ཚེ་རིང་།
བར་ཐག་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང
བར་ཐག་གི་མཛེས་སྡུག་འདིས
དྲན་དགོས་པ་མང་བོ་ཞིག་བརྗེད་དུ་བཅུག་ཅིང
འཚོལ་དགོས་པ་མང་བོ་ཞིག་ཀྱང་ཡལ་དུ་བཅུག་སོང
ལམ་བུ་ད་དུང་རྒྱང་ལ་བརྐྱངས་ཤིང
སྨྲེང་སེམས་སློང་བའི་རོལ་དབྱངས་ཀྱི་སྙན་འཇེབས་ལྟར
འགྱུར་ཁུགས་དང་ཀྱ་ཀྱུ་སྔར་ལས་མོད
དེའི་ཕྱིར འགྲོ་འདོད་པའི་ལམ་ཐག་ད་དུང་ཧ་ཅང་རིང
ཡིན་ཡང་ བར་ཐག་གི་མཛེས་སྡུག་འདིས
ཆུ་མིག་མཚོ་ལ་འཁྲུག་དུས་སུ
ཤམ་གོས་ཀྱི་འདབ་མ་ཉི་འོད་ལ་གཡེང་ཆོག་ལ
སྐར་ཚོམ་དགུང་ནས་བཞད་སྐབས་སུ
ད་དུང ངོ་གདོང་གི་རྔུབ་ཆུ་རླུང་ལ་སྤུར་ཆོག་ཨང
མི་ཚོགས་དང་ཁོར་ཡུག
ཚོན་མདོག་མང་བའི་སྨྱུ་གུ་ཞིག་དང་འདྲ་བར
མའི་སེམས་ལ་རི་མོ་སྣ་ཚོགས་འབྲི་ཞིང
ཁྲུང་ཁྲུང་བྱང་ལ་འཁོར་བའི་འགྲུབ་བཞུད་འདིས
མཚམས་སྤྲིན་འདྲ་བའི་སྤྲིས་མ་སེམས་ལ་ཆགས་འོང
སྐབས་དེ་དག་ཏུ
བར་ཐག་ནི་དོན་དངོས་ཀྱི་སེམས་གསོ་ཉག་གཅིག་རེད
རྒྱབ་རི་མཐོན་པོ་དེའི་རྩ་ན
ངའི་ཕ་ཁྱིམ་དུ་ཞགས་ཅན་པོ་དེ་ཡོད་ལ
ངོ་གདོང་སྨུག་པའི་ཕུ་ནུ་མིང་སྲིང་རྣམས་ཀྱིས
དཔུང་རྡང་བསྒྲིགས་ནས་བལྟས་ཡོད་སྐད
2014/4/24