སྤོབས་པ་མཐའ་ཡས།
རྩམ་པ་ཟོས་པ་ཆུད་ཟོས་མ་ཤོར་ཞིང་།།
སྤྲུལ་མིང་བཏགས་པ་སྟོང་ཟད་མ་སོང་བ།།
ཏྲེ་ཧོར་ཁམས་པ་ཀྲོག་ཀྲོག་ཚ་པོ་ཁྱོད།།
ཁམས་པའི་ཕོ་རྒོད་ཅེས་པའི་མཚན་འདི་མཛའ།།
མི་གཅིག་ལག་གཅིག་འབད་པའི་ལག་རྗེས་སུ།།
དབྱིན་བོད་ཤན་སྦྱར་ཚིག་མཛོད་གསར་དུ་བརྩམས།།
ལོང་བ་འབུམ་གྱི་མིག་ཏུ་གྱུར་པ་འདི།།
ཁམས་པའི་ཕོ་རྒོད་ཅིག་གི་ལག་རྗེས་ཡིན།།
མི་ལོ་སྟོང་གི་ལོ་རྒྱུས་ཀྱག་ཀྱོག་ཁྲོད།།
ས་སྐྱའི་བསྟན་པའི་འཕེལ་འགྲིབ་གསལ་སྟོན་པའི།།
སྔོན་མེད་ཆོས་འབྱུང་སྔོན་བྱུང་མེ་ལོང་འདི།།
ཁམས་པའི་ཕོ་རྒོད་ཅིག་གི་ཞབས་རྗེས་ཡིན།།
འབྲོག་པས་གཡག་གི་རྒྱུ་མ་གཡོས་པ་བཞིན།།
མགོ་མེད་མཇུག་མེད་བོད་ཀྱི་ལོ་རྒྱུས་ལ།།
ལོ་ཚིགས་གསལ་བར་བསྒྲིགས་པའི་རྣམ་དཔྱོད་འདི།
ཁམས་པའི་ཕོ་རྒོད་ཅིག་གི་འཇོན་ཐང་ཡིན།།
བོད་ལ་སྤྲུལ་མིང་ནམ་མཁའི་སྐར་ལྟར་མང་།།
ཁྱོད་དང་ཁྱོད་འདྲ་ངོས་འཛིན་སུས་ཤེས་ན།།
སྤྲུལ་མིང་བཏགས་པ་དོན་དང་ལྡན་ངེས་པ།།
ཁམས་པའི་ཕོ་རྒོད་ཅིག་གི་ཆེ་བ་ཡིན།།
སྟོན་པའི་ཞལ་གྱི་ཉི་མ་མ་མཐོང་ཞིང་།།
སངས་རྒྱས་གཉིས་པས་དམ་ལ་མ་བཞག་པའི།།
དམ་སྲི་དོལ་རྒྱལ་དགག་པའི་བསྟན་བཅོས་འདི།།
ཁམས་པའི་ཕོ་རྒོད་ཅིག་གི་སྙིང་སྟོབས་ཡིན།།
ཏཱ་ལའི་བླ་མ་དབུ་འོག་དཔུང་པས་བཏེགས།།
བཙན་བྱོལ་བོད་གཞུང་སྲི་ཞུ་ལོ་མང་ཞུས།།
ས་སྐྱའི་བསྟན་ལ་འཆད་རྩོམ་ཞབས་འདེགས་བསྒྲུབས།།
ཁམས་པའི་ཕོ་རྒོད་ཅིག་གི་མིག་དཔེ་ཡིན།།
ནག་མོ་མཛངས་མ་ཞིག་གི་ཁྱོ་ག་ཁྱོད།།
བུ་ཕྲུག་ཡ་རབས་ཤིག་གི་ཕ་རྒན་ཁྱོད།།
ཁྱིམ་ཚང་བཟང་པོ་ཞིག་གི་བཟའ་དཔོན་ཁྱོད།།
ཁམས་པའི་ཕོ་རྒོད་ཅིག་གི་ལམ་སྟོན་ཡིན།།
འོག་ན་ཁྲི་དང་སྟེང་ན་གདུགས་ཕུབས་པའི།།
བླ་ཆེན་བྱེད་པའི་གོ་སྐབས་ཐོབ་ན་ཡང་།།
དམན་ས་དམ་པའི་གདན་སར་ངོས་ཟིན་པ།།
ཁམས་པའི་ཕོ་རྒོད་ཅིག་གི་རང་ཚུགས་ཡིན།།
ཤི་གསོན་དཀོར་གྱིས་བླ་བྲང་གསོ་བ་ལས།།
བཟོ་གྲྭའི་ལས་གླས་ཁྱིམ་ཚང་སྐྱོང་ཐབས་བདམས།།
གཤིན་རྗེ་མཇལ་ལ་འཇིགས་སྐྲག་ཡོད་དོན་མེད།།
ཁམས་པའི་ཕོ་རྒོད་ཅིག་གི་འདི་ཕྱི་ཡིན།།
གང་ན་མཁས་པ་བཀུར་བའི་སྤྱི་ཚོགས་དེ།།
སྟོབས་འབྱོར་མངའ་ཐང་དབྱར་གྱི་མཚོ་བཞིན་རྒྱས།།
དེ་ཕྱིར་གངས་ཅན་བོད་མི་རྩམ་སྒྱེ་ཚོས།།
མཁས་པ་བཀུར་བར་ཤེས་པ་གལ་ཆེན་ཡིན།།
ཁམས་པ་གདོང་ཐོག་ལ།
བོད་ཁམས་རྩམ་པ་ཁྱོད་ཀྱིས་བཟས། །
ཁམས་པའི་དཔའ་རྒོད་ཁྱོད་ཀྱིས་བསྟནད། །
ཁམས་པའི་བརྩམས་ཆོས་ཁྱོད་ཀྱིས་བཞག །
ཁྱེད་ནི་ཁམས་པའི་མིག་དཔེར་འོས། །
ཀརྡོ་དབུས་པས།
ཁ་རྩོམ་ངག་ལ་བདེ་བའི་སྤོབས་ཚིག་འགྲོས།།
བླ་མ་དེ་ལ་དེ་བཞིན་བསྟོད་པའི་གཏམ།།
དོན་ལ་གནས་བ་གོ་བ་ཆེ་བ་འདི།
ཁམས་བླ་དགྱེས་བའི་མཆོད་ཐེབས་ཡིན་པར་སྨོན།
ཁམས་པའི་ཕོ་རྒོད་ཡིན་ནམ་གྲ་ལོག་ཡིན་ནམ་བླ་ལོག་ཡིན་ནམ་གང་ཡིན་ཧ་གི་མ་སོང་
ཁོག་ན་དགེ་ལུགས་སྡང་བའི་ནད་ཤིག་འཛིན།
ཁ་ནས་དོལ་རྒྱལ་དགག་པའི་དཀྲུགས་ཤིག་བརྒྱབས།
ཁ་དང་ཁོག་པ་གཡོ་སྒྱུའི་རང་བཞིན་ཞིག
ཨ་རོགས་ཁམས་པའི་ཕོ་རྒོད་ཡིན་མདོག་མེད།།
ཁ་ནས་དམངས་གཙོ་ཟེར་ནས་གླུ་ཞིག་ལེན།
ལག་པས་སྒེར་གཅོད་དབུ་འོག་དཔུང་འདེགས་བྱས།
ཁ་དང་ལག་པ་འགལ་བའི་རྒད་པོ་ཞིག
ཨ་རོགས་ཁམས་པའི་ཕོ་རྒོད་ཡིན་མདོག་མེད།།
ཁ་ནས་དམ་ཆོས་འདུལ་བའི་ཆོས་ཤིག་འཆད།
ལག་པས་དགོན་སྡེ་དཀྲུགས་པའི་རྩོམ་ཞིག་བྲིས།
ཁ་དང་ལས་པ་འགལ་བའི་སྤྲུལ་སྐུ་ཞིག
ཨ་རོགས་ཁམས་པའི་ཕོ་རྒོད་ཡིན་མདོག་མེད།།
ཕྱོགས་ཞེན་བྱེད་ནས་དྲང་བདེན་དོར་འདོད་མེད།
ཕ་ཡུལ་གཅིག་ནས་རང་སྟོད་བྱེད་འདོད་མེད།
རྒྱུ་འབྲས་སླུ་བ་མེད་པ་དཔུང་བཙུགས་ནས།
ཏྲེ་ཧོར་ཅོ་རིས་མཆན་བུ་ཚིག་གསུམ་བྲིས།།
གྲྭ་བ་ལོག་སྟངས་མཁས་ན་གསར་བརྗེ་བ།།བླ་མ་ལོག་སྟངས་ཤེས་ན་དེངས་རབས་པ།།སྤྲུལ་སྐུ་ལོག་སྟངས་ཤེས་ན་སྔགས་འཆངས་བ།།སྤྱིར་ན་ལོག་ལོག་ཕལ་ཆེར་དྲང་པོ་ཡིན།།
གཟན་ཤམ་དམར་སེར་འོག་ན་སྡོམ་ཉམས་ཡོད།།དགོན་པ་གྲྭ་ཚང་ནང་ན་དམ་ཉམས་ཡོད།།གྲྭ་བ་བླ་མའི་ཆ་ལུགས་བཟུངས་ན་ཡང་།།གྲྭ་ལོག་བླ་ལོག་ལས་ཀྱང་སྡུག་པ་ཡོད།།
སྤོབས་པ་མཐའ་ཡས་ལགས་ཀྱིས་རང་བཞིན་བརྗོད་པའི་རྟོགས་བརྗོད་དངོས་གནས་ཤིག་བྲིས་པ་ལེགས་པར་བཀླགས།
དགེ་ལུགས་མིན་ན་རྒྱ་ལམ་མི་དབང་བའི།།དགའ་ལྡན་ཕོ་བྲང་འོག་གི་བོད་དབངས་ལ།།རང་དབང་དམངས་གཙོའི་ཉི་མ་བསུ་མཛད་པ།།གདོང་ཐོག་སྤྲུལ་སྐུ་སྐྱ་རེངས་དང་པོ་བཞིན།།
དོལ་རྒྱལ་མ་མཆོད་ལྟོ་རྒྱབ་མི་སྟེར་བ།།གནམ་བསྐོས་ལྷ་ལྡན་ཚང་གི་བཀའ་བཀོད་ལམ།།དྲང་བདེན་གཏམ་གྱིས་བཅོས་བསྒྱུར་གཏོང་མཛད་པ།།གདོང་ཐོག་ཕོ་རྒོད་དགེ་ཆོས་གཉིས་པ་ཡིན།།
དགའ་ལྡན་ཕོ་བྲང་གཞུང་གི་མངའ་འོག་ན།
དགེ་ལུགས་མ་གཏོགས་རྒྱ་ལམ་མ་དབང་བས།
སྙིང་ནད་སེམས་ལ་ཡོད་པའི་གནས་ལུགས་འདིར།
སྤོབས་མཐས་ངོས་ལེན་བྱས་པར་དགའ་བསུ་ཡོད།།
ཁ་དོལ་རྒྱལ་ཟེར་ནས་འདྲེ་འབོད་བྱས།
ཁོག་ནས་དགེ་ལུགས་གཏོར་བའི་ཇུས་ངན་འདིར།
ད་ནི་ཞྭ་སེར་བསྟན་པའི་རྗེས་འཇུག་ཚོས།
གནས་ལུགས་རྒྱུ་མཚན་ཅི་ཡིན་ཤེས་རན་འདུག
ང་ཚོས་དགེ་ལུགས་ནང་འཛིང་བྱེད་འདོདམེད།
ཞྭ་སེར་བསྟན་པའི་མངའ་ཐང་ཉམས་འདོད་མེད།
ས་སྟེང་ཞྭ་སེར་བསྟན་པའི་རྗེས་འཇུག་ཚོས།
རྡོག་རྩ་ཆིག་སྒྲིལ་དགོས་པའི་དུས་ལ་བབ།།
ལོག་ལོག་ཚང་མ་དྲང་མོ་གང་ཤེས་སྟེ།
ཆགས་པའི་ཁྲོ་དྲིལ་རླུངས་ཀྱིས་སྒུལ་བཞག་ན།
རང་རྣ་བཀབ་རུང་གཞན་ནི་མི་དཔེ་བས།།
འགྱོད་པ་ཤོར་བཞིན་ཤོར་བཞིན་ངུ་ནི་ཡོད།
དགོན་པའི་གླེང་ནས་ཆགས་དཔེ་རྩོམ་ལ་དགའ།།
གྲྭ་ལོག་ཁྱིམ་ནས་བཀའ་བསྟན་གཞུང་ལ་ཆགས།།
ཆོས་དང་འཇིག་རྟེན་གང་ལ་མི་ཟབ་པའི།།
དམ་ཤོར་འདི་ཚོ་ངོ་མ་སྙིང་རྗེས་རེད། ཧ་ཧ་ཧ།
དྲ་ཐོག་ཏུ་དོལ་རྒྱལ་གསོད་ཤོག་ཨ། དོལ་ཚོགས་རྡུང་ཤོག་ཨ་་ཟེར་ནས་བསྡད་མཁན་མང་ཆེ་བ་རྙིང་མ་དང་བཀའ་རྒྱུད་པའི་བླ་གྲྭ་ཚོ་རེད། དེར་ངས་གསལ་པོ་ཤེས་ལ་ཁྱོད་ཚོས་ཀྱང་གསལ་པོ་ཤེས་ཀྱི་རེད། གྲོས་འཚོགས་ནང་དུ་དོལ་ཚོགས་རྡུང་དགོས་ཟེར་ནས་གྲོས་འཆར་ཁུར་ནས་འགྲོ་མཁན་ཡང་བཀའ་རྒྱུད་པའི་སྤྱི་འཐུས་བསྟན་པ་ཡར་འཕེལ་རེད། སྐབས་དེ་དུས་ངས་བཀའ་རྒྱུད་པ་ལ་ཐུགས་ཁག་རྩ་ནས་མེད་བསམས་ནས་ཚིག་གཅིག་ཞུས་མེད།
ད་ནི་་་དོལ་རྒྱལ་ཚོགས་པའི་་བོད་མི་རྣམས་དང་ཁྱོད་ཤི་ང་གསོན་བྱེད་ཀྱི་ཡིན་ཟེར་ན་བོད་མི་རིགས་ཀྱི་རྩ་དོན་དང་བོད་ཆེན་པོའི་རྒྱལ་ཁབ་ཀྱི་སྤྱི་དོན་ལ་ཐུག་ཡོང་གི་འདུག་པས་ཁ་བཙུམ་ནས་མི་འདུག་ཐག་ཆོད་ཡིན། སྙིང་ནད་ཅན་ཚོས་བསམ་བློ་ཡག་ཐོངས། ཙི་ཙི་ལ་ངན་བཟོ་ནས་ཁང་ཁྱིམ་མེ་ལ་སྲེག་ན་ལུགས་མཐུན་རེད་པེ། དགེ་ལུགས་ལ་ངན་བཟོ་ནས་བོད་མི་རིགས་ཁ་འཐོར་གཏོང་ན་ཡག་པོ་རེད་པེ།
འཇིག་རྟེན་ལ་གཏམ་དཔེ་ཞིག་ཡོད་རེད། གྱོང་ཁྱོད་ལ་ཡོད་དང་ང་ལ་ཡོད། གཡུ་དྲུག་དཀར་ཆག་ན་མཉམ་ཆག་རེད་ཟེར་བ་ལྟར་་་་ཆོས་ལུགས་པས་ནང་འཛིང་འདིས་གྱོང་ཚང་མ་ལ་རག་འོང་གི་རེད། ང་ཚོའི་སྔོན་བྱུང་གི་ལོ་རྒྱུས་ལ་བལྟས་ནའང་འདྲ། དེང་སང་གི་གནས་སྟངས་བལྟས་ནའང་ཆོག ཆོས་ལུགས་གྲུབ་མཐའ་གྱི་ནང་འཛིང་འདིས་སྔ་ཡང་བོད་ཕུང་ཡོད་ལ་དེང་སང་ཕུང་བཞིན་ཡོད། ཚང་མས་ཐུགས་བསམ་ཡག་པོ་བཞེས་རོགས་བྱོས།
དོད་རྒྱལ་ཁ་ལ་འཁྱེར་ནས་དགེལུགས་ལ་ཤ་བཞིན་ཡོད་མདོག་མ་བྱེད་དགེ་ལུགས་གི་བླ་མ་གངས་ཅན་མཁས་པའི་གཙུག་རྒྱན་བློ་བཟང་གྲགས་པས་དོད་རྒྱལ་རྟེན་གསོལ་གནང་་མེད་ལ་དགེ་ལུགས་ཡིན་ན་དོད་རྒྱལ་རྟེན་པས་མ་ཁྱབ་
བླ་མ་ཡིན་ཚོད་ཅོ་རིའི་དད་བྱ་མིན།
དབུ་མ་ཡིན་ཚོད་ཅོ་རིའི་སྒོམ་བྱ་མིན།
རྒྱ་དཔོན་མའོ་ཅོ་རིའི་ཨ་ཕ་མིན།
སྙིང་གི་ཚེ་རོགས་ཅོ་རིའི་རྡུང་བྱ་མིན།
རྡོ་རྗེ་ཤུགས་ལྡན་ཅོ་རིའི་དགག་བྱ་མིན།
མདོ་དབུས་ཁམས་གསུམ་ཅོ་རིའི་དཀྲུགས་བྱ་མིན།
སྐྱ་མིན་སེར་མིན་ཅོ་རིའི་མི་ཚེ་མིན།
དབྱུག་པ་ཕྱར་ས་ནང་གི་མི་ལ་མིན།
ཞྭ་སེར་བསྟན་པ་ཅོ་རིའི་སྡང་བྱ་མིན།་་་་་ཅོ་རི་ཡིན་ན་ཨ་ཕོ་འདི་འདྲ་ཡིན།་་་་རྒྱ་ལམ་དབང་མཁན་པདྨ་ལགས།
ཁྱི་རྒན་ཞིག་གོང་ཚོད་མེད་མཁན་ལ།
གནམ་རྒན་ཞིག་མིང་ལྷག་ཅན་པོ་ཁྱོད།
ཁ་ནས་ཁྱི་འབོད་འཐེན་པའི་རྒྱུ་མཚན་ཡང་།
ཁོག་ན་ཁྱིའི་སེམས་ཡོད་པའི་དཔང་རྟགས་རེད།།
ཡ་རབས་བཟང་སྤྱོད་མེད་གནམ་ལི་མ།
སྐྱག་འབོད་འདྲེ་འབོད་འཐེན་སྟངས་ཤེས་ཙམ་ལས།
གཏམ་ལ་གནས་ལུགས་མེད་པའི་སྐད་ཆ་ཞིག
ཅི་ཙམ་བྲིས་ཀྱང་ལག་པ་ན་རོགས་རེད།།་་་ཧཧཧཧ
ཏྲེ་ཧོར་བ་ཡིན་ཟེར་མཁན་ཅོ་རི་ཉི་མ་ལགས། ཕྱི་སྡོད་བོད་མིའི་ནང་གི་ཏྲེ་ཧོར་ཁམས་པ་སྤར་བ་གང་པོ་དེ་གཡག་རྭ་སྒྱེ་མོའི་ནང་ལ་བཅུག་པ་བཞིན་མ་བྱེད་པར་མཐུན་པོ་བྱེད་རོགས་དང་དེ་ནས་བོད་སྤྱིའི་མཐུན་སྒྲིལ་ཅིག་ཅིག་མིག་མིག་དེ་ཚོ་གླེང་རྒྱུའི་ཐོབ་ཐང་རག་གི་རེད།
ས་སྐྱའི་གདོང་ཐོག་སྤྲུལ་སྐུས་དོལ་རྒྱལ་དགག་པ་དེ་རྙིང་མ་བཀའ་རྒྱུད་ཀྱི་བླ་གྲྭ་ཚོའི་མགོར་སྡུག་ནད་བཀལ་རུང་ཁྱོད་ཀྱི་སྙིང་ནད་འདྲ་སེལ་ན་མ་གཏོགས་སྣ་འཐེན་ནས་ཁ་ནང་ལ་ཡོང་གི་མ་རེད།
དོལ་རྒྱལ་སྐྱབས་སུ་འཛིན་པ་དེ་དགེ་ལུགས་སྡིག་ལུགས་གང་ཡིན་མི་ཤེས་མོད་རྗེས་ཡབ་སྲས་གསུམ་གྱི་བསྟན་པ་དང་འབྲེལ་བ་སྤུ་ཙམ་ཡང་མེད།
ས་སྐྱའི་གདོང་ཐོག་སྤྲུལ་སྐུས་དོལ་རྒྱལ་དགག་ཡིག་འབྲི་སྐབས་སུ་དོལ་རྒྱལ་ནི་ས་སྐྱ་དང་དགེ་ལུགས་གཉིས་ཆར་གྱི་ནང་དུ་དར་ཡོད་པས་ཁོང་དགེ་ལུགས་ལ་མ་དགའ་བས་དེ་ལྟར་བྱས་པ་ཡིན་ཐབས་མེད།
དོལ་རྒྱལ་ཚོགས་པ་དགག་པས་བོད་རིགས་ནང་ཁུལ་འཐོར་ཞིག་ཏུ་འགྲོ་དོག་མེད། དོལ་ཚོགས་ནང་དུ་བོད་མིས་བརྒྱ་ཆ་གཅིག་ཀྱང་ཟིན་མི་འདུག དོལ་ཚོགས་ནི་རྒྱ་ནག་གི་རྒྱབ་སྐྱོར་འོག་ཏུ་གནས་པའི་ཚོགས་པ་ཞིག་རེད། རྒྱལ་བ་རིན་པོ་ཆེར་ངོ་རྒོལ་ཁྲོམ་སྐོར་བྱེད་མཁན་ཚོ་ཡང་བརྒྱ་ཆ་དགུ་བཅུ་གོ་དགུ་ནི་ཕྱི་མི་རེད།
དེ་འདྲ་ཡིན་ན་་དགའ་ལྡན་ལྔ་མཆོད་བཀག་དོན་ཅི་རེད་དམ།
དགའ་ལྡན་ཕོ་བྲང་གི་མངའ་འོག་དགེ་ལུགས་པ་ལ་མ་གཏོགས་རྒྱ་ལམ་མི་དམངས་བས་ཡིན་ཟེར་ནས་ཁས་ལེན་ཟིན་པ་ཡིན་པ། ཡང་འགྲིག་མ་སོང་མ་བསམས་ནས་ཕྱིར་འཐེན་བྱེད་བཞིན་ཡོད་པེ། ་་་ཧཧཧ
ཕོ་གཏམ་ལྕགས་ཀྱི་རིལ་བུ་དེ།
སྔ་ལོ་བཤད་ན་ད་ལོ་ཡོད།
མོ་གཏམ་སི་ལི་ས་ལ་དེ།
སྔ་དྲོ་བཤད་ན་ཕྱི་དྲོ་མེད་ཟེར་ལེ་རེད།་་་་་ད་དགེ་ལུགས་དཀྲུགས་པའི་ཇུས་ངན་དེ་མུ་མཐུད་ནས་ལམ་དུ་འགྲོ་ཁག་པོ་རེད་བ།
དགའ་ལྡན་ཕོ་བྲང་གི་མངའ་འོག་དགེ་ལུགས་པ་ལ་མ་གཏོགས་རྒྱ་ལམ་མི་དབང་བས་ཡིན་ཟེར་ནས་ཁས་ལེན་ཟིན་པ་ཡིན་པ། ཡང་འགྲིག་མ་སོང་མ་བསམས་ནས་ཕྱིར་འཐེན་བྱེད་བཞིན་ཡོད་པེ། ་་་བཅོས
དགའ་ལྡན་ལྔ་མཆོད་དང་དོལ་རྒྱལ་འབྲེལ་བ་འདྲ་ནི་མེད་་་་བཀག་ཐུབ་ཐུབ་བྱས་དགོས་མི་འདུག་ག རྒྱ་ལམ་དབང་མ་བཅུག་མཁན་རྗེ་བདག་ཉིད་ཆེན་པོ་ཨེ་རེད།
ས་སྐྱའི་གདོང་ཐོག་སྤྲུལ་སྐུས་དགའ་ལྡན་ལྔ་མཆོད་བཀག་པ་མ་རེད། དགའ་ལྡན་ལྔ་མཆོད་ལ་གཞུང་འབྲེལ་གུང་སེང་མེད་པ་བཟོ་བའི་བསམ་འཆར་བཏོན་པ་རེད།
དགའ་ལྡན་ཕོ་བྲང་པའི་དུས་སུ་བོད་ཀྱི་ཆོས་བརྒྱུད་གཞན་ཚོར་ཉི་མ་རྒྱ་ལམ་གཉིས་ཀ་མ་དབང་བའི་ལོ་རྒྱུས་ཧ་ཅང་མང་པོ་རེད། ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་སྟབས་ཤེས་དགོས་པ་གལ་ཆེན་པོ་རེད། བཤད་དགོས་པ་ཡང་གལ་ཆེན་པོ་རེད། འདི་འཁོན་འཛིན་གྱི་སྐད་ཆ་མ་རེད།
གོང་དུ་བཤད་པ་བཞིན་དོལ་རྒྱལ་དགག་པ་དེ་དགེ་ལུགས་དཀྲུག་པ་ཡིན་ཐབས་མེད། རྗེ་ཡབ་སྲས་གསུམ་གྱི་རིང་ལ་དོལ་རྒྱལ་ཟེར་བའི་སྒྲ་ཙམ་ཡང་དར་མེད། རྗེ་ཡབ་སྲས་གསུམ་དང་འབྲེལ་བ་མེད་མ་ཞིག་དགག་ན་དགེ་ལུགས་དཀྲུགས་པ་རེད་ཟེར་བ་དེ་ཁྱེད་རང་གི་རྣམ་རྟོག་དགྲར་ལངས་བ་རེད།
སྤོབས་པ་མཐའ་ཡས་ལགས། ཧམ་བཤད་བྱེད་མ་འོང་ཨ། དོལ་ཚོགས་ཀྱིས་ལབ་ཡ་བྱས་ན་དོལ་རྒྱལ་བརྟེན་མཁན་ས་ཡ་བཞི་ཡོད་ཟེར་བཞིན་འདུག དེ་འདྲ་དང་ཡོད་སྲིད་མི་ཀྱང་་་་བོད་མི་འབུམ་ཕྲག་ཡོད་པ་ནི་གསལ་པོ་རེད་འདུག
དོལ་ཚོགས་རྒྱ་ནག་གིས་རྒྱབ་སྐྱོར་འོག་གནས་པའི་ཚོགས་པ་ཡིན་མིན་མི་ཤེས་ཀྱང་་་ཁྱོད་ཀྱིས་ཁམས་པའི་དཔའ་བོ་དང་པོ་འབོད་ས་ཕུན་དབང་རྒྱ་གཞུང་གིས་གསོ་སྐྱོང་བྱས་པའི་མི་ཞིག་ཡིན་པ་ཚང་མས་ཤེས་གསལ་རེད་བ། དེ་ལ་ནི་ཁྱོད་ཀྱིས་བསྟོད་པ་ག་ཚོད་བྱས་མྱངས་མེད་དམ།
ངས་སྔོན་ནས་ད་ལྟའི་བར་དུ་ཁྱོད་ལ་གུས་བཀུར་འདྲ་བྱས་མྱངས་ཡོད། དེ་ཡང་ཉམ་ཆུང་གི་རྒྱབ་ལངས་དང་དྲང་བདེན་གྱི་གཞུང་སྲུང་མཁན་རེད་བསམས་པའི་ཡིན། དྲང་བདེན་རྡོག་རོལ་གཏོང་མ་འོང་ཨ
དགའ་ལྡན་ལྔ་མཆོད་ཟེར་བ་འདི་ལ་ར་ལུག་གི་ཚིལ་བུའི་མཆོད་མེ་སྦར་སྲོལ་སོགས་ཡོད་པར་བལྟས་ན་གནའ་བོའི་དམར་མཆོད་ཀྱི་སྲོལ་རྒྱུན་མ་རུང་བའི་ཤུལ་ལུས་འདྲ་མིན་པའི་ངེས་པ་ཡང་མི་འདུག མ་གཞི་ཆོས་ལུགས་ཀྱི་དུས་མཆོད་དམིགས་བསལ་ཁག་ནི་དགོན་པ་ལྷ་སྡེ་ནང་ཁུལ་དུ་གཏོང་བ་མ་གཏོགས་གཞུང་འབྲེལ་དུ་བཞག་ན་ཆོས་ལུགས་འདྲ་མཉམ་གྱི་ཁྲིམས་ལུགས་དང་མི་མཐུན་པ་ཡིན་པས་འདི་ལ་གཞུང་འབྲེལ་གུང་སེང་མེད་པར་བཟོས་པ་དེ་དེངས་རབས་ཀྱི་ཁྲིམས་སྲོལ་དང་མཐུན་པའི་སྔོན་ཐོན་གྱི་ཕྱག་རྗེས་ཤིག་ཀྱང་རེད། བོད་ལ་ཆོས་བརྒྱུད་མང་པོ་ཡོད་སྟབས་དགེ་ལུགས་པའི་དུས་མཆོད་ཅིག་དམིགས་བཀར་གྱིས་གཞུང་འབྲེལ་བྱས་ན་ཆོས་ལུགས་འདྲ་མཉམ་གྱི་ཁྲིམས་ལུགས་དང་མི་མཐུན་པ་རེད།
གཞུང་འབྲེལ་གྱི་གུ་རུའི་འབུམ་ཚོགས་ཕུལ་ན་ཁྱོད་ཚོས་དགའ་བསུ་བྱེད་ཀྱི་འདུག་ག གཞུང་འབྲེལ་གྱི་ཐོག་ནས་དགའ་ལྡན་ལྔ་མཆོད་བྱས་པར་བཀག་ན་ཡག་པོ་ཡིན་པའི་རྒྱུ་མཚན་ཅི་རེད་དམ། རྗེ་ཡབ་སྲས་ཀྱི་སྐབས་སུ་དོལ་རྒྱལ་ཟེར་བའི་མིང་ཙམ་མེད། དགའ་ལྡན་ལྔ་མཆོད་ལ་སྡང་དགོས་དོན་ཅི་རེད་དམ།
དགའ་ལྡན་ལྔ་མཆོད་གཞུང་འབྲེལ་གྱི་ཐོག་ནས་བྱས་ན་ཁྲིམས་འགལ་ཡིན་སྟངས་དང་། གུ་རུའི་འབུམ་ཚོགས་གཞུང་འབྲེལ་གྱི་ཐོག་ནས་ཕུལ་ན་ཁྲིམས་མཐུན་སྟངས་ཁྱོད་ཀྱི་གསལ་པོ་ཞིག་གསུང་རོགས་བྱོས་དང་།
ཅོ་རི་ཉི་མ་ལགས། དོལ་ཚོགས་རྒྱ་དམར་གྱི་རྒྱབ་སྐྱོར་འོག་ཏུ་གནས་ཡོད་པ་ཁ་གསལ་གཏིང་གསལ་རེད། དོལ་ཚོགས་མགོ་གཙོ་གངས་རྒྱན་བླ་མ་ཕྱིར་སྡོད་བོད་མིའི་སྐུ་ཚབ་ཀྱི་མིང་ཐོག་ནས་རྒྱ་དམར་གྱི་ཚོགས་འདུར་མགྲོན་འབོད་ག་ཚོད་བྱས་སོང་། གངས་རྒྱན་ལགས་ཕྱིར་སྡོད་བོད་མིའི་སྐུ་ཚབ་ཏུ་རྒྱ་དམར་གྱིས་བསྐོས་པ་མིན་ན་སུས་བསྐོས་་པ་རེད། ང་ཚོས་ནི་བསྐོས་མེད། ཏཱ་ལའི་བླ་མས་དོལ་རྒྱལ་དགག་པ་མི་བཟང་ཚུལ་གྱི་རྩོམ་ཡིག་ག་ཚོད་མང་པོ་ཞིག་རྒྱ་དམར་གཞུང་འབྲེལ་དུས་དེབ་ཁག་གི་ནང་དུ་ཐོན་སོང་། རྒྱབ་སྐྱོར་མེད་ན་དེ་ཚོ་བྱེད་དོན་མི་འདུག་ག རྡ་རམ་ས་ལར་མཚན་ཉིད་དགེ་བཤེས་སོགས་བཀྲོང་སྐབས་སུ་རྒྱ་གར་ཉེན་རྟོག་པས་ལག་དམར་དེ་ཚོ་སུ་ཡིན་དང་རྒྱ་དམར་གྱི་ས་ཁོངས་སུ་འཛུལ་ཟིན་ཚུལ་དཔང་རྟགས་གསལ་པོར་སྤྲད་པ་རེད།
གུ་རུའི་འབུམ་ཚོགས་ལ་གཞུང་འབྲེལ་གུང་སེང་ཞིག་ཡོད་པ་མ་རེད། འདི་ནི་དམག་མི་ཟུར་བ་ཚོས་སྦྱིན་བདག་ཞུས་ནས་འཚོགས་པ་ཞིག་མ་གཏོགས་གཞུང་འབྲེལ་གཏན་འཛུགས་བྱས་པ་ཞིག་མ་རེད། སྐད་ཆ་གཟབ་ནས་བཤད་རོགས། དགའ་ལྡན་ལྔ་མཆོད་ལ་ཡང་གཞུང་འབྲེལ་གུང་སེང་མེད་པར་བྱས་པ་མ་གཏོགས་དགེ་ལུགས་པའི་ལྷ་སྡེ་མི་སྡེ་སུས་འཚོགས་ལ་དགའ་བསུ་དང་མཐུན་རྐྱེན་སྦྱར་བ་མ་གཏོགས་སུས་ཀྱང་འགོག་གིན་མེད། བོད་ཁྱིམ་སོགས་བོད་གཞུང་ཁྱབ་ཁོངས་ཀྱི་ཚོགས་པ་ཁག་ལ་ཡང་དགའ་ལྡན་ལྔ་མཆོད་ཉིན་མོད་ཤ་ཡོད་ཐུག་པ་ཞིམ་པོ་སོགས་ད་དུང་ཡང་གཏོང་བཞིན་ཡོད་མོད་དེ་ལ་དགག་བྱ་བྱེད་མཁན་མེད།
ཕྱིར་སྡོད་བོད་མིའི་སྐུ་ཚབ་ཀྱི་མིང་ཐོག་ནས་རྒྱ་དམར་གྱི་ཚོགས་འདུར་མགྲོན་འབོད་བྱས་ན་་་རྒྱ་དམར་གྱི་རྒྱབ་སྐྱོར་འོག་ཏུ་གནས་ཡོད་པ་ཁ་གསལ་གཏིང་གསལ་ཡིན་པའི་ཁྱབ་པར་ཐལ། ཁྱབ་ན། བཙན་བྱོལ་སྒྲིག་འཛུགས་ཆོས་ཅན། རྒྱ་དམར་གྱི་རྒྱབ་སྐྱོར་འོག་ཏུ་གནས་ཡོད་པ་ཁ་གསལ་གཏིང་གསལ་ཡིན་པར་ཐལ། ཕྱིར་སྡོད་བོད་མིའི་སྐུ་ཚབ་ཀྱི་མིང་ཐོག་ནས་རྒྱ་དམར་གྱི་ཚོགས་འདུར་མགྲོན་འབོད་ཐེངས་བཅུ་ཕྲག་མང་པོ་བྱས་པའི་ཕྱིར། ་་་་་གཅིག་རེད། འདྲ་འདྲ་རེད།
རྒྱ་གར་ཉེན་རྟོག་པ་ལ་ཡིད་ཆེས་ག་རེ་ཡོད་དམ། ཧན་སྒོར་ཁྲི་གཅིག་སྤྲད་ན་སྐྱ་རྫུན་སྟོང་གཅིག་བཤད་ཀྱི་རེད། ང་ཚོ་ཚང་མ་རྒྱུས་ཡོད་ཡིན་པ། སྒྲུབ་བྱེད་དེ་ལས་མེད་ན་ཡིད་ཆེས་ཐུབ་ས་མ་རེད། ཧམ་བཤད་རེད།
སྤོབས་མཐའ་་་གཟབ་ཟེར་སྡུག་ར་སྐུལ་མདོག་མདོག་མ་བྱས། གུ་རུའི་འབུལ་ཚོགས་གཞུང་འབྲེལ་གྱི་ཐོག་ནས་འཚོགས་མྱངས་ཡོད་དམ་མེད།
དགེ་ལུགས་པའི་ལྷ་སྡེ་མི་སྡེ་ལ་དམིགས་བརྩེ་མ་འདོན་མི་ཆོག་པ་དང་དགའ་ལྡན་ལྔ་མཆོད་གཏོང་མི་ཆོག་པའི་ཁྲིམས་ཤིག་གདོང་ཐོགས་སྤྲུལ་སྐུ་དང་ཁྱོད་གཉིས་ཀྱིས་བཟོ་ཐུབ་ལེ་མ་རེད་ལ་་་ཆོག་ལེ་མ་རེད་་་ཁྲིམས་མཐུན་མ་རེད། ངེད་དགེ་ལུགས་པའི་རང་དབང་རེད་བ།
སྤོབས་མཐའ་འདི་ཡི་ཆོས་རྒྱུད་གང་དུ་གཏོགས་མིན་གཞི་ནས་ཤེས་སོང། དགའ་ལྡན་ལྔ་མཆོད་བོད་གཞུང་ནས་བཀག་དགོས་པའི་རྒྱུ་མཚན་དེ་ལྟར་ན། བོད་ལ་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་ཡེ་ཤུ་དང་ཁ་ཆེ་བོན་པོ་སོགས་ཡོད་པས་དེས་ན་་་་སངས་རྒྱས་ཤཀྱ་ཐུབ་པའི་འཁྲུངས་འདས་སོགས་སྲུང་བརྩི་ཞུ་དགོས་པའི་རྒྱུ་མཚན་གང་ཡིན་ནམ། རེད་ཅོ་རི་ལགས་་་་ཇ་ལན་ཆུ་འཇལ་ཟེར་བ་དེ་རེད། སྔོན་མ་སྔོན་མ་ཁྱེད་ནས་སྤོབས་མཐའ་ལ་བློ་མཐུན་བློ་མཐུན་ཟེར་ནས་བསྟོད་སའི་མི་འདི་ཡིས་དེ་རིང་ཁྱེད་ལ་ཅི་ཞིག་ཤོད་ཀྱི་མི་འདུག་གམ
དགའ་ལྡན་ཕོ་བྲང་པའི་དུས་སུ་བོད་ཀྱི་ཆོས་བརྒྱུད་གཞན་ཚོར་ཉི་མ་རྒྱ་ལམ་གཉིས་ཀ་མ་དབང་བའི་ལོ་རྒྱུས་མང་པོ་ཡོད་ན་་་དགའ་ལྡན་ཕོ་བྲང་ལ་མི་རྒོལ་བར་དགེ་ལུགས་ལ་རྒོལ་དགོས་ཅི་རེད་དམ། ཉི་མ་རྒྱ་ལམ་དབང་མི་བཅུག་དགེ་ལུགས་ཨེ་རེད།
ཁམས་པ་དེ་འདྲ་ཨེ་ཡིན་ནམ་ཟེར་བའི་རྩོམ་ཡིག་དེ་མཐོང་དུས། རྒྱལ་བ་ཀློང་ཆེན་པ་ལ་དགོངས་པ་ཏོག་ཙམ་འཚོམས་སོང་བ་ཡིན་ས་རེད། དེ་རིང་གི་ཚིགས་སུ་བཅད་པ་འདི་ཡིན་རྒྱུ་གདོང་ཐོག་རིན་པོ་ཆེ་ལ་བསྟོད་པ་ཡིན་ཁུལ་གྱིས། དོན་དུ་རང་འདྲ་བའི་ཕོ་གསར་ཚོའི་དཔའ་སྐོང་བྱེད་དུ་བྲིས་བཞག་པ་རེད་འདུག་བ། མི་འདི་ཚོས་ལས་སྟངས་འདི་འདྲ་རེད། ཨ་ཁ་ཁ་ཁ་
དྲ་འབུ་མགོ་གཉིས་ཚོ་ཆོས་ལུགས་ནང་་དཀྲུགས་།
ཆོལ་ཁ་ནང་དཀྲུགས་།
གཞུང་མང་བར་དཀྲུགས་།
བླ་སློབ་བར་དཀྲུགས་།
ཆོས་གྲོགས་བར་ལ་དཀྲུགས་།
བཟའ་ཚང་བར་ལ་དཀྲུགས་།
གཞིས་བྱེས་བར་དཀྲུགས་།
དཀྲུགས་རྒྱུ་མེད་ན་མ་རྟོགས་དཀྲུགས་།
དགྲ་གུང་བྲན་སླེབས་དུས་མགོ་ལ་འབར་བ་བཀབ་ནས་བྲོས་་་་་་་་་་་་ བྲོས་་་་་
ད་གྲོས་དྲ་རྒྱའི་ནང་འཛུལ་ནས་སྒབ་སྡོད་སུ་གཅིག་་གི་ཧ་གོ་མ་རེད་་།ད་ཡག་
འདའ་ངེད་ཁེད་ཁམས་པ་ཚང།
ད་སྐྱིད་འདའ་
དྲ་གྲོགས་ཁྱུང་སེང་ལགས། ཁྱོད་བདེན། ང་ཚོ་གསོན་ན་དྲང་བདེན་ཆེད་དུ་གསོན། ཤི་ན་དྲང་བདེན་དང་ཉམ་ཆུང་ཆེད་དུ་ཤི མྱི་ལུས་ལེན་པའི་གྲུབ་འབྲས་རེད། བཙན་བྱོལ་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ཆོས་ལུགས་དེ་ཤཀྱའི་ཆོས་ལུགས་དང་། གཞུང་འབྲེལ་སྲུང་མ་དམར་ནག་གཉིས་ཡིན་ཟེར་བཞིན་འདུག་ག ག་དུས་ཡིན་ན་་་ཉམ་ཆུང་དང་གྲངས་ཉུང་ལ་ཐུབ་ཚོད་ཤ་སྟག་བྱེད་ཀྱི་རེད། ཁ་ཆེ་དང་ཡུ་ཤུ ཇོ་ནང་གསུམ་ལ་ཆོས་རྒྱུད་ཀྱི་སྤྱི་འཐུས་ཡང་ཡོད་མ་རེད། ད་དུང་་་དམངས་གཙོ་དང་འདྲ་མཉམ། རྒྱུ་འབྲས་དང་གཞན་ཕན་བཤད་མདོག་མདོག
ཁྱུང་སེ་ལགས་ཀྱིས་སྤོབས་མཐའ་ལ་ལན་གྱིས་ལྡོག་པ་མི་ནུས་པ་ཞིག་གསུངས་འདུག།
ད་ཡང་། ཁྱི་རྒན་གྱིས་ངུ་ཟུག་རྒྱབ་ཀྱི་འདུག
ཁྱི་འབོད་འཐེན་མཁན་ཚོ་ཕེབས་བྱུང་་ཨ་་་་བཟང་སྤྱོད་ཡོད་ལུགས་འདི་ལ་བལྟས་ན་བླ་མ་བཟང་པོ་ཞིག་སློབ་མ་ཡིན་པར་འདྲ།་་་་ཧཧ
ལན་མ་ཕོག་ན་ཁ་བཙུམ་ནས་སྡོད་དང་ལྐུག་པ་རེད་ཟེར་མཁན་ཡོད་མ་རེད།
བོད་ལ་ཆོས་བརྒྱུད་དགེ་ལུགས་གཅིག་པོ་བྱས་ན་དེ་གས་ཆོག་པ་རེད། མི་ཆོག་པ་གང་རེད་དམ། ད་ལྟ་བར་དུ་དགེ་ལུགས་པས་ཆོས་སྲིད་གཉིས་ཀྱི་དབང་འཛིན་པ་བྱས་པ་རེད། གཞན་དག་ལ་འཇོན་ཐང་དེ་རྣམས་མེད་པ།
ཏག་ཏག་རེད། དགེ་ལུགས་པས་འཇོན་འཇོན་སུས་མི་འཇོན། དགེ་ལུགས་པ་དར་ནས་བཟུང་བོད་ནང་ཆོས་བརྒྱུད་ཀྱི་ཆགས་སྡང་མེ་ལྕེ་མཆེད་མཆེད་རེད། གསོད་ཐུབ་ས་བསད། སྤྱུགས་དགོས་ས་སྤྱུགས། གང་ཐུབ་ཅི་ཐུབ་བྱས་ཏེ་ད་ལྟ་དགེ་ལུགས་གཉིས་སུ་གྱེས་དགོས་པ་འདི་ལ་ཐུག་སོང་བ་རེད།
དགེ་ལྡན་ལྔ་མཆོད་ལ་སྡང་ཟེར་བ་བདེན་པ་མ་རེད། ལྔ་མཆོད་འདི་དགེ་ལུགས་པའི་མཁས་པ་ཞིག་གི་འདས་མཆོད་རེད། དགེ་ལུགས་པ་ཞིག་ཡིན་ན་དུས་འདི་གལ་ཆེན་ཡིན་པ་དང་། བསྲུང་རྩི་ཅི་ཙམ་ཟབ་རྒྱས་བྱེད་ཀྱང་ཆོས་བརྒྱུད་གཞན་པ་ཚོས་མ་དགའ་བྱེད་ན་སྡུག་གྱོང་དང་། ཁེ་ཕན་མེད། ཡིན་ནའང་དགེ་ལུགས་པའི་འདས་མཆོད་བཙན་བྱོལ་བོད་གཞུང་ཁྱབ་ཁོངས་ཡོངས་གུང་སེང་བཞག་པ་ལ་ཁོང་གིས་དེ་ལྟར་ན་ཆོས་བརྒྱུད་གཞན་པ་ཚོ་སོ་སོའི་མཁས་པ་རེའི་འདས་མཆོད་རེ་གུང་སེང་དགོས་ཟེར་བ་རེད། དེ་འདྲ་བཤད་མི་ཆོག་ཟེར་ན་ཟེར་མཁན་དེ་རང་ཡག་པོ་མེད་རྟགས་རེད།
ཁམས་པའིི་འཇོན་རབས་བཏང་རབས་གླེང་མཁ ན་ཚོ་།
མདོ་སྟོད་ཆུ་བཞི་གང་དྲུག་འཆམ་་མཐུན་བཟོ་ན་ལེགས་།
ཁམས་པའི་བཏང་རབས་གླེང་མཁན་ཚོ་།
གཞོན་ནུ་ཁག་གཉིས་གཅིག་ཏུ་བཟོ་ན་ལེགས་།
ལས་དེ་གཉིས་ཐུབ་ན་ཁམས་པས་འཇོན་ལེ་རེད་།
ལས་དེ་གཉིས་འགྲིག་་ན་ཁམས་པ ས་བཏང་ལེ་རེད་།
སྣང་བ་གང་ཤར་དེ་བཤད་ན་ལན་དེ་འདྲ་ཡོང། ཚེ་རིང་ལགས།
ཚེ་རིང་གི་སྐད་ཆ་ལ་བདེན་ཆ་མེད་པ་མ་རེད། ད་ལྟ་བར་བོད་རང་དབང་དང་རང་བཙན་དོན་དུ་ལུས་སྲོག་བློས་གཏོང་བྱེད་མཁན་ནང་ནས་ཕལ་ཆེར་བརྒྱ་ཆར་བགོས་ན་དགུ་བཅུ་གོ་དགུ་ཙམ་དགེ་ལུགས་པ་རེད་་་་་་ཁོང་ཚོས་དཀའ་ལས་བརྒྱབ་ནས་རྗེས་མ་རྒྱལ་ཁབ་རང་བཙན་བྱུང་བ་ཡིན་ན་་ཁོང་བསམ་ཤེས་བྱས་ནས་དཔའ་བོའི་གཟེངས་རྟགས་དང་དེ་དུས་དུས་དྲན་གྱི་སྲུང་བརྩིར་ཁོང་ཚོའི་ནང་མི་ཚོས་ལམ་རིམ་དང་དམིགས་མེད་བརྩེ་བ་སོགས་མ་གཏོགས་མི་དགོས་ཞེས་བཤད་ན་ཆོས་རྒྱུད་ཚང་མས་མ་འདོན་རང་འདོན་རེད་ཡང་ན་ཁོང་ཚོར་དུས་དྲན་མི་བརྩི་དགོས་རེད་་་་
ཡིན་ན་བྱུང་ན་ཡོད་ན་གསུམ། །
སྐད་ཆའི་ནང་གི་ཐ་མ་ཡིན། །
ཞིབ་ཕྲ་བཀླགས་པར་དགའ་ཡོད་་ཉིང་དགོས་དེ་རང་ཡིན
རེད་རེད་དེ་དུས་ཆ་རྐྱེན་དུ་བོན་སྟོན་གཤེན་རབ་ཡིན་ནའང་འདྲ་སྔགས་པ་སྔགས་མ་འཆལ་འཆོལ་དེ་རིགས་མིང་མེད་བྱེད་དགོས་ཟེར་ནའང་དེ་ག་རང་རེད་་དགའ་བསུ་ཡོད་ད
ལྟོས་དང་། ཅོ་རི་ཞེས་པ་འདིས་མི་སྐད་ཀྱང་ཉན་ཤེས་ཀྱི་མ་རེད། ད་དུང་འུར་རྒྱག་ཁ་བྱེད་པ་ངོ་མི་ཚའམ། ངས་གོང་དུ་གང་བཤད་པ་དེ་དཔེར་ན་ཁྱིའི་ཁ་སྔོག་ན་སྐྱག་པའི་དྲི་མ་ལས་དྲི་ཞིམ་ཞིག་བྲོ་རྒྱུ་མེད་པ་བཞིན། དོལ་རྒྱལ་བའི་ཁ་རྩེས་ན་ཡང་སྡུག་རིས་ངན་ཚད་ཅིག་ལས་གང་ཡང་བཤད་རྒྱུ་ཡོད་མ་རེད། དེ་ལས་ཡ་མ་བྱེད་པར་བཞག་ཤོག་ཟེར་བ་ཡིན་ཡང་། སྐད་ཆའི་གོ་བ་ལེན་མ་ཤེས་པར་ཁྱི་འབོད་འཐེན་འདུག་ཟེར། གང་ལྟར་གནས་ཚུལ་འདི་ཚོའི་སྟེངནས་རང་ཉིད་ཚིག་གསུམ་མི་ལ་བཤད་མི་ཤེས། ཚིག་བཞི་རང་གིས་ཉན་མི་ཤེས་མཁན་ཞིག་ཡིན་པ་གསལ་པོ་སྟན་ཡོད་པས། རྗེས་མ་ནས་ངོ་ཚ་ཤེས་པ་གྱིས་ལ་བོད་ཀྱི་མཁས་གྲུབ་ཚོར་ཁ་གཏོང་རྒྱུ་ཞོགས་ཤིག
བོད་ཀྱི་ཆོས་རྒྱུད་ས་སྐྱ་ཅིག་པུ་བྱས་ན་དེ་ཡང་ཆོག་གི་རེད། མི་ཆོག་པའི་རྒྱུ་མཚན་མེད། བོད་སིལ་བུར་འཐོར་བ་ནས་བཟུང་། བོད་ཆོལ་གསུམ་ཅིག་གྱུར་ཐོག་དང་པ་ས་སྐྱ་པས་བཟོས་པ་རེད་ལ། དེ་འདྲ་ཞིག་ཆོས་རྒྱུད་གཞན་སུས་ཀྱང་འཇོན་མེད། ཧཧཧ
སུས་བཟུང་ཀྱང་ཁྱད་པར་མེད་གཅིག་གིས་ཀྱང་འཇོན་གྱི་མ་རེད་ཁོ་རང་ཚོའི་ཆོས་ལུགས་དར་སྤེལ་གཏོང་སེམས་ལས་བོད་སྤྱི་ཡི་བདེ་སྡུག་ལ་མནོ་བསམ་གཏོང་མཁན་ད་བར་མ་བྱུང་རང་གི་གྲུབ་མཐའ་དར་སྤེལ་གཏོང་ཆེད་དུ་སོག་དམག་གོར་དམག་རྒྱ་དམག་ཧོར་དམག་གི་མདུང་རྩེ་ནང་དུ་དྲངས་བ་ལས་ཕར་གཏད་མཁན་མ་བྱུང་ཆོས་མེད་བྱུང་ན་ཡག་ཤོས་རེད་དེ་མིན་ཞི་མི་དཀཏ
ནག་རང་རེད་གང་ཉམས་ཆུང་བ་དེར་ཐུབ་ཚོད་གཏོང་ཐུབ་པ་ཙམ་ལས་གང་ཡང་འཇོན་གྱི་མ་རེད
རྗེ་མི་ལས། ཕྱི་ནས་བལྟས་ན་ཡི་དགས་འདྲ། ནང་དུ་བལྟས་ན་སངས་རྒྱས་དངོས། ཞེས་གསུངས་པ་བཞིན། དམ་པ་སུ་ཡིན་སུས་ཤེས། དེ་ཡིན་དུས་ཉམས་ཆུང་སྔགས་པ་དང་ཆོས་བརྒྱུད་གཞན་ལ་མཐོང་ཆུང་ཁྱད་གསོད་བྱེད་རྒྱུ་དེ་མཚམས་བཞོག།
རང་ཕྱོགས་གཞན་ཕྱོགས་མ་རྩོད་པར། །
ཏྲེ་ཧོ་གདོང་ཐོགགང་བྲིས་ལྟོས། །
བཤད་ཟིན་བྲིས་ཟིན་ཡིག་ཆ་ཀློགས། །
གདོང་ཐོག་བྲིས་པ་ཐད་མིན་ལྟོས། །
མཁས་མཆོག་དམ་པ་ཞིག་རྗེས་དྲན་གྱི་ཚུལ་དུ་བྲིས་པའི་སྙན་རྩོམ་ཡིད་དབང་འཕྲོག་པ་ཞིག་དེ་རིང་སླར་ཡང་མཇལ་རྒྱུ་བྱུང་བ་ནི་ངོ་མ་ང་ཚོ་ཀློག་པ་པོ་ཚོའི་བསོད་ནམས་རང་རེད། རྩོམ་པ་པོ་སྤོབས་པ་མཐའ་ཡས་ཞུ་བ་ཁོང་ནི་ངེས་དོན་གྱི་སྤོབས་པར་འོས་པའི་རིག་པ་སྨྲ་བ་ཞིག་ཡིན་པར་ཐེ་ཚོམ་མི་འདུག་གོ ད་དུང་མུ་མཐུད་གཏམ་སྙན་པོ་མང་ཙམ་རྩོམ་རིགས་ཀྱི་ལམ་ནས་ང་ཚོར་སྤེལ་བའི་རེ་འདུན་ཤུགས་དྲག་ཆེ། ཅོ་རི་ཉི་མ་ཟེར་བ་དེེ་དང་དོལ་ཚོགས་པ་ཚོ་གཅིག་མཚུངས་རེད། བོད་ཡིག་གི་ཤེས་ཚད་ཞན་ཁར་ད་དུང་ཨུ་ཚུགས་ཀྱིས། ང་ནི་ཀླ་ཀློ་ཀླ་རྐྱང་ཡིན། ང་ནི་རྗེས་ལུས་ནང་གི་ཡང་ལུས་ཡིན། ཞེས་རྒྱ་དམར་གཞུང་གིས་དེ་སྔ་བོད་མིར་མཐོང་ཆུང་གིས་གང་སྨྲས་པ་རྣམས་དང་ལེན་ཞུ་མཁན་ཞིག་ཡིན་པ། ཁོ་པས་གོང་དུ་བཀོད་པ་མཆན་བུ་དག་ལས་མཐོང་ཐུབ།
བསྟོད་ན་བསྟོད་ཡུལ་རྫོགས་མཐའ་མེད།
ཤེས་བྱ་ཐམས་བཅས་་བསྟོད་ཡུལ་ཡིན་།
སྨད་ན་སྨད་ཡུལ་རྫོགས་མཐའ་་མེད་།
འཇིག་རྟེན་དངོས་པོ་སྐྱོན་གྱི་ཚང་།
སྐྱོན་ཡོན་མཐོང་བ་མཁས་པའི་བློ་།
ཕྱོགས་ལྷུང་མེད་པ་མཁས་པའི་བློ་།
དྲང་པོར་སྨྲ་བ་མཁས་པའི་བློ་།
བསྟོད་ན་བསྟོད་ཡུལ་ཤེས་པ་དགོས་།
སྨད་ན་སྨད་ཡུལ་ཤེས་པ་དགོས་།
བསྟོད་ཡུལ་སྨད་ཡུལ་མ་ཤེས་ན་།
རང་མགོ་རྨས་པ་ཨ་རྩ་མ་།
ཤེས་རབ་ཀྱི་རལ་གྲི་སོ་གཉིས་མ་།
ཤེས་་བྱའི་གནས་ལ་རྒྱུགས་ཆེ་ན་།
རང་མགོ་རྨས་པ་ཨ་རྩ་མ་།
རྣོ་གཅིག་ཡིན་ན་ཆོག་པ་ལ་།
ཁམས་རྒོད་གདོང་ཐོག་དགོངས་པ་རྫོགས།།
ཁམས་ངན་ཅོ་རིས་བལྟས་ངན་བསྒྲགས།།
ཁམས་པ་བཟང་ངན་དེ་ཡིས་ཤེས།།
ཀློང་ཆེན་རབ་འབྱམས་ཅིས་མ་བདེན།།
བདེན་པའི་ལུང་བསྟན་ཟབ་མོ་དེ།།
ཡང་ཡང་དཔྱད་ཚེ་དུས་གསུམ་དུ།།
སྒྲིབ་མེད་གཟིགས་པའི་ལུང་བསྟན་དག།
ངེས་ཤེས་རིན་ཆེན་སྒྲོན་མེ་འབར།།
མཁས་མཁས་མཆོག་སྤོབས་པ་མཐའ་ཡས་ལ་བརྒྱ་ཆ་བརྒྱ་ཐམས་པ་དུང་ལེགས་ཡོད་དོ།
xxxxx
དྲ་གྲོགས་ཚོས་པདྨ་ཟེར་བ་དང་དཔལ་དགྱེས་ཟེར་བ་ཨ་ཕྱི་ཆོས་སྒྲོན་ཟེར་བ་བཅས་ལུས་གཅིག་ལ་མགོ་བོ་དགུ་ཡོད་པའི་དྲ་འབུ་ཞིག་ཡིན་པས་ནམ་ཡང་དོག་ཟོན་བགྱིས།
དགེ་ལུགས་པ་ནི་སྲིད་དོན་ཚོགས་པ་ཞིག་ཡིན་པ་ལས་ཆོས་ལུགས་པ་ཞིག་མ་རེད།
དགའ་ལྡན་ལྔ་མཆོད་གཞུང་འབྲེལ་གྱི་ཐོག་ནས་གཏོང་པར་བཀག་འགོག་བྱས་ནས་ཁེ་ཕན་ཅི་བྱུང་ངམ། དགེ་ལུགས་དུམ་བུ་ཁ་བྲལ་བཏངས་ཚར་བས་ཁྱོད་ཚོ་ལ་ཁེ་ཕན་ག་རེ་འདུག་གམ། བོད་མི་རིགས་ལ་ཁེ་ཕན་ཅི་བྱུང་ངམ། གནས་ལུགས་བཤད་རྒྱུ་མེད་མཁན་ཁྱོད་ཚོ་་་་ལྐུག་པ་ཆགས་སོང་ངམ།་་་ཧཧཧ
སྤོབས་མཐའ་ལགས་་་་འདི་གོ་སྒྲིག་བྱས་མཁན་དམག་མི་རྒད་མགོ་དེ་དག་ཨེ་རེད།
http://bod.asia/2014/07/%E0%BD%98%E0%BD%A7%E0%BD%B1%E0%BC%8B%E0%BD%82%E0%BD%B4%E0%BC%8B%E0%BD%A2%E0%BD%B4%E0%BD%A0%E0%BD%B2%E0%BC%8B%E0%BD%9A%E0%BD%BC%E0%BD%82%E0%BD%A6%E0%BC%8B%E0%BD%98%E0%BD%86%E0%BD%BC%E0%BD%91%E0%BC%8B-3/
རྒྱ་དམར་གྱིས་བོད་ས་ཁྱོན་བཙན་བཟུང་བྱས་ནས། བོད་མི་ཡོད་དོ་ཅོག་དང་བོད་ཀྱི་ཆོས་དང་རིག་གཞུང་གསོན་བསྲེགས་བྱས་ནས་ཐལ་བར་བརླགས་སྐབས། དྲིན་ཅན་དགེ་ལུགས་པའི་བླ་མ་ཕྱོགས་རིས་མེད་པ་དེ་ཚོ་ཕེབས་ནས་བོད་བསྐྱབས་སོང་བ་ཡང་བདེན་པ་རེད། ང་དགེ་ལུགས་པ་མིན་མཁན་ཞིག་གིས་འདི་བཤད་ན་ཅུང་འཚམས་པ་འདུག
བོད་ནང་ལ་བོད་པ་ཚང་མས་བརྗེད་མི་རུང་བའི་དགེ་ལུགས་པ་པན་ཆེན་རིན་པོ་ཆེ། ཨ་ལགས་ཚེ་བརྟན་ཞབས་དྲུང་། ཨ་ལགས་དམུ་དགེ་བསམ་གཏན། དགེ་ལུགས་པ་དུང་དཀར་བློ་བཟང་འཕྲིན་ལས། དགེ་ལུགས་དོར་བཞི་རིན་པོ་ཆེ། དགེ་ལུགས་པ་གུང་ཐང་རིན་པོ་ཆེ། དགེ་ལུགས་པ་རྒན་ལམ་རིམ། དགེ་ལུགས་པ་སྨན་པ་བྱམས་པ་འཕྲིན་ལས། དགེ་ལུགས་པ་བཟོ་རིག་པ་མི་ཉག་ཆོས་ཀྱི་རྒྱལ་མཚན། དགེ་ལུགས་པ་སྨན་སྦྱོར་བ་བསྟན་འཛིན་རྣམ་རྒྱལ། དགེ་ལུགས་པ་ར་རྒྱ་འཇིགས་མེད། དགེ་ལུགས་པ་ལྡོང་ཡོན་ཏན་རྒྱ་མཚོ།
གོང་གི་མི་ཉུང་ཤས་དེ་དཔེ་མཚོན་ལྟ་བུ་ཡིན།
བོད་ཕྱི་ལ་ཀུན་ལ་བཀའ་དྲིན་ཆེ་བ་དགེ་ལུགས་པ་རྒྱལ་བ་ཐམས་ཅད་མཁྱེན་པ། དགེ་ལུགས་པ་ཟམ་གདོང་རིན་པོ་ཆེ། དགེ་ལུགས་པ་ཚན་ཉིད་རྒན་བློ་བཟང་རྒྱ་མཚོ་སོགས་དང་།
བོད་ནང་རང་ལུས་མེར་བསྲེགས་པ་དགེ་འདུན་མང་ཆེ་བ་དགེ་ལུགས་པ་རེད། ད་ལྟ་བོད་ནང་ལ་ཆབ་སྲིད་བཙོན་པ་དགེ་འདུན་པ་མང་ཆེ་བ་དགེ་ལུགས་པ་རེད།
ད་མེ་དཀར་འབྲུག་སྐྱག་ཁྱོད་འདིར་བོད་པའི་ནང་ལ་ཡོང་ནས་དགེ་ལུགས་པས་མི་འགྲིགས་ཟེར་བ་དང་། བོད་མི་མགོ་སྟོང་བ་སྤོབས་མཐའ་སོགས་ཀྱིས་ཆོས་ལུགས་ཞེན་ཁོག་གིས་དགེ་ལུགས་པའི་མིང་གོ་བ་ཙམ་གྱིས་སྨྱོ་འགྲོ་བ་འདི་ཡང་ནད་གཅིག་ལས་གཞན་མི་མཐོང་། ཅོ་རི་སྨྱོན་པ་ཁྱོད་ཀྱང་རྒྱལ་བ་ཀློང་ཆེན་པར་སྨོད་པ་དེ་ཤིན་དུ་ནས་མ་རུང་བ་ཞིག་རེད།
ཀློང་ཆུང་ལགས་ཀྱིས་བཤད་པ་ཕལ་ཆེར་བདེན་ཆ་འདུག་འོན་ཀྱང་་་་རང་གི་ལྟ་བ་དང་ཅུང་མ་མཐུན་པ་ཙམ་གྱིས་ཅོ་རི་སྨྱོན་པ་ཞེས་བཤད་པ་འདི་ལ་མོས་མཐུན་མེད་་་་་ཁོང་ནི་མི་བུ་དྲང་བདེན་མདའ་མོ་ལྟ་བུ་ཞིག་ལས་གཅུས་འཁྱོག་དེ་འདྲ་མ་རེད་་་་ང་ཡང་ཁོང་གི་ལྟ་ཚུལ་དང་ཡོངས་སུ་མཐུན་པ་མིན་ཀྱང་ཁོང་གིས་དྲང་བདེན་དང་ཉམས་ཆུང་ལ་རྒྱབ་སྐྱོར་བྱེད་པ་འདི་ལ་ང་ཚི་ཆོས་ལུགས་རྨོངས་དད་ཀྱིས་མ་བཟི་བ་མང་པོས་དེ་སྔར་རྒྱབ་སྐྱོར་བྱས་ཡོད་ལ་ད་ལྟའང་དེ་ག་རང་རེད།
དྲ་ཐོག་འདི་ན་བུ་ཅི་རི་ཉི་མས་མཐོ་དམན་གང་སའི་བཟང་ངན་ཚང་མ་གླེང་མཁན་དེ་རེད། མི་ཡིས་སྟོད་ར་གཏོང་སའི་མི་བུ་དག་ལ་ཡག་རྟགས་རང་ཡོད་ནི་མ་རེད། མི་དེར་རང་ཚུབ་མེད་པས་སྟོད་པ་དང་། ཐབས་ཀྱིས་སྟོད་པ། སྐབས་འཚོལ་གྱིས་སྟོད་པ་སོགས་ཀྱིས་ཡོང་གི་ཡོད། གཞན་གྱིས་སྨད་པའི་མི་དེ་སྡུག་རྟགས་མེད། མི་དེ་རང་ཚུབ་ལྡན་པས་མགོ་རྣ་གཞན་གྱིས་དབང་འོག་ཏུ་མ་སོང་བའི་རང་རྟགས་སོགས་ཡོད། ཅོ་རིས་བཤད་པའི་སྐད་ཆ་ལ་ནུས་པ་ཐོན་གྱི་འདུག་ལ། ཅོ་རིས་དཔྱད་པའི་གླེང་གཞི་ལ་གནད་ལུགས་ཡང་ཟབ་མོ་འདུག། སྐབས་རེར་ང་ཅོ་རི་དང་མི་མཐུན་ཡང་། ཅོ་རིའི་ཁ་ཁོག་དྲང་པོར་ང་དགའ།
xxཁྱུང་སེས་ཅོ་རི་ལ་བསྟོད་པ་འཐེན་པ་ནི་ཡག་རྟགས་གང་ཡང་མིན་པར་ཅོ་རིའི་རྟག་པར་ནང་པའི་བླ་སྤྲུལ་ཚོ་ལ་སྨ་འབེབས་བྱེད་ཀྱི་ཡོད་པ་དང་། བོད་ཀྱི་ཆོས་རྒྱུད་ཚོའི་བར་ལ་དཀྲུག་ཤིང་འཕེན་ཅི་ཐུབ་བྱེད་ཀྱི་ཡོད་པས་རེད། ཁོ་ཚོས་བོད་རྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཚོ་ནང་མི་འཆམ་པ་ཞིག་བྱུང་ན་དེའི་བར་ནས་xx་ཁེ་ཕན་ཞིག་རག་པའི་རེ་ངན་བཅང་གི་ཡོད་པ་གསལ་པོ་རེད། འོན་ཀྱང་དེ་ནི་སྐྱ་ཀས་ལུག་རླིག་ཟག་པའི་རེ་སྟོང་བཅང་བ་རང་རེད་དོ།།
ཅོ་རི་དྲང་མོ་མདའ་འདྲ་རེད་ཟེར་མཁན་གྱི་མི་སུ་ཞིག་ཡིན་ཡང་མི་དེ་འཁྱོག་པོ་གཞུ་འདྲ་ཞིག་ཡིན་པ་གསལ་པོ་གསལ་རྐྱང་རེད།
ལིང་ཏོག་གཉིས་བརྩེགས་བྱུང་ཡོད་ས་རེད་མི་མཐོང་དགུ་མཐོང་མི་སྨྲ་དགུ་སྨྲ་་་་་ང་བོན་པོ་ཡིན་མིན་གསལ་བཤད་བྱོས་་་་་ཁྱོད་མི་དགའ་སའི་མི་དང་འགྲོགས་ན་དེ་ཡང་ཁྱོད་ཀྱི་དགྲ་རུ་བཟུང་དགོས་སམ་་་ཕ་རྒན་ནི་ཕ་རྒན་རང་རེད་ཕ་རྟགས་བསྟན་ཡོང་གི་འདུག ཁྱོད་ལ་ལིང་ཏོག་དང་ལོག་རྟོག་ག་ཙམ་བཤད་མ་སོང་ངམ་་་་་མི་ཁྱོད་ག་དུས་ཡིན་ནའང་དོལ་རྒྱལ་ཁ་ལ་ཁྱེར་ནས་བོད་རིགས་ཅུང་བློ་རྒྱ་ཆེ་བ་རིས་མེད་དག་སྣང་ཆེ་བའི་རིགས་ལ་མིག་ལ་ལིང་ཏོག་ཐོན་ཐོན་བྱས་ཡོང་གི་འདུག་པ་་་ཡང་ན་ངེད་ཅག་ཚང་མ་ཕ་རྒན་བྱེད་དགོས་སམ་འཆལ་འཆོལ་བྱེད་དགོས་སམ།
ལོང་ལྟོགས་ལགས། མིག་ཡ་གཅིག་དང་རྣ་བ་ཟུར་གཅིག་གིས་རང་མཐོང་དེས་མིའི་རིན་ཐང་ཚང་བ་ཞིག་མ་རེད། གལ་སྲིད་ཁྱེད་རང་སྐབས་འཚོལ་བ་ཞིག་མིན་ཚེ་ཆེ་ཆེ་དང་མཐོ་མཐོ་དག་ལ་བཟང་བཟང་སྟོད་སྟོད་གཅིག་པུས་འཇིག་རྟེན་མིའི་རིན་ཐང་མཇལ་ཐུབ་ནི་མ་རེད། འཇིག་རྟེན་མི་ཞིག་ཡིན་པས་བཟང་ངན་སྣ་ཚོགས་པ་ཞིག་མི་སུ་ལ་ཡང་ཡོད་ཡོད་པ་རེད། མི་བོ་མཐོ་དམན་གང་སར་དེ་དག་མཐོང་ཐུབ་པའི་རྣམ་དཔྱོད་དང་དེ་དག་བཤད་ཕོད་པའི་སྙིང་སྟོབས་དང་དྲང་ཚུབ་ལྡན་མཁན་ནི་མི་བུ་ཉུང་ནི་རེད།
ལོང་ལྟོག་ལགས། དོལ་རྒྱལ་དང་རྒྱ་དགའ་ཞེས་མང་པོ་མ་སྒྲོགས། རྒྱ་ལ་དགའ་ས་མ་རག་རེད་མ་གཏོག་མེས་རྒྱལ་ཟེར་ནས་རྒྱུགས་ཆོག་ཆོག་ཡིན་པ། དོལ་རྒོལ་དང་དོལ་འཛིན་གཉིས་ཀས་བོད་མིའི་ནང་དམེ་དང་ནང་ཆོས་ཀྱི་དམ་ཉམས་བཟོ་བ་གཅིག་མཚུངས་ཡིན་པ། སྤྲིན་པ་དཀར་ནག་གཉིས་ཀས་ཉི་ཟེར་སྒྲིབ་པ་ལྟར་རེད།
བསྟན་འཛིན་ལགས་ཀྱིས་ངའི་དྲང་བདེན་ལ་རྒྱབ་སྐྱོར་བྱས་པར་དགའ་པོ་བྱུང་། ཐུགས་རྗེ་ཆེ།
སྙིང་ཉེ་བའི་དྲ་གྲོགས་ཁྱུང་སེ་ལགས་་་ཀློང་ཆུང་གིས་ང་ལ་སྨྱོན་པ་འབོད་པ་འདི་དམོད་འབོད་མ་རེད་འདོད། ངས་བསམ་ཚུལ་བྱས་ཀློང་ཆུང་ལགས་ང་ལ་སེམས་ཐག་ཉེ་པོ་ཡོད་པའི་འབོད་སྟངས་ཤིག་རེད་འདོད། ང་ཚོ་ཏྲེ་ཧོར་ཁམས་པའི་ཡུལ་དུ་སྙིང་ཉེ་བའི་གྲོགས་པོ་ཡིན་ན་་ཐུག་དུས་སུ་སྨྱོན་པ་ཁྱོད་ཟེར་བ་དང་། ཤི་རན་རྒྱུ་ཁྱོད། ཁ་དམྱལ་བའི་ནང་དུ་འཁོར་གྱི་ཁྱོད་བསླེབས་ཡོད་པེ་་་ཟེར་ནས་འཚམས་འདྲི་ཞུ་གི་རེད།
ཧང་ཅང་སྙིང་ཉེ་བའི་གྲོགས་ལ་འབོད་ཀྱི་རེད། གཅིག་གིས་གཅིག་ལ་རྒྱུས་མངའ་ཡོད། གཅིག་སེམས་གཅིག་གིས་ཤེས། ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་སའི་གྲོགས་པ་ལ་དེ་འདྲ་འབོད་སྲོལ་ཡོད། ད་རིང་་ཀློང་ཆུང་གིས་ཅོ་རི་སྨྱོན་པ་ཟེར་ནས་འབོད་པ་འདིར་ངས་གོ་བ་ལེན་སྟངས་བྱས་ན་དམའ་འབོད་མ་རེད། དུང་འབོད་རེད་འདོད་་་ཧཧ
ཁྱུང་སེ། ཁྱོད་རང་བོན་པོ་ཞིག་ཡིན་པ་བཤད་མི་དགོས་པར་གཤམ་བཞག་འདུག ད་དུང་མི་ལ་མགོ་སྐོར་གཏོང་རྩིས་མ་བྱེད། མི་ཚང་མ་གླེན་པ་ལུག་འདྲ་མ་ཡིན་པ་ཤེས་པར་གྱིས། མི་སུ་ཡིན་ཡང་རང་ཉིད་མི་དགའ་ས་ལ་བསྟོད་པ་འཐེན་ན་དགའ་གི་མ་རེད་ལ། བསྟོད་མི་འོས་པ་ལ་བསྟོད་པ་འཐེན་ན་དེ་ལས་ཀྱང་དགའ་གི་མ་རེད། འདི་ནི་ཆགས་སྡང་ཅན་གྱི་འགྲོ་བ་མི་ཚང་མའི་རང་གཤིས་རེད། དགྲ་བོའི་དགྲ་བོ་དེ་ངའི་གྲོགས་པོ་ཡིན་ལ། དགྲ་བོའི་གྲོགས་པོ་དེ་ངའི་དགྲ་བོ་ཡིན་ཞེས་པའི་སྐད་ཆ་འདི་གོ་ཨེ་མྱོང་། ཅོ་རི་ཁྱོད་ཚོ་འདྲ་པོ་བློ་རྒྱ་ཅན་ཡིན་ན་བློ་རྒྱ་མེད་པའི་མི་གཞི་མ་གྲུབ་པ་ངས་ཁས་ལེན་ནུས། རང་ཉིད་མ་གཏོགས་ཚང་མ་སྐྱོན་གྱི་ཕུང་པོར་མཐོང་མཁན་དེ་ལ་བློ་རྒྱ་ཅན་ཞེས་པའི་སྒྲ་ནམ་ཡང་མི་འཇུག་པ་ཤེས་པར་གྱིས།
བསྟན་འཛིན། ངས་བསྟོད་དགོས་ས་དེ་ལ་བསྟོད་ཀྱི་ཡོད་ལ་སྨད་དགོས་ས་དེ་ལ་སྨད་ཀྱི་ཡོད། ཁྱོད་ཚོ་ལྟ་བུའི་ཕྱི་འཇམ་ནང་རྩུབ་གྲོད་པུ་མགོ་ཞིག་ནམ་ཡང་བྱེད་མ་མྱོང་། ཁྱོད་ཚོས་སྐྲག་མི་དགོས་ས་ནས་བོད་རང་གི་བླ་དཔོན་ཚོར་ཅིག་བཤད་ཁུལ་བྱེད་པ་ལས། དགྲ་བོ་རྒྱ་དམར་ལ་ཚིག་ཅིག་བཤད་ནུས་ཀྱི་མེད་པ། དེ་འདྲ་དེ་ལ་དཔའ་བོ་ཟེར་ལེ་མ་རེད་ལ། དྲང་པོ་དེ་བས་ཀྱང་ཟེར་ལེ་མ་རེད། ལར་ནས་ཅོ་རི་དང་ཁྱུང་སེ་ཀརྨ་བློ་ཁྱེད་ཚོ་བཟོ་གྲྭ་ཅིག་ནས་ཐོན་པའི་ཅ་དངོས་ཡིན་པ་ཁ་བརྡ་དྲ་རྒྱའི་ནང་གི་མི་ཚང་མས་ཤེས་གསལ་རེད། ཁྱེད་ཚོས་ཅིག་གིས་ཅིག་ལ་བསྟོད་ཁུལ་བྱེད་ཀྱང་དེས་མི་སུ་ཡང་མགོ་སྐོར་གཏོང་ཐུབ་ཀྱི་མ་རེད། མེས་རྒྱལ་ཟེར་ནས་ག་དུས་ཡིན་ཡང་རང་ཁྱིམ་ལ་འགྲོ་འགྲོ་བྱེད་མཁན་ནི་དོལ་ཚོགས་ཀྱི་ཚོགས་མི་ཚོ་ཡིན་པ་བཤད་མི་དགོས་པར་བཤམ་བཞག་ཡོད་པ་རེད། འདིས་སྟེང་ནས་ཁོ་ཚོས་རྒྱ་གཞུང་གི་འདོད་པ་ཡོངས་རྫོགས་སྒྲུབ་ཀྱི་ཡོད་པ་ཡང་གསལ་པོ་ཆགས་པ་རེད། དོལ་རྒྱལ་བས་འདྲེ་ཞིག་གསོལ་རྒྱུའི་ཆེད་དུའམ་རྒྱ་དངུལ་དམར་པོའི་ཆེད་དུ་རང་རིགས་བློས་གཏོང་བྱས་པ་འདིས་བོད་མི་ནང་ཁུལ་མི་བདེ་བ་བཟོས་པ་རེད་ལ། ཁོ་ཚོས་བླ་མའི་དམ་ཚིག་ལས་ཤི་འདྲེ་དོལ་རྒྱལ་དང་རྒྱ་དངུལ་དམར་པོའི་བམ་ཁ་གཉིས་རྩ་ཆེར་རྩིས་པས་ཁོ་ཚོ་དམ་ཉམ་ཆགས་སོང་བ་རེད། བཟང་ངན་དབྱེ་འབྱེད་མི་ཤེས་པའི་མི་ཁྱོད་ཚོས་ག་དུས་ཡིན་ཡང་སྐྱག་པ་དང་གསེར་གཉིས་ཅིག་མཚུངས་སུ་ལྟ་བ་འདི་ངས་ཤེས་ཀྱི་ཡོད་ལ། འདིས་སྟེང་ནས་ཁྱོད་ཚོ་ལ་འགྲོ་བ་མི་ཡི་རིན་ཐང་ཞིག་མེད་པ་ཡང་གྲུབ་ཡོད།
དོལ་རྒྱལ་ཚོགས་པའི་མགོ་གཙོ་གངས་བླ་ལ་ཕྱིར་སྡོད་བོད་མིའི་སྐུ་ཚབ་ཀྱི་གོ་ས་སྤྲད་མཁན་དེ་རྒྱ་དམར་གཞུང་རེད། འདི་ཁོ་ནས་དོལ་ཚོགས་རྒྱ་དམར་གྱི་རྩ་འཛུགས་ཡིན་པ་ཤེས་ཐུབ་པ་ཞིག་རེད། གོང་དུ་གཅིག་གིས་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཚོ་རྒྱ་ནག་གི་སྐུ་མགྲོན་ལ་སོང་ཚུལ་གྱི་མགོ་མཚུངས་བཤད་ཁུལ་བྱས་པ་དེ་བླུན་བཤད་རེད། བཙན་བྱོལ་བོད་གཞུང་ང་ཚོའི་ཁྲིམས་མཐུན་གྱི་སྐུ་ཚབ་རེད། བོད་མི་ས་ཡ་དྲུག་གི་སྐུ་ཚབ་ཡོང་མིན་མི་ཤེས་ཀྱང་བཙན་བྱོལ་བོད་མི་འབུམ་ལྷག་གི་སྐུ་ཚབ་མི་ཡོང་ཟེར་ས་མེད་པ་རེད། དགའ་ལྡན་ཕོ་བྲང་ལྟ་བུ་ཡིན་ན་བོད་ལ་ཁྲལ་བསྡུ་ཁྲིམས་གནོན་མི་ལོ་བཞི་བརྒྱར་ཉེ་བའི་རིང་ལ་བྱས་པ་རེད། དེའི་རྗེས་སུ་ད་ལྟའི་བློ་སེང་སྲིད་གཞུང་བོད་མི་མང་གིས་བདམས་ནས་བསྐོས་པ་རེད། གངས་བླ་བོད་མིའི་སྐུ་ཚབ་ལ་རྒྱ་དམར་གྱིས་ཐད་བསྐོས་བྱས་པ་མ་གཏོགས་ང་ཚོས་བསྐོས་མྱོང་མེད། མ་གཞི་དོལ་ཚོགས་ཀྱི་ནང་དུ་བོད་མི་མང་པོ་གང་ཡང་མེད་ལ་རེ་ཟུང་ཡོད་ན་ཡང་དེ་ཚོ་དོལ་ཚོགས་ཀྱི་ཇུས་འགོད་མཁན་ཡིན་པའི་རྟགས་མཚན་མི་འདུག
ལོང་ཏོག་ལགས་ང་གང་ཡིན་རུང
གནད་འགག་མི་འདུག་ཁྱད་པར་གང་ཡང་མེད་མི་ཁྱོད་འདྲ་བ་རྒྱ་ཁྱི་ནང་བཞིན་རྟག་པར་ཚིག་རྩུབ་རྐྱང་ཨབ་ཀི་ཡོད་པར་གནང་བར་འགྲོ་གི་མེད་་་དགའ་ནའང་མ་དགའ་ནའང་འདྲ་དེ་ག་རང་རེད། ཁྱོད་ཀྱིས་ཁོག་ཏུ་རྙིང་མར
བཅང་ནས་དོལ་ཚོགས་དགག་ཁུལ་བྱེད་པ་དེ་ནི་དོན་ལ་དགེ་ལུགས་དང་ཆོས་རྒྱུད་གཞན་མ་ཚོར་འགོག་འདོད་པ་དེ་རེད། མི་ཁྱོད་འདྲའི་ཁ་ནས་བདེན་གཏམ་གཅིག་ཀྱང་འདོན་མི་སྲིད་ལ་རེ་བའང་མེད།
་་་་་་་་་་་་་་ མེས་རྒྱལ་ཟེར་ནས་ག་དུས་ཡིན་ཡང་རང་ཁྱིམ་ལ་འགྲོ་འགྲོ་བྱེད་མཁན་ནི་དོལ་ཚོགས་ཀྱི་ཚོགས་མི་ཚོ་ཡིན་པ་བཤད་མི་དགོས་པར་བཤམ་བཞག་ཡོད་པ་རེད། འདིས་སྟེང་ནས་ཁོ་ཚོས་རྒྱ་གཞུང་གི་འདོད་པ་ཡོངས་རྫོགས་སྒྲུབ་ཀྱི་ཡོད་པ་ཡང་གསལ་པོ་ཆགས་པ་རེད། དོལ་རྒྱལ་བས་འདྲེ་ཞིག་གསོལ་རྒྱུའི་ཆེད་དུའམ་རྒྱ་དངུལ་དམར་པོའི་ཆེད་དུ་རང་རིགས་བློས་གཏོང་བྱས་པ་འདིས་བོད་མི་ནང་ཁུལ་མི་བདེ་བ་བཟོས་པ་རེད་ལ། ཁོ་ཚོས་བླ་མའི་དམ་ཚིག་ལས་ཤི་འདྲེ་དོལ་རྒྱལ་དང་རྒྱ་དངུལ་དམར་པོའི་བམ་ཁ་གཉིས་རྩ་ཆེར་རྩིས་པས་ཁོ་ཚོ་དམ་ཉམ་ཆགས་སོང་བ་རེད། བཟང་ངན་དབྱེ་འབྱེད་མི་ཤེས་པའི་མི་ཁྱོད་ཚོས་ག་དུས་ཡིན་ཡང་སྐྱག་པ་དང་གསེར་གཉིས་ཅིག་མཚུངས་སུ་ལྟ་བ་འདི་ངས་ཤེས་ཀྱི་ཡོད་ལ། འདིས་སྟེང་ནས་ཁྱོད་ཚོ་ལ་འགྲོ་བ་མི་ཡི་རིན་ཐང་ཞིག་མེད་པ་ཡང་གྲུབ་ཡོད། ་་་་་་་་་་
ངས་ཀྱང་འདི་བདེན་པ་རེད་སྙམ་ལགས།
ལོང་ལྟོགས་ལགས། ཁྱེད་ཚོས་རྒྱ་དམར་གྱི་རྩ་ཁྲིམས་འོག་ཏུ་མེས་རྒྱལ་ཁྱིམ་ཚང་དུ་ལོག་རྒྱུ་ཡིན་སྐོར་འཛམ་གླིང་གང་སར་སྒྲོགས་བཞིན་པ་དེ་དང་དོལ་ཚོགས་མི་སྣ་རྒྱ་དམར་ལ་སྤྱོད་བཞིན་པ་གཉིས་ཆ་ཚོགས་པ་དང་མི་སྣ་ག་གེ་མོའི་འདོད་བབ་དང་དགོས་དམིགས་ཤིག་པར་འདྲ་མཚུངས་རེད་འདུག། ཁྱེད་ཚོའི་ཁ་ནས་ཞི་བདེ་དང་འཚེ་བ་མེད་པ། འདྲ་མཉམ་དང་གྲོས་མོལ་སོགས་བཤད་བཞིན་དུ་ནང་ཁུལ་འབུར་འཇོམས་དང་རྫུན་སྒྲིགས་གྱིས་ཆོལ་ཁ་དང་ཆོས་ལུགས་གཏོར་བ་ཉུང་ཉུང་མ་རེད། ཁྱེད་ཚོས་ཁ་ནས་བཤད་པ་དང་ལག་ལེན་གཉིས་མི་མཚུངས་པས་ད་ཆར་བོད་མི་ཁྲི་ཚོ་བཅུ་གྲངས་ཁ་ཤས་དེ་ཡང་ཁ་འཐོར་དགུ་ཐོར་འགྱུར་བཞིན་པ་འདིར་རྣོ་བསམ་གཏོང་གི་ཨ་ཡོད། ང་ཚོ་མི་ཡིན་པས་འཛམ་གླིང་མིའི་ཀུན་སྤྱོད་དང་བཟང་ངན་གྱི་་བྱ་སྤྱོད་་ཡང་ཤེས་ཀྱི་ཡོད་ལ། ང་ཚོ་མི་ཡིན་པས་མི་ཡི་དྲང་ཚུབ་དང་གཡོལ་སྒྱུར་ཡང་ཤེས་ཀྱི་ཡོད། སྐབས་འཚོལ་ལམ་འགོ་འདོགས་རིང་ལུགས་པ་ཚོ།
སྤོབས་མཐའ། གངས་ཅན་བླ་མ་རྒྱ་གཞུང་གིས་ཕྱི་སྡོད་བོད་མིས་སྐུ་ཚབ་བསྐོས་ཡོད་པ་ཡིན་ན་ཡག་པོ་རེད་བ། ཁྲིམས་མཐུན་མ་རེད་པེ། འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྱང་ཕྱི་སྡོད་བོད་མིའི་སྐུ་ཚབ་ཡིན་པར་ཁས་ལེན་འགྲོ་གྱི་རེད། འཛམ་གླིང་ཡོངས་ཀྱིས་རྒྱ་ནག་གཅིག་གིས་སྲིད་ཇུས་ཁས་ལེན་པ་མ་ཟད་རྡ་སའི་བཙན་སྒྲིག་འཛུགས་ཀྱིས་ཀྱང་ཁས་ལེན་བཞིན་ཡོད་པ། བོད་ཀྱི་གནས་དོན་དེ་ཉིད་རྒྱ་ནག་གི་ནང་སྲིད་ཡིན་པར་ཁས་ལེན་བཞིན་ཡོད་པ།
ཤུགས་ལྡན་བརྟེན་མཁན་གྱི་སྒྲིག་འཛུགས་ཀྱི་སྐུ་ཚབ་གངས་ཅན་བླ་མ་ཕྱི་སྡོད་བོད་མིའི་སྐུ་ཚབ་ཡིན་པར་རྒྱ་གཞུང་གི་ཁས་ལེན་བཞིན་ཡོད་ན་རླབས་ཆེན་རེད་བ། དོལ་རྒྱལ་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་གངས་བླ་ཕྱི་སྡོད་བོད་མིའི་སྐུ་ཚབ་བསྐོས་ཡོད་ཀྱི་རེད་བ།
ཏ་ལའི་བླ་མའི་སྐུ་ཚབ་ཡང་བཙན་བྱོལ་མི་དམངས་ཀྱིས་བསྐོས་པ་མ་རེད་བ། ཁོ་རང་ཚོས་སྒེར་གྱིས་བསྐོས་པ་ཡིན་པ། བཙན་བྱོལ་མི་དམངས་ཡོངས་ཀྱིས་ངོས་ལེན་ཡོད་པའི་སྐུ་ཚབ་ཞིག་སུ་ཡང་ད་ལྟའི་བར་དུ་བྱུང་མྱངས་མེད་པ། ཚང་མས་ཡིན་མདོག་མདོག་བྱས་བསྡད་པ་མ་གཏོགས། སུ་ལ་ཐོབ་ཐང་ཡོད་དམ།
བཙན་བྱོལ་སྒྲིག་འཛུགས་ཀྱི་སྐུ་ཚབ་ཡིན་ནའང་་དོན་དངོས་ཐོག་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་ཚོའི་སྐུ་ཚབ་རེད། མ་གཏོགས་ཕྱི་སྡོད་བོད་མི་ཡོངས་ཀྱི་སྐུ་ཚབ་མ་རེད།a དོལ་རྒྱལ་སྒྲིག་འཛུགས་ཀྱི་སྐུ་ཚབ་ཡིན་ནའང་དོལ་རྒྱལ་ཚོགས་པའི་ཚོགས་མི་ཚོའི་སྐུ་ཚབ་རེད་མ་གཏོགས་ཕྱི་སྡོད་བོད་མི་ཡོངས་ཀྱི་་སྐུ་ཚབ་མ་རེད།
ཕྱོགས་ཁག་གཉིས་ཀ་ལ་རང་རང་སོ་སོའི་ཕྱོགས་ཀྱི་གནས་དོན་རྒྱ་གཞུང་གི་མཉམ་དུ་བཤད་པའི་དབང་ཚོད་ཡོད་པ་ཙམ་ལས་བོད་རྒྱལ་ཁབ་ཆེན་མོའི་གནད་དོན་བཤད་པའི་དབང་ཚོད་ཕྱོགས་གཉིས་ཀ་ལ་མེད་དོ།
་་་་་་་་་་་་ ཏ་ལའི་བླ་མའི་སྐུ་ཚབ་ཡང་བཙན་བྱོལ་མི་དམངས་ཀྱིས་བསྐོས་པ་མ་རེད་བ། ཁོ་རང་ཚོས་སྒེར་གྱིས་བསྐོས་པ་ཡིན་པ། བཙན་བྱོལ་མི་དམངས་ཡོངས་ཀྱིས་ངོས་ལེན་ཡོད་པའི་སྐུ་ཚབ་ཞིག་སུ་ཡང་ད་ལྟའི་བར་དུ་བྱུང་མྱངས་མེད་པ། ཚང་མས་ཡིན་མདོག་མདོག་བྱས་བསྡད་པ་མ་གཏོགས། སུ་ལ་ཐོབ་ཐང་ཡོད་དམ། ་་་་་་་་་ཟེར།
དགེ་ལུགས་ཀྱིས་ཅང་མི་འཇོན་གི གནའ་སྔ་མོ་ནས་ཁོ་རང་ཚང་གིས་མི་འཇོན་པ་དེ་ངོས་འཕྲོད་ནས་བོད་ཀྱི་ཆབ་སྲིད་ལས་དོན་འདི་རྒྱལ་རྒྱུད་ལམ་ལུགས་སམ་དམངས་གཅོ་ལམ་ལུགས་སུ་བསྒྱུར་མ་ཐུབ་རུང་། བོད་ཀྱི་ཆབ་སྲིད་འགན་དབང་འདི་བཀའ་བརྒྱུད་པའི་ལག་ཏུ་བཞག་ཡོད་ན་དེང་སང་བོད་འདི་ཨ་མེ་རི་ཁ་ལྟ་བུ་ཞིག་འགྱུར་ཡོད་རྒྱུ་རེད། ལྷག་པར་ཡང་ཀམ་ཚང་འདི་ཆབ་སྲིད་ལ་མཁས་པ་དཔེ་ཡིན། ས་སྐྱའི་ལག་ལ་བཞག་ཡོད་ན་དེང་སང་དབྱིན་ཇི་རྒྱལ་ཁབ་ལྟ་བུ་ཞིག་ཆགས་ཡོད་ངེས་རེད། ས་སྐྱའི་གོང་མའམ་རྒྱལ་པོ་ནི་ད་ལྟ་ཡང་ཡོད་ཡོད་པ་རེད། རྙིང་མའི་ལག་ལ་བཞག་ཡོད་ན་མ་མཐའ་ཡང་འཇར་མ་ནི་ལྟ་བུ་ཞིག་ཆགས་ཡོད་གྱི་རེད། བོན་པོའི་ལག་ལ་ཕུལ་བཞག་ཡོད་ན་འཇར་པན་ལྟ་བུ་ཞིག་ཏུ་གྱུར་ཡོད་ངེས་རེད། ཇོ་ནང་པའི་ལག་ཏུ་བཞག་ཡོད་ན་ཡང་ལྷོ་ཁོ་རེ་ཡ་འདྲ་པོ་ཞིག་ཏན་ཏན་བཟོས་ཡོད་པ་རེད། མདོར་ན་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་གང་ཡིན་རུང་དོལ་རྒྱལ་ལ་ལུང་བསྟན་ཞུས་པའི་ཚོད་ལ་མེད་པ་རེད། དེ་ཀུ་རེ་ཡིན་ད།
ཏཱ་ལའི་བླ་མའི་སྲིད་གཞུང་འདི་ལ་མི་ལོ་བཞི་བརྒྱར་ཉེ་བའི་རིང་ལ་བོད་ལ་ཁྲལ་བསྡུ་ཁྲིམས་གནོན་བྱས་པའི་ལོ་རྒྱུས་ཡོད་པ་རེད། གངས་བླ་དང་ཅོ་རི་ཁྱོད་གཉིས་ལ་བསྡུར་ཐབས་ཞིག་གང་ན་ཡོད།
་་་་་་་་ ཏ་ལའི་བླ་མའི་སྐུ་ཚབ་ཡང་བཙན་བྱོལ་མི་དམངས་ཀྱིས་བསྐོས་པ་མ་རེད་བ། ཁོ་རང་ཚོས་སྒེར་གྱིས་བསྐོས་པ་ཡིན་པ། ་་་་་་་་་་ ཟེར་ན་ག་རེ་ཟེར་བགྱིད་ཡོད། ཅོ་རི་ལགས། གསལ་བཤད་ཅིག་གྱིས་དང་། ལགས།
ཅོ་རི་ལགས། ངེད་ཚང་གི་དགའ་ལྡན་ཕོ་བྲང་འདི་མ་འཚམས་པ་རེད་མ་གཏོགས་འདི་ལ་སྔོན་མའི་ཁ་རྗེ་དབང་དེ་ཡོད་ན་གངས་བླ་ཁྱོད་གཉིས་ཀའི་རྐུབ་ལ་ལྕགས་ཚན་བརྒྱ་ཚར་རེ་རྒྱག་པའི་ཁྲིམས་མཐུན་ཐོབ་ཐང་ཡོད་པ་རེད། གལ་སྲིད་བོད་ལ་རང་དབང་རང་བཙན་ཞག་ཡོད། ང་ལ་དགའ་ལྡན་ཕོ་བྲང་ཚང་གི་ཉེན་རྟོག་པའི་གོ་ས་ཐེབས་ཆག་ཅིག་ཡོད་ན་ངས་གངས་བླ་ཁྱེད་གཉིས་ཀ་ལ་བཟོ་ལྟ་སྤྲད་ས་རེད། ངའི་ལག་ལ་ཟ་འཕྲུག་འདྲ་ཞིག་ལངས་འདུག་གི
ཀརྡོ་ལགས་མཆན་༨༠ དེ་ལ་ལན་འདྲ་མི་འདུག་གམ་
དོལ་རྒྱལ་ལ་ལུང་བསྟན་ཞུ་མཁན་དགེ་ལུགས་པ་གཅིག་པོ་ཡིན་ཚོད་མི་འདུག་ད་དུང་ཡོད་ས་རེད། ད་ལྟའང་གསང་བ་བྱས་ནས་མི་བསྟེན་མདོག་མདོག་བྱེད་ཀྱི་འདུག་སྟེ་་་་རྩ་བ་དྲུས་ན་གསལ་པོ་ཆགས་སྲིད།
མཆན་༨༠པ་དེ། ཀུ་རེ་ཙམ་ལས། ངའི་དྲི་བར་ལན་མི་འདུག་གོ
ཧཧཧ་་་དགའ་ལྡན་ཕོ་བྲང་ལ་དབང་བྱུང་ན་ཟངས་རྟ་མེ་འབར་གྱི་ཐོག་ཏུ་བཞག་ནས་ཤ་སྲེག་གཏོང་གི་རེད། ཁྱོད་ཀྱི་སྐད་ཆ་བདེན། xxxདགའ་ལྡན་ཕོ་བྲང་པས་རང་བཙན་ཤོར་མེད་ན་ལུང་ཤར་བཞིན་དུ་མིག་རིལ་གཏོན་གི་ཡོད་ཀྱི་རེད་བ། ་་་་ཧཧཧ ང་ཡང་དམངས་གཙོ་ལ་དགའ། ཆོས་ལས་མང་བ་དམངས་གཙོ་ལ་དགའ།
གངས་བླ་དང་ཅོ་རི་འདྲ་བ་འདི་ཚོ་ཟངས་རྟ་ཞིག་བསྐྱོན་པའི་དཀའ་ལས་དགོས་ཀྱི་མ་རེད། རྐུབ་ལ་ལྕགས་ཚན་བརྒྱ་ཤར་ཞིག་གཞུ་དང་དེ་ནས། དགའ་ཕོས་ཅི་ལྟར་བཀའ་བསྩལ་པ།།དེ་དག་ཐམས་ཅད་བདག་གིས་བགྱི།།ཟེར་གི་རེད། འདི་ཚོ་ལ་དེང་སང་ལྕགས་ཚན་བཞུ་མཁན་མེད་ནས་འདི་ཚོས་འད྄ི་འདྲ་ཁྲིམས་མེད་ལུགས་མེད་བྱེད་འདུག་གི་ཡོད་རེད།
ཁྱུང་སེ་ལགས། འདི་ན་ངེད་ཁག་གཉིས་སྟག་སེང་ཁ་འཐབ་པའི་བར་ལ་ཁྱེད་ཚང་ཝ་སྐྱེས་འདྲ་བ་ཚོ་རྒྱུག་འདུར་མ་མང་རོགས།
ཧཧཧཧ་སྟག་སེང་རང་གིས་རང་བསྐྱག་སྣང་བས་སྣང་བ་བསྐྱག་
སྤོབས་མཐའ་་་གནས་ལུགས་འདྲ་བཤད་ཀྱི་མེད་ན་་་དགོངས་པ་ཞུ་གི་ཡིན། ལྕགས་ཚན་བཞུ་ཡ་བསམ་བློ་གཏོང་མ་སྡོད། སྒེར་གཅོད་པའི་རང་གཤིས་ངན་པ་དེར་དོར་ཐབས་བྱོས། མིས་མི་ལ་མནར་གཅོད་གཏོང་གྱི་བསམ་བློ་འཁོར་མ་སྡོད། རང་དབང་དང་དམངས་གཙོ། འདྲ་མཉམ་དང་དྲང་བདེན་གྱི་ཕྱོགས་སུ་གོམ་ཁ་བསྒྱུར་རོགས་ཅེས་རེ་བ་ཡིན་ད།
ཁྱོད་ཀྱིས་ཁྱུང་སེ་ལ་ཝ་སྐྱེས་འདྲ་ཞིག་འབོད་མདོག་མདོག་མ་བྱས།
བྱ་འདབ་ཆགས་ནང་གི་ཁྱུང་ཆེན་རེད།
བུ་མཁས་པའི་ནང་གི་དྲང་བདེན་རེད།
བོད་མི་རིགས་ནང་གི་བསམ་ཤེས་རེད།
གནས་ཁ་བརྡའི་དྲ་བའི་མཁས་དབང་རེད།
ཨོ་རེད་་་སྤོབས་མཐའ་་་སྟག་སེང་འདྲ་ཞིག་ལབ་མ་འོང་ཨ་་་་ང་ཅོ་རི་ངོ་ཚ་གྱི་ཡོད་མཁན་ཞིག་ཡིན། ཁྱོད་རང་སྟག་ཡིན་ན་ཡིན། སེང་གེ་ཡིན་ན་ཡིན། ང་ནི་བོད་མི་དཀྱུས་མ་བ་ཞིག་ཡིན་པས་་་དེ་འདྲ་ལབ་ན་ངོ་ཚ་ནས་ཁ་བརྡའི་ཐོག་ཏུ་ཡོང་་མི་ཕོད་པ་ཆགས་ས་རེད་ད།
ཅོ་རི་ལགས། སྤྱི་ཚོགས་ནང་དུ་ལྕགས་ཚན་གཏང་དགོས་སའི་མི་ཡང་ཏན་ཏན་འདུག བོད་མིའི་གཏམ་དཔེའི་ནང་དུ། གོ་བ་མེད་པའི་གླང་རྒན་ལ།།རྒྱལ་པོའི་བཀའ་ལས་དབྱུག་པ་བཙན།།ཞེས་པ་དེ་འདྲ་མིན་ནམང། ང་དགའ་ལྡན་ཕོ་བྲང་གི་ཉེན་རྟོག་པ་ཞིག་བཟོ་ཐུབ་ན་ད་ལྕགས་ཚན་གཏང་དགོས་ས་གཉིས་ཏན་ཏན་འདུག
གོ་བ་མེད་པའི་གླང་རྒན་ལ་་་རྒྱལ་་པོའི་བཀའ་ལས་དབྱུག་པ་བཙན་ཞེས་པའི་གཏམ་དཔེ་འདི་ཁོ་རང་ངོ་བོ་སྒེར་གཅོད་དང་། རིག་པའི་གཞུང་ལུགས་དང་འགལ་ཡོད་པའི་ཚིག་རེད། སྨྲ་ཤེས་དོན་གོ་བ་མིའི་མཚན་ཉིད་ཡིན་ཟེར་བའི་གཞུང་ལུགས་འགལ་ཡོད་རེད། སྨྲ་ཤེས་དོན་མི་གོ་བའི་མི་ཞིག་ཡོད་པ་ཁྱོད་ཀྱིས་ཁས་ལེན་ཡིན་ནམ།་་་་ཧཧཧ ད་་་ཁྱོད་ལ་གནས་ལུགས་ཡོད་པའི་སྐད་ཆ་མེད་པར་ལག་ཏུ་ལྕགས་ཚན་འཛིན་འདོད་ཡོད་ན་་་་གྲྭ་སའི་དགེ་སྐོས་བྱེད་མཁན་རྒྱུགས། གཞན་འཛམ་གླིང་འདི་ལ་ཕར་ཆེས་ལྕགས་ཚན་ལག་ཏུ་བཟུང་མཁན་ཡོད་ས་མེད་ཡ།
ཧ་ཧ་སྤོབས་མཐའ་འདིས་རང་གིས་རང་བསྐྱག སྣང་བས་རིག་པ་བསྐྱག སྐྱག་པས་རྐུབ་བསྐྱག་་་་ཟརར་བ་ལྟཏ་ཡོང
རྒྱུ་དེ་རེད། དྲང་བདེན་ཅོ་རི་པས་ཅི་ཞིག་བཤད་མ་སོང་ངམ། ཁྱོང་རང་སེང་གེ་ཡིན་ནའང་ཡིན་སྟག་ཡིན་ནའང་ཡིན། ཁོང་ལ་དེ་ལྟར་མ་བཤད་རོགས་་་་དེ་གཅིག་པོས་ཁོང་ནི་དྲང་བདེན་དང་གཟུར་གནས་པས་བསམ་ཡོད་ཅན་ཡིན་པར་མཚོན་ནུས་ཤིང་་་་ཁྱེད་ནི་རྐྱལ་སྟོང་ཕུ་ཡིས་བཀང་པ་ལྟ་བུའི་ང་རྒྱལ་དང་སྤོབས་པས་རང་རྒྱུད་སྦོས་པར་བསྟན་མ་སོང་ངམ། ང་ལ་ཝ་མོ་ཟེར་ནའང་ཆོག་གང་ཞིག་བཤད་ཀྱང་ཁྱོད་རང་གི་དབང་རེད། མི་གཞན་ལ་སྐད་ཆ་ཤོད་དུས་གཟབ་དགོས་མ་གཏོགས་རྟག་པར་སྤོབས་པ་ཆེན་པོ་སྦལ་དོང་ལྟ་བུའི་བསམ་་བློ་ཁུར་ན་མི་ཚོས་མིག་བགྲད་ནས་ལྟས་ཡོད་རེད་ད་་་་་ཁོག་ནས་བགད་མོ་ཤོར་གི་རེད
ཁྱུང་སེ། ཁྱོད་རང་ང་ལ་སྣང་བ་འགྲོ་མ་འགྲོ་ཁྱད་པར་གང་ཡང་མེད། ངས་གང་བཤད་པ་དེ་དག་སུ་གང་སྣང་བ་འགྲོ་བའི་ཆེད་དུ་བཤད་ཀྱི་མེད། ངས་ང་རང་གི་ལྟ་ཚུལ་བཤད་པ་ཡིན་ལ་ལྟ་ཚུལ་མི་མཐུན་པ་ཚོ་ལ་དགག་སྒྲུབ་བྱེད་ཀྱི་ཡོད། ཁོད་ཚོ་སྣང་བ་འགྲོ་ན་འདྲ་མ་འགྲོ་ན་འདྲ་ངས་མུ་མཐུད་ནས་རང་གི་ལྟ་ཚུལ་བཤད་ཀྱི་ཡིན་ལ་དགག་སྒྲུབ་བྱེད་ཀྱི་ཡིན། དོལ་ཚོགས་དགག་པ་དེ་དགེ་ལུགས་དགག་འདོད་པ་ཡིན་ན་དེང་སང་དགེ་ལུགས་པ་བརྒྱ་ཆ་དགུ་བཅུ་གོ་ལྔ་དགེ་ལུགས་དགག་མཁན་ཡིན་པ་འདྲ། ཁོང་ཚོ་ཚང་མས་དོལ་རྒྱལ་དང་དོལ་རྒྱལ་བ་དགག་གི་འདུག དོལ་ཚོགས་དང་དགེ་ལུགས་གཉིས་དབྱེ་བ་ཕྱེ་མི་ཤེས་པའི་མི་ཁྱོད་ཚོས་ད་དུང་ཅིག་བཤད་ཁུལ་བྱེད་པ་ཡ་ཆ། ངའི་སྐད་ཆ་ལ་བདེན་པ་ཡོད་མེད་དེ་ཁྱེད་རང་གིས་ཐག་ཆོད་པ་ཞིག་མ་རེད། ཁ་བརྡའི་ནང་གི་དྲ་གྲོགས་ཡོངས་རྫོགས་ཀྱིས་ལྟས་ཡོད་རེད་ལ་བཟང་ངན་དབྱེ་འབྱེད་བྱེད་ཀྱི་ཡོད་རེད། མི་ཚང་མ་ཅོ་རི་བསྟན་འཛིན་ཁྱོད་ཚོ་ནང་བཞིན་བཟང་ངན་མི་ཤེས་མཁན་དེ་འདྲ་མ་རེད་དོ།།
འོ་མ་རེད་རིག་པའི་བུ་ལས་སོགས་ཀྱིས་ཅི་ཞིག་བཤད་མ་སོང་ངམ་་་་་་
བསྟན་འཛིན། བཙན་བྱོལ་གཞུང་གིས་རྒྱ་ནག་གི་རྩ་ཁྲིམས་འོག་ལ་འགྲོ་གི་ཡིན་ཟེར་གྱི་ཡོད་ཀྱང་དོལ་ཚོགས་བཞིན་དུ་རྒྱ་དངུལ་ལ་ལྟས་ནས་འགྲོ་ཡི་ཡིན་ཟེར་གྱི་ཡོད་པ་མ་རེད། མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད། དོལ་ཚོགས་ཀྱིས་ཐོབ་ཐང་ག་རེ་རྩོད་ཀྱི་ཡོད་པ་རེད། བཙན་བྱོལ་བོད་མི་མང་ཆེ་ཤོས་བོད་ནང་ལ་ལོགས་རྒྱུར་དཀའ་ངལ་ཡོད་ཀྱང་དོལ་རྒྱལ་བ་ཚོ་བོད་དང་རྒྱ་ནག་ནང་ལ་འགྲོ་བར་དཀའ་ངལ་ཅི་ཡང་མེད་པ་འདིས་རྒྱུ་མཚན་ཅི་ཞིག་རེད་ཨེ་ཤེས། དོལ་ཚོགས་དང་བཙན་བྱོལ་བ་གཞན་དག་གཉིས་རྒྱ་ནག་གི་འོག་ལ་འགྲོ་སྟངས་ཅིག་མཚུངས་ཡིན་ན་ག་རེ་བྱས་ནས་ཁྱད་པར་འདི་བྱུང་བ་རེད། འདི་ཚོ་ལ་བསམ་བློ་གཏོང་ཨེ་མྱོང་། ནང་ཁུལ་འབུར་འཇོམ་དང་རྫུན་སྒྲིག་ཀྱི་ཆོལ་ཁ་དང་ཆོས་ལུགས་གཏོར་མཁན་རྟག་ཏུ་དྲ་རྒྱའི་ནང་ཟུག་བཞིན་པའི་རྒྱ་ཁྱི་ཁྱོད་ཚོ་དང་དོལ་རྒྱལ་བ་ཁྱོད་ཚོ་རེད། ནང་ཁུལ་ལ་མི་གསོད་རྡུང་འཇིགས་སྐུལ་བྱེད་མཁན་དོལ་རྒྱལ་བ་ཡིན་པ་ལས་ང་ཚོ་མིན། ནང་ཁུལ་ལ་རྟག་པར་ཅིག་མ་འགྲིག་གཉིས་མ་འཐུས་ཞེས་སྐྱོན་བརྗོད་དང་དཀྲུག་ཤིང་ཁོ་ན་འཕེན་མཁན་དྲ་འབུ་སྐབས་འཚོལ་བ་ཁྱོད་ཚོ་ཡིན་པ་ལས་ང་ཚོ་མིན། བོད་མི་ཁྲི་ཚོ་བཅུ་གྲངས་དེ་ཁ་འཐོར་དགུ་འཐོར་དུ་གྱུར་པ་ཞེས་པ་དེ་ཁྱོད་རང་གི་ཞེ་འདོད་རེད་ལ་སྨོན་ལམ་རེད། འོན་ཀྱང་དོན་དངོས་ལ་དོལ་རྒྱལ་བའི་མི་ཉི་ཤུ་སུམ་བཅུ་ཞིག་དང་རྒྱ་དངུལ་གྱི་ཁེ་ཕན་ཟ་མཁན་དྲ་འབུ་ཁ་ཤས་ལས་བོད་མི་ཚང་མ་ཁ་རུག་རུག་དང་ཁ་སྤ་ཤིག་ཤིག་ཡིན་པ་ལས་ཁ་འཐོར་མེད། ཁྱོད་ཚོ་མི་ཡིན་ན་ཁྱོད་ཚོས་བཟང་ངན་ཤེས་ཀྱི་ཡོད་ན་ཁྱོད་ཚོས་རང་ཉིད་སུ་ཡིན་པ་ཤེས་ཀྱི་ཨེ་ཡོད། ཁྱོད་ཚོས་དགྲ་སུ་ཡིན་པ་ཤེས་ཀྱི་ཨེ་ཡོད་གཉེན་སུ་ཡིན་པ་ཤེས་ཀྱི་ཨེ་ཡོད། རང་ཉིད་ཀྱི་ཕྲག་ལ་བབ་པའི་འགན་འཁྲི་ཅི་ཡིན་པ་ཤེས་ཀྱི་ཨེ་ཡོད། བཙན་བྱོལ་ནང་ལ་ཅིའི་ཕྱིར་ཡོང་བ་ཤེས་ཀྱི་ཨེ་ཡོད། ཁྱོད་ཚོས་བོད་མི་ས་ཡ་དྲུག་ལ་ཕན་པའི་ལས་དོན་ཅི་ཞིག་སྒྲུབ་ཀྱི་ཡོད། བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་པའི་ལས་དོན་ཅི་ཞིག་སྒྲུབ་ཀྱི་ཡོད། དེ་ཚོ་ལ་བསམ་བློ་ཞིག་ཐོང་དང་དེ་ནི་མི་ཡིན་མིན་གཞི་ནས་ཤེས་ཡོང་།
ལུག་ལྟོགས་ལགས། དགེ་ལུགས་པས་དགེ་ལུགས་པ་བཏུལ་བའི་ཇུས་ངན་དེར་མཚམས་བཞག་གི་མིན་པེ། བོད་པས་བོད་པ་བཏུལ་བའི་ཇུས་ངན་དེར་མཚམས་བཞག་གི་མིན་པེ། གཞོན་ནུས་གཞོན་ནུ་བཏུལ་པའི་ཐབས་ཇུས་དེར་མཚམས་བཞག་མིན་པེ། ཁམས་པས་ཁམས་པ་བཏུལ་བའི་ཐབས་ཇུས་དེར་མཚམས་བཞག་མིན་པེ། ཏོག་ཙམ་མང་དྲག་སོང་ད།
མང་དྲག་ན་རང་མགོ་ལ་ཕྱིར་ལྷུང་འོང་གི་རེད་ད། ཁྱོད་ཚོས་མི་རིགས་རྩ་འཐོར་གཏོང་བའི་ཇུས་ངན་དེ་དག་ཡུན་རིང་་པོ་ལམ་དུ་འགྲོ་གྱི་ཁག་པོ་རེད་ད། དེང་རབས་༢༡་བརྡ་འཕྲིན་རིག་པའི་དེང་རབས་རེད་ད། རྫུན་རྐུབ་བཏོན་པའི་དེང་རབས་རེད་ད།
ཅོ་རི། དགེ་ལུགས་པས་དགེ་ལུག་པ་བཏུལ་མཁན་དོལ་རྒྱལ་བ་ཚོ་རེད་ད། དོལ་རྒྱལ་བས་དགེ་ལུགས་པའི་ངོམ་ཆོག་པའི་བླ་མ་མཁས་དེ་འདྲ་དཀྲོང་རེ་བ་བྱེད་ཆོག་པའི་གྲྭ་པ་ན་གཞོན་དེ་ཚོ་རྡུང་སོང་བ། དེ་དགེ་ལུགས་པས་དགེ་ལུགས་པ་བཏུལ་སྟངས་རེད། བོད་པས་བོད་པ་བཏུལ་སྟངས་ཡང་དེ་རེད་ལ་ཁམས་པས་ཁམས་པ་བཏུལ་སྟངས་ཡང་དེ་རེད། དེ་གོ་བར་གྱིས། དངོས་གནས་མང་དྲག་ན་རང་མགོ་ལ་ལྷུང་ཡོང་གི་རེད། དོལ་རྒྱལ་བ་ཚོ་རང་དབང་གི་སྒོ་ནས་བཞག་དུས་འདུག་མ་ཐུབ་པར་རྒྱ་དམར་གྱི་རྐུབ་ལྡག་བོད་རིགས་ཀྱི་བླ་བཙོང་། གོང་ས་མཆོག་ལ་ངོ་རྒོལ་བྱས་པའི་དབང་གིས་དེང་སང་འུག་པ་ཉིན་ལ་མཐོང་བ་བཞིན་མི་ཚང་མས་ལྟས་ངན་ལ་རྩི་དགོས་པ་འདི་བཟོས་པ་རེད། མི་རིགས་རྩ་གཏོར་གཏོང་བའི་ཇུས་ངན་ལམ་ལ་མི་འགྲོ་བའི་དཔེ་མཚོན་ཡང་འདི་རེད།
ཧཧཧ་་་སྐུ་ངོ་ལུག་ལྟོགས་ལགས། གཏམ་ཕ་པས་བཤད་དེར་མནའ་མས་མ་ཤོད། གཞོན་ནུས་གཞོན་ནུ་བཏུལ་བའི་ཇུས་ངན་འདི་ཡང་དོལ་རྒྱལ་བའི་ཐབས་ཇུས་རེད་དམ། ཧམ་བཤད་ཅན། རྫུནགཏམ་ཅན། ལོག་བཤད་པ།
ལི་ཐང་ཨ་ཐར་བཤའ་བཅོས་བྱས། མདོ་ཁམས་ཆུ་བཞི་སྒང་དྲུག་དུམ་ཁ་བྲལ་བཟོས། ཆུ་སྒང་གིས་ཆུ་སྒང་བཏུལ་པའི་ཐབས་ཇུས་བེད་སྤྱོད་བྱས་མཁན་ཡང་དོལ་རྒྱལ་བ་ཨེ་རེད་་་་ཧཧཧ་་་་སྙིང་རྗེ་ཨ ཁྱོད་ཚོས་མུ་མཐུད་ནས་ཧམ་བཤད་ཀྱིས་ག་ཚོད་བར་དུ་ཁུངས་ཁྱོག་གི་རེད་དམ།
་་་་ཧམ་བཤད་ཀྱིས་ག་ཚོད་བར་དུ་ཁུངས་ཁྱོག་གི་རེད་དམ།
འདི།
་་་་ཧམ་བཤད་ཀྱིས་ག་ཚོད་བར་དུ་ཁུངས་ཁྱོལ་བགྱིད་་རེད་དམ།
ཅོ་རི། གཞོན་ནུས་གཞོན་ནུ་བཏུལ་བ་ཞེས་པ་ཞིག་གོ་མ་མྱོང་ལ། དེ་འདྲ་ཞིག་ཡོད་ན་དེའི་ནང་ལ་དོལ་ཚོགས་དང་རྒྱ་ཁྱི་གང་རུང་གི་ལག་པ་རྐྱང་ཡོད་ངེས་ཡིན། ལི་ཐང་ཨ་ཐར་མ་ཁ་ཤི་དོན་ཡང་དོལ་རྒྱལ་ལ་ཐུག་ཡོད་པ་རེད། ཁོ་རང་དོལ་རྒྱལ་ཚོགས་པའི་ནང་ལ་ཞུགས་པའི་རྐྱེན་གྱིས་ཚེ་སྟོད་ལ་དཀའ་ལས་རྒྱབ་ཚད་འཕྲོ་བརླག་ལ་ཕྱིན་པ་རེད་ལ། ཨ་འབྲུག་སྦྱིན་བདག་སོགས་བྱས་པ་ཅན་གྱི་མི་ཚོའི་རྐང་པ་ལ་ཐག་པ་བཏག་བཞག་པ་རེད། ཆུ་སྒང་དུམ་བུར་འགྲོ་དོན་ཡང་འདི་དང་འབྲེལ་བ་ཡོད་ངེས། གང་ལྟར་གོད་ཆག་གང་བྱུང་བ་ཐམས་ཅད་དོལ་རྒྱལ་བ་དང་ཆོལ་ཞེན་ཅན་ཚོའི་བྱེད་ཉེས་ལས་བྱུང་བ་ཤ་སྟགས་རེད།
གཞོན་ནུས་གཞོན་ནུ་བཏུལ་བ་གོ་མ་མྱངས་ཨེ།་་་་་གོ་ཐུབ་ཀྱི་མ་རེད། རྩ་བ་ཁྱོད་ཚོ་ཐུག་བསྡད་ཡོད་པ། ཁྱོད་ཚོའི་དབུ་མ་ལ་ཐུག་ཡོད་པ། ས་གནས་བརྒྱད་ཀྱི་གཞོན་ནུས་དབུ་མ་རྒྱབ་སྐྱོར་མ་བྱས་ན་ཁ་བྲལ་གཏོང་གི་ཡིན་ཟེར་ནས་དུམ་བུ་བཟོས་ཡོད་པ། མཐོང་མ་བྱུང་ཨེ་་་ཁྱོད་ལ་ལོང་ཏོག་ཟེར་ནས་དྲ་གྲོགས་ཚོས་འབོད་པ་བསྡད་པ་དོན་ལ་གནས་སོང་། xx།
ཅོ་རི། ས་གནས་བརྒྱད་ཀྱི་གཞོན་ནུས་དབུ་ལམ་ལ་འགྲོ་དགོས་ཟེར་བ་དེ་གཞོན་ནུའི་གཞོན་ནུ་བཏུལ་བ་མ་རེད། ཁོ་ཚོས་དབུ་མའི་ལམ་ལ་གནས་ལུགས་རྒྱུ་མཚན་ཡོད་པ་མཐོང་ནས་དམངས་གཙོའི་ལམ་ལུགས་ལྟར་སོ་སོའི་ལམ་ཁ་སོ་སོས་གདམ་པ་རེད། གཞོན་ནུ་ཚོགས་པ་ནི་བོད་དོན་འཐབ་རྩོད་བྱེད་མཁན་གྱི་ཚོགས་པ་གལ་ཆེན་ཞིག་ཡིན་པས། གལ་ཏེ་དེའི་ནང་ལ་གཞོན་ནུ་དུམ་བུར་གཏོང་འདོད་ཀྱི་ངན་ཇུས་ཤིག་ཡོད་པའི་དབང་དུ་བཏང་ན། ཨང་དང་པོ་དོག་པ་ཟ་ས་ནི་རྒྱ་དམར་གྱི་རྒྱུག་ཁྱི་དོལ་རྒྱལ་ཚོགས་པ་ལས་གཞན་སུ་ལ་ཡང་དོག་པ་ཟ་ས་མེད།
རེ་སྐུལ།
ཁ་བརྡར་བཀོད་པའི་རྩོམ་རིགས་ལ་དྲ་གྲོགས་རྣམ་པས་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན།
ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ།
སྤྱིར་ན་བསམ་ཚུལ་མ་མཐུན་པ་ཡོང་བ་ནི་ཆོས་ཉིད་ཅིག་རེད། དེ་ཙམ་ལ་བརྟེན་ནས་དྲ་གྲོགས་ནང་ཁུལ་ལ་ཞེ་འཁོན་སློང་བྱེད་ཀྱི་ཚིག་ངན་རིགས་མི་སྤྱོད་པར་འཚལ། བརྗོད་གཞི་དང་འབྲེལ་ཡོད་ཐོག་ནས་བློ་སྐྱེད་ཡོང་ཞིང་མིག་དཔེར་འོས་པའི་དགོངས་ཚུལ་གསུང་གནང་ཡོང་རོགས་ཞུ།
སེམས་མི་སྐྱིད་དུས་ཁ་བརྡ་དྲ་བར་སོང་ནས་མི་གཞན་དང་ཆོས་བརྒྱུད་གཞན་ལ་གཤེ་གཤེ་བཏང་ན་སེམས་པ་ཡེངས་ཐབས་ལ་ཕན་གྱི་འདུག་ཟེར་མཁན་ཡོད་པ་འདྲ།
ཁམས་པའི་ཕོ་རྒོད་གདོང་ཐོག་སྤྲུལ་སྐུ་དང་།།
ཨ་མདོའི་དཔའ་བོ་པན་ཆེན་སྤྲུལ་སྐུ་དང་།།
དབུས་གཙང་དྲག་པོ་པད་རྡོ་སྤྲུལ་སྐུ་གསུམ།།
མདོ་དབུས་ཁམས་པའི་དཔའ་བོ་རྣམ་གསུམ་ཡིན།།
མཆན་ཉོག་མང་དྲགས་ནས་བལྟ་ཚོད་ཀྱང་མི་འདུག་སྟེ། མཇུག་ཏུ་ཀླུ་སྨྱོན་གྱིས་བཤད་པ་ངོ་མ་བདེན་པའི་བཟོ་ཞིག་ཏུ་སྣང་། ཁ་བརྡ་དྲ་ཚིགས་ནས་ཁ་འཛིང་བྱས་ཏེ་ནམ་ཚ་ཕུད་མཁན་ཚོ་སྒེར་གྱི་གནད་དོན་ཞིག་གིས་སེམས་པ་མ་སྐྱིད་པར་ཡོང་བ་ཤ་སྟག་རེད་སྙམ། དེ་ཡང་སེམས་སྡུག་ལ་ཆེ་ཆུང་དང་ལྕི་ཡང་འདུག རྟག་ཏུ་སེམས་ནད་ཐེབས་བསྡད་པ་ཚོ་རྟག་ཏུ་ཁ་འཛིང་བྱེད་པར་ཡོང་གི ཅི་བཤད་འདི་བཤད་མི་འདུག གང་ལྟར། དྲ་ཚིགས་འདིར་རྒྱུན་པར་ཉོག་གཏམ་མོལ་མཁན་ཚོ་འགན་ཁུར་དང་བློ་ཕུགས་གཏད་ས་མེད་མཁན་ཏག་ཏག་རེད། ཡིན་ཡང་། སྐབས་རེར་ཁོང་ཚོར་ཁ་གཙེས་ཏེ་བསྡད་ན་སྐྱིད་པོ་ཞིག་རེད།