ཚེ་དབང་བསོད་ནམས་ནས
ཀ་དགས་ཕྱག་རྒྱ་གངས་ཅན་མགོན་པོར་འདུད།
ཁ་བའི་ཡུལ་གྱི་གནམ་ལོ་གསར་ཚེས་ལ།
ག་ས་གང་དུ་གནས་པའི་བོད་རིགས་ཚོར།
ང་ཚོ་བོད་ཀྱི་ལོ་གསར་འཚམས་འདྲི་ཞུ།
ཅ་ཅོ་ཟང་ཟིང་བོད་ཀྱི་ལོ་གསར་མིན།
ཆ་ལུགས་མཐུན་ན་བོད་ཀྱི་ལོ་གསར་ཡིན།
ཇ་ཆང་ཟས་ཀྱི་མཆོད་པ་ལོ་གསར་ཡིན།
ཉ་ཕག་སྡིག་ཟས་ལོ་གསར་སྤྲོ་སྐྱིད་མིན།
ཏ་ཐ་གཱ་ཏའི་བསྟན་ལ་འཇུག་འདོད་ན།
ཐོས་བསམ་སྒོམ་གྱི་ཉམས་ལེན་འཕྱུགས་མི་ཉན།
དལ་རྟེན་མི་ལུས་རིན་ཆེན་ཐོོོབ་པ་འདི།
ནམ་ཡང་ཆུད་བཟོས་མ་གཏོང་ལོ་ཆུང་ཚོ།
པ་ཕ་ཨ་མས་བཟང་པོའི་བསླབ་བྱ་ལ།
ཕ་བཟང་བུ་ཕྲུག་རྟགས་ཏུ་ཉམས་ལེན་ཟབ།
བུ་རབས་ཚ་རྒྱུད་ཕ་མེས་སྐད་ཡིག་ལ།
མ་འཕྱུགས་མ་ནོར་རྒྱུན་དུ་བསྐོལ་སྤྱོད་བགྱིས།
རྩ་བ་ས་ཕག་ལོ་འདི་གལ་ཆེན་མཐོང།
ཚ་བའི་ཡུལ་དུ་ས་ཕག་ལོ་ལ་འབྱོར།
ཛ་དྲག་བྱས་ནས་ས་ཕག་ལོ་འདི་ལ།
ཝ་སྤྱང་དམར་པོ་བོད་ནས་མཐར་སྤྲོད་གཏོང།
གཞན་ཕན་བྱ་བ་ལོ་གསར་འཚམས་འདྲི་ཡིན།
ཟ་འཐུང་ཚོད་མེད་ལོ་གསར་སྤྲོ་སྐྱིད་མིན།
འར་འུར་རྒྱན་རྩེད་ལོ་གསར་སྤྲོ་སྐྱིད་མིན།
ཡ་རབས་བག་ཡོད་ལོ་གསར་སྤྲོ་སྐྱིད་ཡིན།
རང་སེམས་གཙང་མ་ལོ་གསར་རྟེན་འབྲེལ་ཡིན།
ལོ་གསར་སྤྲོ་སྐྱིད་ཞི་བདེ་བག་ཕེབས་ཡིན།
ཤ་ཆང་རྒྱན་རྩེད་བོད་ཀྱི་ལོ་གསར་མིན།
ས་སྐྱེས་འབྲུ་རིགས་ལོ་གསར་མཆོད་པ་ཡིན།
ཧ་ཅང་གལ་ཆེན་བོད་ཀྱིས་ལོ་གསར་ལ།
ཨེ་མ་ཧོ་བཀྲིས་བདེ་ལེགས་ཕུན་སུམ་ཚོགས།
ཨ་མ་བག་བྲོ་སྐུ་ཁམས་བཟང།
གཏན་དུ་བདེ་བ་ཐོབ་པ་དང།
ཚེ་རིང་ནད་མེད་ལོ་བརྒྱ་ཐུབ་པ་ཤོག།
ཀི་ཀི་བསཱོ་བསཱོ་ལྷ་རྒྱལ་ལོ།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་ ༢༠༡༩ ཕྱི་ཟླ་༢་པའི་ཚེས་༡ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།
དང་པོ་་་ཡི་གེ་ཀ་དགས་ཟེར་བ་དག་ཆ་ལ་སྦྱོངས་དེ་ནས་རྩོམ་ན་མ་ཀེགས་སན།
དངོས་གནས་དོན་དག་འདུག།