བྱ་མདོ་སྐལ་རྒྱམ།
དགུན་ཁ་སླེབས་བྱུང དུས་ཚིགས་ལྟར་ན
དུས་འདི་ནི་ཁ་བ་འབབ་པའི་དུས་ཚིགས་ཤིག་ཡིན
ཁ་བ་ལབ་མོ་ལབ་མོས་གྲང་ངར་གྱི་ཁྲོད་ནས
མིའི་སེམས་ལ་དྲོད་ཁོལ་སྟེར་བའི་དུས་ཚིགས་ཤིག་ཡིན
དེའི་ཕྱིར ཁ་བའི་ཁྲོད་ནས་སྐྱེས་པའི་མི་ཞིག་ལ་མཚོན་ན
ཁ་བ་ནི་རེ་སྨོན་ཞིག་ཡིན་ལ
ཁ་བ་ནི་སེམས་གསོ་ཞིག་ཡིན
གཞན་ཡུལ་འགྲིམ་པའི་ལོ་ཟླའི་ཁྲོད
ཅི་ཡང་བརྗེད་སྲིད་ཀྱང་ཁ་བ་བརྗེད་མི་སྲིད
ཁོར་ཡུག་འདིར་དུས་བཞིའི་དྲོ་གྲང་ལྡོག་པས
ཕྱི་རོལ་ཏུ་ཁ་བ་འབབ་རྒྱུ་མེད་ཀྱང
དགུན་ཁའི་དུས་ཚིགས་སླེབས་དུས
ཁ་བ་ནམ་རྒྱུན་ངའི་སེམས་ལ་འབབ་ཀྱིན་ཡོད
2014/12/18 མཚན་མོ།
བོད་གཞས།
ང་ཚོ་ཡར་ཡར་འགྲོ་དུས།
ཁ་བ་མར་མར་བབ་བྱུང་།
ང་ནི་ཁ་བ་ལ་རྩ་ནས་མི་དགའ།
ཁ་བ་འབབ་ས་ངའི་མགོ་ཐོག་ཡིན།
རྒྱུ་མཚན། ང་ནི་རྫི་བོ་ཞིག་ཡིན།
ང་ནི་ཁ་བ་ལ་རྩ་ནས་མི་དགའ།
ཁ་བ་འབབ་ས་ངའི་རྩྭ་ཐོག་ཡིན།
རྒྱུ་མཚན། ང་ནི་རྩྭ་ཟན་ཞིག་ཡིན།
དགྱ་གྲོང་གི་ཁང་ཁྱིམ་ན།
ཁ་བ་ཟ་ནི་དང་ཁ་བར་དགའ་ནི་གཉིས་ཀ་ཡོད།
རྒྱུ་མཚན། ཁ་བ་ལ་འབྲེལ་བ་མེད།
སྒར་གྲོང་གི་གདན་ཁྲི་ན།
ཁ་བ་འདོན་ནི་དང་ཁ་བར་མཆོད་ནི་གཉིས་ཀ་ཡོད།
རྒྱུ་མཚན། ཁ་བའི་ངོ་གདོང་མི་ཚོར།
ཁ་བ། ང་ནི་ཁྱོད་རིག་ན། འདར་སིག་སིག། འཁྱག་སིབ་སིབ། ང་ཁྱོད་ལ་མི་དགའ།