ཐེ་བོ་ཤེས་རབ་རྒྱ་མཚོ།
——རྩོམ་པ་པོ་ཐེའུ་རང་ལ་ཁ་བཏགས་དཀར་པོ་ཞིག་ཏུ་ཚབ་ཏུ་བྲིས།
སྐད་འཕྲིན་དྲ་ཚིགས་མང་པོས།།
ཐེའུ་རང་གློད་འདུག་ལབ་སོང་།།
རིང་ནས་འདྲིས་པ་མེད་མོད།།
རང་སེམས་ཉེ་ཉེ་འདྲ་འདུག།
རྐང་ལག་ལྕགས་ཀྱིས་བཅིངས་པའི།།
བུ་ཞིག་སྟོབས་ཀྱིས་འགྱིངས་སོང་།།
དམར་ཡག་སྟག་གི་དཔའ་སྙིང་།།
ཁྱོད་ཀྱི་ལུས་ན་རྫོགས་འདུག།
ལོ་ངོ་བཞི་ཡི་རིང་ལ།།
བཙོན་མཁར་ནག་པོའི་སྦུབས་ནས།།
ཁྱོད་ཀྱིས་མྱངས་པའི་དཀའ་སྡུག།
སྨྲ་བསམ་བརྗོད་ལས་འདས་སོང་།།
སྒེར་གཅོད་མཆེ་སྡེར་རྩུབ་མོས།།
གདོང་དམར་སྙིང་ཤར་བསྙབས་དུས།།
ཁྱོད་ཀྱིས་ཡིག་འབྲུ་རེ་རེས།
སྲོག་གི་གོ་ཆ་བཟོས་སོང་།།
དམར་པོ་ཁྲག་གིས་བྲིས་པའི།།
བདེན་དོན་ཡི་གེ་རེ་རེ།།
གནམ་ལྕགས་འབབ་འབབ་བྱས་པས།།
སྒེར་གཅོད་ལྷབ་ལྷབ་འདར་སོང་།།
ཁྱོད་ནི་གངས་རླུང་འགྲིམ་པའི།།
འབྲོང་གཡག་དར་མ་ཞིག་སྟེ།།
ཁ་བའི་རི་ལུང་རྨས་མ།།
དཔའ་དང་སྤོབས་པས་བསྲུངས་འདུག།
རྡ་སའི་རི་གྲོང་ཞིག་ནས།།
ཁྱོད་ཀྱི་རྟོགས་བརྗོད་ཀློག་དུས།།
ཁྲག་དང་རྔུལ་ཆུས་བྲིས་པ།།
ཡིད་ལ་ལྷང་ལྷང་ཤར་བྱུང་།།
ཁྱོད་ཀྱིས་དཀའ་སྡུག་རི་མོ།།
བྲིས་པ་ཧ་ཅང་མང་སོང་།།
དོ་ནུབ་ལྷོད་ཀྱིས་བཞུགས་ནས།།
ངལ་བ་ཅུང་ཙམ་གསོ་རོགས།།
ད་ནངས་ཞོགས་ཀ་སྔ་མོ་ནས་སྐད་ཕྲིན་དང་དྲ་ཚིགས་མང་པོས་རྩོམ་པ་པོ་ཐེའུ་རང་བཙོན་གྲོལ་ཐོབ་པའི་གཏམ་བཟང་གཅིག་མཇུག་གཉིས་མཐུད་དུ་བསྒྲགས་བྱུང་བས་རང་སེམས་ཧ་ཅང་དགའ་བཞིན་རྡ་རམ་ས་ལ་ནས་ཁ་བཏགས་དཀར་པོ་ཞིག་གི་ཚབ་ཏུ་སེམས་གཙང་མ་ཡི་གེར་བརྒྱུས་པ་པོ་ནི་ཐེ་བོ་ཤེས་རབ་རྒྱ་མཚོར་འབོད་པའི་གྲྭ་ལྡོམ་ཞིག་གོ།
༢༠༡༤/༣ /༢༩ དགོང་མོ་ས་གནས་ཀྱི་ཆུ་ཚོད་༡༡:༡༦ ཐོག་ཏུ།
ཐེའུ་རང་གློད་པར་དགའ་སོང་།།
ཐེའུ་རང་གསོན་པར་དགའ་སོང་།།
ཐེའུ་རང་སྐུ་ལྷོད་བཞུགས་རོགས།།
ཐེའུ་རང་མཛད་འཕྲིན་རྒྱས་ཤོག །
གྲོགས་པོ་ལགས། ཕེབས་བསུ་ཞུ། སྲོག་མི་བདེ་ན་བཙན་བྱོལ་ལ་ཤོག། ཡིན་ན་ཡང་། བཙན་བྱོལ་ལ་ཡོང་ནས་བཙན་བྱོལ་བར་ཡུས་མ་ཤོད། བཙན་བྱོལ་བ་ནི་བཙན་བྱོལ་བ་ཡིན་པ་འདྲ་འདྲ་ཡིན་པས། ཕྱི་མ་ཚོས་སྔ་མ་ཚོར། སྡུག་གཏམ་ཀྱི་རྙོག་སྒྲ་གླེང་བས་མི་ཕན། འོད་ཞིག་ཡོད་ན་རང་རང་སོ་སོ་ནས་མགོ་འཛུག་དགོས།
འདི་ཕྱོགས་སུ། ཀླད་པ་ཅན་ལས་ཀླད་མེད་མང་པོ་འབྱོར་སོང་། ནུས་བ་ཅན་ལས་ནུས་མེད་མང་པོ་འབྱོར་སོང་། ཁྲམ་པ་ཡིན་པ་འགས་རྡ་ས་ནས་སྐྱག་རྒན་དྲི་མ་ཚ་བོ་རེ་བཏང་ནས། ས་གཞན་ཞིག་དུ་ཁ་ཕོ་འཐེན་ས་དང་། ལྟོ་ཕོར་འཚོལ་སར་ཕྱིན་སོང་། རྒྱ་གར་ནས་འཚར་བའི་བུ་ཕྲུག་ཁ་ཤས་ཡོད། སྤྱིར་བཏང་བྱས་ན། ཡག་ཐག་ཆོད་རེད། བཀྲ་ཤེས་བདེ་ལགས།
སྐུ་ཞབས་ཐེའུ་རང་ལ་རྒྱང་རིང་ནས་འཚམས་འདྲི་ཡོད། རེད་ཡ། དེ་མིན་མཆན་བ་ལ་ལས་འཆད་ཀྱིན་པའི་ནང་ནའང་བདེན་པ་ཁ་ཤས་འདུག མ་གཞི་བཙན་བྱོལ་སྤྱི་ཚོགས་འདི་ཕྱོགས་ཁག་ཆེན་པོ་གསུམ་གྱིས་གྲུབ་ཡོད། ༡ ཁེ་བཟང་མཐོང་མ་ཐག་མཆོངས་ངེས་པའི་མི་རབས་གཅིག ༢ འདུལ་བས་མ་ཐུལ་བའི་མི་རབས་གཅིག ༣ གུང་ཁྲན་ཏང་གིས་མ་ཐུལ་བའི་མི་རབས་གཅིག་བཅས་རེད། སྐྱ་ཐིག་འདི་དེད་ནས་ཞིབ་ལྟ་བྱེད་རྒྱུ་ཧ་ཅང་གི་གལ་ཆེ།
རང་གི་མི་རིགས་དང་རང་གི་རིག་གཞུང་ལ་དུང་ཞེན་བླ་ལྷག་ཏུ་རྒོད་པའི་གཞོན་སྐྱེས་སྐུ་ཞབས་ཐེའུ་རང་ལགས་བཙོན་འོག་ནས་རང་ཁྱིམ་དུ་འབྱོར་བར་དགའ་བསུ་ཞུ།
གོང་གི་རིན་ཐང་ཅན་གྱི་འཚམས་རྟགས་འདི་དག་སྤྱི་ཚོགས་མེ་ལོང་དུ་འགོད་ཆོག་་ཞུ། བཀའ་དྲིན་ཆེ།
ཕོ་ཉར་རྣམ་དཔྱོད་འདུག ཐེའུ་རིང་ལ་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
ལགས་སོ།།