ཀླུ་སྨྱོན།
གཅིག ཉི་ཧོང་གི་ས་ཡོམ་སྐབས་དང་སྤྱིར་བཏང་འཚོ་བའི་ཁྲོད་དུ་མི་བརྒྱ་ཆའི་དགུ་བཅུ་གོ་དགུ་ཡན་གྱིས་གཞན་གྱི་ཅ་དངོས་མི་བརྐུ་བ་འཛམ་གླིང་ཡོངས་གྲགས་ཡིན།
གཉིས། ཉི་ཧོང་གི་མི་ནི་ཧ་ཅང་ཞིབ་ཚགས་པས་ཁོ་ཚོའི་ཅ་ལག་གི་སྤུས་ཀ་འཛམ་གླིང་སྟེང་ཨང་དང་པོའི་གྲས་སུ་བསླེབས་ཡོད། ཉི་ཧོང་བས་ཐ་ན་ཇ་ཞིག་བཟོ་ན་ཡང་ཧ་ཅང་ཞིབས་ཚགས་པོས་བཟོ་བ་སྟེ། དེ་ཡང་སྒོམ་སྒྲུབ་བྱེད་པ་བཞིན་གོ་རིམ་རེ་རེ་བཞིན་མ་གཏོགས་གང་བྱུང་དུ་མི་བཟོ།
གསུམ། ཉི་ཧོང་གི་མི་ནི་ཚྭ་མེད་མངར་མེད་ཞག་མེད་སོགས་ཀྱི་ཟ་མ་བཟའ་རྒྱུར་དགའ་བས། ཉི་ཧོང་གི་མིའི་ཚེ་ཚད་ཆེས་རིང་གྲས་སུ་གནས་ཡོད།
བཞི། ཉི་ཧོང་གི་མི་ནི་མགྲོན་པོར་ཧ་ཅང་གུས་བརྩི་ཆེ་བའི་མི་རིགས་ཤིག་ཡིན་པས། བོད་མོ་ཕྱི་འགྲིམ་སློབ་མ་ཞིག་གི་སློབ་ཡུན་རྫོགས་ནས་ཕྱིར་ལོག་པའི་དགོང་མོར་གནས་བདག་ཉི་ཧོང་ཚང་གིས་ཁང་པའི་རྩིག་ངོས་དང་ཅ་ལག་ཕལ་མོ་ཆེར་བོད་རིགས་བུ་མོ་དེ་ཆེས་དགའ་བའི་ཚོན་མདོག་གིས་སྤྲས་པ་ནི་དཔེར་མཚོན་ཙམ་ཞིག་ཡིན།
ལྔ། ཉི་ཧོང་ནི་ཆེས་དཔའ་ངར་ལྡན་པའི་མི་རིགས་ཀྱིས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་པས། ལོ་རྒྱུས་སྟེང་གཞན་གྱིས་བཙན་འཛུལ་དང་དབང་སྒྱུར་བྱས་པའི་དེབ་ཐེར་ཧ་ལམ་མེད་པའི་ཚོད་དུ་འདུག
དྲུག ཉི་ཧོང་ནི་ཁོར་ཡུག་སྲུང་སྐྱོབ་དང་འཛད་སྤྱོད་ཆེས་གྲོན་ཆུང་བྱེད་པའི་རྒྱལ་ཁབ་ཅིག་ཡིན་པས། དངོས་པོ་གང་ཞིག་ཡིན་ཡང་ལན་གཅིག་སྤྱད་རྗེས་གད་སྙིགས་ནང་མི་གཡུག་པས་ཡང་ནས་ཡང་དུ་བེད་སྤྱོད་བྱེད།
བདུན། ཉི་ཧོང་བས་ཕྱིའི་རིག་གནས་ནང་འདྲེན་བྱེད་ཤུགས་ནི་འཛམ་གླིང་གི་ཨང་དང་པོའི་གྲས་སུ་བསླེབས་པ་སྟེ། ཕྱི་ཡིག་དབྱིན་ཡིག་ལྟ་བུའི་ནང་བསླེབས་པའི་ཚན་རིག་ཤེས་བྱ་དང་སྒྲུང་དེབ་གྲགས་ཅན་ལྟ་བུ་ཞིག་རྒྱལ་སྤྱིའི་ཁྲོམ་རར་བསླེབས་མ་ཐག་བདུན་ཕྲག་རེ་ཟུང་ནང་ཁོ་ཚོའི་ཡིག་རིགས་སུ་བསྒྱུར་བའི་འབད་བརྩོན་བྱེད་པར་གྲགས།
བརྒྱད། ཉི་ཧོང་གི་བུད་མེད་དག་ནི་རང་གི་ཁྱོ་གར་ཆེས་སྙིང་ཉེ་ཞིང་མཛའ་བརྩེ་འཆང་བ་སྟེ། དཔེར་ན་སྲོལ་རྒྱུན་འཚོ་བའི་ཁྲོད་དུ་བུད་མེད་དག་ཞོགས་པ་སྔ་མོར་ཡར་ལངས་ནས་ཆུ་ཚོད་གཉིས་རིང་ལུས་པོ་གཙང་སྦྲ་དང་གོན་གོས་ཚུལ་ལྡན་ངོ་གདོང་མཛེས་བཟོ་སོགས་བྱས་རྗེས་གཞི་ནས་རང་གི་ཁྱོ་ག་མལ་ལས་བསླངས་ཏེ་ཞོགས་ཇ་འདྲེན་སྐད།
ཤར་ཕྱོགས་པའི་ནང་ནས། ན་ལེན་ཌའི་ཆེ་མཐོའི་ཤེས་ཡོན་ཆ་ཚང་ཉར་ཐུབ་མཁན་འགྲན་ཟླ་དང་བྲལ་བ་ནི་བོད་རིགས་ཁོ་ནའོ།།
ཉི། ཞེས་པ་བོད་སྐད་དང་ཁྱད་མེད་པ་ཡིན། ཧོང་། ཞེས་པ་འབྱུང་ཁུངས་ཡིན་ནམ་སྙམ། རྒྱ་ནག་པས་ཉི་མའི་འབྱུང་ས་ལ་ཉི་ཧོང་ཞེས་འབོད། ང་ཉི་ཧོང་ལ་ལན་གཉིས་ཕྱིན། ངའི་ཉི་ཧོང་སྐད་སྒྲ་གདངས་ཨིན་སྐད་ལས་བཟང་བ་འདུག་ཅེས་བཤད། གིན་ཀྱི་དེ་སེ་ཀ ཁམས་བཟང་ངམ། ལན་དུ། གིན་ཀྱི་དེ་སེ། ཁམས་བཟང་ཡིན། ཁ་གྱེས་ནས་ཐག་རིང་ལ་འགྲོ་དུས། ཚ་ཡོ་ན་ར། ཟེར་སྲོལ་འདུག དོན་དག་ཅི་ཡིན་མ་ཤེས་སོ།
་
ན་ལནྡཱ། འདི་ཉིད་བོད་སྐད་དུ། འདམ་བུ་སྦྱིན། ཞེས་སྔོན་བྱོན་དཔའ་བོ་སྒྲ་སྒྱུར་པ་དག་གིས་བསྒྱུར། སྔོན་གྱིས་ལོ་ཙ་པ་དག་གིས་མ་བསྒྱུར་པ། སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། ཕྱིས་ཀྱི་མཁས་པ་ཆེན་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། ནྱ་གྲོ་དྷ། ཞེས་པ་དེ། འགྲོ་འགོག ཅེས་བསྒྱུརཏོ།
ང་ཚོས་སྔོན་ཐོན་དུ་བརྩི་བའི་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་ཨེ་ཤ་ཡའི་མི་རིགས་ཁག་གི་ནང་མགོ་བོ་ཡར་རྒྱས་ནས་འགྲོ་ཐུབ་མཁན་ནམ་སྤོབས་པ་ཆེན་པོས་འགྲོ་ཐུབ་མཁན་༼མཐོང་དང་ཆ་འཇོག་ཡོད་མཁན༽ཉི་ཧོང་བ་མ་གཏོགས་གཞན་སུ་གཅིག་མེད་པ་གསལ་པོ་རེད། དེ་ཡོངས་གྲགས་རེད། རྩོད་མེད་རེད། དེར་རྩོད་པའི་གཞི་གང་ཡང་མི་འདུག ཉི་ཧོང་དེ་ཨེ་ཤ་ཡའི་གཟི་བརྗིད་དུ་ངོམས་ཆོག་གི་རེད། ལྷག་པར་དུ་ནུབ་ཕྱོགས་ནས་འཚོ་བ་རོལ་མྱོང་མཁན་ཞིག་ཡིན་ན། ཉི་ཧོང་བས་འཛམ་གླིང་གོ་གནས་ག་ཚོད་ཅིག་བཟུང་ཡོད་མེད་སྨོས་མ་དགོས་ཞིག་དགོས། ཀླུ་སྨྱོན་གྱིས་བཤད་པ་དེ་ག་རང་རེད།
ཉི་ཧོང་日本་ནི་ཉི་མའི་འབྱུང་ཁུངས་སམ་ཉི་མའི་གནས་ཞེས་པའི་དོན་ཡིན། ལོ་བཅུ་ལ་ཉེ་བར་ཡུལ་འདིར་འཚོ་བ་བསྐྱལ་ནས་སྡོད་མཁན་ཞིག་གིས་ངོས་ནས་བལྟས་ན་ཕྱི་ཕྱོགས་ནས་མཐོང་བའི་ཉི་ཧོང་དང་ནང་གི་ཉི་ཧོང་བར་དོ་མི་མཉམ་པའི་ཁྱད་པར་ཆེན་པོ་ཡོད། འདིའི་སྐོར་གླེང་དགོས་ན་ཚིག་ཁ་ཤས་ཀྱིས་བརྗོད་ཐབས་བྲལ། གང་ལྟར་ཉི་ཧོང་བ་དག་གཞན་ལ་བསྟུན་ཤེས་དང་ལས་ལ་བརྩོན་མཁན་ཡིན་པ་ཡོངས་གྲགས་རེད། ཅིའི་ཕྱིར་དེ་ལྟར་གྱུར་པ་རེད་ཟེར་ན་དེ་ལ་ཉི་ཧོང་མི་རིགས་ཀྱི་ལ་རྒྱ་དང་ཤར་ཕྱོགས་མི་རིགས་ཀྱི་ལ་རྒྱ་བཟུང་སྟེ་དཀའ་སྡུག་གདུང་ལེན་བྱས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རིང་ཞིག་ཡོད། མདོར་ན་དུས་རབས་གཅིག་མ་ཟིན་ཙམ་གྱི་རིང་ལ་ནུབ་ཕྱོགས་སོགས་མི་རིགས་གཞན་གྱིས་མཐོང་ཆུང་དང་དམའ་འབེབ་བྱེད་མི་ཐུབ་པ་གཙོ་དམིགས་ཀྱིས་ཡོང་སྟབས་ད་ལྟ་དེ་གོམས་གཤིས་སུ་གྱུར། དེའི་སྟབས་ཀྱིས་ཕྱིར་བསྟན་པའི་རྣམ་པ་དང་ནང་གི་བསམ་བློ་གཉིས་དོ་མ་མཉམ་པས་ཡུལ་འདིར་དཀའ་ངལ་ཆེན་པོ་ཡོད།
ཉི་ཧོང་ནི་རྒྱབ་ཁབ་ཆུང་ཆུང་ཞིག་ཡིན་ཀྱང་འཛམ་གླིང་གི་ཆེ་ཕྱུག་ཤོས་གཉིས་པ་༢༠༡༥ བར་དུ་རེད། དེ་ནས་རྒྱ་ནག་གི་ཨང་གཉིས་པ་དེ་བླངས་པ་རེད། ཡིན་ཀྱང་ད་དུང་ཉི་ཧོང་ཨང་གསུམ་པ་རེད། ཉི་ཧོང་ནི་འབྱུང་བའི་འཇིགས་པ་ཆེ་མང་བའི་ས་ཆ་ཞིག་ཡིན་ཀྱང་། ཁོང་ཚོའི་སྤོབས་པས་དཀའ་སྡུག་དེར་གདོང་ལེན་བྱས་ཐུབ་ཡོད་པ་ལགས། ཉི་ཧོང་གི་མི་རིགས་དཀྱུས་མ་ཚོར་དཀའ་ངལ་ཞིག་ཡོད་པ་ནི་ཁང་པ་སོགས་ཅ་དངོས་ཡོད་ཚད་རིན་གོང་མཐོ་བས་རེད། དེའི་རྐྱེན་གྱིས་རང་ཤི་རྒྱ་མཁན་ཆེ་མང་བའི་རྒྱལ་ཁབ་ཞིག་ཀྱང་རེད། །
དེ་ཡང་འཇར་པན་འདི་མི་རིགས་ཡ་མ་ཟུང་ཞིག་ཡིན་པ་ཡོངས་གྲགས་རེད།
གཅིག འཇར་པན་གྱིས་འཛམ་གླིང་འཁྲུགས་ཆེན་གཉིས་པ་བསླངས་པ་དང་། འགྲོ་བ་མིའི་ཀུན་སྤྱོད་ལས་འདས་པའི་ལས་ཀ་མང་པོ་བྱས་པ།
གཉིས། རང་ཤིའི་དམག་དང་། རང་ཤིའི་བསྟན་བཅོས་སོགས་ཀྱིས་འཚོན་པའི་རྒྱུན་ལྡན་མིན་པའི་བྱེད་སྟངས་མང་པོ་ཡོད་པ།
གསུམ། ནན་ཅིན་དམར་གསོད་ཆེན་མོ་སོགས་ལ་དགོངས་སེལ་མི་ཞུ་བར་མ་ཟད། གཞུང་གི་སློབ་ཚན་ཁག་ཏུ་གཡུལ་ཆེན་གཉིས་པའི་བྱས་ཉེས་མང་པོ་ཞིག་རྦད་དེ་འཁྱོགས་བརྗོད་བྱེད་པ་སོགས་མི་ཚུལ་རིག་གནས་ཀྱི་ཐད་ནས་ནོར་འཁྲུལ་ཆེན་པོ་ཡོད་པ།
བཞི། ལོ་འགའི་སྔོན་གྱི་མཚོ་འཁྱོམས་སྐབས་ཀྱི་འགྱེད་འཕྲོའི་གནད་དོན་ཐད་གནས་ཚུལ་རྫུན་བཟོ་བྱས་པས་འཛམ་གླིང་ལ་ཉེན་ཁ་བཟོས་པ།
ལྔ། ཉིན་མོ་གུས་ཞབས་དང་སྤྱོད་ལམ་གྱིས་བསྡམས་དྲགས་ནས་མཚན་མོ་ཆང་དང་བུད་མེད་སོགས་ལ་ཧ་ཅང་བག་མེད་ཡིན་པའི་མི་གཉིས་ངོ་ཉིས་མ་ཡིན་པ་ཡོངས་གྲགས་ཡིན་པ།
དྲུག གུས་ཞབས་དང་སྤྱི་བའི་སྤྱོད་ལམ་ཡག་པོ་ཡོད་ཀྱང་། བརྩེ་དུང་དང་ཡིད་རྟོན་གྱི་འདུ་ཤེས་རྦད་དེ་བརླགས་སྟབས་གདོང་གི་རྣམ་འགྱུར་ལས་མངོན་པ་ནི་མི་ལ་ཡིད་ཆེས་དང་བློ་བདེ་བག་ཕེབས་ཀྱི་ཚོར་བ་སྐྲུན་པའི་རྣམ་འགྱུར་ཞིག་མིན་པར། འགྲོག་ན་མི་བདེ་བ་དང་། མིའི་རང་གཤིས་བརླགས་ཟིན་པ།
དེ་ལ་སོགས་པ་མང་ངོ་།
ཀུ་རེ་དང་དོན་དངོས་གཉིས་ཀ་ཡིན། གང་ལྟར་ང་ཡིན་ན་འཇར་པན་པར་གྲོགས་པ་ོབཟོ་རྒྱུར་དངོས་གནས་ཁག་པོ་འདུག བཟོ་མི་འདོད་པ་མ་རེད་དེ། ཁོང་ཚོ་འཕྲུལ་ཆས་ཀྱི་མི་ནང་བཞིན་འདུག
རྟ་བདུན་དབང་བོ་ལགས་ཉི་ཧོང་ལ་རང་ཤི་རྒྱབ་མཁན་མང་བོ་ཡོད་པ་དངོས་ཡོད་རེད། དེའི་རྐྱེན་བཅའ་དངོས་དང་ཁང་རིན་སོགས་མཐོ་བས་རེད་ཟེར་ན་དངོས་ཡོད་དང་མི་འཚམ་གང་ལྟར་ཤུགས་རྐྱེན་ཅུང་ཟད་རེད་ཡོད་སྲིད། ཉི་ཧོང་ལ་མཚོན་ན་དངོས་ཡོད་ཀྱིས་འཚོ་བར་དཀའ་ངལ་ཡོད་ན་གཞུང་གིས་རོགས་སྐྱོབས་ཡོད། དཔེར་ན་ཟླ་རེར་ཡོང་འབབ་གཏན་ནས་མེད་མཁན་ཞིག་ཡིན་ཚེ་གཞུང་ལ་སྙན་ཞུ་ཕུལ་ན་སྡོད་གནས་གྲོང་ཁྱེར་ལ་དཔག་པའི་ཁང་གླ་དང་ཟས་དོད་སོགས་འདང་ངེས་རེ་ཡོད་པར་ཐོས། དཔེར་ན་ཉི་ཧོང་གྲོང་ཁྱེར་ཚང་མའི་ནང་གྲོང་ཁྱེར་ལ་དབང་བའི་ས་ཆ་མང་བོ་ཡོད་དེའི་ཐོག་ས་གནས་གྲོང་ཁྱེར་སྲིད་གཞུང་གིས་སྐྲུན་པའི་ཁང་བ་མང་བོ་ཡོད་ཡོང་འབབ་དམའ་བའི་མི་རྣམས་ཀྱི་ཆེད་ཡིན། རང་ཤི་རྒྱག་མཁན་མང་ཆེ་བ་འཚོ་པའི་དཀའ་ངལ་ལ་གདོང་ལེན་མ་ཐུབ་པས་མིན།
ཉི་ཧོང་གིས་བཟོ་སྐྲུན་བྱས་པའི་བཅའ་དངོས་ཤིག་ཡིན་ན་ཚང་མས་སྤུས་ཀ་ལེགས་པར་བརྩི། དེ་ནི་བཟོ་སྐྲུན་བདག་པོ་གཅིག་གིས་ལྟ་རྟོག་ལེགས་པོར་བྱས་པ་ཙམ་གྱིས་ཡོང་མི་ཐུབ། ལས་མི་ཡོངས་ཀྱིས་མངོན་ལྐོག་མེད་པར་འགན་ལེན་པ་གོམས་སུ་ཆགས་པོ་དེས་སེམས་ལ་དཀའ་ངལ་དང་གནོན་ཤུགས་ཆེན་པོ་ཡོད། དེ་དང་དེ་འདྲ་མང་བས་རང་ཤི་རྒྱག་མཁན་སོགས་པོ་ཡོང་གི་ཡོད་པ་རེད།
རྫ་ཚེས་རྒྱ་ནག་གཞུང་གི་མགྲིན་ཚབ་བྱས་ནས་རྒྱ་ནག་སྐམ་ས་ཆེན་མོའི་སློབ་ཆུང་སློབ་ཚན་ནང་གི་བཅོས་སྒྲུང་མང་པོ་ལུངས་དྲངས་ཀྱི་གདའ།
ཉི་ཧོང་ན་རང་ཤི་རྒྱག་མཁན་མང་པོ་ཡོད་པ་དེར་རྒྱུ་རྐེྱན་མང་པོ་ཡོད་སྲིད་ཀྱང་ཕལ་མོ་ཆེ་དཔལ་འབྱོར་གྱི་གནོན་ཤུགས་རེད་ཟེར།
འོག་གི་དེར་ལྟོས་དང་ཤེས་སླ། །
http://www.bbc.com/news/world-33362387
༼མིའི་རིགས་སྤྱི་ལ་རྒོལ་བའི་ནག་ཉེས་བསགས་ཡོད༽
རྒྱལ་ཁབ་གང་ལའང་ལོ་རྒྱུས་ཀྱི་འཕེལ་འགྲིབ་ཡོད། དེ་ནི་རྒྱ་མཚོའི་རླབས་ལྟར་གཡོ་འཁྱོམ་གྱི་རང་བཞིན་ཅན་ཞིག་ཡིན་པ་ལས་འགྱུར་མེད་གཏན་ཆགས་ཤིག་ག་ལ་ཡིན། དུས་རབས་སྔ་མའི་སྟོད་དུ། ཉི་ཧོང་གིས་ཡ་གླིང་ཤར་ཁུལ་དུ་ཁྲག་མཚོ་བསྐྱིལ་ཅིང་། རོ་རི་བརྩིགས་པ་ཡོངས་གྲགས་རེད། འོན་ཀྱང་། དེ་ནི་ལས་ཀྱི་སྣེ་མོ་བ་ཁ་ཅིག་གི་དབང་ཤེད་འོག་དམག་གི་ཁ་ཕྱོགས་དེ་འདྲ་ཞིག་ལ་ཡོ་སོང་ན། ལོ་རྒྱུས་སུ་ནོར་འཁྲུལ་ཚབས་ཆེན་ཤོར་མ་མྱོང་བའི་རྒྱལ་ཁབ་གང་ཡོད། ལོ་རྒྱུས་ཀྱི་ནག་ཉེས་དག་བགྲངས་ཏེ། མི་རིགས་ཤིག་ནམ་གཞར་ཡང་ནག་པོ་འབའ་ཞིག་ཏུ་རྩི་བ་ནི། འུ་ཅག་ཤེས་ཡོན་པའི་མཚང་དུ་མི་ཆེའམ།
དམག་ཆེན་གཉིས་པ་མ་བྱུང་བའི་སྐབས་སུ། ཉི་ཧོང་གི་རྒྱལ་པོས་ཞབས་འོག་དམག་སྤྱི་དག་ལ་དམག་འཁྲུག་སློང་བ་ནི་ནོར་འཁྲུལ་ཡིན་པའི་དགོངས་ཚུལ་འདོན་གྱི་ཡོད། དེར་བརྟེན། ཨ་རིས་ཉི་ཧོང་ཕམ་ཉེས་བཏང་ཡང་རྒྱལ་པོ་ལ་ནག་ཉེས་མ་བཙུགས་པར་མུ་མཐུད་གུས་བརྩི་བྱས་པ་རེད།
སོམས་དང་། བོད་ཀྱི་ལོ་རྒྱུས་སུ། ལ་དྭགས་རྒྱལ་པོས་གུ་གེ་རྒྱལ་སྲིད་གཏོར་སྐབས། གུ་གེའི་ཉེས་མེད་མི་མང་ལ་སྡུག་པོ་ཇི་ལྟར་བཏང་འདུག། བོད་སྡེ་གཞུང་གིས་ལུང་ཤར་གྱི་མིག་འབྲས་ཇི་ལྟར་བྲུས་འདུག། ཚ་རོང་གི་མགོ་བོ་ཇི་ལྟར་བཅད་འདུག། ར་སྒྲེང་གི་འབྲས་བུ་ཇི་ལྟར་བཀོག་འདུག། འབྲུག་པས་བོད་པ་སྐྱབས་བཅོལ་པར་མནར་གཅོད་ཇི་ལྟར་བཏང་འདུག སྤྱིར་བཏང་ལས་ཀ་བསྐུལ་ན་བསྐུལ་སྟངས་དང་། གསད་ན་གསོད་སྟངས། བརྡུང་ན་བརྡུང་སྟངས་ཡོད་མོད། རང་རེའི་དཔུང་སྡེ་དེ་དག་གིས། གསད་ན་སྡུག་གསོད། བསྐུལ་ན་བཙན་བསྐུལ། མནར་ན་སྡུག་མནར་དེ་འདྲ་བཏང་པ་ནི་ཐེག་ཆེན་གྱི་རྗེས་འཇུག་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་སྐྱུགས་མི་བྲོ་འམ།
སྤྱིར་བཏང་སྐྱོན་ཆ་ལ་མཛུབ་མོ་བཙུགས་ཏེ་སྐྱོན་ཆ་གླེང་པ་ནི་དགོས་བཅོས་བསྒྱུར་གྱི་རྨང་གཞི་རེད་མོད། འོན་ཀྱང་། ༼་་་་སྡུག་ཤོས་དེ་འཇར་པན་མི་རིགས་རེད་༽ ཅེས་པའི་ཁ་བྱང་ཅན་གྱི་རྩོམ་ཡིག་བྲིས་པ་ནི་བླུན་རྟགས་བསྟན་པ་སྟེ། མིའི་རིགས་སྤྱི་ལ་རྒོལ་བའི་ནག་ཉེས་བསགས་ཡོད། མི་གཅིག་ལ་མཚོན་ནས་བཤད་ན། གང་ཟག་ལ་རྒོལ་བ་ (human attack) ཟེར་བ་དེ་ཆགས་ཡོད་ལ། འདིས་བོད་དང་ཉི་ཧོང་མི་རིགས་གཉིས་བར་གྱི་མཐུན་བསྒྲིལ་ལའང་གནོད་སྲིད། །
ལས་གཞི་གང་གི་ཐོག་སུ་གཅིག་གི་འགྲན་ཟླ་མེད་པ་ལ་ངོས་
འཛིན་གནང་བ་ཡིན་གསལ་པོ་ཤེས་མ་སོང་ཡང་མི་རིགས་སམ་མི་སྒེར་སོགས་མི་ངོ་རེར་འགྲན་ཟླ་མེད་པའི་ཁྱད་ཆོས་རེ་ཚང་མ་ལ་ཡོད་པ་ལས་འགའ་ཤས་ལ་འགྲན་ཟླ་མེད་པའི་ཁྱད་ཆོས་ཡོད་པ་དང་ཡང་འགའ་ཤས་ལ་གང་ཡང་མེད་ཕ་ལྐུག་པ་དང་འོན་པ་ལོང་བ་ལྟབུ་དེ་འདྲ་ཡིན་སྲིད་ལེ་མ་རེད་ཁྲིས་ཤས་ཆེ་བས་གདུང་དཀར་སེར་པོ་ལ་མངོན་ཟེར་བའི་དཔེ་ལྟར་རོ་ཨ་རོགས་དྲ་གྲོགས་ཚོ་།
འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་ནས་ཉི་ཧོང་པ་ནི་མི་གཞིའི་སྤུས་ཚད་ཆེས་བཟང་ཤོས་ཨང་དང་པོ་ཡིན་པ་ཆེད་ལས་ཞིབ་འཇུག་པ་དག་གིས་བཤད་ཡོད། ཨ་མེ་རི་ཀ་ཚང་ཨང་གཉིས་པ་རེད། རྒྱ་ནག་ཚང་ཨང་༡༦༨པ་རེད།
ཉི་ཧོང་པ་རྣམས་ཚད་མཐོ་བའི་བཟང་སྤྱོད་ཀྱི་གོ་གནས་ཟིན་དོན་དཔེ་མཚོན་ཙམ་བཤད་ན།
༢༠༡༡-༣-༡༡-ཉིན་ཉི་ཧོང་དུ་ས་ཡོམ་དེས་རྒྱ་མཚོ་གཡོས་ཏེ་མི་རྒྱུ་གཉིས་ལ་གོད་ཆགས་བྱུང་སྐབས། མཚོ་རླབས་གླིང་ཕྲན་ཞིག་ཏུ་འཇར་པན་པ་སྐོར་ཅིག་ཚུད་པ་ཐད་འཕུར་གནམ་གྲུས་མྱུར་སྐྱོབས་བྱས། གལ་ཏེ་ཡང་བསྐྱར་མཚོ་རླབས་ཤིག་ཡོང་ན་སྲོག་གི་དོན་རྐྱེན་ཐུག་པ་དེའི་ཁྲོད་དུ་ད་དུང་འཇར་པན་གྱི་མི་ཚོགས་དེ་སྒྲིག་ལམ་ལྡན་པའི་སྒོ་ནས་གནམ་གྲུའི་སྐྱོབ་སྐས་ལ་འཛིག་པ་ལས་འཚང་ཁ་རྩ་བ་ནས་རྒྱག་གི་མེད་པ་རེད། འཛམ་གླིང་མི་རྣམས་ཡིད་འགུལ་ཐེབས་སུ་བཅུག་ཡོད།
གཞན་ཡང་ས་འོག་མེ་འཁོར་ཞིག་ཏུ་མི་མང་ཧ་ཅང་མང་པོ་མཉམ་དུ་སོང་ཡང་ཅ་ཅོ་འུར་སྒྲ་མེད་པ་འཇམ་ཐེངས་ངེ་འགྲོ་བཞིན་ཡོད། ཁ་པར་ཞིག་ལེན་པའང་མི་གཞན་ལ་གནོད་དོགས་ཀྱིས་སྐད་ཆེན་པོ་མི་རྒྱག་པ་དྲན་ཤེས་བག་ཡོད་དང་ལྡན་པའི་སྒོ་ནས་སྐད་ཆ་བཤད་བཞིན་ཡོད།
ནུབ་ཕྱོགས་སུ་ཉི་ཧོང་ནི་ཤར་ཕྱོགས་པའི་གྲས་ནས་མི་དང་གཞུང་བཅའ་ལག་སོགས་གང་ཐད་ནས་ཡག་ཤོས་སུ་ངོས་འཛིན་བྱེད་པ་རྩོད་མེད་རེད། དེ་མིན་རྒྱ་ནག་ནི་ཆེས་སྡུག་ཤོས་སུ་ཡིན་པ་ཡང་རྩོད་མེད་ཡིན།
“སོམས་དང་། བོད་ཀྱི་ལོ་རྒྱུས་སུ། ལ་དྭགས་རྒྱལ་པོས་གུ་གེ་རྒྱལ་སྲིད་གཏོར་སྐབས། གུ་གེའི་ཉེས་མེད་མི་མང་ལ་སྡུག་པོ་ཇི་ལྟར་བཏང་འདུག། ”
གུ་གེའི་རྒྱལ་པོ་དང་། ལ་དྭགས་རྒྱལ་པོ་གཉིས་རིགས་བརྒྱུད་གཅིག་པར་མངོན། རྒྱུ་མཚན་གང་གིས་དེ་གཉིས་བར་དུ་དམག་འཐབ་དགོས་བྱུང་། རྒྱུ་མཚན་དེ་་བདག་གིས་མ་ཤེས། ལ་དྭགས་དམག་གིས་གི་གེ་རྒྱལ་བརྒྱུད་མེད་པར་བཟོས་པ་ཤིན་ཏུ་མ་རུངས་པ་ཞིག་གོ གུ་གེའི་རྒྱལ་བརྒྱུད་མེད་པར་བཟོས་པའི་རྗེས་རྒྱལ་པོ་སེང་གེ་རྣམ་རྒྱལ་ལམ་བར་དུ་ལྔ་པའི་ལམ་དུ་གྱུར་པ་ཞིག་བཀླགས་སོ། གུ་གེའི་རྒྱལ་བརྒྱུད་མེད་པར་བཟོ་དགོས་པའི་སེམས་ཀྱི་སྡུག་བསྔལ་གྱིས་རྒྱལ་པོ་སེངྒེ་རྣམ་རྒྱལ་སྐྱ་གཤེགས་དགོས་པ་དེ་ཡིད་ཕམ་དགོས་པ་ཞིག་མཆིས་སོ།
གུ་གེ་མི་བརྒྱུད་དག་མེད་པར་བཟོ་དགོས་པ་ནི་གཅིག་ན། ཆོས་ལུགས་གཞན་དུ་གུ་གེའི་རྒྱལ་པོའི་ཁྱིམ་ཚང་སོགས་ཆོས་ལུགས་བོད་ཀྱི་ཆོས་ལུགས་མ་ཡིན་པར་གྱུར་པའི་རྐྱེན་ལས་བྱུང་བར་དོགས། དེའི་དུས་གུ་གེའི་ཡུལ་ཆུ་མེད་ཆགས་པའི་རྒྱུ་མཚན་གྱིས་ཉམ་ཐག་པར་གྱུར་ནས། ཆོས་ལུགས་བོད་ལུགས་མ་ཡིན་པར་འཛིན་པ་ལས་བྱུང་བར་དོགས། བཀྲ་ཤིས་ལྷུན་པོར་གུ་གེའི་ཁམས་ཚན་ཆེན་པོ་ཞིག་ཡོད་ཀྱང་། ཕྱིས་སུ་གུ་གེ་རང་ནས་གྲྭ་རྒྱུན་འོང་མཁན་གཅིག་ཀྱང་མི་འདུག དེས་ན་རྒྱལ་བརྒྱུད་བུ་ཕྲུག་བཅས་ཀྱང་མེད་པར་བཟོ་དགོས་པའི་རྒྱུ་མཚན་ནི་དེ་ལ་ཐུག་པ་ཞིག་སེམས་ལ་ཤར་བ་ལགས། ལོ་ངོ་ལྔ་བརྒྱ་ཙམ་སྔོན་དུ་གུ་གེ་ཡུལ་ལེགས་པ་ཡོད་པས། རྒྱལ་དར་མ་རིན་ཆེན་ལ་དབུ་མ་རིན་ཆེན་འཕྲེང་བའི་འགྲེལ་པ་རྩོམ་པ་གུ་གེ་པ་ཡིན་འདུག།
་
སྐྱ་གཤེགསསོགས་ཡི་གེ་མ་དག་པའི་རིགས་ལ་ཞུས་དག་མཛད་དགོས།
རྩོམ་པ་གུ་གེ་པ་ཡིན་འདུག ་ཅེས་པར་རྩོམ་པར་སྐུལ་བ་པོ་གུ་གེ་པ་ཡིན་འདུག་ཅེས་དགོས་སོ།
་
་