སྲིད་སྐྱོང་ལས་ཐོག་པ་བློ་བཟང་སེངྒེ་ལགས་སུ་བཅར་འདྲི། Posted on 2016-02-142016-02-14 By རྔ་བ་རྒྱལ་ཁམས་པ 8 Comments on སྲིད་སྐྱོང་ལས་ཐོག་པ་བློ་བཟང་སེངྒེ་ལགས་སུ་བཅར་འདྲི། བཅར་འདྲི།
ཨ་ཡོ་ཡོ། སྲིད་སྐྱོང་བློ་བཟང་སེང་གེ ད་ཡིན་ན། ཨ་རིའི་རླུང་འཕྲིན་ཁང་གིས་སྲིད་སྐྱོང་བློ་སེང་ལ་ 2/ 10/2016 ཉིན་བཅར་འདྲི་བྱས་པར་ཆ་ཚང་ལ་བལྟས་ཏེ་ཟིན་བྲིས་སུ་བཀོད་ཡོད། གོང་ས་མཆོག་དང་གོང་ས་མཆོག ཆུ་ཚོད་གཅིག་ཙམ་གྱི་བཅར་འདྲི་དེའི་ནང་བློ་སེང་གིས་གོང་ས་མཆོག་གི་མཚན་ཐེངས་ 17 ལ་བེད་སྤྱོད་བཏང་སོང་། དེ་ནི་བློ་སེང་གི་བཅར་འདྲི་གཞན་དང་བསྡུར་ན། གོང་ས་མཆོག་གི་མཚན་སྤྱད་པ་མང་ཤོས་དེ་ཡིན་ངེས། དེ་ནི་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར། བློ་སེང་ལ་གོང་ས་མཆོག་དང་འབྲེལ་ཏེ་གནད་དོན་གཅིག་མིན་དུ་མས་ཚ་འདེད་གཏོང་བཞིན་པའི་སྐབས་དང་འཁེལ་ཡོད། བློ་སེང་གི་ཧ་ལམ་ལོ་ལྔའི་རིང་གོང་ས་མཆོག་གི་སྐུའི་སྲུང་སྐྱོབ་དང་། གུས་བརྩི་ཞུ་སྟངས། བཀའ་སློབ་ལམ་སྟོན་དག་ལག་བསྟར་བྱེད་སྟངས་བཅས་ཀྱིས་བོད་མི་ཚོ་འདོད་པ་ཚུམ་མེད་པར་མ་ཟད། བློ་སེང་ལ་དོགས་འདྲི་བྱེད་འགོ་བརྩམས་ཡོད། གནད་དོན་དེར་དམིགས་ནས་བློ་སེང་གིས་གོང་ས་མཆོག་གི་མཚན་ནས་བཟུང་སྟེ། རང་ཉིད་གོང་ས་མཆོག་ལ་གུས་ཞབས་ཙམ་མ་ཟད་”ཚེ་འདི་ཕྱི་གཉིས་ཀྱི་བླ་མ་ཡིན” ཞེས་བཤད་སོང་། འོན་ཀྱང་བོད་མི་ཚོ་བློ་སེང་ལ་སྔོན་མ་ནང་བཞིན་ལྟ་སྟངས་དེ་མེད་ལ། ཐ་ན་མི་མང་པོ་ཞིག་ལ་ཞེན་པའང་ལོག་ཡོད། བཀྲས་མཐོང་དང་བཀྲས་དབང་དྲན་པ། སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་གིས། ཁོང་སྲིད་སྐྱོང་ཆགས་པ་ཡིན་ན། ལས་ཀ་འདི་དང་འདི་བྱ་རྒྱུ་ཡིན། འགྱུར་བ་འདི་དང་འདི་གཏོང་གི་ཡིན་ལ། ད་ལྟའི་ལས་ཀ་བྱེད་སྟངས་འདི་དང་འདི་འགྲིག་གི་མི་འདུག ཅེས་གནད་སྟོན་རེ་རེས་བློ་སེང་གི་མི་གཞི་ནས་ཁྲིམས་དང་སྒྲིག་གཞི་བརྩིས་མེད། འཐུས་ཤོར་དང་ཉམས་རྒུད། ཚགས་ཚུད་མེད་དག་ཕྱི་ལ་བསྒྲགས་ཡོང་དུས། བློ་སེང་གིས་དེ་སྔོན་2011 ལོའི་འོས་བསྡུ་དྲན་ཞིང་། ལྷག་ཏུ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་བཀྲ་ཤིས་དབང་འདུས་གཉིས་དྲན་ཞིང་། ཁོང་རྣམ་གཉིས་ལ་བསྟོད་པ་དང་ཐུགས་རྗེ་ཆེ་ཞུས་སོང་། ཁོང་རྣམ་གཉིས་ནས་བློ་སེང་ལ་སྐབས་དེར་ཁ་གཏད་ཚ་བོ་མ་བྱས་པ་དེས། ལམ་ལྷོང་བྱུང་བ་གཞི་ནས་ཚོར་འགོ་བརྩམས་འདུག དཀའ་ལས་བརྒྱབ་ཡིན། བློ་སེང་ལ་ལོ་ལྔའི་རིང་ཅི་ཞིག་བྱས་ཡིན། གྲུབ་འབྲས་ཅི་ཡོད་ཅེས་དྲིས་ན། “ལྷིང་འཇགས་བྱུང་སོང་” ཟེར་བ་དང་། ཡང་” བརྩིགས་རྨང་བརྒྱབས་ཡོད།” ད་དུང་”དཀའ་ལས་བརྒྱབ་ཡོད། ང་བློ་བཟང་སང་གེས་དཀའ་ལས་བརྒྱབ་མ་སོང་ཟེར་ན་ཏག་ཏག་བསྡད་ཡོད་པ་མ་རེད་ཟེར ” ད་ཨོ་ན། དཀའ་ལས་བརྒྱབ་ཡོད་པ་རེད། དཀའ་ལས་ལ་གྲུབ་འབྲས་ཚད་ལྡན་ཞིག་གཏད་ནས་སྟོན་རྒྱུ་མེད་དུས། ལས་ཀ་བྱེད་སྟངས་ཤེས་ཀྱི་མེད་པ་གསལ་བོ་ཆགས་པ་རེད། ངའི་ཕ་ཡུལ་གྱི་འབྲོག་རྒན་ཞིག་གིས་” ནག་མོ་ལ་ཧུར་ཐག་གིས་འཛེགས་ཡིན། བུ་ནི་ཆགས་མ་སོང་”ཞེས་བཤད་པ་རེད་། དེ་བཞིན་བློ་སེང་གིས་ཀྱང་དཀའ་ལས་ནི་བརྒྱབ་ཡིན། གྲུབ་འབྲས་ནི་ཐོན་མ་སོང་ལབ་ན་སྐད་ཆ་དེ་བདེན་པར་འགྲོ ཨ་རིའི་ཧྭ་ཝར་སློབ་ཆེན། ཧ་ཝར་སློབ་ཆེན་ནས་ཅིག་ཅིག་ཉིག་ཉིག་མང་པོ་བཤད་སོང་ལ། འཛམ་གླིང་གི་སྲིད་འཛིན་དང་སྲིད་བློན་ཟུར་བ་མང་པོ་ཐུག་རབས་དང་། དེ་དག་ལས་བློ་བསྐྱེད་རེག་རབས་དག་ལ་ཉན་ན། བོད་མིའི་དཀའ་རྙོག་འདི་ལ་ཅིག་ལོས་འཇོན་གྱི་སྣང་བ་སྤྲད་ཀྱང་། དོན་ལ་དབུ་མའི་ལམ་གྱིས་སྲིད་ཇུས་དེ་ཡང་བློ་སེང་གི་ལག་ཏུ་གཉིད་ལ་ཤོར་སོང་། ལོ་ལྔར་ཉར་སོང་། ཉར་ཡུན་རིང་ཤོས་དེ་བློ་སེང་གི་སྐབས་ལ་བྱུང་སོང་། གཅིག་བྱས་ན་ད་དུང་མུ་མཐུད་དུ་ལོ་ལྔ་བསྣན་ན། སྡོམ་པའི་ལོ་བཅུ་ལ་ཉར་རྒྱུ་རེད་འདོད། ཟམ་གདོང་རིན་པོ་ཆེ། བློ་སེང་ལ་ཉམས་མྱོང་དང་འབྲེལ་བའི་འདྲི་བ་ཞིག་ལ། ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་སྤྱི་འཐུས་ཚོགས་གཙོ་ནས་བཀའ་ཁྲི་ཆགས་པ་རེད་ཅེས། ཟམ་གདོང་རིན་པོ་ཆེ་ཉམས་མྱོང་མེད་པའི་བཀའ་ཁྲི་ཞིག་ལ་བརྩིས་སོང་། ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་མ་ཆགས་སྔོན་ལ། དགེ་རྒན་དང་ཝ་ར་ན་སིའི་གཙུག་ལག་སློབ་ཆེན་གྱི་སློབ་སྤྱི་གནང་བ་སོགས་བློ་སེང་གིས་ཤེས་ཀྱི་མི་འདུག ཡང་ན་ཤེས་ཀྱང་ཆེད་དུ་ཧམ་བཤད་བྱས་སོང་། དྲ་རྒྱ་གཞན་ལས་བཤུས།
བློ་སེང་གིས་གྲོས་ཚོགས་ལ་ཐུགས་ཕན་སོས་པའི་ལན་འདེབས་གནང་དུས་པའི་དཔེ་མཚོན་གཅིག་ནི་འདི་ལྟར་ཏེ། ༧གོང་ས་མཆོག་༧ཨ་རིར་མཛད་འཕྲིན་བསྐྱངས་པའི་སྐབས་ཤིག་དོལ་འདྲེ་དམར་པོའི་ཨབ་ཕྲུག་ཅིག་གིས་བཞུགས་གནས་མགྲོན་ཁང་གི་ཆིབས་བསྒྱུར་ལམ་ཁར་སྐུ་ཕེབས་ལམ་དུ་ངོ་རྒོལ་བྱས། དེ་ལ་༧གོང་ས་མཆོག་སྐུ་དངོས་ཀྱིས་གསལ་བཤད་སྐྱོན་པ་བརྙན་དུ་ཁྱབ་ཡོད། གྲོས་ཚོགས་འཐུས་མི་ཞིག་གིས་དེ་ལྟ་བུའི་གནས་ཚུལ་བྱུང་འདུག མ་འོངས་པར་དེ་ལྟ་བུ་མི་འབྱུང་བར་བཀའ་ཤག་ལ་འགན་ལེན་དང་གྲ་སྒྲིག་ག་ཚོད་ཡོད་ཅེས་དྲིས་པར། མཁས་དབང་དུ་གྲགས་པའི་སྲིད་སྐྱོང་ལས་ཐོག་བློ་སེང་གིས་་ལག་པས་ཕྱག་རྒྱ་དང་བཅས་་་་མ་རེད་་་་མ་རེད་་་་་་༧གོང་ས་མཆོག་འདི་བ་ན་བཞུགས་ཡོད་ན་་་ངོ་རྒོལ་བྱེད་མཁན་ཕ་གི་ན་ཡོད་རེད་ཅེས་་་ལན་བཏབ་ཡོད་འདུག དེ་དང་དེ་ལྟ་བུ་ནི་ལོ་ལྔའི་རིང་གྲོས་ཚོགས་ལ་ཐུགས་ཕན་སོས་པའི་ལན་འདེབས་རེད་དོ།
བཅར་དྲི་བྱེད་མཁན་འདི་སྙིང་རྗེ་ ཁོ་རང་རྒྱ་རི་ཚང་གི་ཉེ་རིང་འོག་གསར་འགོད་ཀྱི་ཉམས་མྱོང་ཆུ་གྲུ་ལུ་གཅིག་མེད་པར་སླེབས་པ་རེད་ རྒྱུན་དུ་ཨེ་རླུང་གི་གདེངས་ཆ་སྒེར་བེད་སྤྱད་དེ་རྒྱ་རི་དང་ཁམས་པའི་མངོན་འདོད་གོང་མཐོར་གཏོང་ཐབས་བྱེད་ཀྱི་ཡོད་ ད་ལན་ཁོ་པ་བློ་སེང་གི་པད་མ་ཆོས་འབྱོར་དང་ལྡི་ལི་ཆུ་སྒང་གི་གནོན་ཤུགས་འོག་རྒྱ་རི་རིན་པོ་ཆེ་གཞུང་ཞབས་ནས་གནས་དབྱུངས་བཏང་བ་དེར་ཅི་བྱ་ལྟོས་བྲལ་གྱིས་བློ་སེང་ལ་སྤྲེལ་ལད་འཁྲབ་པ་དགའ་འམ་སེམས་གནག་བྱས་པ་དགའ་ཆ་མ་རྟོགས་པར་ལུས་པ་རེད་ འོན་ཀྱང་ཚོགས་གཙོས་བཀའ་སློབ་རིམ་པ་ལ་ལན་འདེབས་སྐྱག་རྫུན་རྐྱང་རྐྱང་བཤད་སོང་ དུས་དབང་དང་འབྲེལ་བའི་ཚོགས་གཙོས་བཀའ་སློབ་དེ་བསྟན་མ་སོང་ དེའི་བར་ན་ ༢༠༡༥ ལོར་བློ་སེང་དང་༧གོང་ས་མཆོག་གཅིག་ཏུ་ཡོད་པའི་བརྙན་དཔར་ཡོད་དམ་ཅེས་དྲིས་སོང་ དེ་ནི་བློ་སེང་གི་རྐང་བཙུགས་ནས་རྒྱ་རི་རིན་པོ་ཆེ་ནག་པོ་བཟོ་ཆེད་ཡོ་རོབ་རྒྱལ་ཁབ་གཅིག་གི་སྲིད་འཛིན་ཟུར་པར་༧གོང་ས་མཆོག་གི་མཇལ་ཁ་བཏང་བ་རེད་ཟེར་ དོན་དངོས་རྒྱ་རི་རིན་པོ་ཆེ་ཡིས་ཡོ་རོ་ས་ཡ་ ༡ ཙམ་ཟས་མེད་པ་ཟམ་གདོང་རིན་པོ་ཆེས་ཡི་གེ་བྲིས་ཡོད་རེད་ཟེར་ ༧གོང་ས་མཆོག་གིས་བློ་སེང་གི་བྱེད་བབ་མཁྱེན་ནས་སྐུ་རླུང་བཞེངས་པ་དང་རྒྱ་རི་རིན་པོ་ཆེ་དང་༧གོང་ས་མཆོག་དབར་དཀྲུག་ཤིང་རྒྱག་མཁན་བློ་སེང་རེད་ཟེར་ དེ་ནས་བཟུང་༧གོང་ས་མཆོག་གི་བློ་སེང་ལ་བསྟོད་ར་མི་གཏོང་བ་དང་མཉམ་དུ་བརྙན་དཔར་སྒྲོན་མེད་སྐད་
ཇི་སྐད་དུ། “ཤེལ་ལ་ནོར་བུའི་ཁ་བསྒྱུར་ཡང་།། ཆུ་དང་འཕྲད་ན་རང་མདོག་སྟོན།།” ཞེས་པ་ལྟར་དྲི་བ་འདྲི་མཁན་དང་དྲིས་ལན་གནང་མཁན་གཉིས་ཀའི་རང་མདོག་དངོས་དེ་ལྷང་ལ་བུད་སོང་། ཁྱད་མཚར་་་་་་་་་
ཧ་ཅང་གི་དྲི་བ་དྲི་ལན་ཡག་པོ་གནང་འདུག། གནད་འགག་ཚང་མར་གསལ་བཤད་ཁ་གསལ་གོ་བདེ་ངང་གསུངས་འདུག། ཐུགས་རྗེ་ཆེ་རྣམ་པ་གཉིས ལགས།
བློ་སེང་ལགས་ཀྱིས་ཉི་སྟོང་བརྒྱད་ཀྱི་ལོར་གསུངས་པ་ཅིག སྙན་གཟིགས་གནོངས་དང་། https://www.facebook.com/dukar.tsering.9/videos/908068229245830/
ཨ་ཡོ་ཡོ། སྲིད་སྐྱོང་བློ་བཟང་སེང་གེ ད་ཡིན་ན།
ཨ་རིའི་རླུང་འཕྲིན་ཁང་གིས་སྲིད་སྐྱོང་བློ་སེང་ལ་ 2/ 10/2016 ཉིན་བཅར་འདྲི་བྱས་པར་ཆ་ཚང་ལ་བལྟས་ཏེ་ཟིན་བྲིས་སུ་བཀོད་ཡོད།
གོང་ས་མཆོག་དང་གོང་ས་མཆོག
ཆུ་ཚོད་གཅིག་ཙམ་གྱི་བཅར་འདྲི་དེའི་ནང་བློ་སེང་གིས་གོང་ས་མཆོག་གི་མཚན་ཐེངས་ 17 ལ་བེད་སྤྱོད་བཏང་སོང་། དེ་ནི་བློ་སེང་གི་བཅར་འདྲི་གཞན་དང་བསྡུར་ན། གོང་ས་མཆོག་གི་མཚན་སྤྱད་པ་མང་ཤོས་དེ་ཡིན་ངེས། དེ་ནི་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར། བློ་སེང་ལ་གོང་ས་མཆོག་དང་འབྲེལ་ཏེ་གནད་དོན་གཅིག་མིན་དུ་མས་ཚ་འདེད་གཏོང་བཞིན་པའི་སྐབས་དང་འཁེལ་ཡོད།
བློ་སེང་གི་ཧ་ལམ་ལོ་ལྔའི་རིང་གོང་ས་མཆོག་གི་སྐུའི་སྲུང་སྐྱོབ་དང་། གུས་བརྩི་ཞུ་སྟངས། བཀའ་སློབ་ལམ་སྟོན་དག་ལག་བསྟར་བྱེད་སྟངས་བཅས་ཀྱིས་བོད་མི་ཚོ་འདོད་པ་ཚུམ་མེད་པར་མ་ཟད། བློ་སེང་ལ་དོགས་འདྲི་བྱེད་འགོ་བརྩམས་ཡོད། གནད་དོན་དེར་དམིགས་ནས་བློ་སེང་གིས་གོང་ས་མཆོག་གི་མཚན་ནས་བཟུང་སྟེ། རང་ཉིད་གོང་ས་མཆོག་ལ་གུས་ཞབས་ཙམ་མ་ཟད་”ཚེ་འདི་ཕྱི་གཉིས་ཀྱི་བླ་མ་ཡིན” ཞེས་བཤད་སོང་། འོན་ཀྱང་བོད་མི་ཚོ་བློ་སེང་ལ་སྔོན་མ་ནང་བཞིན་ལྟ་སྟངས་དེ་མེད་ལ། ཐ་ན་མི་མང་པོ་ཞིག་ལ་ཞེན་པའང་ལོག་ཡོད།
བཀྲས་མཐོང་དང་བཀྲས་དབང་དྲན་པ།
སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་གིས། ཁོང་སྲིད་སྐྱོང་ཆགས་པ་ཡིན་ན། ལས་ཀ་འདི་དང་འདི་བྱ་རྒྱུ་ཡིན། འགྱུར་བ་འདི་དང་འདི་གཏོང་གི་ཡིན་ལ། ད་ལྟའི་ལས་ཀ་བྱེད་སྟངས་འདི་དང་འདི་འགྲིག་གི་མི་འདུག ཅེས་གནད་སྟོན་རེ་རེས་བློ་སེང་གི་མི་གཞི་ནས་ཁྲིམས་དང་སྒྲིག་གཞི་བརྩིས་མེད། འཐུས་ཤོར་དང་ཉམས་རྒུད། ཚགས་ཚུད་མེད་དག་ཕྱི་ལ་བསྒྲགས་ཡོང་དུས། བློ་སེང་གིས་དེ་སྔོན་2011 ལོའི་འོས་བསྡུ་དྲན་ཞིང་། ལྷག་ཏུ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་བཀྲ་ཤིས་དབང་འདུས་གཉིས་དྲན་ཞིང་། ཁོང་རྣམ་གཉིས་ལ་བསྟོད་པ་དང་ཐུགས་རྗེ་ཆེ་ཞུས་སོང་། ཁོང་རྣམ་གཉིས་ནས་བློ་སེང་ལ་སྐབས་དེར་ཁ་གཏད་ཚ་བོ་མ་བྱས་པ་དེས། ལམ་ལྷོང་བྱུང་བ་གཞི་ནས་ཚོར་འགོ་བརྩམས་འདུག
དཀའ་ལས་བརྒྱབ་ཡིན།
བློ་སེང་ལ་ལོ་ལྔའི་རིང་ཅི་ཞིག་བྱས་ཡིན། གྲུབ་འབྲས་ཅི་ཡོད་ཅེས་དྲིས་ན། “ལྷིང་འཇགས་བྱུང་སོང་” ཟེར་བ་དང་། ཡང་” བརྩིགས་རྨང་བརྒྱབས་ཡོད།” ད་དུང་”དཀའ་ལས་བརྒྱབ་ཡོད། ང་བློ་བཟང་སང་གེས་དཀའ་ལས་བརྒྱབ་མ་སོང་ཟེར་ན་ཏག་ཏག་བསྡད་ཡོད་པ་མ་རེད་ཟེར ” ད་ཨོ་ན། དཀའ་ལས་བརྒྱབ་ཡོད་པ་རེད། དཀའ་ལས་ལ་གྲུབ་འབྲས་ཚད་ལྡན་ཞིག་གཏད་ནས་སྟོན་རྒྱུ་མེད་དུས། ལས་ཀ་བྱེད་སྟངས་ཤེས་ཀྱི་མེད་པ་གསལ་བོ་ཆགས་པ་རེད།
ངའི་ཕ་ཡུལ་གྱི་འབྲོག་རྒན་ཞིག་གིས་” ནག་མོ་ལ་ཧུར་ཐག་གིས་འཛེགས་ཡིན། བུ་ནི་ཆགས་མ་སོང་”ཞེས་བཤད་པ་རེད་། དེ་བཞིན་བློ་སེང་གིས་ཀྱང་དཀའ་ལས་ནི་བརྒྱབ་ཡིན། གྲུབ་འབྲས་ནི་ཐོན་མ་སོང་ལབ་ན་སྐད་ཆ་དེ་བདེན་པར་འགྲོ
ཨ་རིའི་ཧྭ་ཝར་སློབ་ཆེན།
ཧ་ཝར་སློབ་ཆེན་ནས་ཅིག་ཅིག་ཉིག་ཉིག་མང་པོ་བཤད་སོང་ལ། འཛམ་གླིང་གི་སྲིད་འཛིན་དང་སྲིད་བློན་ཟུར་བ་མང་པོ་ཐུག་རབས་དང་། དེ་དག་ལས་བློ་བསྐྱེད་རེག་རབས་དག་ལ་ཉན་ན། བོད་མིའི་དཀའ་རྙོག་འདི་ལ་ཅིག་ལོས་འཇོན་གྱི་སྣང་བ་སྤྲད་ཀྱང་། དོན་ལ་དབུ་མའི་ལམ་གྱིས་སྲིད་ཇུས་དེ་ཡང་བློ་སེང་གི་ལག་ཏུ་གཉིད་ལ་ཤོར་སོང་། ལོ་ལྔར་ཉར་སོང་། ཉར་ཡུན་རིང་ཤོས་དེ་བློ་སེང་གི་སྐབས་ལ་བྱུང་སོང་། གཅིག་བྱས་ན་ད་དུང་མུ་མཐུད་དུ་ལོ་ལྔ་བསྣན་ན། སྡོམ་པའི་ལོ་བཅུ་ལ་ཉར་རྒྱུ་རེད་འདོད།
ཟམ་གདོང་རིན་པོ་ཆེ།
བློ་སེང་ལ་ཉམས་མྱོང་དང་འབྲེལ་བའི་འདྲི་བ་ཞིག་ལ། ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་སྤྱི་འཐུས་ཚོགས་གཙོ་ནས་བཀའ་ཁྲི་ཆགས་པ་རེད་ཅེས། ཟམ་གདོང་རིན་པོ་ཆེ་ཉམས་མྱོང་མེད་པའི་བཀའ་ཁྲི་ཞིག་ལ་བརྩིས་སོང་། ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་མ་ཆགས་སྔོན་ལ། དགེ་རྒན་དང་ཝ་ར་ན་སིའི་གཙུག་ལག་སློབ་ཆེན་གྱི་སློབ་སྤྱི་གནང་བ་སོགས་བློ་སེང་གིས་ཤེས་ཀྱི་མི་འདུག ཡང་ན་ཤེས་ཀྱང་ཆེད་དུ་ཧམ་བཤད་བྱས་སོང་།
དྲ་རྒྱ་གཞན་ལས་བཤུས།
བདེན་རྫུན་དབྱེ་བ་འབྱེད་པའི་གསུང་བཤད་ཅིག་གནང་འདུག་བཀའ་དྲིན་ཆེ་ཞུ།
དངོས་གནས་བློ་སེང་འདི་མི་གཡོ་སྲོལ་ཆེ་བ་ལ་དཔེ་མེད་པ་ཞིག་རེད་འདུག
བློ་སེང་གིས་གྲོས་ཚོགས་ལ་ཐུགས་ཕན་སོས་པའི་ལན་འདེབས་གནང་དུས་པའི་དཔེ་མཚོན་གཅིག་ནི་འདི་ལྟར་ཏེ།
༧གོང་ས་མཆོག་༧ཨ་རིར་མཛད་འཕྲིན་བསྐྱངས་པའི་སྐབས་ཤིག་དོལ་འདྲེ་དམར་པོའི་ཨབ་ཕྲུག་ཅིག་གིས་བཞུགས་གནས་མགྲོན་ཁང་གི་ཆིབས་བསྒྱུར་ལམ་ཁར་སྐུ་ཕེབས་ལམ་དུ་ངོ་རྒོལ་བྱས། དེ་ལ་༧གོང་ས་མཆོག་སྐུ་དངོས་ཀྱིས་གསལ་བཤད་སྐྱོན་པ་བརྙན་དུ་ཁྱབ་ཡོད། གྲོས་ཚོགས་འཐུས་མི་ཞིག་གིས་དེ་ལྟ་བུའི་གནས་ཚུལ་བྱུང་འདུག མ་འོངས་པར་དེ་ལྟ་བུ་མི་འབྱུང་བར་བཀའ་ཤག་ལ་འགན་ལེན་དང་གྲ་སྒྲིག་ག་ཚོད་ཡོད་ཅེས་དྲིས་པར། མཁས་དབང་དུ་གྲགས་པའི་སྲིད་སྐྱོང་ལས་ཐོག་བློ་སེང་གིས་་ལག་པས་ཕྱག་རྒྱ་དང་བཅས་་་་མ་རེད་་་་མ་རེད་་་་་་༧གོང་ས་མཆོག་འདི་བ་ན་བཞུགས་ཡོད་ན་་་ངོ་རྒོལ་བྱེད་མཁན་ཕ་གི་ན་ཡོད་རེད་ཅེས་་་ལན་བཏབ་ཡོད་འདུག དེ་དང་དེ་ལྟ་བུ་ནི་ལོ་ལྔའི་རིང་གྲོས་ཚོགས་ལ་ཐུགས་ཕན་སོས་པའི་ལན་འདེབས་རེད་དོ།
བཅར་དྲི་བྱེད་མཁན་འདི་སྙིང་རྗེ་ ཁོ་རང་རྒྱ་རི་ཚང་གི་ཉེ་རིང་འོག་གསར་འགོད་ཀྱི་ཉམས་མྱོང་ཆུ་གྲུ་ལུ་གཅིག་མེད་པར་སླེབས་པ་རེད་ རྒྱུན་དུ་ཨེ་རླུང་གི་གདེངས་ཆ་སྒེར་བེད་སྤྱད་དེ་རྒྱ་རི་དང་ཁམས་པའི་མངོན་འདོད་གོང་མཐོར་གཏོང་ཐབས་བྱེད་ཀྱི་ཡོད་ ད་ལན་ཁོ་པ་བློ་སེང་གི་པད་མ་ཆོས་འབྱོར་དང་ལྡི་ལི་ཆུ་སྒང་གི་གནོན་ཤུགས་འོག་རྒྱ་རི་རིན་པོ་ཆེ་གཞུང་ཞབས་ནས་གནས་དབྱུངས་བཏང་བ་དེར་ཅི་བྱ་ལྟོས་བྲལ་གྱིས་བློ་སེང་ལ་སྤྲེལ་ལད་འཁྲབ་པ་དགའ་འམ་སེམས་གནག་བྱས་པ་དགའ་ཆ་མ་རྟོགས་པར་ལུས་པ་རེད་ འོན་ཀྱང་ཚོགས་གཙོས་བཀའ་སློབ་རིམ་པ་ལ་ལན་འདེབས་སྐྱག་རྫུན་རྐྱང་རྐྱང་བཤད་སོང་ དུས་དབང་དང་འབྲེལ་བའི་ཚོགས་གཙོས་བཀའ་སློབ་དེ་བསྟན་མ་སོང་ དེའི་བར་ན་ ༢༠༡༥ ལོར་བློ་སེང་དང་༧གོང་ས་མཆོག་གཅིག་ཏུ་ཡོད་པའི་བརྙན་དཔར་ཡོད་དམ་ཅེས་དྲིས་སོང་ དེ་ནི་བློ་སེང་གི་རྐང་བཙུགས་ནས་རྒྱ་རི་རིན་པོ་ཆེ་ནག་པོ་བཟོ་ཆེད་ཡོ་རོབ་རྒྱལ་ཁབ་གཅིག་གི་སྲིད་འཛིན་ཟུར་པར་༧གོང་ས་མཆོག་གི་མཇལ་ཁ་བཏང་བ་རེད་ཟེར་ དོན་དངོས་རྒྱ་རི་རིན་པོ་ཆེ་ཡིས་ཡོ་རོ་ས་ཡ་ ༡ ཙམ་ཟས་མེད་པ་ཟམ་གདོང་རིན་པོ་ཆེས་ཡི་གེ་བྲིས་ཡོད་རེད་ཟེར་ ༧གོང་ས་མཆོག་གིས་བློ་སེང་གི་བྱེད་བབ་མཁྱེན་ནས་སྐུ་རླུང་བཞེངས་པ་དང་རྒྱ་རི་རིན་པོ་ཆེ་དང་༧གོང་ས་མཆོག་དབར་དཀྲུག་ཤིང་རྒྱག་མཁན་བློ་སེང་རེད་ཟེར་ དེ་ནས་བཟུང་༧གོང་ས་མཆོག་གི་བློ་སེང་ལ་བསྟོད་ར་མི་གཏོང་བ་དང་མཉམ་དུ་བརྙན་དཔར་སྒྲོན་མེད་སྐད་
ཇི་སྐད་དུ། “ཤེལ་ལ་ནོར་བུའི་ཁ་བསྒྱུར་ཡང་།། ཆུ་དང་འཕྲད་ན་རང་མདོག་སྟོན།།” ཞེས་པ་ལྟར་དྲི་བ་འདྲི་མཁན་དང་དྲིས་ལན་གནང་མཁན་གཉིས་ཀའི་རང་མདོག་དངོས་དེ་ལྷང་ལ་བུད་སོང་། ཁྱད་མཚར་་་་་་་་་
ཧ་ཅང་གི་དྲི་བ་དྲི་ལན་ཡག་པོ་གནང་འདུག། གནད་འགག་ཚང་མར་གསལ་བཤད་ཁ་གསལ་གོ་བདེ་ངང་གསུངས་འདུག། ཐུགས་རྗེ་ཆེ་རྣམ་པ་གཉིས ལགས།
བློ་སེང་ལགས་ཀྱིས་ཉི་སྟོང་བརྒྱད་ཀྱི་ལོར་གསུངས་པ་ཅིག སྙན་གཟིགས་གནོངས་དང་།
https://www.facebook.com/dukar.tsering.9/videos/908068229245830/