༄༅།། བཀུར་འོས་དགའ་ལྡན་ཕོ་བྲང་བའི་དྲུང་ཆེ་སོགས་དབུ་ལས་ལྷན་རྒྱས་ཀྱི་དྲུང་དུ།
ལྷར་བཅས་འགྲོ་བའི་མགོན་དཔུང་མཚུངས་ཟླ་མ་མཆིས་པ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱིས་དགུང་གྲངས་བཅུ་དྲུག་ཐོག་ནས་བཟུང་དེ་རིང་གི་བར་དུ་བོད་མི་རིགས་རིག་གནས་དང་བཅས་པའི་ཆེད་དུ། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས། གལ་ཏེ་གཞན་ལ་ཕན་གྱུར་ན།། རང་གི་དོན་ལ་ལྟོས་མེད་པར།། ངན་སོང་གསུམ་གྱི་སྡུག་བསྔལ་ཡང་།། གཞན་གྱི་དོན་དུ་བཟོད་པར་ཤོག། ཅེས་གསུངས་པ་ལྟར།དུས་ཚོད་སྐར་ཆ་གཅིག་ཙམ་ཡང་ངལ་གསོ་མེད་པར་སྐུ་ངལ་བསྐྱོན་གནང་མཛད་པ་ཡིན་མོད། སྐབས་འཚོལ་བ་རྣམས་ཀྱིས་བཀའ་དྲིན་བསམ་ཤེས་བྱེད་རྒྱུ་ལྟ་ཅི། རང་དོན་འབའ་ཞིག་བསྒྲུབ་ཆེད་༧གོང་ས་ཡིད་བཞིན་ནོར་བུ་བཀོལ་སྤྱོད་བྱེད་རྒྱུ་མང་དྲགས་པས། ཟླ་འདིའི་ཕྱི་ཚེས་ ༣ ཉིན། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧སྐྱབས་ཆེན་པོ་མཆོག་གིས། ལ་དྭགས་ཞི་བའི་ཚལ་ཕོ་བྲང་ཐང་ཆེན་དུ་ལ་དྭགས་ནང་པའི་ཆོས་ཚོགས་དང་། ལ་དྭགས་དགོན་ཚོགས་ཐུན་མོང་ནས་ཕུལ་བའི་གསོལ་སྟོན་མཛད་སྒོའི་ཐོག བཀའ་ཕེབས་དོན། “གང་ལྟར་མདོ་དོན་སྙིང་པོ་སྐད་ཆ་དྲང་པོ་བཤད་ན་ལོ་རྒན་ ༨༤ ཟིན་གྲབས་ཡོད་པའི་མི་ཞིག་ལྷོད་ལྷོད་ཀྱིས་ཚེ་རིང་པོ་བསྡད་ན་དགའ་བོ་འདུག་གམ། བྲེལ་བ་ཚ་བོ་བྱས་ཏེ་ཚེ་ཐུང་བ་བྱས་ན་དགའ་བ་འདུག སྐད་ཆ་དྲང་པོ་བཤད་ན་དེ་དག་ལ་འབྲེལ་བ་ཡོད་པ་རེད། ངོས་ཀྱིས་འདིར་ཡོང་ནས་ལྷོད་ལྷོད་ལྟ་བུ་བྱས་ཏེ་སྡོད་རྒྱུ་ཡོང་ན་བསམ་ཀྱི་ཡོད་པ་རེད། རྗེས་ཕྱོགས་ཕར་ཚུར་མང་པོ་འགྲོ་དགོས་པ་དེར་ཁ་ཐུག་ལྟ་བཞིན་ལྟ་བཞིན་བྱེད་ཀྱི་ཡིན་ད། ཤེས་སོང་ངམ།” ཞེས་སྐུ་ཐང་ཡོངས་སུ་ཆད་དེ་བྲེལ་ཚུབ་ཆེ་བའི་མཛད་རིམ་དང་ཁོང་གི་སྐུ་ཚེའི་བར་གྱི་འབྲེལ་བ་དངོས་སུ་གསུངས་པ་འདི་ལ། དྲང་ངེས་སོགས་ཀྱི་ཁྱད་པར་མི་འབྱེད་པར་ཉི་མ་དེ་རིང་ནས་བཟུང་། རྒྱལ་ཕྱི་ནང་ཀུན་ཏུ་ཕེབས་འཆར་དང་། གསུང་ཆོས་སོགས་ཀྱི་མཛད་རིམ་ཁག་ཡོངས་སུ་མཚམས་བཞག་སྟེ། རེ་ཞིག་ཁོང་ལ་སྐུ་ངལ་གསོ་རྒྱུའི་གོ་སྐབས་ཤིག་གནང་རོགས་ཞེས་འབོད་བསྐུལ་སྙིང་ནས་ཞུ་བ་ཡིན།
སྐུ་ཚེ་བསྐལ་བ་ཁྲི་ཕྲག་ཏུ་བཞུགས་རོགས་ཞེས་ཁ་དོན་མི་མཚུངས་པའི་གསོལ་འདེབས་སྐམ་པོ་དེ་དག་བསྐྱུར་ཞོག འགྲོ་བ་མིའི་ཚེ་ཚད་ལ་བསམ་བློ་གཏོང་རོགས། ཆོལ་གསུམ་ཆོས་བརྒྱུད་ཀྱི་བརྟན་བཞུགས་ཟེར་བའི་སྒོར་སློང་བྱེད་སྒོ་དེ་དག་ཀྱང་གཡུག་ཞོག དོན་དམ་པའི་བརྟན་བཞུགས་ནི་ཁོང་ལ་སྐུ་ངལ་གསོ་རུ་འཇུག་རྒྱུ་དེ་ཡིན་པས། ཅིས་ཀྱང་བསམ་བློ་མ་ནོར་བ་ཞིག་གཏོང་རྒྱུ་མཁྱེན་མཁྱེན་ཞེས་གསོལ་བ་འདེབས་པ་ལགས་སོ།།
བེ་རི་རིག་པའི་རྡོ་རྗེས། ཕྱི་ལོ་ ༢༠༡༨/༨/༥ ཉིན།
ངའི་ལུས་པོ་དེ་ཤ་རུས་གདོས་བཅས་ཀྱིས་གྲུབ་ཡོད་པས་ཐང་ཆད་དྲགས་ན་ཚེ་ལ་འགལ་རྐྱེན་ཆགས་ཀྱི་རེད་དཱ།
བདེན་པ་བདེན་རྐྱང་རེད། རྒྱབ་སྐྱོར་ཡོད།
ཡིན་ན་ཡང་གོ་དགོས་པ་ཚོས་གོ་ཁག་པོ་རེད།
དེ་སང་གི་སྐུ་སྒེར་ཡིག་ཚང་དེ་མི་འགའ་ཤས་ཀྱི་དཔལ་འབྱོར་ཡིག་ཚང་ཡིན་པ་འདྲ་བོ་མཐོང་ཡོང་གི་འདུག
དངོས་ཡོད་གནས་ཚུལ་དང་འཚམ་པའི་བསམ་ཚུལ་གསུང་པ་ཐུགས་རྗེ་ཆེ།
སྙན་ཞུ་འབུལ་ས་ནོར་འདུག དྲ་ཐོག་ལ་ཁྱབ་བསྒྲགས་བྱེད་ཀྱི་ལས་དགའ་ལྡན་ཕོ་བྲང་ལ་འབུལ་དགོས་པ་རེད། དེ་ཡང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་མི་རེ་ངོ་རེ་ལ་ཕུལ་བ་ཡིན་ན་ཡག་པོ་ཡོད་པ་རེད་འདོད་དོ།།
་་་་་་་་་་་ དྲང་ངེས་སོགས་ཀྱི་ཁྱད་པར་མི་འབྱེད་པར་ཉི་མ་དེ་རིང་ནས་བཟུང་། རྒྱལ་ཕྱི་ནང་ཀུན་ཏུ་ཕེབས་འཆར་དང་། གསུང་ཆོས་སོགས་ཀྱི་མཛད་རིམ་ཁག་ཡོངས་སུ་མཚམས་བཞག་སྟེ། རེ་ཞིག་ཁོང་ལ་སྐུ་ངལ་གསོ་རྒྱུའི་གོ་སྐབས་ཤིག་གནང་རོགས་ཞེས་འབོད་བསྐུལ་སྙིང་ནས་ཞུ་བ་ཡིན། ་་་་་་་་་་་་་་
སེམས་བཟང་ལགས།
སྙན་ཞུ་འདི་ཐོག་མར་གློག་འཕྲིན་ཐོག་དགའ་ལྡན་ཕོ་བྲང་ཚང་དང་། འབྲེལ་ཡོད་ལས་ཁུང་འགར་བསྐུར་ཡོད། དེའི་རྗེས་སུ་དྲ་ཐོག་ཏུ་སྤེལ་བ་རེད་ལགས། བཀའ་དྲིན་ཆེ།
ཧ་ཅང་བདེན་པའི་གཏམ་རེད། མཁན་པོ་ལགས་བཀའ་དྲིན་ཆེ།
སྐུ་སྒེར་ཡིག་ཚང་ལ་ཕུལ་གྲུབ་ན་དྲ་ཐོག་གང་བྱེད་ནས་བཀྲམས་ཀྱི་ཡོད་མདུན་མེད་ན་རྒྱབ་ཡོད་རེད་ཁ་མེད་རྐུབ་ཡོབ་ོ་འདྲ་པོ་འདུགཔ
ངའི་ལུས་པོ་དེ་ཤ་རུས་གདོས་བཅས་ཀྱིས་གྲུབ་ཡོད་པས་ཐང་ཆད་དྲགས་ན་ཚེ་ལ་འགལ་རྐྱེན་ཆགས་ཀྱི་རེད་དཱ།
http://tibettimes.net/2018/08/04/171152/
༸སྐུ་ཕྱྭའི་ཞབས་རིམ་ལ་རེམ་དགོས་ཏེ།
་
ད་ལོ་དགུང་ཀག་སྔ་བསུ་རེད། །
སང་ཕོད་དགུང་ཀག་དངོས་གཞི་རེད། །
ཛམ་གླིང་དེད་དཔོན་ཆེན་པོ་རེད། །
བོད་མིར་ཡོད་ཚད་མེད་ཚད་རེད། །
་
དགུང་གྲངས་བརྒྱ་དང་བཅུ་གསུམ་དུ། །
བཞུགས་ཀྱང་དེ་རྗེས་ཅི་འབྱུང་ཞེས། །
སེམས་ལྡན་ཡོད་ཚད་སེམས་འཚབ་ཡོད། །
བོད་རིགས་ཡིན་ཚད་སེམས་འཕྲལ་ཡོད། །
་
དེས་ན་བརྟན་བཞུགས་ཀུན་གྱི་མཆོག །
མཆོག་འགྱུར་བཀའ་གསུངས་ཅི་སྒྲུབ་གྱིས། །
གྱིས་དང་འདི་དང་ཕྱི་མར་ཡང་། །
ཡང་ཡང་བོད་ལུས་ཚད་ལྡན་འོངས། །
༸གོང་ས་མཆོག་རང་གིས། བརྙན་འཕྲིན་ཐོག་ལ།
https://www.rfa.org/tibetan/
ད་གང་དྲགས་
ཉེ་ཆར་གོ་ཐོས་ལ་ཤར་གླིང་གླ་སྒྲོན་ལགས་ལས་བྱེད་ནས་དགོངས་པ་ཞུས་པ་རེད་ཟེར་བས་
དངོས་གནས་ཡིན་ནམ། ཡིན་ན་ག་རེ་བྱས་ཏ་དགོངས་པ་ཞུས་ཡོད་དམ། གསུང་ཡ་ཡོད་པས།