ཐེ་འོད་ཟེར།
ཤཱཀྱ་ཐུབ་པའི་གྲྭ་ཟུར་རྣམ་པ་ཚོའི།།
ལུས་ཀྱི་ཐོག་ན་ཆོས་ཀྱི་བྱིན་རླབས་ཡོད།།
ཁོག་པའི་སྙིང་ན་བྱམས་དང་སྙིང་རྗེ་ཡོད།།
ཁ་ལྕེའི་དབར་ན་མདོ་སྔགས་རིག་གནས་ཡོད།།
གནའ་དུས་མཁས་པའི་ཁྲོད་ན་གྲྭ་ཟུར་མང་།།
དེང་སང་སློབ་དགེ་ཕལ་ཆེར་གྲྭ་ཟུར་རེད།།
ཆོས་སྲིད་གཉིས་ལྡན་གྲྭ་ཟུར་གྲངས་མེད་ཡིན།།
ཨམ་རྗེ་མཁས་དབང་ཁྲོད་ན་གྲྭ་ཟུར་མང་།།
དཔོན་ཆེན་མི་ཆེན་ནང་ན་གྲྭ་ཟུར་ཡོད།།
ཕྱུག་པོ་འཇོན་པོའི་ནང་ན་གྲྭ་ཟུར་མང་།།
ཚོང་བ་གྲགས་ཅན་ནང་ན་གྲྭ་ཟུར་ཡོད།།
བོད་ཡུལ་ཕལ་ཆེར་གྲྭ་ཟུར་མེད་ས་མེད།།
མི་རིགས་དཔའ་བོའི་ཁྲོད་ན་གྲྭ་ཟུར་ཡོད།།
མི་རིགས་སློབ་གསོ་མཁས་པ་གྲྭ་ཟུར་མང་།།
མི་རིགས་རིཊ་གཞུང་རྒྱུན་འཛིན་གྲྭ་ཟུར་ཡག།
མི་རིགས་འཕེལ་རྒྱས་ཕྱོཊ་ལ་གྲྭ་ཟུར་ངར།།
རང་རིཊ་སྐད་ཡིག་རྒྱུན་འཛིན་གྲྭ་ཟུར་ཡག།
ལེགས་བྱང་སྲོལ་རྒྱུན་དར་སྤེལ་གྲྭ་ཟུར་བཟང་།།
མདོར་ན་ཁ་བ་གངས་ཅན་ལྗོངས་འདི་ལ།།
ཤཱཀྱའི་གྲྭ་ཟུར་དག་ནི་དྲིན་ཆེན་ཡིན།།
༄༅། ཕྱི་རྒྱལ་ཡུལ་གྲུ་གང་སར་གྲ་ཟུར་མང། དཔལ་འབྱོར་ཟུར་འཇོག་བྱེད་མཁན་གྲ་ཟུར་མང།
ནང་ཆོས་ཚུལ་བཞིན་མི་སྒྲུབ་གྲ་ཟུར་མང། འཇིག་རྟེན་འཁོར་བར་ཞེན་ཆགས་གྲ་ཟུར་མང། ཚེ་འདི་བློས་ཀྱི་མ་མཐོང་གྲ་ཟུར་མང། མི་རྟག་འཁོར་བར་འཁོར་མཁན་གྲ་ཟུར་མང།
དབྱིན་ཇི་མགོ་བསྐོར་བཏང་མཁན་གྲ་ཟུར་མང། མགོ་སེར་རྗེས་སུ་རྒྱུགས་མཁན་གྲ་ཟུར་མང།
སྐྱ་མིན་སེར་མིན་བྱེད་མཁན་གྲ་ཟུར་མང། དམར་ཟས་ལོངས་སུ་སྤྱོད་མཁན་གྲ་ཟུར་མང།
གྲྭ་ཟུར་ཨུ་སྟོབས་ལྟས་ངན་དམ་ཉམས་པ།།
གྲྭ་ཟུར་ཆོལ་ལོག་ཚུལ་ཁྲིམས་སྐབས་འཚོལ་བ།།
གྲྭ་ཟུར་ཨུ་སྟོབས་དམ་ཉམས་ལྟས་ངན་བཞིན།།
གྲྭ་ཟུར་ཆོལ་ལོག་ཚུལ་ཁྲིམས་སྐབས་འཚོལ་བཞིན།།
གྲྭ་ཟུར་ལྟས་ངན་བླ་འཚོང་རྒྱལ་འཚོང་བ།།
གང་དུ་ཡོད་ཀྱང་ཚང་མས་ཁ་གསབ་གྱིས།།
ང་ཚོའི་སྤྱི་ཚོགས་འདི་ལས་ངན་པ་ཞིག་དང་རེད་འདུག་།