ས་བཙོག་པ་རེད་དམ་རླུང་བཙོག་པ་རེད། ཡང་ན་གནམ་བཙོག་པ་རེད། མགོ་བཙོག་པ་རེད་དམ་རྐང་པ་བཙོག་པ་རེད། ཡང་ན་ལག་པ་བཙོག་པ་རེད། རིག་གཞུང་མ་འདྲ་བར་གཙང་བཙོག་མ་འདྲ་བ། མི་རིགས་མ་འདྲ་བར་རྣམ་རྟོག་མ་འདྲ་བ། ད་གང་དྲག འཛམ་བུ་གླིང་ལ་ཁ་གཏད་གཅོག་དགོས་ན་ད་དཀའ་རྒྱུ་རེད་ཡ། དེ་བས་བློ་རྒྱ་ཆེ་རྒྱུ་མེད་ནའང་ཆེ་ཁུལ་བྱས་ན་རྙོག་དྲ་ཉུང་བའི་ཁྱད་པར་མེད་འགྲོ།
ད་ཐེངས་མགོན་ཕྱག་གིས་རང་མཚང་རྗེན་པར་མངོན་འདུག ང་ལ་མཚོན་ན། ཤ་ལ་བརྡེག་ན་རུས་པར་གནོད་ཅེས་པའི་དཔེ་ལྟར་རང་གི་མི་རིགས་ཀྱིས་ཆེས་བརྩི་བཀུར་བྱེད་ཡུལ་དུ་གྱུར་བའི་གཟུངས་སྔགས་ཡི་གེ་དྲུག་མ་དང་། སེམས་ནང་གི་ལྷར་ཅི་མི་སྙམ་པར་ང་ཚོས་ཆེས་བཙོག་པར་བརྩི་བའི་རྐང་མགོར་གྱོན་པ་མཐོང་ན་སྙིང་ལ་གཟེར་ལངས་ཀི། ཁ་ཆེ་མི་རིགས་ལྟ་བུར་དོན་རྐྱེན་་འདི་འདྲ་བྱུང་ཡོད་ཚེ་ཁ་སང་ནས་འུར་ཟིང་ངེ་ཆགས་ཚར་རེད། ངས་ཁྱོད་ཚོར་་གཅིག་འདྲི། ཕྱི་རྒྱལ་ཀླ་ཀློ་ཞིག་གིས་ཁྱེད་ཅག་གི་ཕ་མའི་པར་ཁོང་ཚོའི་རྐང་མགོར་གྱོན་ན། གཙང་བཙོག་་ཁ་ཁ་དང་རྣམ་རྟོག་ཁ་ཁ་རེད་ཅེས་གུ་ཡངས་སུ་གཏོང་འེ་ཐུབ།།
ཨ་ཁ་ང་བློ་ཆུང་ཞིང་མཐོང་རྒྱ་ཆུང་བའི་སྐྱོན་རེད་དམ། ཧ་ཅང་མི་འོས་པ་ཞིག་ཏུ་མཐོང་སོང་།
ས་བཙོག་པ་རེད་དམ་རླུང་བཙོག་པ་རེད། ཡང་ན་གནམ་བཙོག་པ་རེད། མགོ་བཙོག་པ་རེད་དམ་རྐང་པ་བཙོག་པ་རེད། ཡང་ན་ལག་པ་བཙོག་པ་རེད།
རིག་གཞུང་མ་འདྲ་བར་གཙང་བཙོག་མ་འདྲ་བ། མི་རིགས་མ་འདྲ་བར་རྣམ་རྟོག་མ་འདྲ་བ། ད་གང་དྲག
འཛམ་བུ་གླིང་ལ་ཁ་གཏད་གཅོག་དགོས་ན་ད་དཀའ་རྒྱུ་རེད་ཡ། དེ་བས་བློ་རྒྱ་ཆེ་རྒྱུ་མེད་ནའང་ཆེ་ཁུལ་བྱས་ན་རྙོག་དྲ་ཉུང་བའི་ཁྱད་པར་མེད་འགྲོ།
ད་ཐེངས་མགོན་ཕྱག་གིས་རང་མཚང་རྗེན་པར་མངོན་འདུག
ང་ལ་མཚོན་ན། ཤ་ལ་བརྡེག་ན་རུས་པར་གནོད་ཅེས་པའི་དཔེ་ལྟར་རང་གི་མི་རིགས་ཀྱིས་ཆེས་བརྩི་བཀུར་བྱེད་ཡུལ་དུ་གྱུར་བའི་གཟུངས་སྔགས་ཡི་གེ་དྲུག་མ་དང་། སེམས་ནང་གི་ལྷར་ཅི་མི་སྙམ་པར་ང་ཚོས་ཆེས་བཙོག་པར་བརྩི་བའི་རྐང་མགོར་གྱོན་པ་མཐོང་ན་སྙིང་ལ་གཟེར་ལངས་ཀི།
ཁ་ཆེ་མི་རིགས་ལྟ་བུར་དོན་རྐྱེན་་འདི་འདྲ་བྱུང་ཡོད་ཚེ་ཁ་སང་ནས་འུར་ཟིང་ངེ་ཆགས་ཚར་རེད།
ངས་ཁྱོད་ཚོར་་གཅིག་འདྲི།
ཕྱི་རྒྱལ་ཀླ་ཀློ་ཞིག་གིས་ཁྱེད་ཅག་གི་ཕ་མའི་པར་ཁོང་ཚོའི་རྐང་མགོར་གྱོན་ན། གཙང་བཙོག་་ཁ་ཁ་དང་རྣམ་རྟོག་ཁ་ཁ་རེད་ཅེས་གུ་ཡངས་སུ་གཏོང་འེ་ཐུབ།།