བྱ་གཞུང་འཇམ་བྷེ།
མི་ལོ་བརྒྱད་ཅུར་འགྲོ་ཀུན་སྐྱོང་བའི་སྙིང་རྗེ་ཆེན་པོའི་གར་དུ་བྱོན།།
མི་ལོ་བརྒྱད་ཅུར་འཆད་རྩོད་རྩོམ་པས་རྒྱལ་བསྟན་ཉི་མ་ཕྱོཊ་ཅུར་སྤེལ།།
མི་ལོ་བརྒྱད་ཅུར་ཆོས་ཀྱི་བདུད་རྩིས་ས་གསུམ་འགྲོ་བའི་འདོད་པ་འཇོ།།
མི་ལོ་བརྒྱད་ཅུར་རྟེན་འབྱུང་གསུང་གིས་མཁྱེན་པའི་དབང་པོའི་གོ་ས་བརྙེས།།
མི་ལོ་བརྒྱད་ཅུར་གནའ་དེང་སྦྲེལ་བའི་སྔར་མེད་སྲོལ་བའི་འོད་དུ་མཚེར།།
མི་ལོ་བརྒྱད་ཅུར་ས་ཡ་དྲུག་གི་བདེན་པའི་ཉི་གཞོན་མཁའ་ལ་བཏེགས།།
མི་ལོ་བརྒྱད་ཅུར་འཚེ་མེད་ཞི་བས་ཀླ་ཀློར་འཐབ་པའི་གཡུལ་ལ་ཞུཊ།།
མི་ལོ་བརྒྱད་ཅུར་དཀའ་རྙོག་བརྒྱ་ཕྲག་ཁུར་དུ་འཁྱེར་ནས་ཐུཊ་སྟོབས་བསྐྱེད།།
མི་ལོ་བརྒྱད་ཅུར་བོད་ཁམས་སྐྱོང་བའི་ངལ་བ་བརྒྱ་ཕྲག་རིང་དུ་བཞེས།།
མི་ལོ་བརྒྱད་ཅུར་ཞུམ་མེད་གོ་ཆས་གྲལ་རིམ་སྲོལ་ལུགས་ཕྱི་ལ་བསྐྲད།།
མི་ལོ་བརྒྱད་ཅུར་ཆོལ་ཁ་གསུམ་པོའི་ལག་རྡང་དཔུང་བ་གཅིག་ཏུ་སྦྲེལ།།
མི་ལོ་བརྒྱད་ཅུར་ཆོས་ལུགས་སྣ་ཚོགས་འོ་ཆུ་མཚོ་མོ་བཞིན་དུ་བསྐྱངས།།
མི་ལོ་བརྒྱད་ཅུར་རྒྱུས་མེད་ཡུལ་ནས་ངན་ངོན་འཚོ་བར་སྐྱབས་སུ་བསྟེན།།
མི་ལོ་བརྒྱད་ཅུར་ཡུལ་གྱར་འབངས་མི་བུ་ཕྲུག་བཞིན་དུ་གཅེས་སྐྱོང་མཛད།།
མི་ལོ་བརྒྱད་ཅུར་གནའ་དེང་ཤེས་བྱའི་རིག་པའི་སྒོ་འཕར་ཡོངས་བོར་ཕྱེ།།
མི་ལོ་བརྒྱད་ཅུར་གཉིས་ཕན་ཐབས་ཇུས་བོད་རྒྱ་མི་རིཊ་གཉེན་དུ་བསྡེབས།།
མི་ལོ་བརྒྱད་ཅུར་ས་ཡ་དྲུག་གི་བདེ་སྡུག་ཡོད་ཚད་ཁུར་ཏུ་འཁྱེར།།
མི་ལོ་བརྒྱད་ཅུར་ཉེན་འཇིཊ་རྒོལ་བའི་བཙག་རླུང་གསེབ་དུ་ཉིན་མཚན་སྐྱེལ།།
མི་ལོ་བརྒྱད་ཅུར་ཆིག་རྐྱང་འཚོ་བ་ལྷད་མེད་བྱམས་བརྩེའི་འཛུམ་གྱིས་བསུ།།
མི་ལོ་བརྒྱད་ཅུར་སྨག་གིས་རུམ་པའི་གངས་རིའི་དཀར་རོ་འོད་དུ་བསྐྲུན།།
མི་ལོ་བརྒྱད་ཅུར་ལུགས་ཟུང་ཉི་ཟླའི་དཀྱིལ་འཁོར་ཤ་ཆས་ཀུན་ནས་རྫོགས།།
མི་ལོ་བརྒྱད་ཅུར་རྨད་བྱུང་མཛད་པའི་འཕྲིན་ལས་ཉི་ཟེར་མཁའ་མཐར་ཁྱབ།།
མི་ལོ་བརྒྱད་ཅུར་ས་འཛིན་ཡོངས་བོར་ཞི་བདེའི་གསར་བའི་དགའ་སྟོན་གཤམས།།
མི་ལོ་བརྒྱད་ཅུར་འཛམ་གླིང་ཀུན་པོ་ཁྱིམ་གཞི་གཅིག་བཞིན་གཅེས་པར་བསྐྱངས།།
མི་ལོ་བརྒྱད་ཅུར་ཁྱེད་ཀྱིས་བསྐྱངས་བའི་དྲིན་གྱི་ཕུང་བོ་ལྷུན་པོར་འགྲན།།
མི་ལོ་བརྒྱད་ཅུར་ཁྱེད་ཀྱིས་གདམས་པའི་བཟང་པོའི་བསླབ་བྱ་མཚོ་མོར་འདྲིས།།
མི་ལོ་བརྒྱད་ཅུ་འཁོར་བའི་ཉིན་མོར་རིགས་དྲུག་ཀུན་གྱིས་ཁྱོད་དྲིན་དྲན།།
མི་ལོ་བརྒྱད་ཅུ་འཁོར་བའི་རྟེན་འབྲེལ་འཛམ་གླིང་ཀུན་པོའི་འཛུམ་གྱིས་བསུ།།
འཛམ་གླིང་ཞི་བདེ་དེད་དཔོན་ཆེན་པོ་༧གོང་ས་རྒྱལ་བའི་དབང་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཧྲིལ་བོ་འཁོར་བའི་སྐུའི་འཁྲུངས་སྐར་གྱི་ཉིན་མོར་མི་ཕྱེད་དད་གུས་གྲངས་མེད་དང་བཅས་བྱ་གཞུང་བ་འཇམ་བྷེ་ནས་བྲིས་བ་དགེའོ།
མི་ལོ་བརྒྱད་ཅུར་མི་རུ་བརྫུས་ནས། །
ལྷ་ཆོས་ཡོད་ཚད་བོད་མིར་སྩལ། །
མི་ལོ་བརྒྱད་ཅུར་བོད་མིར་བརྫུས་ནས། །
མི་རིགས་ཡོད་ཚད་མི་ཆོས་སྩལ། །
ནོར་བཅོས།
མི་ལོ་བརྒྱད་ཅུར་མི་རུ་བརྫུས་ནས་ནས། །
ལྷ་ཆོས་ཡོད་ཚད་བོད་མི་ཡོངས་ལ་སྩལ། །
མི་ལོ་བརྒྱད་ཅུར་བོད་མིར་བརྫུས་ནས་ནས། །
མི་རིགས་ཡོད་ཚད་མི་ཆོས་ཡོངས་ཁྱབ་སྩལ། །
༸སྐུ་ཡིས་བོད་རིགས་བདེ་ལ་བཀོད། །
༸གསུང་གིས་ཛམ་གླིང་བདེ་ལ་བཀོད། །
༸ཐུགས་ཀྱིས་འགྲོ་ཀུན་བདེ་ལ་བཀོད། །
༸སྐུ་གསུང་ཐུགས་གསུམ་ཡུན་བརྟན་ཤོག །