གུང་བྲན་ལགས། ཏཱ་ལའི་བླ་མ་ནི་དགེ་སློང་གཉོམ་ཆུང་ཞིག་རེད། ཁོང་ལ་གོ་ཚོན་མེ་མདའ་མེད་ལ། དྲག་ཆས་དམག་དཔུང་ཡང་མེད། ཏཱ་ལའི་ཏཱ་ལའི་ཞེས་ཞེད་སྣང་བྱེད་དགོས་དོན་མེད། ངས་ཁག་ཐེག་བྱེད་ཆོག ཁོང་ནི་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བའི་ཡོངས་ཀྱི་བྱམས་བརྩེའི་རིན་ཐང་ངོ་སྤྲོད་གནང་མཁན་བླ་ན་མེད་པ་ཞིག་ཡིན་པ་མ་མཐོང་ངམ། ག་ཚོད་བཤད་ནའང་གོ་ཡས་ཚོར་ཡས་མེད་མཁན་གང་རེད། ཡིད་མ་ཆེས་ངོ་དང་ངོ་ཐུག་ནས་རྒྱུ་མཚན་ར་སྤྲོད་བྱེད་དུཙཡོང་ན་འགྲིག་གི་རེད། ཁྱེད་ཚོས་ལབ་པའི་ཡུལ་གྱར་སྲིད་གཞུང་དང་འབྲེལ་བ་བྱས། འཛམ་གླིང་གནས་ཚུལ་ཉན། དགའ་ལྡན་ཕོ་བྲང་བླ་བྲང་ནང་ཉམས་ཞིབ་ཡོང་ན་བཀག་འགོག་བྱེད་མཁན་སུ་ཡང་མེད། ལར་ནས་བོད་ནང་གི་ཛ་དྲག་གནས་སྟངས་འདི་ང་ཚོ་བོད་མི་རིགས་རྒྱ་མི་རིགས་བར་སྐད་ཆ་རེད། དེ་ཡང་ང་ཚོ་ལ་སྐད་དང་ཡི་གེ་ཡོད། ཡི་གེ་དེས་ཆོས་དང་རིག་གཞུང་གཅེས་འཛིན་བྱས་ནས་ཡོད། དེ་ཏཱ་ལའི་བླ་མ་མི་གཅིག་སྐད་ཆ་མ་རེད། མི་རིགས་ཟུར་གསལ་འབྱེད་ཆོས་ཡོད་པས་མི་རིགས࿒གཅིག་གི་སྐད་ཆ་རེད་མ་གཏོགས། བླ་དཔོན་དང་དབང་འཛིན་བར་གྱི་གནས་སྟངས་མིན་པ་ཤེས་དགོས། ང་ཚོའི་མི་རིགས་ལ་ལོ་རྒྱུས་ལོ་ངོ་སྟོང་ཕྲག་བརྒལ་ཏེ་ཡོད། ལོ་བདུན་ཅུ་བརྒྱད་ཅུའི་མི་ཐོག་གཅིག་གི་སྐད་ཆ་མ་རེད། ད་དུང་མི་རབས་ནས་མི་རབས་མུ་མཐུད་ནས་གནས་ཀྱི་རེད། དེའི་རྒྱུ་མཚན་ནི། ང་ཚོ་ལ་དྲང་བདེན་དང་སྙིང་སྟོབས་སུས་ཀྱང་གཞོམ་མེད་གཅིག་ཡོད།
གུང་བྲན་ལགས། ཏཱ་ལའི་བླ་མ་ནི་དགེ་སློང་གཉོམ་ཆུང་ཞིག་རེད། ཁོང་ལ་གོ་ཚོན་མེ་མདའ་མེད་ལ། དྲག་ཆས་དམག་དཔུང་ཡང་མེད། ཏཱ་ལའི་ཏཱ་ལའི་ཞེས་ཞེད་སྣང་བྱེད་དགོས་དོན་མེད། ངས་ཁག་ཐེག་བྱེད་ཆོག
ཁོང་ནི་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བའི་ཡོངས་ཀྱི་བྱམས་བརྩེའི་རིན་ཐང་ངོ་སྤྲོད་གནང་མཁན་བླ་ན་མེད་པ་ཞིག་ཡིན་པ་མ་མཐོང་ངམ། ག་ཚོད་བཤད་ནའང་གོ་ཡས་ཚོར་ཡས་མེད་མཁན་གང་རེད། ཡིད་མ་ཆེས་ངོ་དང་ངོ་ཐུག་ནས་རྒྱུ་མཚན་ར་སྤྲོད་བྱེད་དུཙཡོང་ན་འགྲིག་གི་རེད། ཁྱེད་ཚོས་ལབ་པའི་ཡུལ་གྱར་སྲིད་གཞུང་དང་འབྲེལ་བ་བྱས། འཛམ་གླིང་གནས་ཚུལ་ཉན། དགའ་ལྡན་ཕོ་བྲང་བླ་བྲང་ནང་ཉམས་ཞིབ་ཡོང་ན་བཀག་འགོག་བྱེད་མཁན་སུ་ཡང་མེད།
ལར་ནས་བོད་ནང་གི་ཛ་དྲག་གནས་སྟངས་འདི་ང་ཚོ་བོད་མི་རིགས་རྒྱ་མི་རིགས་བར་སྐད་ཆ་རེད། དེ་ཡང་ང་ཚོ་ལ་སྐད་དང་ཡི་གེ་ཡོད། ཡི་གེ་དེས་ཆོས་དང་རིག་གཞུང་གཅེས་འཛིན་བྱས་ནས་ཡོད། དེ་ཏཱ་ལའི་བླ་མ་མི་གཅིག་སྐད་ཆ་མ་རེད། མི་རིགས་ཟུར་གསལ་འབྱེད་ཆོས་ཡོད་པས་མི་རིགས࿒གཅིག་གི་སྐད་ཆ་རེད་མ་གཏོགས། བླ་དཔོན་དང་དབང་འཛིན་བར་གྱི་གནས་སྟངས་མིན་པ་ཤེས་དགོས། ང་ཚོའི་མི་རིགས་ལ་ལོ་རྒྱུས་ལོ་ངོ་སྟོང་ཕྲག་བརྒལ་ཏེ་ཡོད། ལོ་བདུན་ཅུ་བརྒྱད་ཅུའི་མི་ཐོག་གཅིག་གི་སྐད་ཆ་མ་རེད། ད་དུང་མི་རབས་ནས་མི་རབས་མུ་མཐུད་ནས་གནས་ཀྱི་རེད། དེའི་རྒྱུ་མཚན་ནི། ང་ཚོ་ལ་དྲང་བདེན་དང་སྙིང་སྟོབས་སུས་ཀྱང་གཞོམ་མེད་གཅིག་ཡོད།