ཚེ་རིང་།
སྐྱེ་བའི་སྐད་ཅིག་མ་དེ་ནས་བཟུང
ཚེ་སྲོག་ནི་དུས་ཚོད་དང་ལྷན་ཅིག་འདྲེས་ཡོད་པས
ནམ་ཡང་སྡོད་པ་མེད་ལ
ཆ་ཤས་ཙམ་གྱི་ཕྱིར་སྣུར་ཡང་མེད
དེའི་ཕྱིར དུས་ཚོད་ཀྱི་སྐར་ཆ་རེ་རེ་ནི
ཚེ་སྲོག་གི་གོམ་འགྲོས་རེ་རེ་ཡིན་པས
ནམ་ཡང་མདུན་ནས་མདུན་དུ་བཞུར་གྱིན་ཡོད
འཚོ་བའི་འཕྲང་ལམ་གྱི་སྟེང་ན
བློས་གཏོང་མེད་པའི་གོམ་འགྲོས་དེར
ནམ་ཡང་ས་ཆོད་མི་ཡོང་ལ
ས་ཆོད་མེད་པའི་འགྲུལ་བཞུད་ནི
མ་ཎི་འཁོར་ལོ་ལྟར་བསྐྱར་ནས་བསྐྱར་ཏུ་འཁོར་གྱིན་ཡོད
དེ་བས དུས་ཚོད་ལ་བརྒྱུས་པའི་ཚེ་སྲོག་གི་གོམ་འགྲོས
ངེས་པར་བློས་གཏོང་གིས་བསྒྱུར་དགོས་ལ
ང་རྒྱལ་དང་སྤོབས་པས་བཞུར་དགོས
2014/07/22 —ཕྱི་དྲོ།
ཉིན་དེ་ནས་བཟུང་།
ཤི་དགོས་བ་ནི་གཅིག་པ་རེད།
མ་ཤི་སྔོན་ལ་ཤི་དགོས་བ་དེ།
ཤ་ཚ་བ་དང་དོན་ཡོད་པ་ཞིག་ཡིན་ཟེར་བ་ཨེ་ཡིན།