ཚེ་རིང་།
འདི་ནི་མུན་ནག་གི་གྲོང་ཁྱེར་ཞིག་སྟེ
མུན་པའི་ཀློང་དུ
སྨུག་ཧ་ཅང་གནག་པས
ཐ་ན་རང་གི་རྡོག་སྣེ་ཡང་མཐོང་དཀའ
ཚོར་ཤེས་འདི་མར་མེ་ཞིག་ཡིན་ན
ཚེ་སྲོག་ནི་དེའི་རྩ་རུ་འཁྱིལ་བའི་མར་ཁུ་ཞིག་སྟེ
མི་ཚོགས་འདིས་ཉེ་འཁོར་ནས་ཅི་ཞིག་མཐོང་འདོད་ཀྱིས
མར་ཁུ་ལྟ་བུའི་ཚེ་སྲོག་གི་ཁ་སྣོན་ཡང་ཡང་བྱེད
དོན་ངོ་མར མུན་ནག་གི་འཇིག་རྟེན་འདིར
ཐམས་ཅད་ཀྱིས་འཚོལ་གྱིན་པ་ནི་རང་ཉིད་དེ
རང་ལས་གཞན་པ་ཐམས་ཅད་ནི་ཅི་ཡིན་ཡང་རུང
རང་ཉིད་ཀྱི་ཆེད་དུ་བསྐྲུན་པ་ཁོ་ན་ཡིན
རྒྱ་ལམ་ན སྟེས་དབང་མིན་པའི་དུས་ཆད་ཅིག་འབྱུང་ཞིང
མཚན་མོ་དེར་འཕེལ་ཁ་བཀང་བའི་ཟླ་གོར་དེས
འོད་ཐིག་རབ་རིབ་ཀྱིས་ཁྱེད་ལ་ལམ་ཁ་ཞིག་སྟོན་ངེས
ངེས་གསལ་མེད་པའི་ལམ་སྟོན་དེས
སྟབས་འགྲིག་ན་རང་གི་ཉེ་འཁོར་ཀུན་མཐོང་ངེས་ལ
དེའི་དུས་སུ་མི་ཚོགས་མང་བའི་འཇིག་རྟེན་འདིར
ཐམས་ཅད་ཀྱང་ཁེར་རྐྱང་ཡིན་པ་རྟོགས་ངེས
མར་མེའི་དེའི་མཉམ་དུ་ཟིན་དེབ་རེ་ཡོད་ལ
ཟིན་དེབ་དེའི་ངོས་ན་དངོས་སྒྲུང་རེ་ཡོད
2014/5/17
ཟིན་དེབ་རེ། སྒྲུང་རེ། མི་རེ། ཡག་པོ་ཡོད་ས་རེད།