དམར་ཁ་ཚ།
ཁྱོད་ཁམས། ང་ཨམ། མོ་དབུས་ཀྱི་ཞེ་མེར། ངས་རྩོམ་བྱང་འདིར་བལྟས་མ་ཐག་ཁྱེད་ཀྱིས་ཅི་ཞིག་གླེང་རྒྱུ་ཡིན་པ་ཤེས་སྲིད་མོད། ཞེ་མེར་ལངས་བའི་གོ་རིམ་འདི་ཅི་འདྲི་འཇིཊ་སུ་རུང་བ་ཞིག་ཡིན་པ་ངས་ཁྱེད་ལ་བཤད་འདོད།
ཞེ་མེར་བའི་རྒྱུ་འདི་ཕལ་ཆེར་བོད་པ་རེ་རེའི་སེམས་སུ་ཤོག་བུར་འགོས་པའི་སྣུམ་བཞིན་ཟིན་འདུག་སྙམ་སྟེར་བ་འདིས་སྐབས་སྐབས་སུ་ཐོལ་བྱུང་གི་འཇིཊ་སྣང་ཞིག་ཀྱང་སྟེར་བར་བྱེད་ལ། མཚམས་རེར་མི་རིཊ་འདི་ནི་ཐ་ན་རང་བཙན་དང་མང་གཙོ་འཛའ་བའི་མི་རིཊ་ཤིག་ཀྱང་མ་རེད་ཨང་སྙམ་དུ་ཡང་བཅུག
མི་རློམ་ན་ཁྱེད་ཀྱིས་ངོ་དེབ་ཐོག་དང་དྲ་ཐོག་གི་སྲིད་སྐྱོང་གླེང་གཞིར་བྱས་པའི་རྩོམ་ཡིག་དག་གི་མཇུག་མཆན་དག་ལ་ལྟོས་དང་ཤེས་ཡོང་། དེ་རུ་ཐ་ན་ཁྱོད་གསོད་རྒྱུ་ཡིན་ཟེར་བའི་ཚིག་ཡང་མཐོང་རྒྱུ་ཡོད།
སྤྱིར་ཆབ་སྲིད་དང་སྲིད་འཛིན་རྒྱལ་ཁབ་ཟེར་བའི་སྒྲོམ་གཞི་ཟབ་མོ་ཅན་དེ་ཡོངས་སུ་བོར་འདུག་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེ་བར་བྱེད་དེ། ཁྱེད་ཀྱིས་སྲིད་སྐྱོང་གི་འོས་གཞི་ག་གེ་མོ་བ་ཞིག་ལ་འོས་བླུག་དོན་ནི་མི་དེ་ཁྱོད་དང་ཆོལ་ཁ་གཅིག་མིན་ཐུག་འདུག་པས་སོ།
ལར་ནས་ཞིབ་དུ་སོམས་དང་སྲིད་སྐྱོང་དུ་འབོད་པས་གང་ཟག་དེ་ཁྱེད་དང་ཆོལ་ཁ་གཅིག་པས་ཅི་ཞིག་ཕན་དེ་གལ་ཏེ་ཁོ་ལ་ནུས་པ་མེད་ན་ང་ཚོ་ཚང་མ་མཉམ་ཕུང་བ་ཡིན་ལ། གལ་ཏེ་ནུས་པ་ཡོད་པས་དབང་ཏུ་བཏང་ཡང་ཁྱེད་གཉིས་ཆོལ་ཁ་གཅིག་པས་ལྷག་པ་ཅི་ཞིག་བྱེད་རྒྱུ་ཡོད་པ་རེད། མ་ཟད་འོས་མི་དེ་ཁྱེད་ཀྱི་ཨ་ཕ་ཡིན་པའི་དབང་དུ་བཏང་ཡང་ཁྱེད་ཀྱི་ཨ་ཕས་ཁྱོད་གཅིག་པུ་དམིཊ་སུ་བཀར་ནས་ཅི་ཞིག་བྱེད་དུ་ཡོད་དམ། གལ་ཏེ་བྱས་པའི་དབང་དུ་བཏང་ན་ད་ཚར་སོང་བ་མ་རེད་དམ། ཁྱོད་ཀྱི་ཆེད་དུ་ཁྱོད་ཀྱི་ཕ་སྟེ་བོད་པ་ཚང་གི་སྲིད་འཛིན་གྱི་རིན་ཐང་ཡོད་པའི་མི་དེ་གླགས་པ་མ་ཡིན་ནམ།
ཚོལ་ཁའི་དབང་གིས་སྲིད་སྐྱོང་ཐག་གཅོད་དགོས་པར་འདོད་པ་ནི་ཅི་འདྲའི་དགོད་བྲོ་བ་ཞིག་དང་ངུ་འཆོར་བ་ཞིག་ཀྱང་མ་རེད་དམ།
རྒྱུ་མཚན་ནི་ཆོལ་ཁ་དབང་དུ་བྱས་ནས་སྲིད་སྐྱོང་འདེམ་པ་ནི་འདི་འདྲ་ཟེར་བ་དང་འདྲ་སྟེ། ངའི་རྒྱལ་ཁབ་ཀྱི་ཕུག་རེ་བཅོལ་སའི་མི་དེ་ནུས་མེད་ཅིག་ཡིན་ཡང་སྐྱོན་མེད། ང་དང་ཆོལ་ཁ་གཅིག་པ་ཁོ་ནས་འཐུས། ཕྱི་སྲིད་ནང་སྲིད་ཤེས་ཡོན་འཛིན་སྐྱོང་དེ་ཚོ་ལ་རིན་ཐང་ཅི་ཡང་མེད། གཙོ་བོ་ཆོལ་ཁ་གཅིག་པའི་ཕྱོཊ་ཞེན་ཆེ་ན་ང་ཚོ་བོད་པར་དགོས་དེ་ཡིན་ཟེར་བ་དང་གཅིག་པ་གཅིག་རྐྱང་རེད།
མདོར་ན་ཆོལ་ཁའི་དབང་དུ་བྱས་ནས་སྲིད་སྐྱོང་གདམ་པ་ཡིན་ན་དང་པོ་ནས་ཁྱེད་ཀྱིས་སྲིད་སྐྱོང་དྲང་མོ་ཞིག་ཡོང་རྩིས་བརྒྱབ་མེད།
ནོར་བཅོས་།
ངས་རྩོམ་བྱང ངའི་རྩོམ་བྱང
འཛའ མཛའ
གླཊ བརླཊ
ཁྱོད་ཁམས། ང་ཨམ། མོ་དབུས་ཀྱི་ཞེ་མེར། ་་་་་་་་་་་་
འདི།
ཁྱོད་ ཁམས་པ་ རེད། ང་ ཨ་མདོ་པ་ ཡིན། མོ་ དབུས་གཙང་པ་ རེད། ཅེས་པའི་ ཞེ་མེར། ་་་་་་
ལ།
ང་དབུ་མ་བ། ཁྱོད་རང་བཙན་པ། ང་དབུ་ལམ་གཞོན་ནུ། ཁྱོད་རང་བཙན་གཞོན་ནུ། ངས་བོད་རང་བཙན་མི་དགོས་པའི་སད་ཡིག་རྒྱག་གི་ཡིན། དེ་ནི་གོང་ས་མཆོག་གི་དགོངས་གཞི་རེད་ཟེར་མཁན་དག་ལའང་ཞེ་མེར་ལངས་ཡོད།