སྤོབས་པ་མཐའ་ཡས།
ང་ལ་བོད་རང་བཙན་གྱི་དམིགས་ཡུལ་དང་འཐབ་རྩོད་ཁ་ཕྱོགས་འཛིན་དགོས་ཟེར་མཁན་གྱི་ངོ་ཤེས་པ་ཞིག་ཡོད། ཁོ་ཡང་’ཆབ་སྲིད་པ་’སྤྱི་མཚུངས་བཞིན་དུ་སྤྱི་ཚོགས་ནང་ཁུལ་ལ་འདིའི་ཕྱོགས་ཁག་དང་དེའི་ཚོགས་ཁག་ཟེར་ནས་་ཚོགས་པ་སྡེ་རིས་མང་པོར་དབྱེ་རྒྱུར་དགའ། ཁོ་རང་དགའ་བ་ནང་བཞིན་ཁོས་ང་ཡང་ཁོ་རང་གང་ལ་དགའ་བའི་ཚོགས་པ་སྡེ་རིས་དེའི་ནང་དུ་འཇུག་ཐབས་བྱེད་པར་དགའ། ངས་ཁོ་’ཆབ་སྲིད་པ་’ཞིག་ཡིན་པ་ཤེས་པའི་ཉིན་མོ་ནས་ཡིད་ཆེས་གཏན་ནས་མ་མྱོང་། ངེད་གཉིས་ཀྱི་མི་ཚེའི་འགྲུལ་བཞུད་ཐད་ནས་འགྲོགས་འདྲིས་ཟབ་མོ་ཡོད་ན་ཡང་ཁོ་’ཆབ་སྲིད་པ་’ཞིག་ཡིན་པའི་ཆ་ནས་ངས་གྲོགས་པོ་ཞིག་གི་ས་ལ་བཞག་མ་མྱོང་།
ཁོས་ལོ་ཤས་གོང་ལ་འདི་ལྟར་ལབ་བྱུང་། “ད་ནི་རྡ་རམ་ས་ལར་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་ཚོགས་པ་དེས་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་ཐུབ་གྱིན་མི་འདུག ཚོགས་པ་འདིས་ཐ་ན་བོད་གཞུང་ཟེར་བའི་མིང་ཙམ་དེ་ཡང་ཁུར་ཕོད་ཀྱིན་མི་འདུག ཚོགས་པ་འདི་ལ་ཚོགས་དངུལ་སྤྲད་ན་ཕན་ཐོགས་མི་འདུག ད་ནས་སྤྲོད་ཀྱི་མིན། ཁྱེད་རང་གིས་ཀྱང་མ་སྤྲོད་ཨ།” ཟེར།
དེར་ངས། “སྤྱིར་ན་ཁྱེད་ཀྱི་ལངས་ཕྱོགས་དང་དམིགས་ཡུལ་ང་དང་གཅིག་མཚུངས་རེད། དགའ་མོས་ཡོད། ཡིན་ན་ཡང་། ཚོགས་དངུལ་མི་སྤྲོད་ཟེར་བ་དེ་ཐལ་དྲགས་ཡོད་ཀྱི་རེད་བསམ་གི ཚོགས་པ་སྒྲིག་འཛུགས་འདི་ལ་མིང་གང་ཞིག་བཏགས་རུང་འདི་བོད་མི་ས་ཡ་དྲུག་གི་ཚབ་མཚོན་སྒྲིག་འཛུགས་ཤིག་རེད། ལངས་ཕྱོགས་གང་ཞིག་བཟུང་རུང་མ་བཟུང་རུང་དོན་དུ་བོད་མི་ས་ཡ་དྲུག་གི་སྐྱིད་སྡུག་མདུན་ལམ་གྱི་དོན་ལ་འཐབ་རྩོད་བྱེད་མཁན་ཞིག་རེད། ཚོགས་དངུལ་མ་སྤྲད་ན་ཁྱེད་རང་ཉིད་ཐེ་བའི་བོད་མི་ས་ཡ་དྲུག་གི་སྐྱིད་སྡུག་མདུན་ལམ་ལ་གྱོང་རག་པ་མ་གཏོགས་སུ་ལ་ཡང་ཕན་གྱི་མ་རེད།” ཅེས་བཤད་མོད་ཁོས་གཏན་ནས་ཉན་མ་སོང་།
ད་ལོ་བཀའ་སྤྱི་འདེམས་བསྐོ་རན་དུས་ཁོས། འདི་ལ་རྒྱབ་སྐྱོར་བྱེད་དགོས། འདི་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་རེད། དེ་ལ་དགག་པ་རྒྱག་དགོས།་འདི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་རེད། ཟེར་ནས་ཡིག་ངག་གཉིས་ཐོག་ཏུ་འུར་ཟིང་མང་པོ་སློང་གིན་འདུག
དེ་ལ་ངས། ད་ཁྱོད་ཀྱིས་ཇུས་གཏོགས་མེད་སར་ཇུས་གཏོགས་བྱེད་ཀྱི་མ་འདུག ཁྱོད་རང་དབང་གི་ཡུལ་ན་གནས་བཞིན་དུ་ཐ་ན་བོད་མིའི་སྒྲིག་འཛུགས་ལ་ཚོགས་དངུལ་ཡང་སྤྲོད་ཀྱིན་མེད། ད་འུར་ཟིང་ག་ཚོད་བརྒྱབ་ན་ཡང་ཁྱོད་ཀྱི་བདམ་བྱ་འདེམས་བྱེད་ཐོབ་ཐང་དེ་ཁྱོད་རང་གིས་མེད་པ་བཟོས་ཚར་བ་རེད། སྐད་ཆ་ལ་འགན་འཁུར་ནས་བཤད་དགོས་ཟེར་བ་ཡང་འདི་འདྲའི་དུས་ལ་དྲན་དགོས་པ་རེད།
ངས་སྔོན་མ་ནས་ཁྱོད་ལ་ཚོགས་དངུལ་མི་སྤྲོད་པ་དེ་ཐལ་ཆེ་བའི་ལས་ཀ་རེད་ཟེར་ནས་བཤད་ཡོད་མོད་ཁྱོད་ཀྱིས་ཉན་མ་སོང་། ཟེར་ནས་སྐད་ཆ་ཐད་ཀར་བཤད། དེ་ནས་བཟུང་’ཆབ་སྲིད་པ་’དེས་ང་ལ་འབྲེལ་བ་གཙང་བཅད་བྱས་སོང་། ཡིན་ན་ཡང་། ཁོའི་ཁ་ལག་འགལ་བའི་འུར་ཟིང་དེ་ད་དུང་མཚམས་འཇོག་གིན་མི་འདུག
མི་འདི་འདྲའི་རིགས་ལ་ང་གཏན་ནས་མི་དགའ། དང་པོར་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་སྒྲིག་འཛུགས་དེ་ལ་ཇུས་གཏོགས་མེད་མདོག་མདོག་བཤད་ནས་ཚོགས་དངུལ་ཡང་འབུལ་མཚམས་བཞག ད་ཡང་ཇུས་གཏོགས་ཧ་ཅང་བྱེད་མདོག་གིས་བཀའ་སྤྱི་འོས་འདེམས་སྐབས་སུ་འདི་ལ་རྒྱབ་སྐྱོར་དང་དེ་ལ་དགག་པ་རྒྱག་དགོས་ཟེར་ནས་་དྲ་ཐོག་ཏུ་འུར་ཟིང་མང་པོ་སློང་ཁུལ་བྱེད་པ་དེ་ཁ་ལག་འགལ་བའི་ལས་ཀ་ཞིག་ལ་མཐོང་སོང་། དེ་རིང་ཡིན་ན་’ཆབ་སྲིད་པ་’ཞིག་ངས་ཏག་ཏག་བཟོས་ཡོད།
ཅི་མ་བདེན། ཁ་རང་བཙན་པ་ཚོ་ལ་རྒྱང་ལྟ་བྱེད་པའི་བློ་མིག་མི་འདུག།
སྤོབས་པ་མཐའ་ཡས་ལགས། ངོ་མ་ཅི་མ་བདེན། དེང་སང་རང་བཙན་དང་། དབུ་ལམ། མི་རིགས་དང་། ལ་རྒྱ། མདོར་ན་ཡོད་ཚད་ཁ་ལ་འཁྱེར་མཁན་ཚོའི་གཤིས་ཀ་དེ་རང་རེད།
བཀའ་མོལ་གནད་ལ་འཁེལ་འདུག་ལ་དོན་ལ་གནས་འདུག་ལེགས་གསོལ་འདེགས།
ཨ་མདོ་ཚོ་བོད་རང་བཙན་ལ་མི་དགའ་བ་མ་ཟད་རང་བཙན་རྩོད་མཁན་ལ་འབུར་འཇོམས་བྱེད་མཁན་ཞིག་ཆགས་དགོས་དོན་ཅི།
གནད་དོན་འདི་བསམ་ཞིག་བྱེེད་དགོས་པ་ཞིག་རེད།
བོད་ནང་གནས་བཞུགས་བོད་མི་ཚོ་་རྒྱ་མིའི་རྒྱལ་དར་ལ་མི་དགའ་ཞིང་རྒྱ་དམར་ལ་མགོ་མི་སྒུར་མཁན་རྐྱང་ཡིན་པ་མངོན་གསལ་ཡིནའང་ཕྱི་སྡོད་ཨ་མདོ་ཚོས་ཁྲོད་ན་རྒྱ་ཁྲིམས་ལ་དགའ་ཞང་རྒྱལ་དར་འཁུར་མཁན་དག་མདོ་རྨད་སྤྱི་འཐུས་འོས་མི་ཁྲོད་སླེབས་པ་དེས་ཕྱི་སྡོད་ཨ་མདོ་ཚོའི་བསམ་གློའི་འཁོར་ཕྱོགས་ཙམ་ཤེས་ཀྱི་མི་འདུག་གམ།
མི་འདི་འུར་རྐྱ་ཡིན་ནོ་ལྟོས་དང་། ཚོགས་དངུལ་མ་སྤྲད་ན་རྡ་སའི་ཆབ་སྲིད་ལ་དོ་སྣང་བྱེད་མི་ཉན་པའི་རྒྱུ་མཚན་ཅི་ལགས། སྔར་མ་སྤྲད་ཀྱང་རྗེས་སུ་བསམ་བློ་ལ་འགྱུར་བ་ཐེབས་ནས་སྤྲད་སྲིད་པ་རེད། གལ་ཏེ་མ་སྤྲད་ཀྱང་ཆབ་སྲིད་ལ་བྱུས་ཏོག་བྱས་ན་ལོས་འགྲིག སྤོབས་པའི་མིང་ཅན་འདི་འུར་རྒྱག་མཁན་ཞིག་ཡིན། དོན་ལ་ཆ་ཚང་རྫུན་ཡང་ཡིན་སྲིད། གང་ལྟར་ཀྱང་མིའི་བསམ་བློའི་སྐད་ཅིག་སྐད་ཅིག་གིས་འགྱུར་བ་ཡིན་པ་ཆོས་ཉིད་རེད། དངུལ་མ་སྤྲད་པ་དེ་བསམ་བློ་འགྱུར་བ་ཞིག་ལགས་ན། མི་སུ་ཡིན་ཀྱང་ཆོག་པ་ཞིག་རེད། །
བླུན་སྤོབས་མཐས་ཡས་ཁྱོད་ཀྱི་གྲོགས་པོ་དེ་དང་ངེད་གཉིས་ཀྱི་གཅིག་པ་རེད་འདུག ངས་ཀྱང་བཙན་བྱོལ་བོད་གཞུང་སྒོ་བརྒྱབ་པ་ནས་བཟུང་དང་བླང་དཔྱ་ཁྲལ་སྤྲད་ཀྱི་མེད། གདམ་བྱ་གདམ་བྱེད་ཀྱི་ཐོབ་ཐང་ཡང་མེད། བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་ཡང་མིན། དངོས་གནས་བྱས་ན་ད་རིང་གི་བཀའ་སྤྱིའི་འོས་བསྡུ་ལ་ཇུས་གཏོགས་རྩ་བ་ནས་མི་བྱེད་བསམས། ཡིན་ཀྱང་ཀླུ་བྱམས་འོས་མི་ལངས། བཙན་བྱོལ་བོད་གཞུང་སླར་གསོ་བྱེད་ཀྱི་ཟེར་བ་དང་། བོད་རང་བཙན་འཐབ་རྩོད་བྱེད་ཀྱི་ཡིན་ཟེར་དུས་ཁོང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།
གལ་སྲིད་བཙན་བྱོལ་བོད་གཞུང་སླར་གསོ་བྱུང་ན་དང་བླང་དཔྱ་ཁྲལ་ཕུལ་ངེས་ཡིན། བོད་རྒྱལ་ཁབ་ཀྱི་མི་སེར་ཡིན། མུ་མཐུད་ནས་བཙན་བྱོལ་བོད་གཞུང་སླར་གསོ་མ་བྱས་པར་ཀྲུང་ཧྭ་མི་དམངས་མཐུན་སྤྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་འགྲོ་མཁན་གྱི་སྒྲིག་འཛུགས་ཤིག་བྱས་ནས་བསྡད་ཀྱི་ཡིན་ན་ནི་ཤ་ཁ་ཁར་དང་གྲི་སོ་སོར་ཡིན།
བཙན་བྱོལ་སྒྲིག་འཛུགས་ཀྱིས་ངོས་ནས་ང་ཚོའི་གནད་དོན་ཐག་གཅོད་ཀྱི་དབང་ཆ་ཡོད་མདོག་མདོག་མ་བྱེད་ན་སྐྱོན་བརྗོད་རྩ་བ་ནས་བྱེད་མི་ཡོང་། བྱེད་དགོས་དོན་ཡང་མེད། དེ་མིན་བོད་མི་རིགས་ཡོངས་རྫོགས་དམར་པོའི་རྩ་ཁྲིམས་འོག་ཏུ་དེད་ཀྱི་ཡིན་མདོག་མདོག་བྱས་ན་སྐྱོན་བརྗོད་དང་དགག་པ། ངོ་རྒོལ་མི་བྱེད་ཀ་མེད་རེད།
གཉིས་པ། བླུན་སྤོབས་ཁྱོད་ཀྱིས་ཁ་བརྡའི་དྲ་ཐོག་ཏུ་རང་བཙན་པ་ཡིན་མདོག་གིས་བྲིས་བསྡད་པ་དག་དྲ་གྲོགས་ཡོངས་ཀྱིས་ཤེས་ངེས་རེད། ཡིན་ཀྱང་ཁ་ནས་བཤད་པ་དང་འོས་བསྡུའི་སྐབས་སུ་ལག་ལེན་གཉིས་འདྲ་ཡི་མི་འདུག་པས་ཁྱོད་རང་ཁ་བཤད་དང་ལག་ལེན་འགལ་བའི་མི་ཞིག་ཡིན་པ་ལ་ངོས་འཛིན་བྱེད་བཞིན་ཡོད།
བླུན་ཁྱོད་ཀྱིས་བོན་པོ་དང་དགེ་ལུགས་མཐོང་ན་གླང་གོག་སྨྱོན་པ་ལྟ་བུ་ཆགས་འོང་གི་རེད། ཁྱོད་ལ་ཉི་མ་རྒྱ་ལམ་དབང་མ་བཅག་མཁན་དགེ་ལུགས་དང་དགའ་ལྡན་བྲང་ཕོ་གཉིས་ཡིན་ཟེར་ནས་ཁྱོད་ཀྱིས་བཤད་བསྡད་པ་རེད། དེ་ལས་ཁྱོད་ལ་ཁ་ཕྱོགས་དང་ལངས་ཕྱོགས་ཟེར་བ་ཞིག་ཅང་མཐོང་ཡ་མི་འདུག ཁྱོད་དོན་དངོས་པོའི་ཐོག་ནས་ཁྱོད་མི་སླ་མོ་ཞིག་རེད། ཆ་བཞག་མེད་ས་ཤིག་རེད།
སྤོབས་པ་མཐའ་ཡས་ལགས། ཡི་གེ་དེ་བཀླགས་ཡོད།
བསམ་ཚུལ་ལམ་གནས་ཚུལ་དེ་ཁ་གསལ་པོ་བྲིས་འདུག གནས་ཚུལ་འདི་དངོས་འབྲེལ་བདེན་པ་ཡིན་ན་ཐེར་འདོན་དངོས་གནས་ཤིག་རེད། ཧ་ཅང་ཡག་པོ་འདུག
ང་ཡིས་ཀྱང་དེང་སང་དྲི་བ་འདི་འདྲི་བཞིན་ཡོད། ལན་ཡོད་ན་གསུངས་རོགས།
དྲི་བ། བཙན་བྱོལ་བོད་མི་མང་པོ་ཨ་རིའི་སྒྲོ་ལོར་དང་། རྒྱ་གར་གྱི་རང་དབང་། ཡོ་རོབ་ཀྱི་ཡོ་རོ་སོགས་དཔལ་འབྱོར་དང་རང་དབང་ལ་རོལ་བཞིན་ཁ་ནས་ག་དུས་ཡིན་ནའང་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་བཞིན་དབུ་མའི་ལམ་དུ་འགྲོ་དགོས་རེད་ཟེར་གྱི་འདུག ངས་ཁོང་ཚོ་ལ་རེད། སང་ཉིན་རྒྱ་ནག་དམར་གཞུང་གིས་དབུ་མའི་ལམ་གྱི་རེ་འདུན་མི་རིགས་ས་གནས་རང་སྐྱོང་སྤྲད་པ་ཡིན་ན། ཁྱོད་རང་གིས་སྒྲོ་ལོ་དང་། ཡོ་རོ་སོགས་དཔལ་འབྱོར་དང་། རང་དབང་མང་གཙོ་དག་བློས་བཏང་ནས་དམར་ཤོག་གི་འོག་ཏུ་གཞིས་བྱེས་མཉམ་འཛོམས་ཀྱི་མིང་ཐོག་ནས་བོད་དུ་གཏན་དུ་ཕྱིར་ལོག་བྱེད་ཀྱི་ཡིན་ནམ་ཟེར་ནས་དྲིས་པ་ཡིན། སེམས་གཏིང་ནས་དྲིས་པ་ཡིན། དྲི་བ་འདི་དག་གང་བྱས་ནས་དྲིས་པ་ཡིན་ཟེར་ན། མི་འདིའི་རིགས་ཀྱིས་བོད་དོན་སྐོར་ལ་ཉིན་གཅིག་འདི་བྱས་ཟེར་བ་སྟོན་རྒྱུ་མེད་པ་མ་ཟད། ད་དུང་ག་དུས་ཡིན་ན་བོད་དང་བོད་མིའི་ཆེད་དུ་སྐུ་ངལ་སྐྱོན་མཁན་མང་པོ་ཞིག དབུ་མའི་ལམ་ལ་མི་འགྲོ་མཁན་རེད། རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་བ་རེད། དགོངས་པ་དང་འགལ་བ་རེད། མི་དེ་ཚོ་དམ་ཉམས་རེད། བཀའ་དྲིན་ལ་བསམ་ཤེས་མེད་པ་རེད་ཟེར་ནས་འུར་བསྡད་ཀྱི་ཡོད་ཙང་དྲིས་པ་ཡིན། དངོས་གནས་རྒྱ་ནག་དམར་པོའི་འོག་ཏུ་ལོག་གི་ཡིན་ཟེར་ནས་ཚིག་ཐག་ཆོད་པོས་ལན་འདེབས་མི་ཧ་ཅང་ཉུང་ཉུང་རེད་འདུག
ད་ང་རྒྱ་ནག་དམར་པོ་རང་དབང་མང་གཙོ་མེད་ས། དཔལ་འབྱོར་ཡང་ཨ་རི་དང་། ཡོ་རོབ། ཁེ་ན་སྒྲ་སོགས་ལས་སྐྱོ་བ་ཡོད་པ། ཆབ་སྲིད་ཀྱི་གནས་བབ་ཡང་བརྟན་ལྷིང་མིན་པ། སྲོག་ཉེན་ཡང་ག་དུས་ཡིན་ན་ཡོད་པ་རེད་འདུག་པས་རྒྱ་འོག་ཏུ་འདུག་གི་མིན་ལ། རྒྱ་འོག་ཏུ་ལོག་གི་མིན། ཡིན་ནའང་བོད་མི་མང་ཁྱོད་ཚོ་གནས་སྟངས་དེའི་འོག་ཏུ་འདུག་དགོས་རེད་ཟེར་ན་ཧ་ཅང་ངོ་ཚ་ཁྲེལ་མེད་ཀྱི་སྐད་ཆ་མ་རེད་པས།
ཧཧཧཧ་་་་་་དོན་ལ་ངས་དཔྱ་ཁྲལ་སྤྲོད་ཀྱི་ཡོད་པའི་ཁོང་གིས་མ་སྤྲོད་པ་དེར་ངན་པའི་གནས་ལ་གཡུག་ནས་ངོམ་སོ་བྱེད་ཀྱི་འདུག་གདའ།
སྲིད་སྤྱི་གཉིས་ཀྱི་ཞབས་སྟེགས་སུ་བཞེང་མི་དང་། འོས་ཤོག་འཕེན་མཁན་གཉིས་ཀར་བཅའ་ཁྲིམས་ཀྱིས་བསྐུར་བའི་ཆ་རྐྱེན་གྱི་རྩ་བ་ནི། བཙན་བྱོལ་བོད་མིའི་ལག་དེབ་ལྗང་ཁུ་ཉིད་སོང་།
དཔྱ་ཁྲལ་མི་སྤྲོད་མཁན་ཞིག་ལ་དེ་དང་འབྲེལ་བའི་བགྲོ་ཁ་གཏམ་ས་མེད་པ་རང་གྲུབ་རེད།
ལར་ནས་དེ་འདྲའི་མིའི་རིགས་ཀྱི་རྒྱལ་ཞེན་ནམ་མི་གཤིས་ངོ་མའི་ངོས་གདོང་གསལ་པོ་ཞིག་བསྟན་པ་རེད་པས།
སྤོབས་པས་སྐད་ཆ་འདི་ལ་སྤོབས་པ་འདུག་ཟེར་གྱི་ཡོད།
དྲ་གྲོགས་ཚོ་གཟིགས་དང་ཅོ་རི་ཟེར་མཁན་དེ་མི་གང་འདྲ་ཞིག་རེད་འདུག་་་་་་་་་་དེ་ཚོའི་རིགས་ལ་གཟབ་གཟབ་གནང་དགོས་རེད་ད་་་་་་་་རྒྱ་དྲིན་ཆེན་དྲུང་ནས་ལས་འགན་མང་པོ་མཁས་ལེན་བྱས་ནས་བཙན་འབྱོལ་ནང་ཕེབས་པ་རེད་ད་་་་་་་་་་་ད་དངུལ་ལོར་དམར་པོ་ཆར་པ་འབབ་འབབ་རེད་ད་་་་་
འཇིགས་བྲལ་བའི་སྐད་ཆ་དེ་བདེན། ཁོ་ཚོ་བོད་ལ་ལོག་འདོད་མེད་པའི་རྟགས་མང་པོ་ཡོད་རེད། ཁང་པ་ཉོ་ཡི་རེད། ནུབ་ཕྱོགས་པའི་མི་སེར་ལག་ཁྱེར་བཟོ་ཡི་རེད། ཕྲུ་གུ་ཚོའི་བོད་སྐད་བོད་ཡིག་ཡག་པོ་ཤེས་ཀིན་མ་རེད། བསླབ་ཀྱི་ཡང་མ་རེད།
ཡིན་ཀྱང་བོད་མི་དམངས་དམར་ཁྲིམས་འོག་ཏུ་སྡོད་དགོས། དམར་པོའི་རྩ་ཁྲིམས་འོག་ཏུ་རང་སྐྱོང་ཡོད། རང་དབང་ཡོད། བདེ་སྐྱིད་ཡོད། ཐོབ་ཐང་ཡོད་ཟེར་གི་རེད། ཁོ་རང་ཚོ་འགྲོ་དགོས་ཟེར་དུས་ཕྱིར་ནུབ་རྒྱབ་ངེས་ཡིན། རྒྱ་དམར་པོའི་རྩ་ཁྲིམས་འོག་ནས་བོད་མི་དམངས་གཏོན་ཐབས་མི་བྱས་པར་རྩ་ཁྲིམས་འོག་ཏུ་གནས་ཐབས་བྱེད་བཞིན་པ་འདི་ནི་ང་ཚ་ཁྲེལ་མེད་ཀྱི་ལས་ཀ་རང་རེད།
བོད་མི་དམངས་ལ་མནར་གཅོད་བཏང་བསྡད་པ་འདི་དམར་པོའི་ཁྲིམས་གྱི་སྒྲོམ་གཞིའི་འོག་ནས་མནར་གཅོད་བཏང་གི་རེད། སྡུག་རྩུབ་ཅན་གྱི་དམར་ཁྲིམས་འདིའི་འོག་ནས་མ་ཐར་ན་མནར་གཅོད་མུ་མཐུད་མྱོང་ངེས་ཡིན།
བོད་རྒྱལ་ཁབ་ཀྱི་མིང་ཚིག་ཙམ་ཡང་བཅའ་ཁྲིམས་ནང་དུ་མ་བཞག་པར་དམར་གསོད་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ལ་རྒྱལ་གཅེས་པ་ཚོས་ཁྲལ་སྤྲད་ན་ནོར་འཁྲུལ་རེད། སྲིད་གཞུང་དགྲ་མཐོང་མཐོང་བྱས་ནས་སྒོ་བརྒྱབ། རང་བཙན་དགྲ་མཐོང་མཐོང་བྱེད་འོང་དུས་དཔྱ་ཁྲལ་ག་རེ་ཡིན་ཟེར་ནས་སྤྲོད་དགོས་པ་རེད་དམ།་་་ཧཧ
རྒྱ་གུན་ཁྲན་ཏང་གིས་བྱས་མ་ཐུབ་པའི་ལས་ཀ་བྱས། རྒྱ་གུན་ཁྲན་གྱིས་གཏོར་མ་ཐུབ་པའི་སྲིད་གཞུང་གཏོར། རྒྱ་གུན་ཁྲན་གྱིས་བཀག་མ་ཐུབ་པའི་རང་བཙན་འཐབ་རྩོད་བཀག རྒྱ་གུན་ཁྲན་གྱིས་མེད་པ་བཟོ་མ་ཐུབ་པའི་རང་བཙན་མ་དངུལ་ལག་དེབ་རྩ་མེད་བཟོས། རྒྱ་དངུལ་བཟའ་མཁན་ཁྱོད་ཚོ་ཡིན་དགོས་ཀྱི་རེད་བ། རྒྱ་གུན་ཁྲན་གྱིས་བྱེད་མི་ཐུབ་པའི་བོད་ལ་གནོན་པའི་ལས་ཀ་ཁྱོད་ཚོས་བྱས་སོང་བ།
སྤོབས་མཐའ་ཟེར་བ་ཅོ་རི་ལགས་ཀྱིས་གསུངས་པ་ལྟར་རེད། ཆོས་ལུགས་ཕྱོགས་རིས་ཀྱིས་བཟི་བསྡད་པ་ཞིག་དང་རང་ཉིད་ཀྱི་ལང་ཕྱོགས་ལྟ་བ་ལ་བརྟན་ཆ་དང་རང་ཚུགས་མེད་བསྡད་མཁན་ཞིག་རེད།
འཇིགས་བྲལ་ལགས་ཀྱིས་འགོ་འཚུངས་ཀྱི་དྲི་བ་དེས་སྤོབས་པའི་སྤོ་ལ་ཞུབས་སོང། འཇིགས་བྲལ་ལགས་ཀྱི་རིག་ཤེས་ནི་དོན་དམ་པའི་འཇིགས་བྲལ་རང་རེད་འདུག། རང་དབང་དཔྱ་དངུལ་མ་འབུ་མཁན་བོད་པ་ཞིག་ཡིན་ཚེ་བོད་པའི་ཆབ་སྲིད་སྐོར་གླེང་ཆོག་གི་མེད་ན་བོད་ནང་གི་བོད་མི་སུ་ཅིག་གིས་བོད་ཀྱི་ཆབ་སྲིད་སྐོར་དཔྱོད་གླེང་མི་ཆོག་པར་འགྱུར་བས་ཤིན་ཏུ་ཐལ་ཆེ་བའི་སྐད་ཆ་འདིའི་རིགས་བཤད་པར་ངོ་ཚ་རྒྱུ་མེད་པའི་མི་བུ་ཁྱེད་ཚོའི་གནད་ལུགས་འདི་ལྟར་རྐྱང་རྐྱང་གིས་རང་བཙན་པ་རྣམས་འབུར་འཇོམས་བཟོ་བཞིན་ཡོད་པར་ཤེས་པ་བྱོས།
གཞི་རྩའི་འཇིགས་བྲལ་ལགས་ཀྱིས་གསུངས་པ་དེ་དོན་ལ་གནས་ཡོད། བཙན་བྱོལ་གྱི་སྐུ་དྲག་དང་མཐོ་རིམ་དཔོན་རིགས། དབང་ཆ་ངེས་ཅན་ཡོད་པའི་གཞུང་གི་ལས་བྱེད་ཚོ་ནི་གངས་སྐྱིད་ཀྱི་རྐུབ་སྟེགས་བརྒྱུད་ནས་ནུབ་ཕྱོགས་ཁག་ལ་སྔ་ས་ས་ནས་འགྲོ་འདུག་ཚང་མ་བརྟན་པོ་བཟོས་ཚར་བ་རྐྱང་རེད། མི་འདི་ཚོ་བཙན་བྱོལ་གྱི་རང་དབང་དང་ནུབ་ཕྱོགས་ཀྱི་ཡུ་སྒོར་དང་ཨ་རིའི་སྒྲོ་ལར་གཡུག་ནས་ནམ་ཡང་འགྲོ་གི་མ་རེད། འོན་ཀྱང་ཁོ་ཚོས་རྒྱ་ཆེའི་མི་དམངས་བེད་སྤྱད་དེས་གུང་ཁྲན་ཏང་གི་རང་སྐྱོང་འོག་གི་ཁེ་ཕན་ཇི་ཙམ་ཡོད་མེད་ཚོད་ལྟ་བྱེད་རྒྱུའི་རྩེད་ཆས་བྱེད་རྒྱུ་དེ་ཙམ་རེད། དེ་ནི་རྒྱ་ཆེའི་མི་དམངས་སྟག་ཚང་གཟིག་ཚང་གི་སྒོ་ཁར་བསྐྱལ་ནས་རྒྱང་བལྟ་བྱེད་སྟངས་ནི་རྒྱ་ཆེའི་མི་དམངས་སྙིང་མ་བརྗེ།
དེ་དང་ཆབས་ཅིག་དང་བླངས་ཀྱི་རྒྱལ་གཅེས་མ་དངུལ་གྱི་བཅའ་ཁྲལ་འཇལ་དགོས་པ་དེ་ཡང་། བཙན་བྱོལ་གྱི་སྒྲིག་འཛུགས་སྲིད་གཞུང་གི་དཔོན་ངན་རེ་གཉིས་བྱ་སྟངས་ལས་སྟངས་ལ་བལྟས་ཏེས་འཇལ་འབུལ་ཞུ་ཡི་མིན་ཚུལ་བཤད་ན་དེ་ཡང་ནོར་འཁྲུལ་རེད། སྒྲིག་འཛུགས་སྲིད་གཞུང་གི་ལངས་ཕྱོགས་དང་དཔོན་ངན་ནི་ནམ་ཡང་རྟག་བརྟན་འགྱུར་མེད་ཞིག་མ་རེད་ལ། དུས་རབས་དང་མི་རབས་འགྱུར་བ་རང་བཞིན་ལས་འཕོ་འགྱུར་འགྲོ་ངེས་ལ་འགྲོ་དགོས་པ་དེ་ཡང་དུས་རབས་དང་མི་རབས་ཀྱིས་གཡོལ་དུ་མེད་པའི་འགན་འཁྲི་རང་བཞིན་ཅན་ཆགས་ཡོད། དེས་ན་བཙན་བྱོལ་བོད་གཞུང་སྐྱར་གསོ་ཐུབ་མིན་ནི་མི་དམངས་ཀྱིས་རང་གི་གཞུང་ལ་ཇི་ཙམ་བརྩི་འཇོག་ལ་རག་ལས་ཡོད་པས། དང་བླངས་རྒྱལ་གཅེས་མ་དངུལ་མུ་མཐུད་ཕུལ་ན་ཡག་ཤོས་རེད།
མི་དམངས་ཀྱིས་རང་གི་གཞུང་ལ་བརྩི་འཇོག་བྱེད་དགོས་པ་ལུས་བདེན། ཡིན་ཀྱང་རང་གཞུང་དམར་གསོད་བཏང་ནའང་ཁྲལ་སྤྲོད་བསྡད་ན་ལུགས་མཐུན་མ་རེད་བསམས་ཀྱི་འདུག སྲིད་གཞུང་དགོས་ན་སྲིད་གཞུང་སྒོ་བརྒྱབ་མཁན་རྣམས་ལ་ངོ་རྒོལ་བྱེད་དགོས་ངེས་རེད། དཔྱ་ཁྲལ་མི་སྤྲད་པ་འདི་ཡང་ངོ་རྒོལ་ནང་ནས་ཆེ་ཤོས་ཤིག་ཡིན་བསམས་ཀྱི་ཡོད། བཙན་བྱོལ་བོད་གཞུང་དགོས་མཁན་ཡོངས་ཀྱིས་དཔྱ་ཁྲལ་མ་སྤྲད་ན་བཙན་བྱོལ་བོད་གཞུང་སླས་གསོ་བྱེད་དགོས་ཐུག་ངེས་རེད་བསམས་ཀྱི་ཡོད།
དེ་མིན་ན་བཙན་བྱོལ་བོད་གཞུང་སླར་གསོ་བྱེད་ཐུབ་ཐབས་ག་རེ་ཡོད་དམ། ངོ་རྒོལ་བྱེད་ཐབས་ག་རེ་ཡོད་དམ། སྒེར་གཅོད་པ་ཚོས་སྒེར་གཅོད་ཁོ་ན་བྱེད་འོང་གི་རེད། ཀླུ་བྱམས་ལ་འོས་ཐོབ་ཐུབ་པའི་དབང་དུ་བཏང་ཡང་བཙན་བྱོལ་བོད་གཞུང་སླར་གསོ་བྱེད་ཐུབ་པའི་ངེས་པ་མེད།
བཙན་བྱོལ་་བོད་གཞུང་རང་གི་སྲིད་གཞུང་རེད། ག་དུས་སླར་གསོ་བྱུང་ན་དེ་དུས་དཔྱ་ཁྲལ་འབུལ་ཆོག རྩ་བ་ནས་སླར་གསོ་མ་བྱས་ན་དཔྱ་ཁྲལ་དུས་ནམ་ཡང་སྤྲད་གྱི་མིན། བོད་རྒྱལ་ཁབ་ཀྱི་མི་སེར་བྱེད་འདོད་ཡོད་པ་ལས་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་བྱེད་འདོད་མེད། ཚོགས་པ་དེ་ཡང་རྒྱ་དམར་པོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་འགྲོ་མཁན་དང་། དམངས་གཙོ་མི་དགོས་མཁན་ཞིག་ཡིན་དུས་ཚོགས་པ་དེའི་ཚོགས་མི་བྱ་འདོད་མེད་དོ། དགོངས་འགལ་མེད་པར་བྱོས། ཤ་ཁ་ཁར་དང་གྲི་སོ་སོར་ཡིན།
ཅོལ་རི་ཉི་མ་ཟེར་བའི་དོལ་ཚོགས་པ་ཁྱོདཀྱི་ཅི་བཤད་ཀྱང་སུས་ཀྱང་ཉན་ལོས་མ་རེད་དོ།། ཁྱོད་ཁ་རྩུམ།
དང་པོ་དང་བླངས་ཀྱིས་བཙན་བྱོལ་དཔྱ་ཁྲལ་ལ་ཐོ་འགོད་བྱས། དེའི་བཀའ་དྲིན་དང་ནུས་བའི་ཁེ་བཟང་དང་ལམ་ཁ་རེག། ཡོ་རོབ་དང་ཨ་རི་སོགས་ལ་ཕྱིན་ཉིན། སྒྲོ་ལོར་ངོ་མཐོ། བོད་མི་ཉམས་ཆུང་གི་ཚོགས་པ་སྤྱི་སྡུག་ལ་ཤ་མི་ཚ། དཔྱ་དངུལ་མི་སྤྲད་ཟེར་ན་ང་ཚོ་ལ་ཐབས་ཤེས་དང་རེ་ཞུ་མེད། གཅིག་ནས་ཕྱི་རྒྱལ་གྱི་མི་ཟེར་ཆགས་ཡོད་རྒྱུ་རེད། ཡང་ན་དགྱ་ནག་གཞུང་ཚབ་ཁང་གི་ལས་དོན་ལ་ལམ་རོགས་བྱེད་ཀྱིན་ཡོད་རྒྱུ་རེད། དེ་མིན་ན་ཀླད་སྟོང་སྨིན་མེད་པ་ཞིག་ཡིན་རྒྱུ་རེད། གང་ལྟར་མ་ལྟར།
ཐབས་སྐྱོ་བ་ཞིག་ལ། མྱི་འདི་ཅན་པོ། གཞོན་ནུ་ཚོགས་པའི་ཚོགས་མི་ཡང་ཡིན་ནི་མ་རེད། གཞོན་ནུ་ཚོགས་པར་ཚོགས་དངུལ་ཡང་སྤྲོད་ཀི་མེད་ཀི་མ་རེད། ད་ཅོ་རི་ཅན་ཁྱོ་ཚོ་ཕོ་ཁྱོ་ག་ལ་བརྩིས་ནས་གཡུག་རྒྱུ་ལས་ཡོད་པ་མ་རེད།
ངས་དབུས་བོད་མིའི་སྒྲིག་འཛུགས་ལ་དཔྱ་ཁྲལ་འབུལ་དགོས་མ་རེད་ཟེར་གྱི་མེད། དེ་བཞིན་ཅོ་རི་བས་བཤད་བཞིན་པའི་སྲིད་བྱུས་ཀྱི་སྐོར་དེ་དག་ཀྱང་བདེན་པ་རེད། ཡིན་ནའང་སྲིད་བྱུས་དེ་འགྱུར་བ་གཏོང་དགོས་ན་དཔྱ་ཁྲལ་འབུལ་དགོས་རེད། དེ་མིན་བོད་དོན་སེམས་ཁྲལ་བྱེད་པའི་རང་དབང་ལོས་ཡོད་ལ། སྐད་ཆ་ཡང་བོད་མི་ཞིག་ཡིན་པ་ཙམ་གྱིས་བཤད་ཆོག་གི་རེད། ཡིན་ནའང་སྲིད་དོན་བཅོས་བསྒྱུར་འདོད་པའི་འགན་ཁུར་དེ་དཔྱ་ཁྲལ་ཕུལ་བ་བརྒྱུད་ནས་ལེན་དགོས་པ་ལས་གཞན་པའི་ཐབས་ལམ་གང་ཡང་ཡོད་མ་རེད། མ་མཐར་ཡང་མི་གཅིག་ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་འདོད་པ་མེད་ན། སྲིད་བྱུས་དེ་ལ་འདོད་པ་མེད་པའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་ཞིག་ལ་འོས་བླུགས་ཡག་གི་གོ་སྐབས་རག་གི་རེད་ལ། རིམ་པས་ད་ལྟའི་སྲིད་བྱུས་ལ་འདོད་པ་མེད་མཁན་མང་དུ་སོང་བའི་གནས་སྟངས་འོག་འོས་ཤོག་ལ་བརྟེན་ནས་བསྒྱུར་བཅོས་ཀྱི་ལམ་ཞིག་ཡོང་སྲིད་པ་རེད། དེ་མིན་འདོད་པ་མེད་ཅེས་ཇི་ཙམ་བཤད་ཀྱང་དོན་ལ་དཔྱ་ཁྲལ་མ་ཕུལ་བས་རང་གི་མངོན་འདོད་འོས་ཤོག་གི་ལམ་ནས་སྟོན་པའི་གོ་སྐབས་མེད་སོང་བ་རེད་ལ། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ན་ཁྱོད་རང་བོད་རིགས་ཡིན་ཡང་བོད་ཀྱི་ཡུལ་མི་མ་ཡིན་པ་ཆགས་ཚར་བ་རེད།
བོད་གངས་ཅན་ལ་ཐོབ་དགོས་བ་དེ་དང་ཡོད་དགོས་བའི་རང་དབང་དེའི་འཐབ་རྩོད་བྱེད་དུ་ཡོང་མི་ཡོང་ལ་སེམས་ཁུར་ཞིག་དགོས་བ་ལས། ཡུལ་བྱོལ་བ་སུ་དང་སུ། བོད་ལ་ལོག་དང་མི་ལོག་གི་སེམས་ཁུར་འདི། རི་བོང་གནམ་སྡིབ་གྱི་སེམས་ཁུར་རེད། དེ་ནི་སྤྱི་བའི་བདེ་སྡུག་ཞིག་མ་རེད། གང་འགྲོ་གར་སྡོད་རང་དབང་རེད།
བཙན་བྱོལ་བོད་གཞུང་རྡ་རམ་ས་ལར་གྲ་མ་ཉམ་གྲུ་མ་ཞིག་པར་གནས་ཡོད། གནས་སྐབས་དཀའ་ངལ་མི་འཕྲད་པའི་ཆེད་དུ་མིང་བསྒྱུར་བ་ཙམ་རེད། འདི་ཙམ་ཡང་མི་ཤེས་པར་ད་དུང་ཁ་ཆེན་པོ་ཞིག་གདང་ནས་འུར་རྒྱག་ཁ་བྱས་ན་བོང་བུ་དང་ཁྱད་པར་ཅི་འདུག བཅའ་ཁྲལ་ལག་དེབ་ནི་རྒྱལ་ཁབ་གཅིག་ལ་མཚོན་ན་མི་སེར་ལག་ཁྱེར་ལྟ་བུ་རེད་ལ། མི་སེར་ལག་ཁྱེར་ནི་མི་གང་ཞིག་རྒྱལ་ཁབ་སུའི་མི་ཡིན་མིན་གྱི་ངོས་འཛིན་ས་ལྟ་བུ་རེད། དངས་བླང་བཅའ་དངུལ་མ་ཕུལ་ན་བཅའ་ཁྲལ་ལག་དེབ་བེད་མེད་ཆགས་སོང་བ་རེད་ལ། དེ་ལྟར་ན་ཁྱོད་རང་བོད་མི་རིགས་ཀྱི་གྲལ་ནས་བུད་སོང་བ་རེད། ཁྱོད་རང་ལ་འོས་ཤོག་བླུག་རྒྱུའི་ཐོབ་ཐང་མེད་པ་རེད་ལ་འོས་བསྡུ་ལ་ཇུས་ཏོག་བྱེད་རྒྱུའི་ཐོབ་ཐང་དེ་བས་ཀྱང་མེད་པ་རེད། ལར་ནས་རང་གཞུང་ལ་བཅའ་ཁྲལ་ཙམ་ཡང་ཕུལ་བའི་ལྷག་བསམ་མེད་མཁན་ཚོས་བོད་རང་བཙན་རྩོད་ཀྱི་ཡོད་ཟེར་ན་འུག་པའི་རྫུན་དྲུག་དང་ཁྱད་པར་ཅི་ཡོད།
འཇིགས་བྲལ་ལགས། སྔོན་མར་༢༠༡༡ལོར་བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་གྱི་སྐབས་སུ་བཙན་བྱོལ་བོད་གཞུང་རང་འཇག་བཞག་དགོས་པར་མང་མོས་བྱུང་བ་རེད། མང་མོས་ལ་རྩིས་མེད་རྡོག་རོལ་བཏང་ནས་སྒྲིག་འཛུགས་ལ་བསྒྱུར་བཞག་པ་རེད། འོས་བླུགས་ནས་སྲིད་ཇུས་འགྱུར་གཏོང་གྱི་ཐོབ་ཐང་ཞིག་མི་དམངས་ལ་ཡོད་ན་དང་འགྲིག་གི་འདུག་ག དེ་འདྲ་མེད་པ། མང་མོས་རྡོག་རོལ་བཏང་མཁན་དེ་འདྲ་རེད་བ།
གཉིས་ནས་བོད་ཀྱི་མི་ཡུལ་མི་ཡིན་མིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆུང་ཆུང་ཞིག་གི་བཅའ་ཁྲིམས་ཀྱིས་ཐག་གཅོད་བྱེད་པའི་དབང་ཚོད་མེད། དང་བླང་དཔྱ་ཁྲལ་འདི་ཡང་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་ཡིན་མིན་གྱི་ཁྱད་པར་འབྱེད་བྱེད་ཙམ་ལས་བོད་ཀྱི་ཡུལ་མིན་ཡིན་གྱི་ཁྱད་པར་འབྱེད་པའི་དབང་ཚོད་མེད། ཁྲིམས་ལུགས་ཀྱི་ཐོག་ནས་སྒྲིག་འཛུགས་ཚོགས་པ་ཞིག་ལ་དེ་ལྟར་ཐག་གཅོད་བྱེད་པའི་དབང་ཆ་མེད།
ལྷག་པ་ཏུ་དབུ་མའི་ལམ་གྱི་བསྒྲུབ་བྱ་གྲུབ་ཉིན་ནས་བཙན་བྱོལ་སྒྲིག་འཛུགས་སྒོ་རྒྱབ་ཀྱི་རེད། ཚོགས་མི་ཚང་མ་རྒྱ་ནག་དམར་ཕྱོགས་པའི་འོག་ཏུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་བྱེད་མཁན་འགྲོ་གི་རེད། བོད་ཀྱི་ཡུལ་མི་ཟེར་བ་འདི་ལ་གོ་དོན་ཡང་ཆེན་པོ་ཞིག་ཅང་མེད། བོད་ཀྱི་མི་སེར་གྱི་གོ་དོན་མིན།
དང་བླང་དཔྱ་ཁྲལ་སྤྲད་མཁན་མི་འབོར་འབུམ་གཅིག་དང་ཁྲི་གསུམ་ཙམ་མ་གཏོགས་ཡོད་མདོག་མི་འདུག བོད་མི་གཞན་པ་ཚོ་བོད་ཀྱི་མི་ཡུལ་མིན་ཟེར་ན་ཅང་འགྲིག་གི་མ་རེད་བསམས་ཀྱི་འདུག ལྷག་པ་ཏུ་བཙན་བྱོལ་སྒྲིག་འཛུགས་ཀྱིས་ངོས་ནས་བོད་རིགས་ཡོངས་ཀྱི་མདུན་ལམ་ཐག་གཅོད་བྱེད་ནས་དམར་ཕྱོགས་པའི་འོག་ཏུ་འགྲོ་དགོས་མདོག་མདོག་མ་བྱེད་ན་དེས་འགྲིག
ལུང་རྟོགས་་་ང་ཚོ་ཕྲུ་གུ་མ་རེད། རྡ་ས་ཡོད་པ་དེ་བཙན་བྱོལ་སྒྲིག་འཛུགས་རེད། བཙན་བྱོལ་བོད་གཞུང་མ་རེད། སོ་སོའི་བཅའ་ཁྲིམས་ཀྱི་ཐོག་ནས་གཞུང་མ་རེད། སྒྲིག་འཛུགས་ཙམ་རེད། གལ་སྲིད་ཁྱོད་ཚོས་བཙན་བྱོལ་བོད་གཞུང་སླར་གསོ་བྱས་ན་ང་ཅོ་རིས་ངོས་ནས་དཔྱ་ཁྲལ་ཕུལ་དང་ཕུལ། ཆོད་པ་བཅད་ནའང་ཁུར་གྱི་ཡིན། དེ་མིན་ཕྲུ་གུ་མགོ་སྐོར་བཏང་བཏང་བྱས་དགོས་ན་ཁས་ལེན་གྱི་མིན།
འོ་ཙི་བློ་མཐུན་ཅོ་རི་ལགས། དེ་འདྲ་ད་གསུངས་རྒྱུ་ཨེ་ཡོད། དོན་ཆེན་བསྒྲུབ་པར་ངང་རིང་དགོས་བྱས་པ་རེད། བཙན་བྱོལ་སྲིད་གཞུང་མིང་བསྒྱུར་བྱས་པ་ཙམ་ལས་ལྷན་ཁང་བདུན་པོ་ཁྲ་ལྷམ་མེར་བསྡད་ཡོད་པ་རེད། བྱས་ཙང་རྒྱ་འོག་ལོག་མདོག་ག་ཚོད་བྱས་ཀྱང་ལོག་ཆོག་ཆོག་གཅིག་ག་ལ་ཡིན། པེ་ཅིང་སྲིད་གཞུང་གིས་བསམ་བློའི་ནང་རང་སྐྱོང་གི་གཞིས་འགུག་ཟེར་བ་ཞིག་ནམ་ཡང་མེད་པ་རེད་ལ། ཡུལ་བགྱར་གྱི་ནག་ཉེས་དག་འཇུག་རྩིས་མེད་པ་ཡང་སྔ་ཕྱི་གཉིས་རྒྱབ་ཤ་དཀར་པོའི་དེབ་དེས་གསལ་བསྟོན་བྱས་ཟིན་པ་རེད། དེས་ན་ག་ལེར་ག་ལེར་རང་ངོ་འཕྲོད་ཡོང་གི་རེད།
ངས་ཁྱོད་ཚོ་གསལ་པོ་བཤད་ཀྱི་ཞིག་ཡོད། ང་ལ་འོས་བསྡུའི་སྐོར་ཇུས་གཏོགས་མ་བྱེད་ཟེར་ན་འགྲིག་གི་རེད། ངས་ཇུས་གཏོགས་བྱེད་མི་འོང་། དང་པོར་་་ཁྱོད་རང་ཚོས་བོད་མི་ཡོངས་ཀྱི་ཚབ་མཚོན་ཡིན་མདོག་དང་བོད་མི་ཡོངས་ཀྱི་ཆེད་དུ་རང་སྐྱོང་བརྩད་ཀྱི་མཚམས་ཞོག་དང་་ངས་ངོས་ནས་་ཇུས་གཏོགས་ཁོ་རང་བྱེད་མི་འོང་། ཁྱོད་ཚོས་བོད་རིགས་ཡོངས་ཀྱི་མདུན་ལམ་ཐག་གཅོད་བྱེད་ཀྱི་ཡིན་ཟེར་ན་ངས་ཀྱང་ཇུས་གཏོགས་མི་བྱེད་ཀ་མེད་རེད་ད། དེའི་ནང་དུ་ངའི་མདུན་ལམ་ཀྱང་ཁྱོད་ཚོས་ཐག་གཅོད་བྱེད་བཞིན་ཡོད་པས་རེད།
ཨ་ཙི་བློ་མཐུན་ལགས། ངང་རིང་མ་བྱས་པ་དེ་འདྲ་ག་ལ་ཡིན། མི་ལོ་སུམ་བཅུ་ལྷག་གི་རིང་དུ་ངང་རྒྱུད་རིང་པོ་བྱས་ནས་བསྡད་པ་རེད། ད་སྲིད་གཞུང་སྒྲིག་འཛུགས་ལ་བསྒྱུར། བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏོད་དགོས་ཅེས་པའི་མིང་ཚིག་ཡན་ཆན་ནག་བསུབ་བྱས། དམངས་གཙོ་མི་དགོས་པར་དམར་ཕྱོགས་པའི་ཁྲིམས་འོག་ཏུ་འགྲོ་གི་ཡིན་ཟེར་གྱི་ཡོད་པ།
ད་ངང་རིང་བྱས་ནས་སྒུག་གྱི་ཞིག་ཅང་ལྷག་མ་སོང་བ། མི་བདེན་བསམས་ན་ལྟོས་དང་། ཀླུ་བྱམས་ལ་སྔོན་འགྲོའི་སྐབས་སུ་འོས་གྲངས་མཐོ་ཙམ་བྱུང་ན་ཡ་ང་ཡིད་སྐྱོ་དགོས་པའི་རྡུང་རྡེག་ཞིག་གཏོང་འོང་གི་རེད། འོས་བསྡུའི་རྒྱལ་ཁ་ཁོ་རང་འཐོབ་བཅུག་གི་མ་རེད། ངའི་ལུང་སྟོན་ཡིན། སྔོན་འགྲོའི་སྐབས་སུ་འོས་གྲངས་ཉུང་ཉུང་ཞིག་མ་གཏོགས་མེད་ན་ས་འོག་ནས་རྡུང་རྡེག་ཆུང་ཆུང་ཙམ་བཏང་ནས་བཞག་གི་རེད།་་་་ཧཧཧ
ད་་་ཏོག་ཙམ་སྒུག་དང་། འོས་བསྡུ་ཚར་སོང་ན་མ་འོངས་འཐབ་རྩོད་ཀྱི་ཁ་ཕྱོགས་ཤིག་བསམ་བློ་མ་གཏོང་རང་གཏོང་ཆགས་འོང་གི་རེད། ངས་སྔོན་ནས་མང་པོ་བཤད་ཡོད་་་རང་བཙན་དང་དབུ་མའི་ལམ་གྱི་བར་གྱི་འཐབ་རྩོད་འདི་ལྷ་འདྲེའི་འཐབ་རྩོད་ཙམ་མ་རེད། ཞེན་སྣང་ཚ་པོ་རེད། གཏིང་ཟབ་མོ་རེད། འཇམ་ནོར་དང་ཀརྨ་ཆོས་འཕེལ་སོགས་གཙོ་བོ་གྱུར་པའི་ངང་རྒྱུད་རིང་བའི་གང་ཟག་རྣམས་ལ་རྗེས་སུ་ཡིད་རང་ཡོད། ཡིན་ཀྱང་ངས་བལྟས་ན་ད་་ངང་སྒུག་བྱེད་ཀྱི་ཅང་ལྷག་མ་སོང་ཞུ་རྒྱུ་ཡིན།
ཆབ་སྲིད་པ་དེས་ཆབ་སྲིད་པ་ངོ་མ་ཞིག་མ་རེད། ཆབ་སྲིད་པ་ངོ་མ་ཞིག་ན་ལྕགས་གདོང་དང་གཡོ་སྒྱུ་མང་པོ་ཡོད་ནི་རེད།
ཅོ་རིས། ༢༠༡༡ལོར་བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་གྱི་སྐབས་སུ་བཙན་བྱོལ་བོད་གཞུང་རང་འཇག་བཞག་དགོས་པར་མང་མོས་བྱུང་བ་རེད། མང་མོས་ལ་རྩིས་མེད་རྡོག་རོལ་བཏང་ནས་སྒྲིག་འཛུགས་ལ་བསྒྱུར་བཞག་པ་རེད། འོས་བླུགས་ནས་སྲིད་ཇུས་འགྱུར་གཏོང་གྱི་ཐོབ་ཐང་ཞིག་མི་དམངས་ལ་ཡོད་ན་དང་འགྲིག་གི་འདུག་ག དེ་འདྲ་མེད་པ། མང་མོས་རྡོག་རོལ་བཏང་མཁན་དེ་འདྲ་རེད་བ། ཟེར།
འདི་ཡང་ཧ་ཅང་བསམ་བློ་གཏོང་དགོས་པའི་སྐད་ཆ་རེད། ཡིན་ནའང་ཚོགས་ཆེན་གྱི་ཡིག་ཆ་དེ་ལ་རྒྱབ་གཉེར་སྙན་ཐོ་ཟེར་བ་རེད། དེ་ཐག་གཅོད་མ་རེད། ཐག་གཅོད་སྤྱི་ལྷན་ནས་བྱས་པ་རེད།
ངས་དངོས་གནས་བཤད་པ་ཡིན། ཡིན་ན་ཡང་། ངས་ཀུ་རེ་རྩེ་བའི་ཟོལ་གྱིས་བཤད་པ་མ་གཏོགས་དངོས་སུ་ཁ་རྩོད་བརྒྱབ་པ་ལྟ་བུ་མིན་མོད་ཁོ་རང་ལ་ཕོག་སོང་ཡོད་ངེས་རེད། དེ་ནས་ང་ལ་འབྲེལ་བ་གཙང་བཅད་བྱས་སོང་།
མི་དེས་ང་ལ་འབྲེལ་བ་བཅད་པ་དེས་ངའི་སེམས་ལ་མི་དགའ་བ་ལྟ་བུ་བྱུང་མ་སོང་། ངས་མ་གཞི་ནས་ཁོ་རང་ང་དང་མི་ཚེའི་འགྲུལ་བཞུད་ཁྲོད་དུ་འགྲོགས་འདྲིས་ཡོད་པ་མ་གཏོགས་ཡིད་ཆེས་བྱ་སའི་གྲོགས་པོ ཞིག་མིན་སྟབས་ཁོས་ང་ལ་འབྲེལ་བ་བཅད་པ་དེར་དགའ་རྒྱུ་མ་གཏོགས་སྡུག་རྒྱུ་མི་འདུག
ང་ལ་ཡང་དེ་འདྲའི་རྩོད་པ་བྱེད་ས་ཁ་ཤས་ཡོད། ཁོང་ཚོ། རླུང་ཚ་བོ་འདྲ། སྨྱོ་ཚུབ་ཚུབ་འདྲ་ཞིག་འདུག། ཡིན་ན་ཡང་། བོད་མིའི་རྡོག་རྩ་ལ་བསམ་བློ་བཏང་ནས། ཁོང་ཚོར། བྷེར་kingfisherརེ་མཆོད་ན། ཁོ་ཚོ་ལྷབ་ལྷབ་ལྷབ་ངོ་ཚ་མདོག་དང་ཁ་བདེ་མདོག་གིས། མྱི་གཤེས་ཐེངས་རེར་སྟོན་དུ་ཡང་ཡང་ཡོང་གི་རེད། གྲོགས་པོ་མ་རེད་དེ། བོད་རིགས་ཡིན་པས། དེ་འདྲ་དེ་འདྲ་བྱས་ནས་ཉི་མ་སྐྱོལ་བཞིན་ཡད་དོ།
ཅོ་རི།ཁྱོད་རང་རང་སྲིད་རང་སྐྱོང་གི་འཐབ་རྩོད་ནང་ལ་མ་ཞུགས་ན་འགྲིག་གི་རེད། མི་ཚང་མ་འདིས་ནང་ལ་ཞུགས་རོག་ཟེར་གྱི་ཡོད་མ་རེད། གཞོན་ནུ་དང་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ལང་ཕྱོགས་ཁ་ཁ་ལ་འགྲོ་བཞིན་པ་རེད། དེ་ཚོ་དབུ་མའི་ལམ་ལ་ཡོང་དགོས་ཟེར་མཁན་སུ་ཡང་མེད་པ་རེད། འོན་ཀྱང་ཤེས་དགོས་པ་ཞིག་ལ་བོད་མི་བརྒྱ་ཆ་དགུ་བཅུ་གོང་ས་མཆོག་གི་རྗེས་སུ་འབྲང་ནས་དབུ་ལམ་ལ་འགྲོ་བཞིན་ཡོད་པ་གསལ་པོ་རེད། དེས་ན་དམངས་གཙོའི་ལམ་སྲོལ་ནང་ལ་སྤྱི་མོས་དང་མང་མོས་གཉིས་ཡོད་པ་ལས། དབུ་ལམ་ལ་སྤྱི་མོས་མེད་ཀྱང་མང་མོས་ཡོད་པས་ང་ཚོས་དབུ་ལམ་ནས་རང་སྐྱོང་རྩོད་རྒྱུའི་ཐོབ་ཐང་ཡོད་པ་རེད།
ད་ཅོ་རི་དང་འཇིགས་བྲལ་ཚོ་སླེབས་བཞག ཧཧ ཟིང་རྒྱོབསསསསསསས
ཧཧཧཧཧཧཧ་་་་་ཅོ་རི་ཁྱོད་རང་གི་བཅའ་ཁྲལ་སྒོར་་58་་་དེ་ངས་སྤྲད་མཆོག་་་་་་བོད་མི་ཡོངས་ཀྱི་མདུན་ལམ་བོད་མི་ཡོངས་ཀྱི་འདོད་མོད་ལྟར་ཐག་གཅོད་བྱེད་ཀྱི་ཡོད་པ་རེད་་་ཁྱོད་གཞུང་ལ་སྒོར་་58་་་ཕུལ་མི་ནུས་མཁན་ཞིག་གཞུང་འདི་དང་དེའི་ཁུངས་སུ་ཚུད་ཐབས་ཡོད་པ་མ་རེད་་་་་་
ཚེ་རིང་ལགས། དཔྱ་ཁྲལ་སྐོར་མགོ་མ་ཚུད་ན་བཤད་དགོས་མ་རེད་གདའ། ཇོ་རི་ཉི་མ་སུད་སིར་གནས་སྡོད་ཡོད་པས་ལོ་རེར་སུད་སྒོར་༡༤༠/༠༠རེ་འབུལ་གྱི་ཡོད་རེད། ཧིན་སྒོར་ལ་ཕབ་ན་༩༨༠༠/༠༠ཙམ་འབབ་ཀྱི་ཡོད་པས་རང་ཐོག་ལ་བསྐོར་དང་སྤྲོད་དགོས་ཚེ་ག་འདྲ་འདུག་གམ། དམིགས་ཡུལ་ལ་གཞི་བཟུང་ནས་མང་ཤོས་ཀྱིས་འབུལ་གྱི་ཡོད་རེད། མ་གཞི་གངས་སྐྱིད་ལས་སྣེ་རེ་ཟུང་གི་ལུང་པ་གཉིས་ཀྱི་ལག་འཁྱེར་ཁུར་ནས་དགོས་མཁོ་བྱུང་ཚེ་ལས་ལག་དེབ་སྔོན་པོ་ལ་དཔྱ་ཁྲལ་འཇལ་གྱི་མེད། དེ་འདྲ་མང་པོ་ཡོད་པའི་རང་འཚངས་འདོན་ལ་དགོས་པ་མེད་པས་འདི་ན་མཚམས་འཇོག་བཅས།
ཅོ་རི་ཉི་མ་ཁ་རང་གིས་དཔྱ་དངུལ་འབུལ་གྱི་མེད་ཅེས་བཤད་སོང་བས་ཏྲེ་ཧོར་བྱམས་པ་ཡིན་ན་འདིས་ག་རེ་བཤད་ཀྱི་ཡོད་པའི་ཁུལ་རེད།
ཏྲེ་ཧོར་ལགས་གཅིག་གི་རྒྱབ་ལ་གཅིག་ལངས་དགོས་དོན་མེད་་་་་་་ཅོ་རིས་བྲིས་པའི་མཆན་རྣམས་ལ་གཟིགས་དང་སུས་ནོར་ནའང་སྐྱོན་བརྗོད་གནང་དགོས་རེད་འོན་ཀྱང་ཁོང་གིས་གནང་བའི་སྐྱོན་བརྗོད་ཚང་མའི་དམིགས་ཡུལ་སྤྱི་ཚོགས་ཞིག་སྟོར་ཤིག་དང་བུམ་བུ་སོགས་གཏོང་རྒྱུ་དེ་རེད་་་་གཉིས་ནས་ཁྱེད་རང་གི་ཁོའི་མཆན་རྣམས་ཡག་པོ་བཀླགས་ཡོད་ས་མ་རེད་ཅོ་རི་ཟླ་བའི་སྟེང་ལ་ཡོད་ན་འདྲ་རྒྱམ་མཚོའི་སྟིང་ལ་ཡོད་ནའང་འདྲ་ཁོས་དབྱ་ཁྲལ་སྤྲད་ཀྱི་མེད་ཟེར་ཀྱི་མིན་འདུག་ག་་་་