སྤྱི་ལོ་2013ལོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་(WHO)ཀྱིས་གཅིན་པ་མངར་འགྱུར་དང་དེའི་ཤུགས་རྐྱེན་ལ་ཞིབ་འཇུག་དང་། གྲུབ་དོན་ཁག་ལ་བསྐྱར་ཞིབ་ཀྱིས་སྤེལ་བའི་དོན་དངོས་རེའུ་མིག་(Fact sheet N’312) ལྟར་ན།
* རྒྱལ་སྤྱིའི་ཁྱོན་ན་གཅིན་སྙི་ན་ཚ་ཕོགས་པའི་མི་གྲངས་ས་ཡ་347 ཡོད།
* སྤྱི་ལོ་2004 ལོར་རྒྱལ་སྤྱིའི་ཁྱོན་ནས་མི་གྲངས་ས་ཡ3.4 ལྷག་ཁྲག་གི་མངར་ཆ་འཕེལ་ཚད་མགྱོགས་དྲགས་པའི་དཀའ་ངལ་འོག་ཚེ་ལས་འདས།
* གཅིན་སྙིའི་ན་ཚའི་དབང་གིས་ཚེ་ལས་འདས་པའི་མི་གྲངས་སྤྱིའི་བརྒྱ་ཆ་80% ལྷག་དཔལ་འབྱོར་གྱི་མཐུན་རྐྱེན་ཞན་པ་དང་། འབྲིང་ཙམ་ཡིན་པའི་རྒྱལ་ཁབ་ཁག་ཏུ་བྱུང་ཡོད།
* འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། སྤྱི་ལོ་2030 ཟིན་དུས་གཅིན་སྙི་ནད་འདི་མིའི་ཚེ་སྲོག་འཕྲོག་མཁན་གྱི་ནད་གཞི་ཨང་བདུན་པར་འགྱུར་རྒྱུ་རེད།
* བདེ་ཐང་ལ་སྨན་པའི་ཟས་སྣ་བཟའ་བ་དང་། རྒྱུན་ཆགས་ཀྱི་ལུས་རྩལ་རྩེད་པ། ལུས་ཀྱི་ལྗིད་ཚད་རན་པོར་ཉར་བ། ཐ་མག་དང་མངར་ཆུའི་རིགས་ལ་འཛེམ་པ་བཅས་ཀྱིས་གཅིན་སྙི་ན་ཚ་སྔོན་འགོག་དང་། གཅིན་སྙི་ཡོད་མཁན་ཚོས་རང་ཉིད་ཀྱི་བདེ་ཐང་རྒྱུན་སྲིང་བྱེད་ཐུབ།
གཅིན་སྙིའི་ནད་འདི་སྣང་ཆུང་བྱེད་འོས་པ་ཞིག་གཏན་ནས་མིན། གོ་རྟོགས་ནི་ནད་རིགས་སྔོན་འགོག་གི་ཐབས་ལམ་ཡག་ཤོས་ཡིན། དེབ་ཆུང་འདིས་ཁྱེད་ལ་གཅིན་སྙི་ན་ཚར་གཡོལ་ཐབས་དང་། གལ་སྲིད་གཅིན་སྙི་ན་ཚ་ཡོད་ཚེ་བདེ་ཐང་དང་རྒྱུན་ལྡན་གྱི་འཚོ་བ་ཞིག་ཇི་ལྟར་སྐྱེལ་དགོས་མིན་གསལ་སྟོན་བྱས་ཡོད། འགྲོ་ཀུན་མི་འདོད་ནད་ལས་ཐར་བའི་སྨོན་འདུན་བཅས། སྤྱི་ལོ་2014 ལོའི་སྤྱི་ཟླ་8 ཚེས་30 ཉིན།
གློག་དེབ་ཕབ་ལེན་བྱེད་ས། བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བ། (འདིར་སྣུན།)
སྤྱི་ཚོགས་འཕྲོད་རྟེན་གྱི་དྲ་ལམ་དེ་སུས་བཟོས་པ་ཡིན་ན་ཡང་ཐུགས་རྗེ་ཆེ་ཟེར་ནས་ཞུ་བཞིན་ཡོད། དཔེ་མི་སྲིད་པའི་དྲ་ལམ་ཡག་པོ་ཞིག་རེད་འདུག རྩོམ་ཡིག་ཡང་དཔེ་མི་སྲིད་པའི་ཡག་པོ་རྐྱང་རེད་འདུག ངོ་སྤྲོད་གནང་མཁན་ཞིག་ཡོད་ན་དྲ་ལམ་དེ་ངོ་སྤྲོད་འདིར་གནང་རོགས།
གཅིན་སྙི་ནད་པའི་ཟས་བཅུད་བསྟེན་ཚུལ།
http://www.commuhealtibet.org/wp-content/uploads/2014/10/Diabetes.pdf
དྲ་ཚིག་འདི་ཧ་ཅང་ལེགས། འདྲེ་རིག་ལྡན་ལགས་ཀྱིས་སྤྱི་ཚོགས་ལ་ཕན་པའི་ལས་ཀ་ཡག་པོ་བྱེད་ཀྱིན་པ་སྙིང་ནས་དགའ། ལྷག་དོན་འཕྲོད་བསྟེན་གྱི་གོ་རྟོགས་ཧ་ཅང་ཞན་པའི་གཞིས་ལུས་མི་མང་ལ་ཁྱབ་བསྒྲགས་མང་ཙམ་བྱ་ཐུབ་ན་ཤིན་ཏུ་ཕན་པར་ངེས།