“སྒང་པ་བོད་ན་འཕེལ་བཞིན་པའི་དཀར་ཟས།”
གསུང་བཤད་གནང་མཁན། མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག
དུས་ཚོད། ཕྱི་ཟླ་༤ ཚེས་༡༡ རེས་གཟའ་སྤེན་པ། ཕྱི་དྲོའི་ཆུ་ཚོད་༢-༤བར
ཚོགས་ཡུལ། ལ་རྩེ་དཔེ་མཛོད་ཁང་།
Latse Library, Trace Foundation
132 Perry Street, Suite 2B
New York, NY 10014
གསུང་བཤད་དེ་རིན་མེད་ཡིན། ཕེབས་འདོད་ཡོད་ན་ངེས་པར་དུ་info@latse.org ཐོག་ལ་ལན་ཞིག་གཏོང་དགོས།
དཀར་ཟས་བསྟེན་ན་ཀོ་བའི་ལྷམ་དང་ཀོ་བའི་དངུལ་ཁུག་ཀོ་བའི་ལྟོ་ཕེད་སོགས་ཀྱང་མི་བསྣམ་རོགས་ཞུ་གི་ཡོད།
ཁོང་ལ་མཇལ་འདོད་འདུག། འོན་ཀྱང་དུས་ཚོད་གྱི་དབང་གི་ཁོམ་ལོང་མཇ་འདུག།
སྒང་པ་བོད་དང་། རོངས་པ་བོད་གཉིས་ཨེ།
མི་རིང་བར་
འབྲོག་པ་ཚོ་སྤྱན་གཟིགས་ཁང་གི་རྩ་ཆེའི་སྲོག་ཆགས་སུ་བསྒྱུར་རྒྱུ་རེད།
སྙིང་རྗེ།
ཤ་ཟ་མི་ཆོག་ན་འབྲོག་པ་ཚོ་རི་མགོ་གི་རྩྭ་གཟན་ཡིན་རྒྱུ་རེད།
མི་ནི་རྩྭ་ཟན་སྲོག་ཆག་ལས་ཤ་ཟན་སྲོག་ཆག་ཡིན་རབས་མེད།
ཚན་རིག་པས། མི་བྲོད་པ་དང་རྒྱུ་མ་སོགས་རྩ་གཟན་དུད་འགྲོ་དང་འདྲ་བ་ལས། ཤ་གཟན་གཅན་གཟནདང་འདྲ་བོ་མེད་པར་གསུངས་པ་ལ་བརྟེན་ནས། ཤ་ཟ་བ་ལས། ཤ་མ་ཟ་ན། ལུས་འཚོ་སླ་བ་དང་། ཚེ་རིང་བར་བཤད།
མིས།
དམར་ཟས་བཟས་ན་ཕན་ལས་གནོད་ཆེ། །
དཀར་ཟས་བཟས་ན་གནོད་ལས་ཕན་ཆེ། །
་
འདི་ནི་མཚན་རིག་ལྟ་གྲུབ་དང་། །
གྷན་དྷི་མཆོག་ཀྱང་འདི་ལྟར་བཞེད། །
དེང་སང་གནམ་གཤིས་འགྱུར་ལྡོག་ཤུགས་ཆེ་འགྲོ་བཞིན་པའི་དབང་ལས་བོད་ལ་རང་བྱུང་ཁོར་ཡུག་ཉམས་རྒུད་ཀྱི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་མོད། དེ་སྔོན་སྐྱེ་འཚར་དཀའ་བའི་སྔོ་ཚལ་དང་རྩི་ཤིང་གི་རིགས་མང་དག་ཅིག་ཀྱང་གསར་དུ་སྐྱེ་འཚར་ཐུབ་པའི་བདེན་དཔང་བྱེད་བཞིན་ཡོད་སྟབས། བོད་དུ་དཀར་ཟས་ཀྱི་ལམ་ལུགས་དར་རྒྱུར་རང་བྱུང་ཁོར་ཡུག་གིས་ཀྱང་རམ་འདེགས་བྱེད་ཀྱིན་ཡོད་པ་འདྲ།
མཁས་བཙུན་བཟང་གསུམ་འཛོམས་པའི་མཁན་པོ་གང་དེའི་མཛད་འཕྲིན་ཡུན་དུ་རྒྱས་པར་སྨོན།
ལོ་ཤས་གོང་ནས་བཟུང་མཁན་པོ་ཚུལ་བློས་བོད་ཀྱི་ཞིང་འབྲོག་སྤྱི་དང་ལྷག་པར་དུ་འབྲོག་པའི་སྤྱི་ཚོགས་ལ་ཁ་གཏད་དེ་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་དགོས་པའི་བསྐུལ་མ་འབྲོག་པའི་ཕལ་སྐད་ཀྱི་ལམ་ནས་ཡང་ནས་ཡང་དུ་བསྒྲགས་པ་འདིས་བོད་ཕྱི་ནང་གི་བོད་པ་ཚོའི་ཁྲོད་མཁན་པོ་ཚུལ་བློ་མི་ཤེས་མཁན་ཕལ་ཆེར་མེད་པའི་ཚོད་དུ་རེད། དམིགས་བསལ་དུ་ཁོང་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ཕྱག་ལས་རིན་ཐང་བྲལ་བ་ཞིག་གནང་ཡོད། དེ་ཙམ་མ་ཟད། བོད་ཀྱི་བླ་མ་སྡོམ་ཤོར་དང་གཡོ་ཅན་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ཚོང་རྫས་སུ་བསྒྱུར་བའི་དུས་རབས་འདིར་ཁོང་གིས་རྒྱུད་ཞི་དུལ་གྱི་རྩ་བ་བསླབ་པ་ཚུལ་ཁྲིམས་ཀྱི་སྡོམ་པ་དཔྲལ་བའི་མིག་དང་ཁོག་པའི་སྙིང་བཞིན་གཅེས་པ་འདིས་བོད་མི་ཤེས་ལྡན་མང་པོའི་སེམས་པ་རང་བཞིན་གྱིས་འགུགས་བཞིན་ཡོད། ཁོ་བོས་ཚུལ་བློའི་མདུན་ནས་དབང་ལུང་ཁྲིད་གསུམ་སོགས་ཀྱི་གདམས་པ་ཟུར་ཙམ་ཞུས་མྱོང་མེད་ན་ཡང་། ཁོང་གི་སྒོ་གསུམ་ལ་དགའ་དད་ཀྱི་འདུན་པ་བཅོས་མ་མ་ཡིན་པ་ཞིག་སྙིང་ཁར་འཚང་སྟེ་འཕྱུར་ཡོང་། གང་ཡིན་ཟེར་ན། གོང་དུ་རོབ་ཙམ་གསལ་བ་ལྟར། ཁོང་གིས་ཁས་བླངས་པའི་སྡོམ་ཁྲིམས་ཀྱི་རྩ་བར་གཞོན་ནུ་མ་དང་གཡོ་རྫུན་གྱི་སེར་ག་མ་གས་པ་དང་། མེ་མདའི་ཁ་སྒོར་ལངས་ཏེ་བོད་ཀྱི་རིག་གཞུང་ལ་བཅིངས་པའི་བརྩེ་སེམས་ཀྱི་འདུན་པ་ཁ་ཡོད་ལག་ཡོད་ཀྱིས་དོན་དུ་གཉེར་བ་སོགས། མདོར་ན་ད་བར་མཁན་པོ་ཚུལ་བློས་བོད་མི་རིགས་ཀྱི་རིག་གཞུང་ལ་གཅེས་པའི་ལུས་སེམས་གཉིས་ཀ་གཟི་བརྗིད་དང་འོད་སྣང་གིས་འཁྱུད་པས་ཡིན། །བླ་མ་ཁྱེད་སྐུ་ཚེ་བརྟན།
དཀར་ཟས་བརྟེན་དགོས་རྒྱུ་དེ་གལ་ཆེན་པོ་རེད། སུས་དེ་ལ་སྐུལ་སློང་གནང་ན་རྒྱབ་སྐྱོར་ཡོད། རྗེས་སུ་ཡི་རང་ཡོད། ཡིན་ན་ཡང་ང་རང་ཉིད་ཀྱིས་ཤ་ཅུང་ཟད་རེ་ཟ་བཞིན་ཡོད་དུས་མང་པོ་ཞིག་ནི་ཞུ་ཤེས་མ་སོང་། རང་གིས་ཤ་ཟ་བཞིན་དུ་ཤ་མ་ཟ་ཟེར་ནས་བཤད་ཁུལ་བྱས་བསྡད་ན་རང་གིས་རང་ལ་འཁོར་གསུམ་སྐོར་གི་ཡོད་པ་འདྲ་ཞིག་རེད། འོན་ཀྱང་ང་ཤ་ལ་དགའ་བས་ཤ་ཟས་ན་བཟང་ཚུལ་བཤད་བསྡད་ན་དེ་ཡང་མ་འགྲིགས་པ་ཞིག་རེད། ངས་ཀྱང་ཤ་ཟ་བ་ཉུང་དུ་བཏང་ཡོད། ཡང་ལེ་ཤོད་དུ་འདུག་མཁན་རྙིང་མའི་བླ་མ་བྱ་བྲལ་རིན་པོ་ཟེར་བ་དེས་ཤ་སྤངས་ནས་ལོ་མང་པོ་སོང་ཟིན་ཅིང་ཁོང་ལོ་བརྒྱ་ཁར་སོན་ཉེ་ན་ཡང་ད་དུང་སྐུ་གསུང་ཐུགས་གསུམ་གསལ་གསལ་ཐང་ཐང་ཡིན་ཚུལ་འདུག སྤྱིར་ན་ཤ་གཏན་སྤངས་ནུས་ན་རབ་དང་དེ་མ་ནུས་ན་ཡང་ཟ་བ་ཅུང་ཟད་རེ་ཉུང་དུ་བཏང་ན་གཟུགས་པོ་བདེ་མོ་ཡོང་བར་ཕན་ཐོགས་ཡོད་པ་ནི་ང་རང་གི་མྱོང་བས་གྲུབ་སོང་། ངའི་གྲོགས་པོ་ཁ་ཤས་རེས་ཤ་སྤངས་སོང་མོད་ཁོང་རྣམ་པའི་གཟུགས་པོ་ཇེ་ཐང་ཇེ་བདེར་གྱུར་བ་མིག་མཐོང་དུ་གྲུབ་སོང་། མཁན་པོ་འདི་ཚང་དང་གསུང་བཤད་དེ་གོ་སྒྲིག་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་བ་ལགས།
སྤོབས་མཐས་ཤ་ཟ་རྒྱུ་ཉུང་དུ་བཏང་བ་ལ་རྗེས་སུ་ཡི་རང་ཡོད། ངས་ཀྱང་་་་་་་
ང་དཀར་ཟས་ལ་དགའ།
མཁན་པོ་འདི་བ་ངོ་མ་རླབས་ཆེན་ཞིག་འདུག དྲ་གྲོགས་འགས་འགན་འཁུར་མེད་པའི་སྐད་ཆ་བཤད་ཀྱི་འདུག དེ་ངོ་མ་ཚོར་སྣང་ཙམ་རང་རེད། དེ་མིན་འདུ་ཤེས་ཀྱིས་ག་ལེར་དཔྱད་ན། མཁས་དབང་དམུ་དགེ་སོགས་མང་པོ་ཞིག་ཉི་མ་ལ་ནས་ཡོལ་བ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་བགྲོད་ཟིན་པའི་བཤུལ་ལམ་ན། དོན་དངོས་ཐོག བོད་དང་། དེའི་སྐད་ཡིག དེའི་ཁྱད་ནོར། བཅས་ལ་ཁ་ཙམ་མིན་པར་ཐུགས་རེ་ཆེན་པོའི་ཕྱག་ལས་གནང་མཁན་འདི་འདྲ་བ་ཉིན་སྐར་ཙམ་དུ་གྱུར་ཡོད་པ་ཤེས་དགོས་པར་གྱིས་ཤིག ལྷག་པར་དུ་མཁན་པོ་གང་ཉིད་ཀྱིས་ཨེ་ཙི་ནད་དང་འབྲེལ་ནས་བཀའ་མོལ་གསུངས་པ་དེ་དག་ཉན་ན་མི་རིགས་ལ་བསམས་གཞིགས་ཅི་འདྲ་མཛད་ཀྱིན་པའི་ཚུལ་ཡང་ཟུར་ཙམ་རེ་རྟོགས་ངེས་ཡིན་པས། དགག་པའི་ཉི་མ་ཤར་རྒྱུ་གཙོ་བོར་མི་འཛིན་པར། ཐོག་མར་གང་ཟག་དེ་ཅི་ཞིག་ཡིན་པ་དང་། དེའི་ཅི་ཞིག་བྱེད་ཀྱིན་པ་སོགས་དཔྱད་པར་འཚལ།
མཁན་ཆེན་རིན་པོ་ཆེ་སྐུ་ཚེ་བརྟན་པར་སྨོན། རླབས་ཆེན་རེད། ཁོང་གི་བླ་བྲང་རྒྱ་བསྐྱེད། དཔལ་འབྱོར་རྩོལ་སྒྲུབ། རང་ཆེའི་ཁྱབ་སྒྲགས། རྒྱལ་པོའི་བཀའ་ལུང་ལྟ་བུ་གནང་གི་མི་འདུག དམན་ས་ནས་བསྡད། མཐེ་བོང་བསྟན། རེ་བ་བཅོལ། མི་སེར་དཀྱུས་མའི་ཚུལ་བཟུང་ནས་བཞུགས་འདུག ཆོས་སྲིད་ཟུང་འབྲེལ་ལ་དགག་པ་གནང་གི་འདུག མི་སྐྱའི་ཐོབ་ཐང་ལ་བརྩི་སྲུང་གནང་གི་འདུག ཆབ་སྲིད་སྐྱ་བོས་བཟུང་། ཆོས་ལུགས་གྲྭ་བས་སྐྱོང་བར་མོས་མཐུན་གནག་གི་འདུག དགའ་ལྡན་ཕོ་བྲང་བསྡུས་པ་དང་། ཆོས་ལུགས་ཀྱིས་སྲིད་དབང་མི་སྒྱུར་པ་དང་། ཆོས་ལུགས་སུས་ཀྱང་སུ་ལ་དབང་བསྒྱུར་མི་གནང་བར་འདྲ་མཉམ་དང་། ཕན་ཚུན་གུས་བཀུར། ཀུན་ཕན་གྱི་སྒོ་ནས་འཚོ་དགོས་བར་བཀའ་སློབ་གནང་གི་འདུག །
དཀར་ཟས་ལམ་ལུགས་ལ་དགའ་བོ་ཡོད། རང་ཉིད་ཀྱིས་དམར་ཟས་སྤང་མི་ཐུབ་ཀྱང་དེ་ལ་གུས་འདུད་དང་བརྩི་སྲུང་ཞུ། །འོན་ཀྱང་བཀུར་འོས་ཚུལ་ཁྲིམས་བློ་གྲོས་མཆོག་དང་། ཀརྨ་པ་སོགས་ཀྱིས་ཐེག་གསུམ་གསང་སྔགས་བཅས་པས་དམར་ཟས་བཀག་ཡོད་ཚུལ་ནན་ཏན་གྱིས་གསུངས་པར་ངོས་ལེན་མེད། །འཁོར་ལོ་ཐ་མའི་མདོ་སྡེ་འགའ་ཞིག་ལས་དམར་ཟས་གཏན་བཀག་བྱས་པ་མེད་པས། རང་ཉིད་ཀྱི་འདོད་པ་སྒྲུབ་ཕྱིར་སངས་རྒྱས་ལ་མེད་པ་སྒྲོ་འདོགས་ཀྱི་སྐུར་འདེབས་ནི་མི་རུང་བར་སེམས། དེ་བྱེད་མ་ནུས་པས་སོ། །
ཁ་སང་ལ་རྩེ་ཚང་ནས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཚང་གིས་དཀར་ཟས་སྐོར་གྱི་གསུང་བཤད་གནང་ཚར་ཏེ་དྲི་བ་དྲི་ལན་གྱི་སྐབས་སུ་ངས་ཁོང་ལ། སངས་རྒྱས་བཅོམ་ལྡན་འདས་དཀར་ཟས་རིང་ལུགས་པ་ཞིག་རེད་དམ་ཞེས་དྲིས་པར། ཁོང་གིས། ཉན་ཐོས་སྡེ་བའི་ལུགས་ལ་མ་རེད། ཐེག་ཆེན་པའི་ལུགས་ལ་རེད་ཅེས་དང་། སོ་སོར་ཐར་པའི་སྡོམ་པའི་ཚིག་ཟིན་ལ་དམར་ཟས་བཀག་མེད་ཀྱང་ཐེག་ཆེན་གྱི་སྡོམ་པའི་སྐབས་སུ་བཀག་ཡོད་པ་རེད་ཅེས་གསུངས་སོང་བར། བྱང་སྡོམ་ལེན་སྐབས་དང་སྔགས་སྡོམ་གྱི་སྐབས་སུ་ཚིག་ཟིན་ལ་བཀག་ཡོད་པ་ཞིག་ཁོ་བོས་མ་མཇལ་བས་ཡང་སྐྱར་དྲི་བ་འདྲི་རྩིས་བྱས་ཀྱང་དུས་ཚོད་རྫོགས་ཏེ་ཁོང་ཕེབས་སོང་།
དམར་ཟས་སྤོངས་ཐུབ་མཁན་ལ་གུས་ཞབས་དང་། རྗེས་སུ་ཡི་རང་ཡོད། འོནད་ཀྱང་གསང་སྔགས་ས་ཁྱབ་རྡོ་བྱུང་ཟིནད་པའི་གངས་ཅན་འབྲོག་པའི་མི་རིགས་ལ། ནང་ཆོས་དེ་དཀར་ཟས་རིང་ལུགས་རེད་ཟེར་ནས། མདོ་ཡི་ཕྱོགས་གཅིག་བཟུང་ནས་ཁ་པོ་ཆེ་བཤད་པ་ཡིན་པ་ངས་འདོད་དོ།།
ཆུང་དུས་ནས་དགོན་པར་བཅུག་པ་ཡིན་ན། སྐྱོན་འདི་འདྲ་བ་འབྱུང་ནི་རེད། ཁོ་ལ་བོད་མི་ས་ཡ་དྲུག་ཞིག་ཕར་བཞག། མཐའ་ན། ས་ཡ་གཅིག་གི་འཚོ་བརྟེན་ལ་ཡང་བསམ་ལ་འཁོར་ཐུབ་པ་ཡོད་པ་མ་རེད།
ཤ་ཟ་དང་ཁྲོག་འཐུང་། ཤ་བཙོང་ཁྲོག་པགས་ཀྱི་འཚོ་བར་མ་བརྟེན་ན། བདག་མེད་རིན་མེད་དུ་རི་ལ་གཏོང་དགོས། སྒོ་ཕྱུག་རིགས་སུ་གྱུར་བ་རི་མགོ་ནས་གནས་མི་ཐུབ། གལ་དེ་གནས་བ་ཡིན་ན། འཁོར་ཡུག་ལ་གནོད་པ་ཆེན་པོ་ཡོད།
ཁོ་ལ་ཚལ་ཞིང་འཛུགས་སྐྲུན་གྱི་ལག་ཐབས་ཤེས་བྱ་ཏིལ་ཙམ་ཡང་མེད། ཡོད་ན། བཏབ་པ་དང་སྐྱེ་འགྲོ་བ་ཞིག་མིན་པ་ཡང་ཤེས་དགོས། ཤིང་ཏོག་འདྲ་མིན་དང་ཚལ་རིགས་འདྲ་མིན་ཚོང་ར་ནས་ཐོན་དུས། མི་ཚང་མས་དེ་གཙང་བཀྲུ་བྱེད། རྒྱུ་མཚན། ཚལ་ཞིང་གི་འཁོར་ཡུག་ཡོད་ཚད་ཀྱི་འབ་འབུ་ཡོངས་སུ་གྱུར་བ་གསོད་ཐུབ་པའི་འབུ་དུག་བརྒྱབས་ཡོད། དེ་སྡུག་པ་མིན་ན་གང་རེད།
སྡུག་པ་ལས་ཐར་བར་འདོད་ན། རང་སྲོག་རང་གིས་བཅོད་དགོས་བ་ཡང་ཤེས་དགོས། དེ་མ་ཤེས་ན། ཁོའི་འགྲོ་འགྲིམ་བྱེད་སའི་གནམ་གྲུ་དང་མོ་ཏྲས་གཅུར་ཏེ་སྡུག་ལས་ག་ཚོད་ཞིག་གི་ལམ་ནས་ཁོ་གང་ས་གང་ལ་བསྐྱལ་ཡོད་པ་ང་ཚོས་ཤེས་ཤེས་བ་ཡིན།
དཀར་ཟས་བརྟེན་ན་ཚེ་རིང་བ་དང་ལུས་རྒྱས་བ་ཡོད་སྲིད་པ་རེད། འཚོ་བ་ངར་ཤུགས་ཀྱིས་སྐོར་དགོས་ནི་ཞིག་ཡིན་ན། ཤ་རིགས་ཀྱི་ཟས་རིགས་མེད་ན། ཤུགས་ལས་ཞིག་ཕར་བཞག། མཐའ་ན་ལྟོ་ཡག་པ་ཞིག་ཡང་ཁ་ལ་མི་རག་པ་ཤེས་དགོས།
བླ་མ་གྲྭ་ཚང་ནི་ཤུགས་ལས་མི་བྱེད་ནི་ཡིན་པས། ཤ་མི་ཟ་ཟེར་ན་དེ་རེད་མ་གཏོགས། གཞན་ཤ་མ་ཟ། སྡུག་པ་མ་བྱེད་བླ་མོས་གསུངས། ཤ་ཚང་ར་དང་ཚིལ་སྣུམ་ས་འབུལ་བར་བླ་མས་བླང་ན། འདྲ་ཆགས་པོ་འདྲ་གང་ཡང་མི་འདུག།
མི་གཅིག་ལ་ལྟོ་སྟེར་བའི་ནུས་བ་དང་འཛུགས་སྐྲུན་མེད་ན། མི་བརྒྱ་ལ་ལྟོ་འགག་པའི་ཁ་ཕོ་དུས་སུ་མ་བབས་དེ་ཚོ་བཞག་ན་བཟང་། དྲང་པོ་ཡིན།
ཡུལ་དང་དུས་ལ་བབས་བའི་ཆོས་མ་བཤད་ན། ཆོས་བཤད་ཚང་མ་ལ་ལགས་སོ་མི་ཞུ་ཁོ་ཐག་ཡིན།
མཁན་ཚུལ་ཁྲིམས་བློ་གྲོས་མུན་ནག་ནང་གི་སྒྲོན་མེ་རེད། སྐུ་ཚེ་བརྟན་པ་དང་། ཐུགས་བཞེད་ལྟར་འགྲུ་པའི་སྨོན་ལམ་འདེབས། སྤྱིར་དཀར་ཟས་ལ་རྒྱབ་སྐྱོར་ཡོད་ཀྱང་། ཐལ་དྲག་པའི་སྐད་ཆ་བཤད་མཁན་རེ་གཉིས་ཀྱིས་རང་ཉིད་ལས་གཞན་པ་ཐམས་ཅད་བླུན་པོའི་ས་རུ་བཀོད་པ་འདིར་ཡིད་སྐྱོ། གུ་རུ་རིན་པོ་ཆེས། ལྟོ་རུ་དགྲ་ཟོ་གོས་སུ་སྒྲུབ་ཁང་གྱོན། །ཞེས་དང་། བཟའ་བ་ཤ་ཆང་མེད་མི་རུང་། །གསུངས་པ་སོགས་སྔ་འགྱུར་བས་ཆུ་ལ་སྐུར། ལྷོ་བྲག་མར་པས། རང་ལུས་རྒྱལ་བའི་དཀྱིལ་འཁོར་ཤེས། །རྩ་རླུང་ཐིག་ལེ་རྒྱས་པའི་ཕྱིར། །ཤ་ཆང་མི་བསྟེན་རང་ལ་སྡིག །ཞེས་པ་མོས་པ་ལམ་བྱེད་ཙམ་ཡང་མི་ནུས་ན་བཀའ་རྒྱུད་པའི་གྲལ་ནས་བུད། །རྭ་ལོ་ཙ་བས། ཤ་ཆང་བཟའ་བ་ལམ་གྱི་ཚོགས་འཁོར་ཡིན། །རིག་མ་བརྟེན་པ་ལས་ཀྱི་ཕྱག་རྒྱ་ཡིན། །ཞེས་པའི་དགོངས་པ་སྒྲུབ་མི་ནུས་པའི་གསར་པ་པའི་སྔགས་པ་མི་གྲལ་ནས་རྒྱུགས། རྒྱུད་ལས། ཤ་ནི་སྙིང་རྗེ་ཅན་གྱིས་བཟའ། །ཆང་ནི་དམ་ཚིག་ཅན་གྱི་འཐུང་། །ཞེས་པའི་དོན་ལ་རྨོངས་འི་གསང་སྔགས་པ་ཡ་རེ་ཆ། མཚན་དང་གཟུངས་ཀྱི་ཕན་ཡོན་བཤད་ཚེ་འཁོར་བ་འདི་ལིང་ལིང་བསྐོར་ཀྱང་ཆོག་ཟེར། ཤ་ཡིས་ཉེས་པ་བཤད་དུས་སངས་རྒྱས་ཀྱི་མཚན་དང་གཟུངས་དང་བདེན་ཚིག་གི་ནུས་པ་ཟད། སྔགས་ལ་ཐེ་ཚོམ་ཟ་བཞིན་སྒྲུབ་མཁན་ཚོའི་མུན་པར་མལ་བཅས་ཏེ་ཉི་མའི་འོད་ཟེར་དུ་རློམ་པར་ཡིད་རེ་སྐྱོ། རྩོད་དུས་ཀྱི་བཤེས་གཉེན་རྣམས་ཀྱི་ཞལ་ལ་ཉན་ན་དམ་ཚིག་གི་རྫས་ཀྱང་བརྟེན་མི་རུང་། དམ་ཚིག་ཡལ་བར་དོར་ན་དམྱལ་བ་རྡོ་རྗེ་གདན་དུ་ནག་རི་ལེར་ལྷུང་འགྲོ། དམ་ཚིག་རྫས་ཟེར་བ་རྟོགས་པ་མཐོན་པོའི་ཆོས་སྐད་ཡིན་ཟེར་ན་ནི་རྟོགས་པ་ཅི་ཙམ་མཐོ་བ་དེ་ཙམ་སྤང་བླང་གི་འཛིན་པ་ཆེ་ཟེར་རྒྱུ་ཡིན་ཚོད་རེད། མི་ལས་སེར་བ་ཕབ་དུས། རྔོག་སྟོན་ཆོས་རྡོར་གྱིས། གསང་སྔགས་ཉམས་སུ་ལོངས་དང་འཚང་རྒྱ། སངས་རྒྱས་ན་བདེ་ཆེན་གྱི་ཞིང་དུ་དྲངས་ཆོག །ཅེས་གསུང་པ་འཆོལ་གཏམ་གྱིས། །༧རྒྱལ་བ་གོང་མའི་རྣམ་ཐར་ལ་ཡིད་སྨོན་ཙམ་ཡང་མི་ཐུབ་པའི་བསྟན་འཛིན་རྣམས་ཀྱིས་བྲམ་ཟེའི་ལུགས་ཀྱི་ཆོས་ལུགས་སྤེལ། སངས་རྒྱས་ཀྱི་བཀའ་ལ་ངོ་རྒོལ་གྱིས། །སྤྱིར་རྫུན་པ་ལ་སྐྱབས་བཅོལ་བའི་འཇིག་རྟེན་པ་རྣམས་ལ་ཟིང་ཟིང་འདི་འགྲིམ་ཚོད་རེད། གོང་གི་འདི་དག་མཁན་ཆེན་རིན་པོ་ཆེར་ཞུ་བ་མིན་དེ་མཆན་ས་འདིར་འབྲི་ཤོར་བར་དགོངས་དག་ཞུ། །
“སྒང་པ་བོད་ན་འཕེལ་བཞིན་པའི་དཀར་ཟས།”
https://www.youtube.com/watch?t=18&v=JQwAg-8p4B8
ཆོས་ལུགས་གཅིག་ནང་། དཀར་ཟས་ཡིན་མིན་དཔྱད་དགོས་པ་ལས། མི་རིགས་གཅིག་ལ་དཀར་ཟས་དགོས་དང་མི་དགོས་ཤོད་པ་ནི། ཕན་ཐོགས་མེད་པའི་རྫིག་བཤད་ཙམ་རེད་དོ།།
ད་རེས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཚང་གིས་ཞབས་དཀར་ཚོགས་དྲུག་རང་གྲོལ་ཚང་དགེ་ལུགས་པའི་བླ་མ་རེད་གསུངས་སོང་བས། དེའི་སྐོར་བཀའ་འདྲི་ཞིག་ཞུ་བསམས་ཀྱང་དུས་ཚོད་ཀྱིས་ལྡེངས་མ་སོང་། ཁྱེད་རྣམ་པར་དེའི་སྐོར་བསམ་ཚུལ་ག་འདྲ་ཡོད། ངས་ནི་ད་བར་ཞབས་དཀར་ཚང་རྙིང་མའི་བླ་མ་ཞིག་ལ་ངོས་འཛིན་དང་། རྙིང་མའི་བླ་མ་གྲུབ་མཐའ་རིས་མེད་ལ་དག་སྣང་སྦྱོང་མཁན་ཞིག་ཏུ་བསམ་བཞིན་ཡོད། ཞབས་དཀར་བ་ཚང་དང་པོར་ཆོས་སྒོར་ཞུགས་ས་ནི་རེབ་ཀོང་ཞོ་འཕོང་སྔགས་པ་གྲྭ་ཚང་དང་། བླ་མའི་གཙོ་བོ་ནི་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ཆོས་རྒྱལ་ངག་གི་དབང་པོ་རེད།
ཞབས་དཀར་རྙིང་མ་རེད། ཞལ་ནོར་བ་འདྲ། །
མཁན་ཆེན་མཆོག་གིས་གསུང་པ་མད། དགེ་བཅུའི་ཁྲིམས་ཀྱིས་ཕྱུག་ཟོག་འཔེལ་བར་པན་པ་ལས་གནོད་པ་མེད། དགེ་ཁྲིམས་མེད་ཀྱང་སྔོན་ནས་ད་བར་ཕྱུགས་ཟོག་བཙོང་བ་དངོས་ཡོད་རེད། དཀར་ཟས་དང་དགེ་བཅུ་བའི་ཁྲོད་ན་སྔཽན་ཐོན་མང་། དེ་དག་གིས་བྱས་པ་མཁན་ཆེན་གྱི་གསུང་དང་མི་མཐུན། ངས་ཀྱང་དེ་ལ་རྒོལ་བ་ཡིན། མཁན་ཆེན་མཆོག་ནི། ཐུགས་གུ་ཡངས་པོ། བསམ་བློ་ཞིབ་མོ། གྲོས་ལ་ཉན་པ། ཐུགས་གཤིས་དྲང་མོ། འགྱུར་བ་གཏོང་བའི་སྤོབས་པ་ལྡན་པ་ཡིན་པས་བསྟན་འགྲོ་སྤྱི་ཚོགས་ལ་དམིགས་པའི་བསམ་འཆར་ཅི་ཡོད་འཇམ་པོའི་སྒོ་ནས་ཡིག་ངག་གཉིས་ཐོག་ནས་ཕུལ་ན་གསན་པར་ངེས། །
ཞབས་དཀར་བའི་ཉམས་མགུར་ཞིག་མཇལ་མྱངས་ཁོང་རྙིང་མ་པ་ཞིག་ནི་རེད། མཁན་པོ་ཚུལ་བློའི་ཆ་ལུགས་དང་རྣམ་འགྱུར་ནི་ཆ་ལུགས་ཡ་མ་ཟུང་རྙིང་མ་པ་གཞན་དང་མི་འདྲ་བར་དགེ་ལུགས་པའི་བླ་མའམ་གྲྭ་བ་ཞིག་དང་འདྲ་བར་གྲྭ་ཆས་སོགས་ཚུལ་ལེགས་གྱོན་པ་དེར་སྣང་བ་འགྲོ་བོ་བྱུང། སྤྱིར་སྟངས་དཀར་ཟས་ལ་འབོད་བསྐུལ་བྱེད་པ་ནི་བདེན་པ་དང་དགེ་བའི་གཏམ་ཞིག་ཡིན་ཅིང་དེ་ལ་རྗེས་སུ་ཡི་རངས་དང་མོས་མཐུན་ཡོད། འོན་ཀྱང་བཙན་གྱིས་རྒྱལ་ཁབ་ཀྱི་ཁྲིམས་བཅས་པ་ལྟར་བཀའ་གཏོང་བ་དང་ཁྲིམས་ཡིག་འཇོག་པ་ཁྲིམས་ཡིག་དེ་དང་འགལ་ཚེ་ཁ་ལག་གི་འབྲེལ་བ་དང་ཆོས་ཀྱི་འབྲེལ་བ་གཅོད་ཀྱི་ཡིན་ཟེར་བ་དང་བཅད་པ་སོགས་བྱེད་པ་ནི་ཁོང་རང་གི་བསྒྲུབ་པར་བྱ་བ་མཐའ་དག་ལ་འགལ་རྐྱེན་བཟོ་ངེས་མ་ཟད། འབངས་མི་སེར་འབྲོག་པ་ལས་སོགས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་གཤིས་ཀར་འཇག་པའི་ཟས་ནོར་དེ་དག་མེད་པར་བཟོ་དགོས་ཟེར་དུས་མི་སུ་ཞིག་ཡིན་ཀྱང་དེ་འདོར་ཐབས་དང་བཟོད་བསྒོམ་བྱེད་མི་ཐུབ་ཅིང་དེས་ཁོང་གི་སྐུ་བསོད་དབང་ཐང་དང་ཚེ་སྲོག་ལའང་ཉེན་ཁ་མེད་པ་ཞིག་མིན། རྒྱུ་མཚན་དེ་ལ་བརྟེན་ཨོ་རྒྱན་སྟོབས་རྒྱལ་གྱིས་ཁོང་ལ་སྤྲུལ་སྐུའི་སྐོར་ལ་སྐད་ཆ་བཤད་པ་དེ་ཡིས་ཀྱང་རྟོགས་ཐུབ།
་་་་་་་་་་་་་་་་་་་ འོན་ཀྱང་བཙན་གྱིས་རྒྱལ་ཁབ་ཀྱི་ཁྲིམས་བཅས་པ་ལྟར་བཀའ་གཏོང་བ་དང་ཁྲིམས་ཡིག་འཇོག་པ་ཁྲིམས་ཡིག་དེ་དང་འགལ་ཚེ་ཁ་ལག་གི་འབྲེལ་བ་དང་ཆོས་ཀྱི་འབྲེལ་བ་གཅོད་ཀྱི་ཡིན་ཟེར་བ་དང་བཅད་པ་སོགས་བྱེད་པ་ནི་ཁོང་རང་གི་བསྒྲུབ་པར་བྱ་བ་མཐའ་དག་ལ་འགལ་རྐྱེན་བཟོ་ངེས་མ་ཟད། ་་་་་་་་་་་་་་་་་་་་་་་
ཁྱུང་སེ་ལགས། ཉིད་ཀྱིས་༼ཨོ་རྒྱན་སྟོབས་རྒྱལ་གྱིས་ཁོང་ལ་སྤྲུལ་སྐུའི་སྐོར་ལ་སྐད་ཆ་བཤད་པ་དེ་ཡིས་ཀྱང་རྟོགས་ཐུབ།༽ཅེས་པ་དེའི་སྐོར་ལ་གསལ་བཤད་ཅིག་གནོང་དང་། སྤྱིར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀརྨ་པ་རྣམ་གཉིས་ཀྱི་སྙོག་དྲའི་སྐོར་ལ་སྐྱུག་མེར་ལང་ཡོད་པ་གོ་ཡང་། སྤྲུལ་སྐུ་ལ་གཏན་ནས་ཡིད་མི་ཆེས་མཁན་དེ་འདྲ་རང་མ་རེད་སྙམ།
དྲི་མེད་ལགས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་ཚུལ་བློ་ལ་འབོད་བསྐུལ་ལམ་སྔོན་བརྡ་བཏང་བ་ཡིན་ཟེར་ནས་སྐད་ཆ་ཞིག་སྒྲ་ཐག་གམ་ཝི་ཆེཌ་ནང་དུ་བཏང་ཡོང་གི་འདུག དེའི་ནང་དུ་སྤྲུལ་སྐུ་ལ་དགག་པ་བྱེད་མི་རུང་ཚུལ་དང་སྤྲུལ་སྐུ་ལ་ད་ལྟ་དགག་ཐུབ་ཀྱི་མ་རེད་ཚུལ་དང་དེས་ཁོང་གི་མཛད་འཕྲིན་ད་ལྟ་རྒྱས་བཞིན་པ་དེར་འགོག་རྐྱེན་འབྱུང་ཚུལ་ལས་སོགས་ཀྱི་སྐད་ཆ་ཕལ་ཆེར་སྐར་ཆ་ཉི་ཤུ་ལྷག་ཅིག་གསུངས་འདུག ཡིན་ནའང་ཁོང་གིས་ཚུལ་བློ་ལ་མ་དགའ་ནས་བཤད་པ་མིན་ཚུལ་སོགས་གསུངས་འདུག
དམར་ཟས་མ་ཟ་དཀར་ཟས་ཟོས། །
སྔར་གྱི་དྲང་སྲོང་ལུགས་ཀྱང་རེད། །
དམར་ཟས་མེད་པའི་དཀར་ཟས་ཟས། །
དིང་གི་ཁོར་ཡུག་འཕྲོད་བསྟེན་རེད། །
དམར་བའི་ཁྲག་འཐུང་གཅན་གཟན་རིགས། །
དཀར་བའི་རྩམ་གཟན་མི་བཟང་རིགས། །
དམར་ཁྲག་སྤྱོད་པ་སྲིན་པོའི་ཟས། །
དཀར་སྐྱོང་དཀར་རྩམ་བོད་བཟང་ཟས། །
མར་ཕྱུར་རྩམ་པ་ཡོད་བཞིན་དུ། །
དམར་ལ་རྔམ་པ་རྗེས་ལུགས་རྟགས། །
འབྲས་རྡལ་བག་ལེབ་ཡོད་བཞིན་དུ། །
ཤ་ཁྲག་དགའ་བ་རྗེས་ལུས་རྟགས། །
དཀར་ཙམ་ཞོ་ཕྱུར་ཡོད་བཞིན་དུ། །
དམར་ལ་དགའ་བ་ནད་འོངས་རྟགས། །
འབྲས་རྡལ་སྔོ་ཚོད་ཡོད་བཞིན་དུ། །
ཟ་ཁྲག་དགའ་བ་འཆི་འོངས་རྟགས། །
། རྒྱུད་ལས། ཤ་ནི་སྙིང་རྗེ་ཅན་གྱིས་བཟའ།
ཆང་ནི་དམ་ཚིག་ཅན་གྱི་འཐུང་།
རྭ་ལོ་ཙ་བས། ཤ་ཆང་བཟའ་བ་ལམ་གྱི་ཚོགས་འཁོར་ཡིན།
རིག་མ་བརྟེན་པ་ལས་ཀྱི་ཕྱག་རྒྱ་ཡིན།
ཧཧཧཧ་དེ་དག་ཐམས་ཅད་རྗེས་ལུས་ཡིན་ནམ།
གཞུང་ལུགས་མ་མཐོང་གནམ་སྐད་སྒྲོག
སློབ་དཔོན་མ་བསྟེན་རང་མཐོང་སྨྲ།
གཞན་ཟེར་གཡམ་ལ་རྒྱུགས་པའི་མི།
འདི་འདྲ་མཐོང་དུས་ཡིད་རེ་སྐྱོ།
སྔགས་བླ་མེད་ཀྱི་ཚོགས་མཆོད་སྐབས། ཚོགས་ཆང་དང་། ཚོགས་ཤ་དེ་གཉིས་ངེས་པར་དགོས་སམ་མི་དགོས། དགོས་པའི་ཁུངས་གང་དང་། མི་དགོས་པའི་ཁུངས་གང་ཡོད་དམ། ལགས།
རྒྱུད་ལས་གསལ་བའི་ལུང་གི་དོན།
གསང་བ་སྔགས་ཀྱི་ལུགས་ཡིན་ན།
བླ་མེད་རྒྱུད་ལས་གསལ་མ་གསལ།
དེའི་ལུང་དེ་ལས་དཔོག་པར་ནུས།
གསང་བ་སྔགས་ཀྱི་བཟློག་པའི་སྐབས།
ཤ་དང་རུས་སོགས་ཡོད་དམ་མེད།
དེའི་ཕྱིར་སྔགས་ཀྱི་ལུང་དོན་ལས།
ཤ་ཆང་བསྟན་མིན་དེ་ཡིས་ཤེས།
༄༅། །དྲང་གཏམ། །མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས། །སྲོག་གཅོད་ལས་ལ་འཛེམ་པ་དང་། །དམར་ཟས་ཉུང་དུ་ཐོངས་ཤིག་ཅེས། །གཟུ་བོའི་གཏམ་དེར་སུ་མི་གུས ། །ངས་ནི་ཉམས་ཆུང་ཚེ་སྲོག་སྲུངས། །ངས་ནི་མཁན་ཆེན་བཞེད་དོན་སྒྲུབ། །ང་ལས་ལྷག་པ་མེད་ཟེར་བའི། །ང་བདག་ཅན་ལ་འདི་ལྟར་སྨྲ། །དཀར་དམར་ཟས་རིགས་གང་ཡང་རུང་། །ཚད་ལྡན་བསྟེན་ན་ལུས་ལ་ཕན། །བདུད་རྩི་སྙིང་པོའི་རྒྱུད་བཞི་ལས། །ཤ་ཡིས་ཕན་ཡོན་བསྟན་ལ་གཟིགས། །ཚད་ལས་འདས་ན་དཀར་ཟས་ཀྱིས། །འཕྲལ་དུ་ནད་རོ་སློང་བའི་ཚུལ། །ཀ་ར་བུ་རམ་སྲན་མ་སོགས། །དམར་ཟས་ལས་ཀྱང་ལུས་ལ་གནོད། །གནའ་དེང་སྨན་གྱི་གཞུང་ལུགས་དང་། །མདོ་དང་སྔགས་ཀྱི་དགོངས་འགྲེལ་ལ། །མཇལ་བའི་བློ་ལྡན་མ་ལུས་པ། །བླུན་པོར་བརྩི་བ་རང་ཉིད་བླུན། །རྒྱལ་བའི་བཀའ་ཡང་འདོད་ཕྱོགས་སུ། །ལོག་པར་འགྲེལ་བའི་སྙིང་ཁམས་ཅན། །མ་ལུས་བསྟན་པའི་ཆོམས་རྐུན་ཏེ། །རྫུན་ལ་ཕུག་བཅོལ་རྫུན་ཆོས་སྒྲོགས། །རྩོད་ལྡན་དུས་ཀྱི་གཟི་ལུམ་དང་། །རིས་ཆོད་ནོར་ཀྱིས་གཟི་བྱིན་གྱིས། །དཔུང་བ་ངོམས་པའི་བླ་ཆེན་ཚོ། །ཐུབ་པ་བོར་ནས་བྲམ་ཟེ་བརྟེན། །མུ་སྟེགས་ཆོས་ལ་ཡིད་འཆའ་བའི། །ལྷས་སྦྱིན་བརྟུལ་ཞུགས་འཛིན་པའི་སྡེའི། །ཟས་གོས་ཙམ་གྱི་ཐར་འདོད་དུ། །དམ་བཅའ་རྒྱལ་བའི་བཀའ་ལ་འགལ། །སྟོན་པ་བཞི་བོ་གོ་ལོག་ཤིང་། །ཐབས་དང་ཤེས་རབ་གོ་ལོག་པ། །དགོས་པ་དགའ་བྱ་གོ་ལོག་པས། །སྙིང་རྗེའི་ཡུལ་ཡང་གོ་བ་ལོག །ད་ནི་བོད་སྟོན་ཚུལ་འཆོས་ཅན། །སུ་མ་མགུ་ཡང་སངས་རྒྱས་ལ། །རྒོལ་བའི་ལས་ལ་མི་འཇུག་ཅིང་། །ཆོས་མིག་རྡུལ་བྲལ་ཐོབ་པར་སྨོན། །
དཀར་བའི་ཟས་ལ་སྤྱོད་ཅེས་གཏམ།
མི་དགའ་བ་ནི་སུ་ཞིག་མེད།
དགེ་ཚུལ་ཁྲིམས་ཀྱི་བཅས་པའི་ཁྲིམས།
སྐྱེ་བོའི་ཚོགས་ལ་བཙན་གྱིས་བཀལ།
སྐྱ་སེར་གཉིས་ནི་སོ་སོ་སྟེ།
དེ་བཞིན་ཁྲིམས་ཀྱང་སོ་སོར་ངེས།
རྒྱུགས་པ་ལེབ་བརྡུང་བྱེད་པའི་ལས།
གང་གིས་གུས་པར་དཀའ་བ་ཡིན།
ཕྱི་རྒྱལ་གྱི་ལྟ་གྲུབ་སྨྲ་བ་འགའ་རེ་དང་། སེམས་དཔའ་ཆེན་པོ་གན་དྷི་ཡིས། སྤྱིར་སྟངས་མི་ལུས་ཀྱི་གྲུབ་གཞི་འདི། དུད་འགྲོ་ཤ་གཟན་ལས། དུད་འགྲོ་རྩྭ་གཟན་དང་འདྲ་ཆེ་བ་ཡོད་པ་དང་། ང་ཚོའི་ཕོ་བར་ཤ་ཁྲག་ལས། སྔོ་ཚོད་དཀར་ཟས་འཕྲོད་ཆེ་བ་ཡོད་པ་དང་། མ་ཟད། ཆུང་བྱིས་པ་སོ་མ་སྐྱེས་བར། མ་ཡི་འོ་མ་སོགས། འོ་མ་ལུས་ཕན་ཆེ་ན་ཡང་། སོས་སྐྱེས་ནས་བཟུང་འོ་མ་ཡང་མི་ཡི་ལུས་ལ་མི་འཕྲོད་པར་གསུངས་འདུག་པས་དཔྱད་པར་འཚལ།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་ལེགས་སྐྱེས་སུ་ཕུལ། །
https://www.youtube.com/watch?v=SrU03da2arE
སྤྱིར་ན་སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་ཤ་བཀག་སྲོལ་དེ་ཐེག་པ་ཐུན་མོང་ལས་ཐེག་ཆེན་མདོ་ལུགས་ལ་མང་བ་ཡོད། དཔེར་ན། ཐེག་ཆེན་མདོ་ལུགས་སུ་སངས་རྒྱས་ཀྱི་འདའ་ཁའི་ཞལ་ཆེམས་ཡིན་ཟེར་བའི་མདོ་མྱང་འདས་ཀྱི་ནང་དུ་ཤ་ཟ་མ་རུང་ཚུལ་ཤུགས་ཆེན་པོས་གསུངས་འདུག དེ་ལས་ཀྱང་གསང་སྔགས་ལུགས་ལ་དམ་དྲག་ཆེ། དཔེར་ན། སྔགས་ཀྱི་རྒྱུད་སྡེ་འོག་མའི་སྐབས་སུ་ཤ་གཏན་འགོག་དང་། སྔགས་བླ་མེད་ཀྱི་ལུགས་སུ་སངས་རྒྱས་འདའ་ཁའི་ཞལ་ཆེམས་ཡིན་པར་འདོད་པའི་དུས་ཀྱི་འཁོར་ལོའི་ནང་དུ་ཤ་ལ་བཀག་འདུག སངས་རྒྱས་ཁོང་རང་ཕག་ཤ་བཞེས་ཏེ་སྐུ་སྙུང་གཞི་བཞེས་ནས་་འདས་པ་ཡིན་སྟབས་གྲོངས་རན་དུས་ཤ་ཟ་བ་ལ་འགྱོད་པ་སྐྱེ་བའམ་ཡག་པོ་ཞིག་མིན་པ་མཁྱེན་པ་མིན་ནམ་བསམ་པ་ཞིག་འདུག ཐེག་པ་ཐུན་མོང་བའམ་ཐེག་དམན་ལུགས་ཀྱི་མདོ་མྱང་འདས་ཤིག་ཡོད་ཚུལ་འདུག དེ་ན་ཤའི་སྐོར་ལ་ཅི་གསུངས་ཡོད་ལྟ་ཐུབ་ན་ཡག་ས་རེད།
་དཀར་ཟས་རིང་ལུགས་པ་ལ་རྒྱབ་སྐྱོར་ཡོད། འོན་ཀྱང་དཀར་ཟས་བས་བྱེད་ཚུལ་ལ་ངཽ་རྒོལ་ཡོད། རང་ཉིད་གཙང་མ། བཟང་པོ། ཤ་ཟན་ཐམས་ཅད་རྟུལ་བོ། ལས་ངན། མ་རབས། མི་གཙང་བར་འཛིན་པའི་བརྙས་བཅོས་ལ་ངོ་རྒོལ་ཡོད།
སྤོབས་པ་མཁའ་ཡས་ལེགས། །ཆེད་དུ་བསད་པའི་ཤ་མདོ་རྒྱུད་ཕལ་མོ་ཆེ་ནས་བཀག་པ་བདེན། རྣམ་གསུམ་དག་པའི་ཤ་གནང་ཡོད། ཐེག་པ་ཆུང་ངུར་ཤ་གནང་ཡོད། ཐེག་ཆེན་སྤྱི་ཡིས་བཀག་པ་མེད། བྱང་སྡོམ་ལ་མཚོན་ན་ཟབ་མོ་ལྟ་བརྒྱུད་ཀྱི་བསླབ་བྱར་ཤ་བཀག་པ་མེད། འཁོར་ལོ་བར་བའི་མདོ་སྡེ་ན་ཤ་བཀག་པ་མེད། འཁོར་ལོ་ཐ་མའི་མདོ་སྡེ། ཁྱད་པར་དུ་ལངྐར་གཤེགས་པ། མྱང་འདས་ཀྱི་མདོ་གཉིས་ན་བཀག་ཡོད། སྔགས་ཀྱི་རྒྱུད་སྡེ་འོག་མ་གཉིས་ན་ཤ་བཀག་ཡོད་ཀྱང་ཆོ་ཀ་མ་རྫོགས་བར་ཀྱི་དུས་ཁྲིམས་ཡིན་གྱི་གཏན་ཁྲིམས་མིན། དེ་བྲམ་ཟེ་འདུལ་བའི་སླད་དུ་དེ་དང་སྒོ་བསྟུན་པ་ཡོངས་སུ་གྲགས། བླ་མེད་ཀྱི་རྒྱུད་སྡེར་ཤ་ཆང་བསྟེན་བྱའི་དམ་ཚིག་ཡིན། དྭངས་དུ་ལེན་དགོས་པ་ཡིན། དུས་འཁོར་ནས་བཀག་པ་དགོངས་པ་ལོག་འགྲེལ་ཡིན། ཆང་ཉ་བུད་མེད་གསུམ་གྱི་དྲི་མ་དང་བྲལ་ཨ་ཝ་དྷུ་ཏིའི་དགེ་སྦྱོང་ཞིག་མ་ཡིན། །ཞེས་པའི་ཉ་ནི་ཉ་ཤ་སྟེ་ཉ་ཤའི་ཚོང་རར་སོང་ནས་བཟའ་བ་ཡིན། ཞིབ་ཏུ་དཔྱད་ན་བསད་ཤ་ཡང་ཕལ་ཆེར་གནང་ཡོད། ལུང་དུམ་རེ་རང་གི་འདོད་ཕྱོགས་སུ་འགྲེལ་མཁན་དག་ཅི་དགྱེས་གྱིས། རྩོད་པ་མེད། འདི་དག་བཤད་པའི་མོས་པ་ཆེར་མེད་པས་རེ་ཞིག་ངལ་གསོ་བར་བྱའོ། །
བླ་མེད་ཀྱི་རྒྱུད་སྡེར་ཤ་ཆང་བརྟེན་པར་གསུངས་པ་དེ་མི་རྟོགས་པ་མཐོ་དམན་ཚང་མས་ཤ་ཟ་དགོས་པ་དང་ཆང་འཐུང་དགོས་པར་གསུངས་པའི་དོན་མིན་ཚུལ་ཇོ་བོ་རྗེ་སོགས་ཀྱིས་གསུངས་བསྡད་ཡོད་པ་དེ་རེད། ངས་ཤ་ཅུང་ཟད་རེ་ཟ་གི་ཡོད། ཡིན་ན་ཡང་འདི་ཆོས་ཀྱི་ཉམས་ལེན་ཡིན་བསམ་ནས་ཟ་གི་མེད། རང་ཉིད་སྔོན་གོམས་ངན་པའི་དབང་དུ་ཤོར་བར་འགྱོད་པ་དང་བཅས་བཞིན་དུ་ཟ་གི་ཡོད་ལགས། དཀར་ཟས་དངོས་སུ་བརྟེན་ནུས་མཁན་དང་དེ་ལུགས་ལ་སྐུལ་སློང་བྱེད་མཁན་སུ་ཡོད་ན་རྗེས་སུ་ཡི་རང་ཞུ་བཞིན་ཡོད། དཀར་ཟས་རིང་ལུགས་ལ་བསྔགས་བརྗོད་བྱས་ནས་ངའི་སེམས་ན་ཡོང་རྒྱུ་ཅང་མི་འདུག་ལགས།
དུས་འཁོར་ལ་ཤ་བཀག་ཡོད་པ་དངོས་འབྲེལ་ཡིན། ཧ་ཅང་དམ་དྲག་ཆེན་པོས་བཀག་འདུག ཟ་བ་པོ་མེད་ན་གསོད་པ་པོ་མེད་པས་ན་ཟ་བ་པོ་དང་གསོད་པ་པོའི་ཉེས་པ་མཉམ་ཚུལ་སོགས་མང་པོ་བྲིས་འདུག་ལགས། ལུང་དེ་ད་ལྟ་རང་དྲན་མ་སོང་མོད་ང་ཚོའི་དཔེ་མཛོད་ན་བཀའ་བསྟན་འགྱུར་ཡོད་པས་ངས་ཤོག་གྲངས་དང་བཅས་པ་བསྟན་ཆོག
མདོ་མྱང་འདས་ན་གསུངས་ཡོད་པས་ཡོད་གོ་མི་ཆོད་དོན་ཅི་ཡིན་ནམ། ཐེག་ཆེན་པ་ཚོས་དེ་སངས་རྒྱས་ཀྱི་འདའ་ཁའི་ཞལ་ཆེམས་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད་རེད་ལགས།
་་་་་་་་་་་་་་ སྔགས་ཀྱི་རྒྱུད་སྡེ་འོག་མ་གཉིས་ན་ཤ་བཀག་ཡོད་ཀྱང་ཆོ་ཀ་མ་རྫོགས་བར་ཀྱི་དུས་ཁྲིམས་ཡིན་གྱི་གཏན་ཁྲིམས་མིན། དེ་བྲམ་ཟེ་འདུལ་བའི་སླད་དུ་དེ་དང་སྒོ་བསྟུན་པ་ཡོངས་སུ་གྲགས། བླ་མེད་ཀྱི་རྒྱུད་སྡེར་ཤ་ཆང་བསྟེན་བྱའི་དམ་ཚིག་ཡིན། དྭངས་དུ་ལེན་དགོས་པ་ཡིན། དུས་འཁོར་ནས་བཀག་པ་དགོངས་པ་ལོག་འགྲེལ་ཡིན། ཆང་ཉ་བུད་མེད་གསུམ་གྱི་དྲི་མ་དང་བྲལ་ཨ་ཝ་དྷུ་ཏིའི་དགེ་སྦྱོང་ཞིག་མ་ཡིན། །ཞེས་པའི་ཉ་ནི་ཉ་ཤ་སྟེ་ཉ་ཤའི་ཚོང་རར་སོང་ནས་བཟའ་བ་ཡིན་་་་་་་་་་་་་་་་་་་་
་་་་་་་་་་་་་་་་་་ བླ་མེད་ཀྱི་རྒྱུད་སྡེར་ཤ་ཆང་བསྟེན་བྱའི་དམ་ཚིག་ཡིན། དྭངས་དུ་ལེན་དགོས་པ་ཡིན། ་་་་་་་་་་་་་་་་་་
་་་་་་་་་་་་་་་་ ཆང་ཉ་བུད་མེད་གསུམ་གྱི་དྲི་མ་དང་བྲལ་ཨ་ཝ་དྷུ་ཏིའི་དགེ་སྦྱོང་ཞིག་མ་ཡིན། །ཞེས་པའི་ཉ་ནི་ཉ་ཤ་སྟེ་ཉ་ཤའི་ཚོང་རར་སོང་ནས་བཟའ་བ་ཡིན་་་་་་་་་་་་་་་་་་
སྤྱིར་དམ་ཆོས་འདུལ་བ་དང་། བྱང་སེམས་དང་། གསང་སྔགས་གང་གི་སྐབས་སུ་ཡང་། མཐའ་གཅིག་ཏུ་ཤ་བཀག་མེད། འོནད་ཀྱང་། གདུལ་བྱ་ཁྱད་པར་བ་དང་། སྒྲུབ་ཐབས་ཁྱད་པར་བ། ཡུལ་ཁྱད་པར་བ། དུས་ཁྱད་པར་བ་དང་། ཤ་ཁྲག་ཁྱད་པར་བའི་སྐབས་སུ་ཤ་བཀག་དགོས་པནི། ཆོས་དང་སྲིད་དང་། ཡ་རབས་གང་གི་ཐད་ནས་བཀག་པ་ཡིན་དགོས་པ་ནི་ཆོས་ཉིད་རེད། ཤ་ཟ་མི་རུང་བ་དེ་ཀུན་གྱིས་ཤེས་ལ། ཤ་བཟའ་རྒྱུ་མཐའ་གཅིག་ཏུ་བཀག་མི་རུང་་བ་དེ་ཡང་མཁས་པས་ཤེས་པས། ཧ་ཧ། འདི་ནི་ངའི་མཐའ་སྡོམ་དེའོ།། །།