ཟེར་སྒྲོས་ཀྱི་སྐད་ཆ་ལྡོམ་པོ་འགའ་འཁྱེར་ཡོང་ནས་མི་ཞིག་ནག་སྒྲུབ་བྱེད་པར་འབད་བཞིན་པ་འདི་ཅི་འདྲའི་ཡ་ང་བ་ཞིག་མ་རེད་དམ། མ་གཞི་མི་ཞིག་གི་བཤད་སྟངས་དང་བྱེད་སྟངས་ཡོད་ཚད་དོ་བདག་རང་གི་འདོད་པ་བཞིན་ཡོང་ཐབས་མེད་པའི་ངེས་ཤེས་རྙེད་པའི་གཞི་རྩའི་བསམ་བློའི་ཐོག་ནས་སྐྱོན་ཡོན་གླེང་རྒྱུ་གལ་ཆེན་པོ་རེད།
འདི་ཡང་ང་རང་ཉིད་ཀྱི་བསམ་ཚུལ་ཙམ་ཡིན།
རིན་པོ་ཆེ་སྐུ་ཚེ་རིང་།
བསྟན་པའི་གསལ་བྱེད་ཆེན་པོ་སྐྱབས་རྗེ་བླ་མ་ཨ་ཀྱཱ་རིན་པོ་ཆེ་ནི་དོན་གྱི་ཆོས་པ་རྣམ་དག་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་མཐའ་དག་ལ་ནང་བྱན་ཆུད་པའི་དྲན་དབང་དང་། བོད་མི་རིགས་ཀྱི་མདུན་ལམ་ལ་ཐུགས་བསམ་དཀར་བའི་རྒྱལ་གཅེས་དཔའ་བོ་བཅས་ཡིན་པས། འདི་གར་མི་ཁ་ཤས་ཀྱིས་ཁོང་ལ་སྐྱོན་བརྗོད་བྱས་པར་ང་རང་ཡིད་ཕམ་ཆེན་པོ་བྱུང་། དྲང་མོ་ལབ་ན། ས་དགེ་བཀའ་རྙིང་ཚང་མའི་ནང་ལ་ཁོང་ལྟ་བུའི་བླ་མ་བཟང་བོ་དང་མི་ཡག་པོ་དཀོན་པོ་རེད།
དེས་ན། སེམས་ཅན་མོས་པ་སྣ་ཚོགས་པ།།སངས་རྒྱས་ཀྱིས་ཀྱང་མི་མགུ་ན།།ཞེས་གསུངས་པ་ཅིས་མ་བདེན། སངས་རྒྱས་བཅོམ་ལྡན་འདས་ལའང་ཁ་གཏོང་མཁན་མང་བོ་བྱུང་ཞིང་། དེ་ནི་སངས་རྒྱས་ལ་སྐྱོན་ཡོད་པས་མ་ཡིན་པར། སྐྱེ་བོ་དག་གི་རྒྱུད་ཐེ་ཚོམ་དང་ཕྲག་དོག་སོགས་ཀྱི་དུག་ཆུས་བརླན་པའི་སྐྱོན་གྱིས་སོ།།
འཇམ་དཔལ་དབྱངས་དངོས་རྒྱལ་བ་ཙོང་ཁ་བའི།།
རྣམ་དག་བསྟན་པ་རྨད་དུ་བྱུང་བའི་ལུགས།།
འཛིན་ལ་ཐུགས་བསྐྱེད་གོ་ཆ་མ་དོར་བ།།
ཨ་ཀྱཱའི་མཚན་ཅན་དམ་པ་ཁྱོད་ལ་གུས།།
འགྲོ་བའི་ལེགས་བྱས་བསོད་ནམས་དཔུང་བཟང་དང་།།
དཀར་ཕྱོགས་ལྷ་དང་སྲུང་མའི་མཐུ་སྟོབས་ཀྱིས།།
གང་གི་སྐུ་ཚེ་རྡོ་རྗེ་བཞིན་བརྟན་ནས།།
རྒྱ་ཆེན་བཞེད་དོན་མ་ལུས་འགྲུབ་པར་ཤོག །
ཨ་ཀྱཱ་འདི་སྐད་རིག་ལ་བློ་རྩེ་ཡོད་མཁན་ཞིག་དང་སྲིད་དོན་ལ་བློ་ཁ་ཕྱོགས་མཁན་ཞིག་ལས་ཆོས་པའི་ལས་ལ་དེ་ཙམ་གྱིས་ཐུགས་འདོད་ཡོད་མཁན་ཞིག་མ་རེད། དེ་ནི་སོག་པོའི་མི་ཡི་གཤེས་རྒྱུད་ཞིག་ཡིན་ན་ཆོག།
རོང་བཙན་གྱིས་གསུངས་སྟངས་ལ་བལྟས་ན་སོག་པོ་ལ་ཆ་རྒྱུས་ཡག་པོ་ཡོད་ས་རེད།
སོག་པོ་ཚོའི་ཆོས་ལ་དོ་སྣང་དེ་ཙམ་མེད་པ་རེད་དམ། །
རོང་བཙན་ལགས་ཀྱིས་རྟ་བདུན་དབང་བོའི་ལན་དེ་ལ་ལན་ཞིག་རྒྱོབས་དང་། མི་འདིའི་རིགས་མ་ཤེས་ཤེས་མདོག་དང་མིན་ན་ཡིན་མདོག་བྱེད་པར་ནམ་ཡང་བྲེལ་བསྡད་འདུག ངས་ཀྱང་ཁྱོད་ཀྱིས་སོག་པོའི་མི་གཤིས་དང་ལོ་རྒྱུས་ལ་འབྲེལ་ག་འདྲ་ཞིག་འཁྱེར་ཡོང་གི་འདུག་ལྟོས་ནས་བསྡད་ཡོད། མི་འདིའི་རིགས་ཀྱི་ཚད་དང་ཚོད་ག་ཙམ་འདུག་ཤེས་འདོད་ཀྱི་རེ་བ་ཧ་ཅང་ཆེ།
རོང་བཙན་འདིའི་གསུང་བཙན་ནི་རེད། ལོ་རྒྱུས་ཀྱི་དོན་སྙིང་འགའ་འདི་ན་གསུངས་ཡོང་གི་འདུག།
ཨ་ཀྱ་བླ་མ་སྐད་རིགས་སྣ་མང་མཁས།
ཨ་མདོ་ཡུལ་ན་བླ་མའི་གོ་ཐོབ་ཆེ།
ཨ་རི་ཡུལ་ལ་བོད་བརྒྱུད་ནང་བསྟན་སྤེལ།
ཨ་མདོ་བུ་ང་ཁོང་ལ་དད་སེམས་ཆེ།
ཨ་རོགས་ཉོན་དང་དྲ་འབུ་ཟ་འདྲེ་ཚོ།
ཨ་མའི་བུ་དེ་སྤོབས་པ་མཐའ་ཡས་ལགས།
ཨ་གསར་མིན་དང་རྩོམ་གསར་སྤེལ་མཁས་པ།
ཨ་མདོ་བུ་ངས་ཆོ་ལོ་ཁོང་ལ་ཕུལ།
ཨ་གྱ་རིན་པོ་ཆེ་ནི་སྐུལ་བ་འོས་བའི་རླབས་ཆེན་གྱི་བསམ་བློ་པ་དང་། རྒྱ་བོད་ཀྱི་གནས་སྟངས་མཁྱེན་པའི་ཚད་ལྡན་གྱི་ཤེས་ཡོན་པ་ཞིག་རེད།
རིན་པོ ཆེ་འདི་ནི་དུས་ཚོད་ཀྱི་གནས་བབ་སྡུག་པོ་ཞིག་དང་། སྤྱི་ཚོགས་ཀྱི་འགལ་འདུ་དྲག་པོའི་ཁྲོད་དུ་སྐྱེས་ཤིང་འཚར་ལོངས་བྱུང་བའི་གྲྭ་བ་ཞིག་ཆབ་སྲིད་ཀྱི་ལག་ཆར་གྱུར་པའི་གནས་བབ་ལས་གཡོལ་ཆེད་དུ་སྐྱབས་བཅོལ་དུ་ཕེབས་པ་ཞིག་རེད། དེ་ལ་བཟང་ངན་གྱི་མཐའ་ལ་ལྷུང་པའི་བསྟོད་སྨད་དང་། ཆགས་སྡང་བསག་ན་ཕན་ཐོགས་མེད། དེ་ལས་ཁོང་གིས་མཛད་པ་འཕྲིན་ལས་ལ་རམ་འདེགས་དང་། ཁོང་གི་བཀའ་སློབ་ལེགས་པོ་གནང་བ་དག་ལས་སློབ་སྦྱོང་ལེན་ཤེས་དགོས།