གཙང་མེ་ལྕེ།
ས་སྲོད་ལ་འཁེལ་བའི་ར་མོ་ཆེའི་ལྟག་རྒྱབ་ན
ན་ནིང་ངེད་ཨ་ཞང་ཚང་གི་གཉེར་བའི་ཤེལ་ཁང་གྲུ་བཞི
གློ་བུར་གློ་བུར་དུ
སྦྱར་བྱུང་གི་དྲི་ངད་ཐུལ་བའི་ཁྲུས་གཞོང་རེ་རེ
ཆེས་སྲབ་པའི་ནུ་ཤུབས་དང་སྟུ་ཤུབས་ཅན་གྱི་རྒྱ་མོ་སྟེ
གཞང་བཙོང་མ་རེ་རེ་ཡིས་སྲུང་ནས་འདུག
གནམ་ཟླ་འཁྱག་གིས་བསྡམས་པའི་དགོང་མོ་དེར
ཉི་མའི་གྲོང་ཁྱེར་ཏེ་ལྷ་སའི་སྲང་བར་ན
ནང་མ་ཁང་གི་རོལ་དབྱངས་དང་སྣུམ་འཁོར་གྱི་ལྡིར་སྒྲ་ལས
ནམ་མཁའ་ལ་འོད་སྣང་མི་འདུག
ཁྲུས་ཁང་གི་ལོགས་ཤིག་ཏུ
ཤིང་གིས་བྱས་པའི་ཁང་ཆུང་དེའི་ཕུག་ན
རྡོ་བསྲེགས་ངར་མར་བཤོས་པའི་ཆུ་རླངས་་དེས་རྐྱེན་པས
དབུགས་ཀྱི་འབྱིན་རྔུབ་མི་ཐུབ་པའི་ཚོད་ཅིག་ལ
ཐད་ཐད་དུ་གཅེར་བུར་ཕྱི་རོལ་དུ་འབུད
སྒེའུ་ཁུང་ལས་མངོན་པ་ནི་ར་མོ་ཆེའི་རྒྱ་ཕིབས་སེར་པོ་དེེ
རྒྱ་ཕིབས་སེར་པོ་དེས་སྐྱེན་པས
ཕྱིར་དྲན་ཞིག་འགོག་མེད་དུ་བསྐུལ་བྱུང
ཕྱིར་དྲན་ཐིངས་ཤིག་གི་མོད་ལ
འགྱུར་བ”ཞེས་པའི་ཡིག་འབྲུ་གཉིས་པོ་དེས
བདག་གི་གློ་གཉིས་ནས་གཙབས་བྱུང
དཀར་ཡོོལ་གྱིས་སྐྲུན་པའི་ཁྲུས་གཞོང་གི་ཁ་ལ
གློག་གིིས་བཀྱགས་པའི་ཆུ་ཐིགས་འགའ
ཟླ་མཚན་བཞིན་བཞུར་བྱུང
དྲིི་ངན་དེ་ད་དུང་སྣ་ཁུང་གིས་ཚོར་གྱིན་པའི་རུལ་དྲི་ཞིག
2014/12/12 ཉིན་རྡོ་ཅོག་ནག་པོ་དེའི་སྒང་ནས་ལུད་པའོ།