བྱ་མདོ་སྐལ་རྒྱམ
མི་གཞི་བཙོ་སྦྱང་གི་གོ་རིམ་ཁྲོད་དུ
རང་ཉིད་མི་ཞིག་ཡིན་པའི་བདེན་དཔང་ཆ་ཚང་ཞིག་མཐོང་དུས
སེམས་པའི་བདེ་སྡུག་དང
འཚོ་བའི་རེ་དོགས་འཆོར་ས་གཙོ་བོ་དེ་རང་ཉིད་རེད་མི་འདུག
སྤྱི་ཚོགས་འདི་ནི་མ་གཞི་ནས་སྡོམ་ཐག་གི་དྲ་རྒྱ་ཞིག་སྟེ
རང་ཉིད་གཞན་དང་སྦྲེལ་ནས་འདུག་དགོས་ལ
རང་དང་སྦྲེལ་ཡོད་པའང་ཆེས་མང་བོ་ཞིག་འདུག་ཨང
དེའི་ཕྱིར རླུང་བུ་རེ་ལྡིང་དུས་ཐམས་ཅད་ཡོམ་གྱིས་འདར་ཞིང
ཆར་བ་རེ་བབས་ཚེ་ཡོད་ཚད་ཧྲིལ་གྱིས་བརླན་འགྲོ
བར་ཐག་ཅི་འདྲའི་རིང་ཡང ཁོ་ཚོས་དབུགས་ཀྱི་འབྱིན་རྔུབ་ཐོས་ཐུབ་ལ
ལོ་ཟླ་ཅི་ཙམ་འགོར་ཡང ཁོ་ཚོའི་བཞིན་བརྙན་ཡལ་མི་སྲིད
སྦྲེལ་ཐག་དེ་དང་ ལས་དབང་དེའི་རྐྱེན་གྱིས
སེམས་པའི་ཆེས་གཉོམ་ས་ཞིག་ཏུ
རང་གིས་མ་བྲིས་པའི་བརྐོར་རིས་མང་བོ་ཞིག
ངང་ངམ་ཤུགས་ཀྱིས་བཏོད་ཀྱིན་འདུག
2014-1-10 སྲོད་ཁར།