—-ཚེ་རིང་།
ལོ་ན་ཆུང་བའི་དུས་སུ
ང་གདོན་འདྲེ་ལ་ཧ་ཅང་སྐྲག
མཚན་མོ་མུན་པའི་ཀློང་ནས་
འཇིགས་སུ་རུང་བའི་གདོན་འདྲེ་ཅི་འདྲ་ཞིག་གིས
ང་རང་ཟོས་འགྲོ་སྙམ་ཞིང
མི་མེད་ལུང་སྟོངས་རེ་ནས
སྙིང་རྗེ་མེད་པའི་གདོན་འདྲེ་ཅི་འདྲ་ཞིག་གིས
ང་ལ་སྒུག་ནས་བསྡད་ཡོད་སྙམ
སྐྲག་སྣང་གི་ངང་ནས་ང་རང་འདི་ལྟར་ནར་སོན
འོན་ཀྱང དེང་སྐབས་ང་གདོན་འདྲེ་ལ་མི་སྐྲག
གདོན་འདྲེས་ད་ལྟའི་བར་ང་ལ་གནོད་སྐྱོན་ཅི་ཡང་བྱས་མ་མྱོང
ང་ཆེས་སྐྲག་ས་ནི་མི་རེད
མི་རྣམས་ནི་གདོན་འདྲེ་ལས་འཇིགས་སུ་རུང་ལ
གདོན་འདྲེ་ལས་སྙིང་རྗེ་མེད་པ་ཞིག་རེད་འདུག
2013/12/16
ཁོ་བོ་ནི་ད་དུང་གདོན་འདྲེ་ལ་སྐྲག་་་
དེ་དངོས་གནས་བདེན་པ་རེད་་མི་ནི་བྱ་བ་ཡག་སྡུག་གཉིས་ཀ་བྱེད་ཐུབ་མཁན་ཞིག་རེད་་་་
ང་ནི་སྤྲུལ་སྐུའི་རིང་ལུགས་ལ་སྐྲག
ཨོ་ཉི་ནི་སྤྲུལ་སྐུའི་རིང་ལུགས་ཡལ་མི་ཡོང་ངམ་སྙམ་ནས་འཇིགས།
ཁྱེད་རང་ཚོ་སྐྲག་མི་དགོས་ས་ཏག་ཏག་ལ་སྐྲག་ནས་བསྡད་འདུག། སྐྲག་དགོས་ས་ངོ་མ་ནི། ཁྱེད་ཚོའི་ཁ་དང་ལག་ཡིན་པ་རེད། འདྲེ་ཁ། འདྲེ་ལག་ཅན་ཚོ། ཧ་ཧ་ཧ།
གནམ་འདྲེ་་་་
ང་ནི་ཁ་སྐད་བཀོལ་མཀན་མང་བས། བོད་སྤྱིའི་སྐད་དམ་། བོད་རིག་གཞུང་གི་སྐད་མེད་པར་ཆག་ས་པ་ལ་སྐྲག
དེ་ཡང་། འོག་གི་མཆན་འདི་གཞན་དུ་བཀོད་ཀྱང་། ལན་ཅི་ཡང་མེད་པས། སླར་འདིར་བཀོད་དོ།
་
བདེན་པ་བརྟན་པོར་འཛིན་པ་དང་། ཨུ་ཚུགས་གཉིས་མ་ནོར་བར་བྱེད་པ་གལ་ཆེ། ཧི་མཱ་ལ་ཡའི་ལྗོངས་ཀྱི་ཁ་སྐད་ཡོངས་རྫོགས་ཤེས་པ་རྒྱང་རིང་པོར་ཞོག ལ་དྭགས་ལུང་ཁུགས་གཅིག་ལ་ཡང་ཁ་སྐད་མི་འདྲ་བ་མང་པོ་ཡོད། དཔེར་ན། ཡིག་སྐད་ཀྱི། བྱས། ཞེས་པ་ལྟ་བུ་ལ་མཚོན་ན། བས། ཞས། ཞེས་བོད་སྤྱིའི་སྐད་ལ་མི་རྩི་བ་དག་གིས། ལ་དྭགས་ཁ་སྐད་ལ་བྲིས་པ་དེ་གོ་སླ་བ་་འདུག་བསམས་ཏེ། བྱིས་པ་ཞིག་གིས་ལ་དྭགས་ཁ་སྐད་དུ་འབྲི་བ་ལ་འབད། ཆོས་ཀྱི་ལ། ཆོས་སི་དང་། བོད་ཀྱི་ལ། བོད་དི། ཞེས་པ་སོགས་ལ་དྭགས་པ་མ་ཡིན་པ་ཞིག་གིས་གཏན་ནས་གོ་མི་ཐུབ་པས། ལ་དྭགས་པ་བོད་སྤྱིའི་སྐད་དམ། ཆོས་སྐད་ལ་རྩི་་བ་པོ་རྣམས་ཀྱིས་དེ་ལྟར་འབྲི་ན། བོད་སྤྱིའི་སྐད་དམ་། ཆོས་སྐད་ལ་གནོད་པར་མཐོང་ནས། ངོ་རྒོལ་བྱས། བྱེད། བྱེད་པར་འགྱུར་བ་བཞིན་དུ། བདག་གིས་ཁ་སྐད་བཀོལ་མཁན་ཡོངས་ལ་དེ་ལྟར་ངོ་རྒོལ་བྱེད། བོད་ཡོངས་ལ་ཁྱབ་པའི་རིག་གཞུང་སྐད་ཀྱི་དག་ཆ་རྣམས་དོར་ནས། རང་རང་སོ་སོའི་ཁ་སྐད་བཀོལ་བ་དེ། བོད་ཀྱི་སྐད་ལ་ཡར་རྒྱས་་རྩི་བ་ནི།
་
ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ།
བ་ཚྭའི་ཁྲོན་པ་རྐོ་དང་མཚུངས།
་
ཞེས་པ་དང་སྒོ་ཀུན་ནས་མཚུངས་སོ།
ལདྭགས་བློ་བཟང་ལགས་ཀྱིས་རྣམ་ཀུན་སྤྱི་སེམས་ལྕི་མོ་རེ་ཁུར་འདུག་པ་ནི་ཡིད་དགའོ
ལ་དྭགས་སྐད་ལ་ཕྲད་ཀྱི་སྦྱོར་ཚུལ་ལ་དཀའ་ངལ་ཞིག་ཡོད་པ་འདྲ། ཕྲད་དེ་དག་གི་སྦྱོར་ཚུལ་དང་ཅིའི་ཕྱིར་རམ་ཅི་ལྟར་དེ་ལྟར་ཞིག་དུ་ཆགས་སོང་བའམ། ཡང་ན་གནའ་སྐད་ཞིག་ལ་ལྷད་སྐད་ཞུགས་པ་ཡིན་མིན་གྱི་བློ་ལ་བདར་ཤ་གཅད་ན་ཡག་པ་ལས། མ་གོ་མི་རིག་སར་བཞག་ན་ནི། འགན་དང་དོན་མ་གླེང་བའི་ཉེས་ཅན་པ་རེད་ཟེར་བ་ཡིན། ཆོས་སྐད་དང་ཡུལ་སྐད་སོགས་སྐད་རིགས་ཀུན་གྱིས་ཕྱུག་ན། ད་གཟོད་ང་ལ་མཚོན་ན་སྤོབས་པ་རྒྱས་ཐུབ་ས་རེད། དེ་མིན། ཨ་ཁུ་ལ་དྭགས་པ་ཚང་འདྲ་ཏག་ཏག་ཡོད་བཞག་ན།
འཇིག་རྟེན་ཆེ་བར་དོགས་པའི་མགོ་ཅན་ཚོ།།
གྲོག་མ་གྲོག་མའི་རྗེས་ལ་དད་པ་ཙམ།།
ཧ་ཧ་ཧ།
གདོན་འདྲེར་སྙིང་རྗེ་བསྒོམས་ན་སྐྲག་དོན་ཅི། །
མི་དང་གྲོགས་པོར་བསྒྲིགས་ན་སུ་ལ་སྐྲག །
ང་སྐྲག་ས་དང་པོ་གོན་ཁྲན་ཏང་གི་སྲིད་བྱུས་ནག་པོ་དེ་ཡིན།