སློབ་དེབ་བསྐྱར་ཞིབ། Posted on 2013-11-022013-11-02 By ཁ་བརྡ་ 4 Comments on སློབ་དེབ་བསྐྱར་ཞིབ། གནས་ཚུལ་མཁོ་འདོན་པ། བསམ་གླིང་ཚེ་རིང་ལྷ་མོ། ༢༠༡༣ ལོའི་ཕྱི་ཟླ་༡༠ པའི་ཚེས་༡༤’༡༥’༡༦’ཉིན་གསུམ་རིང་ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་རྩོམ་སྒྲིག་པའི་གོ་སྒྲིག་འོག། གཞི་རིམ་འོག་མའི་སློབ་དེབ་བསྐྱར་ཞིབ་ཀྱི་ལས་གཞི་དེ་སྤེལ་ཡོད་པ་དང་། ཉིན་གསུམ་ནང་ཐོག་མར་འཛིན་རིམ་དང་པོའི་སློབ་དེབ་ལ་སླར་ཡང་ཞིབ་འཇུག་གིས་གཏན་འབེབ་དང་། དེ་རྗེས་འཛིན་རིམ་གསུམ་པའི་སློབ་དེབ་ལ་བསྐྱར་ཞིབ་གནང་བ་རེད། སློབ་དེབ་བསྐྱར་ཞིབ་ཀྱི་ལས་རིམ་ནང་ཤེས་རིག་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་རྒན་བཀྲ་ཤིས་དོན་གྲུབ་ལགས་དང་། རྩོམ་སྒྲིག་རྒན་བཀྲ་ཤིས་རྡོར་རྗེ་ལགས་དང་། རྒན་དགེ་འདུན་དོན་ཡོད་ལགས། དེ་བཞིན་རྒྱ་གར་ལྷོ་ཕྱོགས་དང་བྱང་ཕྱོགས་ཤར་ཕྱོགས་། དེ་བཞིན་བཞུགས་གར་རྡ་ས་བཅས་ནས་ཁྱོན་བསྡོམས་དགེ་རྒན་མི་གྲངས་བཅུ་ཙམ་ཡོད་པ་རེད། སྐབས་རེ་ཚོགས་མི་ཚོའི་བསམ་ཚུལ་མི་མཐུན་པ་སོགས་ཀྱི་གནས་ཚུལ་ཡང་ཡོང་གི་ཡོད་ལ། སྤྱི་ཡོངས་ནས་གྲོས་གླེང་ཧ་ཅང་གི་ལྷུག་པོ་བྱུང་ཞིང་། མདོར་བསྡུས་ན་ཚང་མས་སློབ་དེབ་དེ་སྤུས་དག་པོ་དང་ཡག་པོ་ཞིག་ཡོང་བའི་རེ་བ་ཆེན་པོ་གནང་གི་འདུག ། སྤྱིར་ན་སློབ་མ་དབུས་བཞག་གི་སློབ་འཁྲིད་ཐབས་ལམ་ནང་སློབ་དེབ་བེད་སྤྱོད་དེ་ཙམ་མེད་པ་རེད་གསུང་མཁན་ཡོད་ལ། ཡང་སློབ་དེབ་ནི་རྒྱལ་ཁབ་ཅིག་གི་ཤེས་དཔལ་གྱི་ཚད་གཞི་ཇི་ལྟར་ཡོད་མེད་ཀྱི་འཚབ་མཚོན་དཔང་ཡིག་ཅིག་ཏུ་བརྩི་མཁན་ཡང་ཡོད་པ་རེད། ལྷག་པར་དུ་སློབ་གྲྭ་ཁག་ནང་སློབ་དེབ་མེད་ན་དཀའ་ངལ་ཆེ་ཤོས་དེ་དགེ་རྒན་གྱི་ཤེས་ཚད་ལ་རག་ལུས་ཡོད་པར་ཡིད་ཆེས་བྱས་ཆོག་པར་སྙམ། དགེ་རྒན་གྱི་ཤེས་ཚད་འདང་ངེས་ཡོད་ན་སློབ་མའི་ཤེས་ཚད་དང་མཐུན་པར་དུས་ཐོག་ཏུ་བསླབ་གཞི་བསྡུ་སྒྲིག་དང་གསར་རྩོམ་བྱེད་ཐུབ། འོན་ཀྱང་དགེ་རྒན་གྱི་ཤེས་ཚད་འདང་ངེས་མེད་ན་སློབ་དེབ་ཁོ་ནར་མ་གཏོགས་བརྟེན་ས་མེད་པ་ནི་བརྗོད་མི་དགོས་པ་ཞིག་རེད། དེས་ན་སློབ་དེབ་བསྐྱར་ཞིབ་དེ་ནི་ཉེན་ཁ་ཆེ་བའི་ལས་འགན་ཞིག་རེད་ལ། འབྱུང་འགྱུར་མིས་ཁ་རྡུང་གཏོང་ཡུལ་ཞིག་ཏུ་མི་འགྱུར་བ་བྱེད་རྒྱུ་ནི་ཚོགས་མི་ཚང་མའི་འོས་འགན་ཉག་ཅིག་རེད་ཨང་སྙམ་མོ། གསར་འགྱུར།
མི་འདི་ཚོ་སུ་སུ་རེད། ངོ་སྤྲོད་ཅིག་གནང་རོགས། སློབ་དེབ་བསྐྱར་ཞིབ་ཀྱི་ལས་དོན་འདི་གནས་ཚུལ་ཡག་པོ་ཞིག་རེད། གཟབ་ནན་དགོས་བསྐྱར་ཞིབ་ཡག་པོ་ཞིག་བྱེད་རོགས། ཕྲུ་གུ་ཚོ་མ་འོངས་སོན་རྩ་ཡིན། ཐུགས་རྗེ་ཆེ།
ཁ་སྐད་དང་མཐུན་གང་ཐུབ་བྱས་ན། བྱིས་པ་ཚོས་དཔེ་ཆ་དང་མཉམ་དུ་ཁ་བརྡ་བྱེད་ཐུབ་པ་དང་། རང་གིས་གང་ཤེས་བའི་སྐད་ངག་གི་ཡོན་ཏན་ཡིག་ཐོག་ལ་ཕབ་ཐུབ་པའི་དགེ་མཚན་ཡོད། དེ་ནས་ལོ་རྒས་བ་དང་། རྨང་གཞི་བཙུགས་ཚུན། ང་ཚོས་སེམས་ཁྲུལ་བྱེད་དགོས་པའི་དེ་འདྲའི་སྐད་ཡིག་མགོ་སྙོག་པོ་ཞིག་མ་རེད། ཡིན་ན་ཡང་། ཁ་སྐད་དང་མཐུན་མདོག་གིས། སྒྲ་དཀྲིས་ཤོར་བའི་མིང་ཚིག་ལ་དོ་སྣང་མི་བྱེད་པ་ནི་ལས་ཉེས་ཡིན་པ་ཤེས་དགོས། བོད་ཕྲུག་ཚོས་རང་གིས་བཤད་བཞིན་པའི་སྐད་ཆ་འདི། སྦྱང་བཞིན་པའི་སྣང་བ་ཤེར་ཉིན། རྒན་དགེ་ཕྲུག་ཚང་མ་མ་ཟད། བོད་གངས་ཅན་པ་ཚང་ལ་ཡང་གྱོང་ཁ་རྩ་ནས་རག་མེད་པ་ཤེས་ཡོང་། དེ་ཙམ་ཞུ་འདོད་བྱུང་།
སྙིང་ནས་རྟེན་འབྲེལ་ཞུ།
ཡག་པོ་ཞིག་ཡོང་ཐུབ་པའི་རེ་བ་ཆུང་ཆུང་ཞིག་བཅང་ཡོད།
མི་འདི་ཚོ་སུ་སུ་རེད། ངོ་སྤྲོད་ཅིག་གནང་རོགས། སློབ་དེབ་བསྐྱར་ཞིབ་ཀྱི་ལས་དོན་འདི་གནས་ཚུལ་ཡག་པོ་ཞིག་རེད། གཟབ་ནན་དགོས་བསྐྱར་ཞིབ་ཡག་པོ་ཞིག་བྱེད་རོགས། ཕྲུ་གུ་ཚོ་མ་འོངས་སོན་རྩ་ཡིན། ཐུགས་རྗེ་ཆེ།
ཁ་སྐད་དང་མཐུན་གང་ཐུབ་བྱས་ན། བྱིས་པ་ཚོས་དཔེ་ཆ་དང་མཉམ་དུ་ཁ་བརྡ་བྱེད་ཐུབ་པ་དང་། རང་གིས་གང་ཤེས་བའི་སྐད་ངག་གི་ཡོན་ཏན་ཡིག་ཐོག་ལ་ཕབ་ཐུབ་པའི་དགེ་མཚན་ཡོད། དེ་ནས་ལོ་རྒས་བ་དང་། རྨང་གཞི་བཙུགས་ཚུན། ང་ཚོས་སེམས་ཁྲུལ་བྱེད་དགོས་པའི་དེ་འདྲའི་སྐད་ཡིག་མགོ་སྙོག་པོ་ཞིག་མ་རེད།
ཡིན་ན་ཡང་། ཁ་སྐད་དང་མཐུན་མདོག་གིས། སྒྲ་དཀྲིས་ཤོར་བའི་མིང་ཚིག་ལ་དོ་སྣང་མི་བྱེད་པ་ནི་ལས་ཉེས་ཡིན་པ་ཤེས་དགོས། བོད་ཕྲུག་ཚོས་རང་གིས་བཤད་བཞིན་པའི་སྐད་ཆ་འདི། སྦྱང་བཞིན་པའི་སྣང་བ་ཤེར་ཉིན། རྒན་དགེ་ཕྲུག་ཚང་མ་མ་ཟད། བོད་གངས་ཅན་པ་ཚང་ལ་ཡང་གྱོང་ཁ་རྩ་ནས་རག་མེད་པ་ཤེས་ཡོང་། དེ་ཙམ་ཞུ་འདོད་བྱུང་།