ཚེ་རིང་།
འཇིག་རྟེན་ནི་ནམ་མཁའ་དང་འདྲ་སྟེ
ནམ་མཁའ་དང་འདྲ་བའི་འཇིག་རྟེན་ནས
དགོས་དམིགས་དང་འདོད་འདུན་གང་རུང
རླུང་བུ་བཞིན་གང་སར་ལྡིང་ཞིང
རྒྱ་རྙི་ལྟར་ཕྱོགས་སུ་བཀྲམ་
དེའི་དབང་གིས
ཁྱོད་དང་ང ད་དུང་ཁོ་ཚོ
ཆུ་ཐིགས་ཁུར་བའི་སྤྲིན་པ་ལྟར
ལྷན་ཏུ་འདུས་ཤིང
སླར་ཡང་སྤྲིན་པ་བཞིན་སོ་སོར་གྱེས་འགྲོ
དུས་དེར ངའི་བརྩེ་སེམས་ཆར་བ་བཞིན་ལྷུང་མེད
ཇི་སྲིད རླུང་བུའི་ལྡིང་མཚམས་མ་འཇགས་པ་དེ་སྲིད་དུ
སྤྲིན་པ་ཕྱོགས་ཕྱོགས་ནས་འདུས་དགོས་ལ
སླར་ཡང་ཕྱོགས་ཕྱོགས་སུ་འཐོར་དགོས
འདི་ནི་ནམ་མཁའ་ན་རླུང་བུ་ཡོད་པས་རེད
འདི་ནི་འཇིག་རྟེན་ན་འདོད་འདུན་ཡོད་པས་རེད
2014/4/9
མཚམས་སྤྲིན་ཐར་ཐོར། སེམས་འདུན་ཆལ་ཆོལ། འདི་ནམ་མཁའ་དང་འཇིག་རྟེན་རེད།