འདྲེ་གླེན་པ། (ཨོ་གླིང་།)
མཁར་རྫོང་ཁ་བ་ཡིས་མནན་པས།།
ལྷ་སར་མེ་ཏོག་ཅིག་སྐྱེས་ན།།
ཐན་པ་ལོ་དགུ་ལ་བྱུང་ཡང་། །
བྱམས་པ་ཁྲེལ་གཞུང་གི་བདག་པོ།།
ཐེངས་གཅིག་འགྱོད་རྒྱུ་རང་མ་བྱུང་།།
ལོ་རྒན་བརྒྱད་བཅུ་ལ་བསླེབས་པ།།
སྟོན་གྱི་བ་མོ་ལ་དྲིས་དང་།།
མཛའ་བརྩེ་མེ་ཏོག་གི་འཛུམ་ཁ།།
བཅུ་དྲུག་ལང་ཚོ་ལས་མཛེས་པ།།
བྱེའུ་ཆུང་གསུང་སྐད་ལ་ཉོན་དང་།།
དབུས་ཇ་མངར་མོ་ཡི་བཟི་ཁ།།
ཨ་ཅག་པ་སངས་ལས་བཙན་པ།།
བདུད་བརྩི་ཝུ་ཆང་གི་མཆོད་ཁ།།
སྐྱིད་ཆུའི་དབྱངས་འགྲོས་ལ་བསྐུར་བ།།
མངའ་རིས་རྒྱུད་སྐུད་ལ་དྲོངས་དང་།།
23 / 5/ 2020 ཉིན།